ནཱ་ལེནྡྲའི་གཙུག་ལག་ཁང་གི་དམ་ཕྲུག

གནའ་བོའི་འཇིམ་པའི་ཐེལ་ཚེ་འདིའི་ཐོག་ཏུ། ལས་རྟགས་སུ་སྟོན་པ་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སར་ཆོས་འཁོར་དང་པོ་བསྐོར་བའི་མཚོན་དོན་ཆོས་ཀྱི་འཁོར་ལོ་དང་། དེའི་གཡས་གཡོན་དུ་རི་དྭགས་རུ་རུ་གཉིས་ཀྱི་སྐུ་བརྙན་བརྐོས་ཡོད་ལ། དམ་ཕྲུག་གི་ཁ་རིས་སུ། ལེགས་སྦྱར་གྱི་ཡིག་རིགས་ཐོག་འདི་ལྟར་གསལ་ཏེ། ཤྲཱི་ནཱ་ལེནྡྲ་མཧཱ་ཝིཧཱ་ར་ཨཱརྱ་བྷིཀྵུ་སཾགྷསྱ།

དོན་ནི། དཔལ་ནཱ་ལེནྡྲའི་ཐེག་ཆེན་དགོན་ཆེན་གྱི་འཕགས་པའི་དགེ་སློང་གི་དགེ་འདུན་གྱིའོ། །ཞེས་གསལ་ཞིང་། འདི་ལྟ་བུའི་དམ་ཕྲུག་གམ་ཐེལ་ཚེ་ཡིས་ཡིག་ཆ་ཁག་ལ་བདེན་དཔང་དང་། དགོན་སྡེའི་འབྲེལ་ཡོད་སྒྲིག་འཛུགས་ངོས་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད། འདི་ནི་གནའ་བོའི་རྒྱ་གར་གྱི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ཉར་ཚགས་བྱེད་པའི་གནའ་རྫས་རྟོག་ཞིབ་ཀྱི་མཚོན་དོན་ཆུང་ཆུང་ཞིག་ཡིན་ནོ།།

 

Leave a Reply

Your email address will not be published. Required fields are marked *