གསར་འཇུག

༤༽ གཏན་ཚིགས་ཐིགས་པ།

༤༽ གཏན་ཚིགས་ཐིགས་པ།   དེ་ཡང་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[1]། ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང༌། ། གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། ། སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག ། ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

༣༽ བསྡུས་པར་མཛད་པ་ཚད་མ་རིགས་ཐིགས།

༣༽ བསྡུས་པར་མཛད་པ་ཚད་མ་རིགས་ཐིགས།   དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ལྡན་ཆོས་གྲགས་ཀྱི་རྟོགས་བརྗོད་ངེས་དོན་པདྨ་དཀར་པོའི་ཕྲེང་བས་རིགས་པའི་སྣང་བ་རྒྱས་བྱེད་ལས[1]། རྣམ་འགྱུར་མི་འདྲའི་རྟ་བརྒྱས་དྲངས་པ་ཡི། ། ལུང་དང་རིགས་པའི་རབ་མཉམ་ཁ་ལོ་བས། ། གཞུང་ལུགས་ཀུན་གྱི་ལམ་སྲོལ་སྟོན་མཁས་པ། ། ཤིང་རྟའི་སྲོལ་འབྱེད་དེ་ལ་ཕྱག་བགྱིའོ། །

མུ་མཐུད་ཀློགས།

༢༽ འབྲིང་དུ་མཛད་པ་ཚད་མ་རྣམ་ངེས།

༢༽ འབྲིང་དུ་མཛད་པ་ཚད་མ་རྣམ་ངེས།   དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]། དཔྱད་གསུམ་ཤིན་ཏུ་རྣམ་དག་བདེ་གཤེགས་གཞུང་། ། དྲི་མེད་ཚད་མ་གཉིས་ཀྱིས་ལེགས་བསྒྲུབས་ཏེ། ། ཟབ་དང་རྒྱ་ཆེ་ཐེག་པ་གསུམ་གྱི་ཚུལ། ། སྲིད་ན་ཡུན་རིང་གནས་མཛད་ཆོས་གྲགས་ཞབས། །

མུ་མཐུད་ཀློགས།

༡༽ རྒྱས་པར་མཛད་པ་ཚད་མ་རྣམ་འགྲེལ། བརྒྱུད་པ། འགྲེལ་པ། གྲུབ་མཐའ། དོགས་སློང་།

༡༽ རྒྱས་པར་མཛད་པ་ཚད་མ་རྣམ་འགྲེལ།   དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་ཕྱག་འཚལ་བ་ལས[1]། གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། ། ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། ། སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། ། རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

མ༽ ཚད་མ་སྡེ་བདུན་ཇི་ལྟར་མཛད་ཚུལ་དང་། བརྗོད་བྱ། འགྲེལ་པ་བཅས་ཀྱི་སྐོར།

མ༽ ཚད་མ་སྡེ་བདུན་ཇི་ལྟར་མཛད་ཚུལ།   དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ལས[1]། མཁས་པ་ཕལ་གྱིས་ཚད་མ་ཀུན་ལས་བཏུས། །ཕྱི་ཡི་གོ་རྒྱ་གཅོད་པ་ཙམ་ལ་མཁོ། །སེམས་རྒྱུད་གཏན་ལ་ཕབ་ལ་མི་མཁོ་ཟེར། །ཐར་ལམ་བསྟན་དགོངས་ཁྱོད་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

བ༽ དཔལ་ཆོས་ཀྱི་གྲགས་པའི་གསུང་གི་མཚན་བྱང་།

བ༽ དཔལ་ཆོས་ཀྱི་གྲགས་པའི་གསུང་གི་མཚན་བྱང་།   དེ་ཡང་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་དཔལ་ཆོས་ཀྱི་གྲགས་པའི་གསོལ་འདེབས་ལས[1]། རྩོད་པས་ལོག་སྨྲ་ཝ་སྐྱེས་སྐྲག་བྱས་ཤིང་། ། རྩོམ་པས་མཁས་རྣམས་མགུ་བ་བསྐྱེད་པ་དང་། ། འཆད་དང་བསྒོམས་པས་ཐུབ་པའི་བསྟན་པ་ཆེ། ། བླ་ནས་བླ་རུ་འཕེལ་བར་བྱིན་གྱིས་རློབས། །

མུ་མཐུད་ཀློགས།

ཕ༽ ཆོས་ཀྱི་གྲགས་པའི་རྗེས་འཇུག་གི་སློབ་མ།

ཕ༽ ཆོས་ཀྱི་གྲགས་པའི་རྗེས་འཇུག་གི་སློབ་མ།   དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་བཞི་པ་ལས[1]། དེ་ཡི་ལམ་སྲོལ་ཚད་མ་རིག་པའི་གཞུང་། ། རྣམ་དཔྱོད་གསལ་ལྡན་སྐྱེས་བུ་བགྲང་ཡས་ལ། ། ཡོངས་སུ་སྤེལ་མཛད་ཆོས་ཀྱི་གྲགས་པའི་ཞབས། ། རྗེས་འབྲང་[2]བཅས་ལ་རྟག་པར་ཕྱག་བགྱིའོ། །

མུ་མཐུད་ཀློགས།

པ༽ ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་ཚུལ།

པ༽ ལྷོ་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་ཚུལ།   དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]། ལྷ་ཆེན་མཁས་པ་འབུམ་གྱིས་བྱིན་བརླབས་ཤིང་། ། འཕགས་ཡུལ་མཁས་པ་དུ་མས་བསྔགས་གྱུར་པའི། ། མུ་སྟེགས་མཁས་པ་སྟོང་གི་དམ་བཅའི་ནགས། ། ལུང་རིགས་ཞུགས་ཀྱིས་སྦྱངས་མཛད་ཆོས་གྲགས་ཞབས། །

མུ་མཐུད་ཀློགས།

ན༽ སཾ་ག་ཨཱ་ཙརྱ་སླར་ཡང་རྩོད་པས་ཚར་བཅད་ཚུལ།

ན༽ སཾ་ག་ཨཱ་ཙརྱ་སླར་ཡང་རྩོད་པས་ཚར་བཅད་ཚུལ།   དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་  (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]། ཆོས་ཀྱི་རྔ་སྒྲ་ཆེར་འབར་བ། །ཚད་མའི་ང་རོས་རྒོལ་ངན་གྱི། ། ཀླད་པ་འགེམས་ཞེས་ས་གསུམ་དུ། །གྲགས་པ་ཁྱོད་ལ་བདག་ཕྱག་འཚལ། །

མུ་མཐུད་ཀློགས།

ད༽ མེ་ཏོག་ཀུན་ཏུ་རྒྱས་པའི་སར་བྱོན་ཏེ་འགྲོ་དོན་མཛད་ཚུལ།

ད༽ མེ་ཏོག་ཀུན་ཏུ་རྒྱས་པའི་སར་བྱོན་ཏེ་འགྲོ་དོན་མཛད་ཚུལ།   དེ་ཡང་ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས[1]། སྟོབས་ལྡན་མེ་ཏོག་རྒྱས་པའི་སྒོ་དྲུང་དུ། ། མཁས་པའི་དྲིལ་བསྒྲགས་ཕྱོགས་ལས་རྣམ་རྒྱལ་ནི། ། ང་མིན་སུ་ཞེས་ཞལ་གྱིས་བཞེས་པའི་ཚེ། ། དཔལ་ལྡན་ཆོས་གྲགས་སྙན་དབྱངས་བསྒྲགས་ལ་འདུད། །

མུ་མཐུད་ཀློགས།