ཀུ་རུ་ཀུལླེའི་ནང་སྒྲུབ་ཀྱི་རྒྱ་གཞུང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།

༄༅། །ཀུ་རུ་ཀུལླེའི་ནང་སྒྲུབ་ཀྱི་རྒྱ་གཞུང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།[1]

 

༄༅། །རྒྱ་གར་སྐད་དུ། ཨཱརྱ་བི་ཛ་ཡ་ཏྲཻ་ལོ་ཀྱ་ཏཱ་ར་སཱ་དྡྷ་ན་མ། བོད་སྐད་དུ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གཞན་དོན་མཐོང་བ་བྱང་ཆུབ་སེམས་ཀྱིས་ནི། །ཡལ་བར་མི་འདོར་སྔོན་གྱི་དམ་བཅའ་དྲན་པའི་རྒྱུན། །བར་ཆད་མེད་པའི་སྐུ་ལ་གུས་པས་བཏུད་དེ་བདག །ཇི་ལྟར་གསལ་བཏབ་ཚུལ་འདི་སྒྲོ་སྐུར་བྲལ་བར་བྲིས། །

གང་འདིར་འཇུག་པའི་དམ་ཚིག་གསུམ་ལྡན་པས། །བཅུ་ཉིད་བསྒྲུབ་ཕྱིར་དོན་འདི་བསྒྲུབ་བརྩོན་ན། །ལྕགས་ཀྱུ་བཅུ་སོགས་དངོས་གྲུབ་སྩོལ་བའི་སྨན། །མཉེས་བྱེད་དམ་རྫས་ཕུན་སུམ་ཚོགས་པར་བསགས། །རྣམ་ལྔས་རིམ་བཞིན་རིན་ཆེན་མཎྜལ་བྱུགས། །དོན་རྣམས་སྒྲུབ་བྱེད་ཙཀྲ་ཚུལ་བཞིན་བཀོད། །བླ་མ་མཆོད་འོས་བདུན་དང་ལྡན་པས་མཆོད། །སྒྲུབ་པོ་བྱིན་གྱིས་བརླབས་པའི་(བསྲུང་བའི་འཁོར་ལོ་བསྒོམ)གསོལ་བ་གདབ། །བདེ་བའི་སྟན་འདུག་མཚམས་(སུམྦྷ་ནིས)བཅད་བསྲུང་བར་བྱ། །ཐམས་ཅད་གདོད་(ཤུནྱཏས)ནས་དག་པའི་རང་བཞིན་ལ། །(པཾ་ལས)པད་(ཨ་ལས)ཟླར་ཧྲཱིཿཡིག་ལས་བྱུང་མདོག་དམར་བ། (གཡས)མདའ་གཞུ་(གཡོན)ལྕགས་ཀྱུ་ཨུཏྤལ་འཛིན་པ་བསྒོམ། །ཡེ་ཤེས་སེམས་དཔའ་ (དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན། གུར་ལེའུ་བཅོ་ལྔ་པ་ལས། མདོག་དམར་བ་ལ་ཕྱག་བཞི་མ། །ཞལ་གཅིག་མ་ལ་བདེ་བྱེད་མ། །རྡོ་རྗེ་ཆོས་ཀྱི་ཞབས་ཀྱིས་མནན། །ཀུ་རུ་ཀུལླེ་རྣམ་ཐར་བསྒོམ། །ཞེས་གསུངས་སོ། །)སྤྱན་དྲངས་ཕྱག་སོགས་ཀྱིས། །མཆོད་དེ་རབ་བཞུགས་གནས་དེར་འཁོར་ལོ་བསྒོམ། །སྐྱོན་(རང་གཞན་གཉིས་མགྱོགས་བུལ་གཉིས)བཞི་སྤངས་པའི་བསྙེན་པ་ཚུལ་དུ་སྐྱོལ། །ཐུགས་ཀར་ཟླ་བར་ཧྲཱིཿཡིག་གནས་དེའི་མཐར། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾཿཕཊ་སྭཱཧཱ། རིན་ཆེན་ཕྲེང་བའི་ཚུལ་ཅན་ཐབས་ཤེས་བདག །གསལ་བར་བསྒོམ་ཞིང་ཁ་དོག་མན་ངག་ལྟར། །བརྩོན་འགྲུས་ཡོད་པའི་རྣལ་འབྱོར་དཔའ་བོ་ཡིས། །ཐེ་ཚོམ་སྤངས་ཏེ་བདག་ཉིད་ཚིམ་པར་བཟླས། །ཡིད་དང་མཛེས་པའི་སྣོད་དུ་བཟའ་བཏུང་མཆོག །སེར་སྣའི་སྐྱོན་བྲལ་གཏོར་མ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུཾ་མུ་ཁཾ་སརྦ་དྷརྨ་ནཾ་ཨཏྱ་ནུ་ཏྤན་ནྣ་ཏྲོ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཨོཾ། ཐམས་ཅད་གྲུབ་པ་དཔལ་འཕེལ་ལྷ་མོ་ཁྱོད་ལགས་ཏེ། །རྣམ་ཐར་ཡོངས་རྫོགས་དྲི་མེད་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལ་མངའ་མཛད་བནྡྷུའི་མེ་ཏོག་ལྟར་དུ་མཛེས། །ཞབས་གཉིས་རོལ་པས་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད། །ཚད་མེད་བཞི་ཡིས་བདུད་བཞིའི་ཚོགས་རྣམས་བཅོམ་པ་ཀྱེ། །བདག་གི་འདོད་དོན་གསོལ་བ་དེ་དག་སྒྲུབ་པ་ཡི། །སྐུ་དང་ཕྱག་ཞབས་རིན་ཆེན་དུ་མས་རྣམ་བརྒྱན་པའི། །བསྡུ་དངོས་བཞི་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་རབ་འཇིགས་དུས་གསུམ་གསལ་ལེར་མཁྱེན་པ་ཀྱེ། །འཁོར་བའི་འདམ་ལས་འགྲོ་བ་མ་ལུས་འདྲེན་མཛད་མ། །ཧྲཱིཿ ཧཱུཾ་ཕཊ་སྒྲ་རབ་སྒྲོགས་དུས་གསུམ་དབང་ཕྱུག་མ། །བགེགས་ཀྱི་ཚོགས་རྣམས་མྱུར་སྒྲོལ་ཁྱོད་ལ་ཕྱག་འཚལ་བསྟོད། །རྣམ་དག་སྤྱན་གྱིས་ལུས་ངན་དུས་གསུམ་གཟིགས་པ་ཀྱེ། །སྤྲུལ་པའི་ཚོགས་ཀྱིས་སྲིད་པའི་འཇིགས་པ་ཆེན་པོ་འཇོམས། །ཐུགས་སྐྱོ་མི་མངའ་རིན་ཆེན་ནོར་འདྲ་མ་རིངས་ཚུལ། །ཐུགས་རྗེའི་དབང་ཉིད་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །མཁར་གནས་ཟླ་བ་ཉ་འདྲ་སིལ་བའི་འོད་ལྡན་གྱིས། །རིམས་སོགས་ཉོན་མོངས་གདུང་བ་སེལ་མཛད་པ། །གང་གི་བསམ་པའི་དངོས་གྲུབ་སྩོལ་མཛད་པའི། །ཡིད་བཞིན་རིན་ཆེན་སྒྲོལ་མ་ཁྱོད་ལ་འདུད། །ཐམས་ཅད་ཀུན་ལ་དབང་བསྒྱུར་རིན་ཆེན་སྒྲོལ་མ་ཀྱེ། །སྲིད་གསུམ་སྐྱེ་འགྲོ་མ་ལུས་སྐྱེ་འགྲོ་མཛད་པ་ནི། །འཕྲིན་ལས་བཞི་ཡིས་ཡལ་བར་མི་འདོར་ཞིང་། །མཁྱེན་བརྩེའི་མཐུ་ལྡན་མ་གཅིག་ཁྱེད་ལ་འདུད། །(སྐྱེས་བུ་འཇིགས་པ་ནི་སེམས་ཅན་སྨིན་གྲོལ་བྱེད་པ་རང་ཡིན།)ཕྱག་བཞི་མདའ་གཞུ་ཨུཏྤལ་འཛིན་པ་ཀྱེ། །བདག་གི་ལས་རྣམས་སྡུག་བསྔལ་ཞི་བར་མཛད་པ་དང་། །འདོད་དོན་གང་གསོལ་མྱུར་དུ་བསྒྲུབ་པའི་དཔལ་ལ་ལགས། །འཕེལ་བར་མཛོད་ཅིག་ཞབས་ལ་གསོལ་བ་འདེབས། །ནམ་མཁའ་ལྟ་བུར་རྒྱལ་ཡུམ་རིག་པ་འཛིན་པ་ཀྱེ། །འཕྲིན་ལས་རྣམ་བཞི་སྒྲུབ་མཛད་ཁྱོད་ཞབས་ལྷ་དང་ལྷ་མིན་གྱིས། །ཚོགས་ཀྱིས་བཏུད་ཅིང་ཀུན་ལ་དབང་བསྒྱུར་མཁའ་འགྲོ་མ། །ས་གཞི་ལྟ་བུའི་མཐུ་མངའ་ཁྱོད་ལ་བསྟོད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བུདྡྷ་བོདྷི་སཏྭ་བྷྱོ། ན་མ་ཨཥྜཱ་མཧཱ་ཨཱརྱ་ཨུད་ཀཱ་ལ་ཡ། ན་མ་སབ་ད་བྷྱོ། ཏ་དྱ་ཐཱ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿ སརྦ་ནཱ་ག་ནཾ། ཨ་ནན་ཏཾ་ཀུ་ལ་ནཾ། ཨ་ནན་ཏ་ཀུ་ལ་ནཾ། བཱ་སུ་ཀི་ཀུ་ལ་ནཾ། ཏག་ཤ་ཀ་ཀུ་ལ་ནཾ། ཤང་ཀ་ཀུ་ལ་ནཾ། ཀ་ར་ཀོ་ཏ་ཀུ་ལ་ནཾ། པདྨ་ཀུ་ལ་ནཾ། མཧཱ་པདྨ་ཀུ་ལ་ནཾ། ཨུ་མིང་ཀ་ཀུ་ལ་ནཾ། བྷ་སུ་ཀི་ཀུ་ལ་ནཾ། བ་ལ་ཀ་ཀུ་ལ་ནཾ། སུཾ་དྷ་ར་ཀེ་ཀུ་ལ་ནཾ། མེ་གྷ་ཀུ་ལ་ནཾ། ཛ་ལ་ཀུ་ལ་ནཾ། ཛི་མུ་དྷ་ཀུ་ལ་ནཾ། སཾ་བར་ཏ་ན་ཀུ་ལ་ནཾ། ཨེ་ར་ཝ་རེ་ཀུ་ལ་ནཾ། ག་ཏ་ར་ཀུ་ལ་ནཾ། སིའུ་གྷ་ན་ཏི་ཀི་ཀུ་ལ་ནཾ། ཧ་ན་ཧ་ན་པ་རེ་ནཾ། བྷན་དྷ་བྷན་དྷ་ཙ་རི་ནཾ། ད་ཧ་ཡ་ད་ཧ་ཡ། ཨུཏྤལ་ནཾ། བི་ཏ་ན་ཨ་བ་ཡཾ། དྷ་ཧི་དྷ་ཧི། པྲ་ལ་ཡ། བ་ཀ་ཀེ་བ་ཛྲ་དྷ་ར་ཨ་ཝ་ཏ་ར་ཡ། ན་བ་རི་ཤཾ། ཏན་ཏ་ཀཾ །པ་ཤི་ཀུ་རུ་ཕུ་ས་ཕུ་ཕུ། ཀུ་རུ་བ་མ་ཕུ་ཕུ། ཀུ་རུ་བ་ལ་ཕུ་ཕུ། ཨོཾ་ཀུ་རུ་ཀུལླེ་ཧཱིཿཧཱུཾ་ཕཊ། འདི་རྣམས་ལས་ལ་བཀོལ་བའི་གཟུངས་ཀྱི་ཕྲེང་བའོ། །

༈ གལ་ཏེ་ལྷའམ་ཀླུའམ་མིའམ་ཅིའམ། གནོད་སྦྱིན་ལ་སོགས་དབང་དུ་བསྡུ་བར་འདོད་ན། དབང་གི་དཀྱིལ་འཁོར་མུ་ཁྱུད་དང་ལྡན་པ་ལ་ཕྱག་མཚན་(ལྕགས་ཀྱུ)བཀོད། ནང་དུ་གོང་གི་རྫས་རྣམས་ས་ཕྱེ་(རིལ་བུ)ལ་བྱས་ལ། སྣོད་གཙང་མའི་ནང་དུ་བཅུག་ལ། མན་(ལྷ་མོའི)ངག་གིས་སྦྱར་བ་བྱས་ལ། དབང་བསྒྱུར་བའི་མདུན་དུ་ལྷ་མོའི་ལྕགས་ཀྱུའམ་རིན་པོ་ཆེ་ཕྱག་གཉིས་ཀྱིས་བསྣམས་པ། ཟླ་བའི་གདན་ལ་རྒྱན་དང་ལྡན་པར་བཞེངས་ཏེ། འགྱིང་བའི་རོལ་པས་གནས་ནས་བཀའ་ཉན་ཅིང་གང་ལ་བྱ་བ་དེ་དབང་དུ་བྱ་བའི་བསམ་(བཏང་འཛིན)གཏན་དང་ལྡན་པས། ཀུ་རུ་ཀུལླེ་ཧྲཱིཿ ཨུ་ཎི་ཤ་ཡ་དྷ་ར་དྷ་ར། དྷི་རི་དྷི་རི། སརྦ་མེ་བ་ཤ་མ་ན་ཡ་ཧོ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཉིན་ཐོག་བཟླ་བར་བྱའོ། །མཚན་མོར་གྱུར་པ་དང་། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཛ་མྦྷི་མེ་ཧྲཱིཿ ད་ཡ་མ་བར་དྷེ་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྔ་བར་ལངས་ཏེ་བཟླ་བར་བྱའོ།།

དེ་ནས་དྲིལ་ཏེ་ནང་དུ་དོན་ཀུན་འགྲུབ་བྱེད་ཀྱི་འཁོར་ལོར་བཅུག་ནས་ཚུལ་བཞིན་དུ་(ལྟས་མ་བྱུང་དེ་བར་དུ)བསྒྲུབ་པར་བྱའོ། །དེ་ནས་དབང་དུ་བྱ་བ་གང་འདོད་པ་དེ་ལ་སྦྱིན་པར་བྱའོ། །ཡང་ན་དེའི་དུས་སུ་འགྲོ་བར་བྱའོ། །ལྷ་དབང་དུ་བྱ་བ་ཡང་དེ་ཉིད་དོ། །ཁྱད་པར་དུ་རྣལ་འབྱོར་པ་བདག་ཉིད་ཀྱི་མདུན་དུ་གཙང་མ་ལ་དམིགས་ཏེ་བླ་མ་གྲགས་པར་ཁྱོར་བ་བདུན་བཏུང་ཞིང་། ཁྲུས་བྱས་ལ་འགྲོ་འདུག་གང་ཡང་རུང་བར་དོན་ཐམས་ཅད་འགྲུབ་པར་འགྱུར་རོ།།

༈ གལ་ཏེ་ཆར་དབབ་པར་འདོད་ན། ཆུ་མིག་ཀླུ་ཡོད་པའི་སར་ཕྱིན་ཏེ། པདྨ་འདབ་མ་བཅུ་དྲུག་པ་རྡུལ་ཚོན་གྱིས་མཛེས་པར་བྲིས། སྦྲུལ་དང་སྦལ་པའི་ཁོང་པར་ཕྱེད་མཐའི་འཁོར་ལོ་བྲིས་ནས་སྦས་པར་བྱ་སྟེ། རྩི་ཤིང་གི་ཚོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་གྲུབ་པའི་རིལ་བུ་དེ་དག་ཆུ་ནང་དུ་དོར་ཞིང་། བདེན་པ་བརྡར་ནས་དཀར་གསུམ་གྱི་གཏོར་མ་བཏང་ཞིང་། དེ་ལ་དེ་དག་གི་འགྲམ་དུ་བདག་ཉིད་གོང་བཞིན་དུ་བསྒོམ་པའི་མདུན་དུ། ཀླུའི་དཀྱིལ་འཁོར་ཡང་དག་པར་བསྐྱེད་ཅིང་བསྟིམ་ནས། ཨོཾ་(བཞི་བཅུ་ཞེ་བརྒྱད)ཨོཾ་ཨོཾ་ཀུ་རུ་ཀུལླེ་(རོཨཥྚ)ཧྲཱིཿ ཙན་ཏི་ཀ་པ་ནི་ཨཛྙ་པ་ཡ་སརྦ་ན་ག་ར་ཛ་པ་སུ་ན། སམནྟ་ཁན་ཏེ་ཧྲཱིཿ ཨོཾ་ཨཱཿཧཱཱུཾཿ བྷ་རི་ཤེ་པ་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བཟླས་ཤིང་གཏོར་མས་ཐུགས་དམ་བསྐང་ངོ་།།

དེ་ནས་ཐུན་སྐབས་སུ་ཉུང་ཀར་ལ་སོགས་པ་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ནཱ་ག་མཧཱ་ཨ་ཏ་ཕུ་ལེ་ཕུ་ལེ། རྨ་རྨ་བ་བ་ལི་ཡེ་ཡེ་རིན་ཏ་ཧ་ཧ། མེ་མུ་མེ་མེ། བ་རུ་ན་ས་མནྟ་ཁནྟེ་ཧྲཱིཿ ཨོཾ་ཨཱཿཧཱུཾ། ཡཾ་མ་རྨེ་རྨེ་ཏེ་ཏི་ལ་ཡ་པཉྩ་ཙ་རི་ཆར་པ་ཆུར་ཡ་གྲེང་གྲེང་ཤ་སྭཱཧཱ། ཞེས་བཟླ་ཞིང་། ཀླུའི་ཕོ་བྲང་དུ་གཏོར་ཞིང་། དམ་ཚིག་བསྐུལ་བར་བྱས་ན་མྱུར་དུ་འབབ་པར་འགྱུར་རོ།།

གལ་ཏེ་ཅུང་ཟད་སྲ་ན་བདག་ཉིད་ཀྱི་ཐུགས་ཀ་ནས་ཁྲོ་བོ་རྟ་མགྲིན་ཡང་དག་པར་བསམས་ཏེ། གོང་གི་སྔགས་རིང་ལ་ཏ་དྱ་ཐཱ་ལ། པདྨ་ཀྲིཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿ ཞེས་སྤེལ་ཞིང་། ཡུངས་དཀར་ཁྲག་ལ་སྦགས་པས་བྲབ་པར་བྱའོ། །དེས་ཚེགས་མེད་པར་འབབ་པར་འགྱུར་རོ། །དེ་ཀླུ་གཟུགས་ཀྱི་སྔགས་ཕྱུང་ལ་འོ་མས་བཀྲུས་ལ་ཆུ་བོ་ལ་དོར་བར་བྱའོ།།

༈ ཀླུ་ཆེན་པོ་འདི་དག་ནོར་བསྒྲུབ་པར་(བྱ་བ)འདོད་ན། བདག་ཉིད་ཀྱི་ཁང་པའི་ནང་དུ་པདྨ་འདབ་བརྒྱད་བྲིས་ཏེ། དབུས་ཀླུའི་རྒྱལ་པོ་ས་རྩེན་དང་། དཀར་གསུམ་དང་མངར་གསུམ་བསྲེས་ཏེ་ཀླུ་གནས་པའི་ཆུས་བྲན་ལ། སྦྲུལ་མགོའི་གདེངས་ཀ་ཅན་ཐལ་མོ་སྦྱར་ལ། ཐུགས་ཀར་འཁོར་ལོ་བཅུག་པ་བཞག །ཕྱོགས་བཞིར་སྦྲུལ་གཡས་སུ་འཁྱིལ་བའོ། །མཚམས་བཞིར་རྟ་དང་ཉ་དང་ཆུ་སྲིན་དང་སེངྒེའི་མགོ་ཅན། ཁོག་སྨད་སྦྲུལ་དུ་འཁྱིལ་བའི་ཐུགས་ཀར་གཏེར་སྤྲུལ་ལས་ཀྱིས་ཞེས་པའི་འཁོར་ལོ་བཅུག་ལ་ཇི་ལྟ་བ་བཞིན་བསྐྱེད་པ་དང་། བསྟིམ་པ་དང་བཟླས་པ་བྱ་སྟེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ནཱ་ག་ར་ཛ་བ་ཏུ་ན་མ་མ་ཀེ་ཤཾ་རོ་ཥ་ག་མ་ནི་བ་ར་ཡ་རཏྣ་ན་སཾ་ཏི་བ་ཧུ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་ཞིང་རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མས་དམ་ཚིག་བསྐུལ་ཞིང་། མཆོད་ཅིང་གཏོར་མ་དབུལ་བར་བྱའོ། །ནོར་བུ་(དངོས་སམ་རྨི་ལམ་དུ)ཁང་པ་ལ་སོགས་པའམ། བུ་ཕོ་དང་བུ་མོ་ལ་སོགས་པ་རྨི་ལམ་དུ་སྟོན་པར་འགྱུར་རོ།།

༈ གནོད་སྦྱིན་དབང་དུ་བྱ་བའི་སྒོ་ནས་ཟང་ཟིང་བསྒྲུབ་པར་འདོད་ན། པདྨ་འདབ་བརྒྱད་བྲིས་ཏེ་མེ་ཏོག་བཅལ་བར་བཀྲམ། དེ་ལྕགས་ཀྱུ་མའི་མདུན་དུ་གནོད་སྦྱིན་ཆེན་པོ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཅི་འབྱོར་པའི་མཆོད་པ་བྱ་སྟེ། ཨོཾ་ཧྲཱིཿ ཛ་ཨ་པ་ར་ཙི་ཏ་ཛ་ཛཿ ཞེས་བརྗོད་དེ་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། མཆོད་ཅིང་དངོས་གྲུབ་ཡང་དག་པར་བླང་བར་བྱའོ། །དེ་ལྟར་ཟླ་བ་གཅིག་བསྒྲུབས་པས་དངོས་སུམ་མདུན་དུ་འོང་བར་འགྱུར་རོ། །དེ་ལ་དམ་ཚིག་བསྲེས་ཏེ་ཅི་འདོད་པ་བཀའ་བསྒོ་བར་བྱའོ། །དེ་ནས་སྲོག་གི་འཁོར་ལོ་ཆེན་པོ་བདག་གིས་བཅང་ཞིང་གཞན་གྱི་མི་མཐོང་བར་བྱའོ།།

༈ གཞན་ཡང་མི་མ་ཡིན་པ་དབང་དུ་བྱ་བར་འདོད་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམ་སྟེ། ལྕགས་ཀྱུས་སྙིང་ཁ་ནས་བཟུང་བར་བསམ་ཞིང་། རང་གི་གནས་གསུམ་ནས་ཁྲོ་བོ་རྟ་མགྲིན་དཔག་ཏུ་མེད་པ་སྤྲོས། མི་མ་ཡིན་པ་དེ་དག་གི་གནས་གསུམ་དུ་ཞུགས་ཤིང་། སྲོག་རྩ་ནས་དམ་དུ་བཟུང་ལ་འདར་འཕྲི་ལི་ལི་བྱེད་པར་བསམ་ཞིང་། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ བཛྲ་ཀྲོདྷ་ཧ་ཡ་གྷྲི་ཊ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཡོ་ཏ་ཡ་ཡོ་ཏ་ཡ། བི་པོ་ཏ་ཡ་བི་པོ་ཏ་ཡ། ཚིནྡྷ་ཚིནྡྷ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཛཿཧཱུཾ་བཾ་ཧོཿ ཨ་ཀརྵ་ཡ་ཛཿཛཿཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་དྲག་ཏུ་བཟླས་ཤིང་འདུག་པར་བྱའོ།།

༈ རྨི་ལམ་ངན་པ་བཟློག་པར་དམིགས་ནས་སྤེན་མ་དང་། བོང་བ་དང་། རིལ་མ་ལ་སོགས་པ་མངོན་སུམ་དུ་བཟླས་ཏེ། ཆུ་བོ་ལ་དོར་བར་བྱའོ། །དེ་ཡང་ཁམས་གསུམ་གྱི་བདག་མོར་བསྒོམ་སྟེ་ལྟས་ངན་པ་དང་། མཚན་མ་ངན་པ་ཐམས་ཅད་བཟློག་པར་དམིགས་ནས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ན་མ་པྲ་ཏི་ཛི་ཏི། ཧི་མ་མ་བྷི་དྷ་ཡ། ཀྲོ་ཏ་ཏ་ཡ་ཛ་ལ་ཛ་ལ། ན་མ་ཀ་ཛ་ཡ། ཨི་པྲ་ཛ་ལ། སྤུ་ཏ་སྤུ་ཏ། སརྦ་ན་ག་ནི་བ་བུ་ནི། ས་རན་སི་ཏ། བི་ས་ར་སརྦ་དུཥྚན་བྷི་ད་ནི་ཤྭ་ཤྭ་ཤྭ་ནི་ཧཱུཾ་ཕཊ། ཨ་ཏི་མ་རུ་ཧི་པྲ་ཧི་སྭཱཧཱ། ཞེས་བཟླ་ཞིང་མི་མཐུན་པའི་ཕྱོགས་འགལ་རྐྱེན་ཐམས་ཅད་འདི་ཁོ་ན་བཞིན་མཐོང་ཤིག་བྱས་ན་བར་ཆད་ཀྱི་རྐྱེན་བཟློག་པར་འགྱུར་རོ།།

༈ ཤེས་རབ་འཕེལ་བར་འདོད་ན། བདག་ཉིད་ཐ་མལ་པའི་སྙིང་གི་ནང་ནས་ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་ལ་ཨ་(རྩིབས་རེ་རེ་སྟེ་ཡིག་འབྲུ་རེ་རེ་ཨཱ་ལི་བཅུ་དྲུག)ཡིག་རེ་རེ་བཀོད་དེ། ཕྱི་རོལ་གྱི་མུ་ཁྱུད་ལ་(ཀཱ་ལི་སོ་གཉིས)ཀ་ཕྲེང་གི་ཚོགས་རྣམས་མུ་ཏིག་གི་ཕྲེང་བ་ལྟར། ཧྲཱིཿལ་གཡོན་སྐོར་གྱིས་བཞུགས་པར་བསམ་ཞིང་། ཡང་དག་པར་མཆོད་དེ་ལྟས་བཟང་པོ་མ་མཐོང་གི་བར་དུ་བསྒྲུབ་པར་བྱའོ།།

༈ བསིའུ་གསོ་བར་འདོད་ན། རྣལ་འབྱོར་པ་བདག་ཉིད་གོས་དམར་པོ་བགོས་ཏེ། བུམ་པ་ཆོ་ག་དང་མཐུན་པར་བཞེངས་ཏེ། དོན་ཀུན་འགྲུབ་བྱེད་ཀྱི་འཁོར་ལོ་གདགས་ཤིང་། ཁྲོ་བོ་ཆེན་པོའམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་རིན་པོ་ཆེའི་གའུའི་ནང་དུ་བསྲུང་བྱ་དེ་བསྒོམ་ཞིང་། ཚེ་བྱིན་གྱིས་བརླབས་པར་བྱའོ། །ལོག་རྟོག་(ཀུན་སློང་)ངན་པ་སྤངས་ནས་འཕོངས་སྐྱབས་(ཆེ་གེ་མོ)ལྷ་མོ་ཡི། །སྒྲུབ་ཐབས་དངོས་གྲུབ་(ཚུལ་བཞིན་དུ་བསྒྲུབས་ནས)བསྟེར་བ་(དེ་དང་འདྲ)ས་གསུམ་(འཁོར་བ་ལས)ལས་རྒྱལ་བ། །(ཡི་དམ)གསལ་བར་ཡི་གེ་སྤྲུལ་པའི་ཚོགས་སུ་བཀའ་བཞིན་དུ། །ཡང་དག་བཀོད་པས་འགྲོ་བའི་དོན་དུ་ངེས་གྱུར་ཅིག །རྗེ་བཙུན་མའི་སྒྲུབ་ཐབས་ཡོན་ཏན་གྱི། །གསུངས་ཅན་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ། ཤཱཀྱའི་དགེ་བསྙེན་བརྟུལ་ཞུགས་སྤྱོད་པ་བཻ་རོ་ཙཱ་ནས་འགྱུར་དུ་གསུངས་པ་རྫོགས་སོ། །དགེའོ།།  །།[2]

དཔྱད་གཞིའི་ཡིག་ཆ།

[1] ཀུ་རུ་ཀུལླེའི་སྒྲུབ་ཐབས་ནག་པོ་འགྲོ་ཤེས་ཁམས་གསུམ་དབང་དུ་བྱེད་པའི་གནད་ཡིག་གངྒཱའི་ཆུ་རྒྱུན་སོགས། ༼༡༽ ཤོག་གྲངས་ ༣༡ ནས་ ༤༣ བར་པའི་དབུ་ཅན་བྲིས་མ་ལས་བཏུས་པའོ།།

[2] སྒྲུབ་ཐབས་འདི་ཉིད་ཀྱི་མཆན་གྱི་ཡིག་ཆུང་རྣམས་བེ་རོ་ཙཱ་ནས་བཀོད་པ་ཡིན་འདུག

Leave a Reply

Your email address will not be published. Required fields are marked *