གསར་འཇུག

ནཱ་ལེནྡྲའི་གཙུག་ལག་ཁང་གི་དམ་ཕྲུག

གནའ་བོའི་འཇིམ་པའི་ཐེལ་ཚེ་འདིའི་ཐོག་ཏུ། ལས་རྟགས་སུ་སྟོན་པ་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སར་ཆོས་འཁོར་དང་པོ་བསྐོར་བའི་མཚོན་དོན་ཆོས་ཀྱི་འཁོར་ལོ་དང་། དེའི་གཡས་གཡོན་དུ་རི་དྭགས་རུ་རུ་གཉིས་ཀྱི་སྐུ་བརྙན་བརྐོས་ཡོད་ལ། དམ་ཕྲུག་གི་ཁ་རིས་སུ། ལེགས་སྦྱར་གྱི་ཡིག་རིགས་ཐོག་འདི་ལྟར་གསལ་ཏེ། ཤྲཱི་ནཱ་ལེནྡྲ་མཧཱ་ཝིཧཱ་ར་ཨཱརྱ་བྷིཀྵུ་སཾགྷསྱ།

མུ་མཐུད་ཀློགས།

དཔལ་ལྡན་རྒྱལ་པོ་དེ་ཝ་པ་ལའི་ནཱ་ལེནྡྲའི་ཟངས་ཡིག (ཕྱི་ལོ་དུས་རབས་ ༩ པ།)

དཔལ་ལྡན་རྒྱལ་པོ་དེ་ཝ་པ་ལའི་ནཱ་ལེནྡྲའི་ཟངས་ཡིག (ཕྱི་ལོ་དུས་རབས་ ༩ པ།) ཕྱི་ལོ་ ༡༩༢༡ ལོར་གནའ་རྫས་རྟོག་ཞིབ་པ་ཧི་ར་ནན་དྷ་ཤ་སི་ཊི་ (Hirananda Shastri) མཆོག་གིས་གསར་རྙེད་གནང་བའི་ཟངས་ཀྱི་བཀའ་ཚིག་ (ཟངས་ཡིག) འདིས། གནའ་བོའི་རྒྱ་གར་དང་ཤར་ལྷོ་ཨེ་ཤི་ཡ་བར་གྱི་འབྲེལ་བ་གལ་ཆེན་ཞིག་ཟིན་ཐོར་བཀོད་ཡོད། ལེགས་སྦྱར་གྱི་ཡིག་རིགས་ནང་གསལ་བ་ལྟར། སུ་ཝརྣ་དྭིཔ་ (Suvarnadvipa – སྤྱིར་བཏང་ཨིན་ཌོ་ནེ་ཤི་ཡའི་གླིང་ཕྲན་སུ་མཱ་ཊཱར་ [Sumatra] ཡིན་པར་ངོས་འཛིན་གནང་གི་ཡོད) ཡི་རྒྱལ་པོ་བཱ་ལ་པུ་ཏྲ་དེ་ཝ་ (Balaputradeva) ཡིས་ནཱ་ལེནྡྲར་ནང་པའི་དགོན་སྡེ་ཞིག་ཕྱག་འདེབས་གནང་ཡོད།

མུ་མཐུད་ཀློགས།

ནག་པོ་སངས་རྒྱས་སམ། ནཱ་ལེནྡྲའི་རྡོ་སྐུ་ནག་པོ།

बड़गांव [नालंदा] के ब्लैक बुद्धा पर लिखे अभिलेख को प्रथम बार पढ़ते समय की वीडियोग्राफी. ཞེས་པ་འདིའི་སྐོར་གྱི་གནས་ཚུལ་ངོ་སྤྲོད། རྒྱ་གར་ནཱ་ལནྡཱའི་བར་གའོང་ (Bargaon/Jagdishpur) ས་གནས་སུ་ཡོད་པའི་ “ནག་པོ་སངས་རྒྱས” (Black Buddha / Telia Baba) ཀྱི་སྐུ་བརྙན་ཐོག་གི་རྡོ་རིང་ཡི་གེ་ (Inscription) ཐོག་མར་ཀློག་འདོན་བྱེད་སྐབས་ཀྱི་བརྙན་ཐུང་ (Videography) དང་འབྲེལ་བའི་གནས་ཚུལ་གཙོ་བོ་ཁག་ནི་དེ་ལྟར་ཡིན།

མུ་མཐུད་ཀློགས།

ཇོ་བོ་རྗེས་ལོག་རྟོག་བཀག་ཅིང་བསྟན་པ་སྤེལ་བའི་མཛད་པ།

ཕྱི་དར་ལ་རྒྱུད་སྡེའི་དོན་ལོག་པར་བཟུང་བ་ལ་བརྟེན་ནས་པཎྜི་ཏ་དང་རྣལ་འབྱོར་པར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་པར་སྤྱོད་པ་ལ་གནོད་པ་ཆེན་པོ་བྱས་པ། སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང་། གཞན་ཡང་ལོག་པར་བཟུང་བ་རྣམས་ནུབ་པར་བྱས་ནས། ཕྱིན་ཅི་མ་ལོག་པའི་བསྟན་པ་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། །

མུ་མཐུད་ཀློགས།

འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རི་དགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་དེ་ཡང་ལྔ་ཡིས་བཅོམ་འགྱུར་ཏེ།གཅིག་གིས་བཅོམ་ན་གང་ཞིག་ལྔ་རྣམས་ནི། །རྟག་ཏུ་བསྟན་པ༌ཅི་ཕྱིར་བཅོམ་མི་འགྱུར། །རྩྭ་ཡི་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དགས་རྔོན་པའི་གླུ་དབྱངས་ཀྱིས། །ངེས་པར་གསོད་པ་ཚོལ་བར་འགྱུར། །ས་སྲུང༌དང་ནི་རབ་འགྲན་ཅིང་། །རི་ཡི་རྒྱལ་པོ་རྒྱུན་ཤེས་བྱའི། །བན་གླང་མོ་ཡི་ཉེ་རེག༌གིས། །ངེས་པར་གླང་པོ་བསད་

མུ་མཐུད་ཀློགས།

ཚོགས་ཀྱི་གཏམ།

༄༅༅། །རྒྱ་གར་སྐད་དུ། སཾ་བྷཱ་ར་པ་རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ།གསུང་གི་མངའ་བདག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་གིས་དེ་རིང་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་ཞིག་གམ། །གཞན་ལ་ཕན་པ་གང་བྱ༌ཞེས། །བྱང་ཆུབ་སེམས་དཔའ༌ཡང་ཡང་བསམ། །བསོད་ནམས་རང་བཞིན་ཡེ་ཤེས་ཆེ། །ཚོགས་ནི་གང་གིས་རྫོགས་འགྱུར་དང་། །ཇི་ལྟར་གཞན་ཕན་བྱེད་འགྱུར༌བ། །དེ་ནི་ལེགས་པར་བཤད་པར་བྱ། །གང་གིས་ལུས་དང་སྲོག་དག་ནི། །སེམས་ཅན་ཀུན་ལ་གཏང་བར༌བྱ། །ལུས་ཅན་ཀུན

མུ་མཐུད་ཀློགས།

ཚུལ་ཁྲིམས་ཀྱི་གཏམ།

༄༅༅། །རྒྱ་གར་སྐད་དུ། ཤཱི་ལ་པ་རི་ཀ་ཐཱ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །གང་ཞིག་དད་པའི༌སེམས་ཀྱིས་ནི། །ལོ་བརྒྱར༌སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུང་བ་དེ་ལས་ཁྱད་པར་འཕགས། །སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། །གང་ཡང་རུང་བས་ཚུལ་ཁྲི

མུ་མཐུད་ཀློགས།

ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ།

༄༅༅། །རྒྱ་གར་སྐད་དུ། །སཔྟ་གུ་ཎ་པ་རི་བ་ད་ནཱ་ཀ་ཐཱ། བོད་སྐད་དུ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལས་ནི་དུ་མ་ལ་བརྟེན་པའི། །སྣ་ཚོགས་ཡོན་ཏན་འདོད་པ་ཡིས། །འབད་བྱས་ས་བོན་མེད་པར་ནི། །མྱུ་གུ་སྐྱེ་བ་ཡོད་མ་ཡིན། །ཉེས་མེད་ཡོན་ཏན་བསྡུ་བ་ནི། །སྣ་ཚོགས་པ་དག་རྣམ་བྱ་སྟེ། །ཉེས་པ་དག་ནི་གཅིག་པུ་ཡིས། །ཡོན་ཏན་མང་པོ་འཇོམས་པར་བྱེད། །ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ༌བཟང་དང་རིག

མུ་མཐུད་ཀློགས།

བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ།

༄༅༅། །རྒྱ་གར་སྐད་དུ། ཤཱསྟྲ་གཱ་ཐཱ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ན་འང་མེད་ལ་ཕྱོགས་སམ་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་བསྐོར་ཡང་

མུ་མཐུད་ཀློགས།

ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ།

༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི

མུ་མཐུད་ཀློགས།