ཆ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

ཆ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོ།

ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོ་ནི། ཕྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན་ལ། སྒྲ་སྒྱུར་ལ་ཤིན་ཏུ་མཁས་པར་མཁྱེན་པས་རྒྱལ་བའི་བཀའ་དང་བསྟན་འགྱུར་སོགས་བོད་ཡིག་ཏུ་བསྒྱུར་བར་མཛད་དེ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། སྒྱུར་རྩོམ་ནི་བཀའ་འགྱུར་ལས། འདུལ་བ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་རྫོགས་པ་ཤླཽ་ཀ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་དང་།

བམ་པོ་ལྔ་བཅུ་རྩ་དགུ་པ། བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ལ། འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས། ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ་ལོ་ཙཱ་བ་དཔལ་འབྱོར་གྱིས་བསྒྱུར་བ་ལ། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ་དང་། ལྷག་པར་སློབ་དཔོན་འཕགས་པ་ལྷས་མཛད་པས་མཛད་པའི་རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་རྩ་འགྲེལ་སོགས་བསྒྱུར་ཞུས་མཛད་པ་བཅས་སོ།། །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༩ ནས་ ༤༢༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *