གསུམ། སྣ་ཚོགས་སྐོར།
༣༣༽ སྣ་ཚོགས་ ༼ཉོ༽ པ་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་གི་ཆོས་ཚན་ ༥༨ པའི་ནང་གསེས་ཆོས་ཚན་ ༥ པར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ། སློབ་དཔོན་ཨཱརྱ་དེ་ཝས་མཛད་པ། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོའི་རང་འགྱུར། ཞེས་དང་། སྡེ་དགེ་བསྟན་འགྱུར་དཀར་ཆག་[1]གི་གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར་ལ།
(མཚམས་འདི་ནས་བཟུང་དཀར་ཆག་ཏུ་བཀོད་པའི་མཚན་བྱང་རྣམས་དང་། གླེགས་བམ་དུ་བཀོད་པ་གཉིས་ཀྱི་གོང་འོག་སྡེབ་ཚུལ་སོགས་མི་འདྲ་བས་འདིར་དཀར་ཆག་ལྟར་གྱི་མཚན་བྱང་རྣམས་བཀོད་དེ། དེའི་རྗེས་སུ་གླེགས་བམ་དུ་སྒྲིག་ཚུལ་ལྟར་གྱི་མཚན་བྱང་རྣམས་བཀོད་པ་འོག་ཏུ་ཏོ་པོད་སོགས་ཀྱི་སྐབས་ལ་ལྟ་བར་བྱའོ།།) ཞེས་ཡིག་ཆུང་དུ་མཆན་འགོད་གནང་འདུག་ཀྱང་། གསུང་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། གསེར་བྲིས་བསྟན་འགྱུར[2]། གསར་བཅུག་གི་བསྟན་བཅོས། ༼ཉོ༽ ཤོག་གྲངས་ ༥༡༧ན། ༥༢༠ན། བར་བཞུགས་ཤིང་། པེ་ཅིན་པར་མའི་སྣ་ཚོགས་ཉོ་པའི་ཤོག་གྲངས་ ༤༢༣ འོག་ཕྲེང་ ༨ ནས་ ༤༢༦ འོག་ཕྲེང་ ༢ བར་དང་། སྣར་ཐང་བསྟན་འགྱུར། མདོ། སྣ་ཚོགས་ཉོ་པའི་ཤོག་གྲངས་ ༣༩༦བ་ཕྲེང་ ༦ ནས་ ༣༩༩ན་ཕྲེང་ ༥ བར་འཁོད་པ་ལྟར་འདིར་བསྣན་ཡོད་ལ། བསྟན་འགྱུར་དཔེ་བསྡུར་མའི་ནང་མ་རྙེད། ཞིབ་ཕྲའི་དཔྱད་པ་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༡༧
[2] གསེར་བྲིས་བསྟན་འགྱུར་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༩༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༩ ནས་ ༤༢༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།