༡༽ མར་མེ་མཛད་ཀྱི་གསུང་གི་མཚན་བྱང་།

༡༽ མར་མེ་མཛད་ཀྱི་གསུང་གི་མཚན་བྱང་།

 

༡༽ གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་དང་། ༢༽ གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་མངོན་པར་རྟོགས་པ། ༣༽ གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས། ༤༽ འོད་དཔག་ཏུ་མེད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་གཤེད་སྒྲུབ་པའི་ཐབས། ༥༽ གཤིན་རྗེ་གཤེད་རྡོ་རྗེ་རྣོན་པོ་ཞེས་བྱ་བའི་སྒྲུབ་ཐབས། ༦༽ རྡོ་རྗེ་སེམས་མ་བདེ་བའི་སྒྲུབ་པའི་ཐབས། ༧༽ རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས། ༨༽ རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས།

༩༽ ཁྲོ་བོ་ཐོ་བ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། ༡༠༽ རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། ༡༡༽ ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །༡༢༽ ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ།

༡༣༽ དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩིའི་བུམ་པའི་ཆོ་ག །༡༤༽ དཔལ་ཡབ་ཡུམ་གཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བདེ་སྦྱིན་དམ་པ། ༡༥༽ སྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེ་དྲི་མ་མེད་པ། ༡༦༽ རྒྱལ་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ། ༡༧༽ ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །༡༨༽ གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཉི་མ་བཅུད་ལེན། ༡༩༽ ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དུག་ལས་རྒྱལ་བ། ༢༠༽ སྔ་མ་དང་ད་ལྟ་དང་ཕྱི་མའི་སྡིག་པ་མ་ལུས་པ་ལས་ཐར་བར་བྱེད་པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །༢༡༽ ཤི་བའི་སེམས་ཅན་སྡིག་པ་ལས་ཐར་བར་བྱེད་པའི་རོ་བསྲེག་པའི་ཆོ་ག་དུག་སྦྱོང་གསལ་བའི་མེ་ལོང་། ༢༢༽ མཆོད་རྟེན་གདབ་པ་ཤི་བའི་སྡིག་པ་བྱང་བར་བྱེད་པ་རང་བྱུང་འཇིགས་བྲལ། ༢༣༽ ཀླུའི་སྲོག་མེ་དཔལ་གྱི་འཁོར་ལོ་ཞེས་བྱ་བ་ཀླུའི་རྣམ་པར་འཇོམས་པའི་སྙིང་གཟེར་དུ་བཀོད་པ་བཅས་ཀྱི་ཆོས་ཚན་ཞལ་གྲངས་ ༢༣ རྣམས་ཀྱི་མཛད་བྱང་དུ་མར་མེ་མཛད་ཀྱིས་མཛད་ཅེས་གསལ་བ་ལས་ཡེ་ཤེས་དང་། བཟང་པོའི་མཚན་ཟུར་གྱི་ཁྱད་ཆོས་གང་ཡང་མ་གསལ་བའི་གསུང་ཆོས་ཚན་ཁག་ ༢༣ ཡོད་པ་རྣམས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༣ ནས་ ༡༨༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *