༄༅། །ཨོཾ་སྭ་སྟི། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་རང་ངམ་གཞན་ལ་གྲིབ་ཕོག་པར་གྱུར་ན།དེ་ཉིད་སེལ་བའི་ཐབས་ལ། ཟན་ནག་པོས་གྲིབ་བདག་གི་གཟུགས་ཁྲུ་གང་ལ་གྲིབ་རྟ་ནག་པོ་ཞོན་པ། གྲིབ་གོས་ནག་པོ་གྱོན་པ། གྲིབ་ཞ་ནག་པོ་གྱོན་པ། གྲིབ་འཕྲུ་ནག་པོ་བཙུགས་པ། གྲིབ་དར་ནག་པོ་གཡས་སུ་བཟུང་བ། གྲིབ་ཁྱི་ནག་པོ་གཡོན་དུ་འཁྲིད་པ། གྲིབ་བྱ་ནག་པོ་ཀླད་ལ་ལྡིང་བ།གྲིབ་སྒོད་ནག་པོ་རྒྱབ་ཏུ་ཁུར་བ། འདིའི་མདུན་དུ་ཡོན་བདག་གི་གླུད་ཁྲུ
མུ་མཐུད་ཀློགས།༠༧ མཁན་ཆེན་ཞི་འཚོའི་གསུང་འབུམ།
དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།
༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རང་བཞིན་དབང་ལྡན་གཉིས་ཀ་དང་། །བདག་སོགས་བྱེད་དང་བྲལ་གཡོ་བ། །ལས་དང་དེ་འབྲས་འབྲེལ་པ་དག །རྣམ་པར་གཞག༌ལ་སོགས་པའི་རྟེན། །ཡོན་ཏན་རྫས་དང་བྱ་བ་དང་། །རིགས་དང་འདུ་སོགས་ཁྱད་པར་གྱིས། །སྟོང་དང་སྒྲོ་བཏགས་རྣམ་ཅན་ནི། །སྒྲ་དང་ཤེས་པའི་སྤྱོད་ཡུལ་ཅན། །མཚན་ཉིད་གསལ་དང་ལྡན་པ་ཡི། །ཚད་མ་
མུ་མཐུད་ཀློགས།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ།
༄༅༅། །རྒྱ་གར་སྐད་དུ། མདྷྱཱ་མི་ཀ་ཨ་ལཾ་ཀཱ་ར་ཀཱ་རི་ཀཱ། བོད་སྐད་དུ། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །འབྲས་བུ་རིམ་ཅན་ཉེར་སྦྱོར་བས། །རྟག་རྣམས་གཅིག་པུའི་བདག་ཉིད་མིན། །འབྲས་བུ་རེ་རེ་ཐ་དད་ན། །དེ་དག་རྟག་ལས་ཉམས་པར་འགྱུར། །བསྒོམས་ལས་བྱུང་བའི་ཤེས་པ་ཡིས། །ཤེས་
མུ་མཐུད་ཀློགས།དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
༄༅༅། །རྒྱ་གར་སྐད་དུ། ཏཏྟཱ་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་ཆེན་བདེ་བ་འབྱུང་བའི་གནས། །རྡོ་རྗེ་ཐེག་ལ་ཕྱག་འཚལ་ཏེ། །ཀུན་དུ་རྨོངས་ལས་བཟློག་པའི་ཕྱིར། །དེ་ཉིད་གྲུབ་པ་བཤད་པར་བྱ། །འདི་ན་གང་ལ་ལ་རྡོ་རྗེའི་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བའི་བག་ཆགས་ཀྱི་རྒྱུད་མ་བསྩགས༌པ། དངོས་པོར༌སྒྲོ་བཏགས་པ་ལ་གོམས་པ། རང་གི་རྣམ་པར་རྟོག་པའི་ར
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།