༄༅། །རྒྱ་གར་སྐད་དུ། ཀརྨ་ཡུ་ཛར། བོད་སྐད་དུ། ལས་སྦྱོར།ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་བླ་མ་དམ་པ་ཡི། །ཞབས་ཀྱི་པདྨོར་བཏུད་བྱས་ནས། །བཛྲ་མ་ཧཱ་ཀཱ་ལ་ཡི། །ལས་ཀྱི་ཆོ་ག་བྲི་བར་བྱ། །བསྙེན་པ་སྔོན་དུ་སོང་བ་ཡིས། །དབེན་པར་དུག་དང་ཚ་བ་དང་། །ས་ལས་དགྲ་བོའི་གཟུགས་བྱས་ཏེ། །གྲོ་གའམ་ཡང་ན་རོ་རས་ལ། །རྒྱ་སྐྱེགས་དུག་དང་ཁྲག་རྣམས་ཀྱིས། །བྱ་རོག་མི་ཡི་རུས་པ་ཡིས། །གཟུགས་བྲིས་དེ་ཡི་སྙིང་ག་རུ། །ཨེ་ཡི་རྣམ་པའི་འཁོར་ལོ་ལ། །མཱ་ར་ཡ
མུ་མཐུད་ཀློགས།༠༢ སློབ་དཔོན་འཕགས་པ་ལྷའི་གསུང་འབུམ།
ཐོད་ནག་གི་བསྙེན་པའི་གཞུང་ཡིན།ལས་མགོན་སྒྲུབ་ཐབས་སོ།
༄༅། །རྒྱ་གར་སྐད་དུ། ཀརྨ་མཧཱ་ཀཱ་ལ་སཱ་དྷ་ནཱ་མ། བོད་སྐད་དུ། ལས་ཀྱི་ནག་པོ་ཆེན་པོའི་སྒྲུབ་པ།འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཧེ་རུ་ཀ་དཔལ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ཏེ། །ནག་པོ་ཆེན་པོའི་འཕྲིན་ལས་ཀྱི། །སྒྲུབ་པའི་རིམ་པ་བྲི་བར་བྱ། །དབང་བསྐུར་འཐོབ་ཅིང་དམ་ཚིག་ལྡན། །ལྷན་སྐྱེས་བླ་མར་བཅས་ལ་གུས། །ཁྲག་འཐུང་ནག་པོའི་བསྙེན་པ་ལས། །མཚན་མ་མཐོང་བའི་སྔགས་པ་ཡིས། །དུར་ཁྲོད་ལ་སོགས་གནས་དབེན་པར། །བྱ་བའི་རིམ་པ་བརྩམས་ནས
མུ་མཐུད་ཀློགས།སུམ་དྲིལ་རྒྱན་ཅན་ཞེས་བྱ་བ་དཔལ་བྱ་རོག་མའི་གསང་སྒྲུབ།
༄༅། །རྒྱ་གར་སྐད་དུ། མཧཱ་ཀཱ་ལ་ས་དྷ་ན། བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ་ཐབས།ནག་པོ་ཆེན་པོ་དང་བཅས་པའི་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །ནག་པོ་སྲོག་གི་འཁོར་ལོ་ཡི། །ཆོ་ག་འདིར་ནི་བསྟན་པར་བྱ། །བསྟན་པ་སྲུང་བའི་རྣལ་འབྱོར་པས། །དུར་ཁྲོད་ལ་སོགས་དབེན་གནས་སུ། །སྔོན་འགྲོ་བསོད་ནམས་ཚོགས་ལ་འབད། །དེ་ནས་མཐུན་པའི་དམ་རྫས་ནི། །ཕོ་མོ་དར་མའི་ཙིཏྟ་དང་། །བྱ་རོག་སྙིང་ལ་བརྟེན་ཏེ་བསྒྲུབ། །ཁྲག་གི་མཎྜལ་བ་ལིང་བཅས། །རྐང་རྫས་ས་ལ་རྒྱུ་བ
མུ་མཐུད་ཀློགས།སློབ་དཔོན་ཨཱརྱ་དེ་བས་མཛད་པའི་སྒྲུབ་ཐབས།
༄༅། །རྒྱ་གར་སྐད་དུ། ཤྲཱི་ཀ་ཝུ་ཝ་མཧཱ་ཀ་ལ་ཙ་ཏུར་བྷུ་ཛ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་བྱ་རོག་ཅན་ཕྱག་བཞི་པའི་སྒྲུབ་ཐབས་ཞེས་བྱ་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ལྷ་མོ་དང་བཅས་འཁོར་ལོ་ལ། །བཏུད་དེ་ནག་པོ་ཆེན་པོ་ཡི། །བསྒྲུབ་པའི་རིམ་པ་བྲི་བར་བྱ། །དབང་གི་སྨིན་བྱས་དམ་ཚིག་ལྡན། །བླ་མ་ལ་གུས་སྙིང་རྗེ་གཏོང་། །ཤེས་རབ་བཟོད་ལྡན་བརྩོན་འགྲུས་ཆེ། །བསྒྲུབ་ལ་དཔའ་བའི་སྔགས་པ་ཡིས།
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།