༄༅། །ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར་བཞུགས་སོ།། ༼ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད།༽ ༄༅། །རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བདག་གིས། ཟླ་བ་བཅུ་གསུམ་གྱི་བར་དུ་རྫིངས་ཀྱི་ནང་དུ་ཞུགས་ནས། བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་པ་ན། ཟླ་བ་ལྔ་ཙམ་འདས་པའི་དུས། ལྷའི་དབང་ཕྱུག་ཆེན་པོས་ཁོ་བོའི་བྱང་ཆུབ་སེམས་ཀྱི་བར་དུ་བཅད་པའི་ཕྱིར། མི་མཐུན་པའི་རླུང་དམར་ཆེན་པོ་གཡོས། ཆུ་སྲིན་ཉ་མིད་ཆེན་པོར་བྱས་ཏེ་མདུན་བཀག །ནམ་མཁའ་ལས་ཁོ་བོའི་སྟེང་དུ་ཐོག་ཕབ་སྟེ།
མུ་མཐུད་ཀློགས།གསར་འཇུག
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ།
དཀར་ཆག ཀ༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 1 ཁ༽ ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 23 ག༽ དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས། ༡༽ རྒྱལ་སྲིད་སྤངས་ནས་ཐར་པར་ཇི་ལྟར་བྱོན་པའི་ཡོན་ཏན་རགས་རིམ། ༌༌༌༌༌༌༌༌༌༌༌༌༌༌ 259 ༢༽ བླ་མའི་ལུང་བསྟན་རྣམ་དག་ཤེལ་གྱི་མེ་ལོང་། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 280 ༣༽ བླ་མས་ཆོས་བཙལ་བའི་ཕྱིར་དཀའ་བ་ཇི་ལྟར་སྤྱད་པ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 286 ༤༽ རི་བོ་གངས་ཆེན་གྱི་རྒྱུད་དུ་ལུང་བསྟན་པ་རྒྱུ་མཚན་གནད་ཀྱི་སྒྲོན་མ། ༌༌༌༌༌༌༌༌༌༌༌ 291 ༥༽ གངས་ཆེན་རྒྱུད་དུ་ལུང་བསྟན་པ་རྦད་སྔགས་རྡོ་རྗེའི་མགུར་ཆེན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 293 ༦༽ གངས་ཆེན་གྱི་རྒྱུད་དུ་ལུང་བསྟན་ཐུགས་རྗེ་ཆེན་པོ་ལ་བསྐུལ་མ་བཏབ་པ་ཕན་བདེའི་དབྱངས། ༌༌༌༌༌༌༌༌༌༌ 295 ༧༽ རི་བོ་གངས་ཆེན་གྱི་རྒྱུད་དུ་ལུང་བསྟན་པ་ཕན་བདེའི་དབྱངས་སུ་བཀོད་པ། ༌༌༌༌ 298 ༨༽ རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་གནད་ཀྱི་སྒྲོན་མ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 301 ༩༽ མི་མངོན་པའི་དབྱིངས་སུ་སྦྱར་བ་རྣམ་དག་ཤེལ་གྱི་མེ་ལོང་། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 303 ༡༠༽ རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌ 305 ༡༡༽ ཞུས་པའི་རྣམ་ཐར་བཞག་པའི་ལེའུ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 324 ༡༢༽ བོད་དུ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་བསྟན་པའི་ལེའུ། ༌༌༌༌༌༌༌༌༌༌༌༌༌༌༌༌ 340 …
མུ་མཐུད་ཀློགས།༤༽ བྱ་འདུལ་བ་བརྩོན་འགྲུས་འབར་གྱི་རྣམ་ཐར།
༤༽ བྱ་འདུལ་བ་བརྩོན་འགྲུས་འབར་གྱི་རྣམ་ཐར། ཟུལ་ཕུ་བའམ་བྱ་འདུལ་བ་བརྩོན་འགྲུས་འབར་མཆོག་ནི། དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། རབ་བྱུང་དང་པོའི་ས་ལུག་ཕྱི་ལོ་ ༡༠༧༩ ལོར་འཁྲུངས་ཤིང་། རབ་བྱུང་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༡༥༤ ལོར་དགུང་ལོ་དོན་དྲུག་ཐོག་ཞི་བར་གཤེགས་པར་གསུངས་ཤིང་། རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས་ལྕགས་ལུག་ཕྱི་ལོ་ ༡༠༣༡ ལོར་འཁྲུངས་ཤིང་། མེ་ཁྱི་ལོ་ཕྱི་ལོ་ ༡༡༠༦ འདས་པར་གསལ་ལ། ལ་ལར་ལྕགས་ལུག་ཕྱི་ལོ་ ༡༠༩༡ ལོར་འཁྲུངས་ཤིང་།
མུ་མཐུད་ཀློགས།༣༽ ལོ་ཙཱ་བ་རྔོག་ལེགས་པའི་ཤེས་རབ་ཀྱི་རྣམ་ཐར།
༣༽ ལོ་ཙཱ་བ་རྔོག་ལེགས་པའི་ཤེས་རབ་ཀྱི་རྣམ་ཐར། རྔོག་ལེགས་པའི་ཤེས་རབ་མཆོག་ནི།[1] བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་ཡིན་ལ། ཇོ་བོ་རྗེའི་སློབ་མ་སྙན་གྲགས་ཅན་དབུས་ཀྱི་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོའི་རྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུར་སྲས་ལྔ་ཡོད་པའི་ཆེ་བར་སྐུ་འཁྲུངས། འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་།
མུ་མཐུད་ཀློགས།༢༽ ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར།
༢༽ ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར། བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག་ནི།[1] བཀའ་གདམས་པའི་སྲོལ་གཏོད་པ་པོ་དང་། བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་དང་། ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན་ཅིང་། རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག་ཕྱི་ལོ་ ༡༠༠༤ ལོར་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་རྩ་སྒྱེ་མོར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
མུ་མཐུད་ཀློགས།༡༽ གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་རྣམ་ཐར།
༡༽ གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་རྣམ་ཐར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་མཛད་པ་པོ་གཙང་མཁན་ཆེན་འཇམ༌དབྱངས༌དཔལ༌ལྡན༌རྒྱ༌མཚོ་མཆོག་ནི། རབ་བྱུང་བཅུ་པའི་ལྕགས་ཁྱི་ལོ་སྟེ་ཕྱི་ལོ་ ༡༦༡༠ ལོར་སྐུ་འཁྲུངས་ཤིང་། རབ་བྱུང་བཅུ་གཅིག་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ་ ༡༦༨༤ ལོར་ཞི་བར་གཤེགས་པ་དང་། ཁོང་གི་རྣམ་ཐར་རྒྱས་པ་བྲིས་མ་པོད་ཆེན་ཞིག་འབྲུག་ཡུལ་དུ་བཞུགས་པའི་བོད་ཡིག་དཔེ་རྙིང་ཕྱོགས་བསྡུས་ཁོངས་སུ་བཞུགས་ཡོད་ཀྱང་མཇལ་སྐལ་མ་ཐོབ་ཁར། རྣམ་ཐར་སྙིང་བསྡུས་ཀྱི་དཔྱད་གཞི་ཡང་མ་རྙེད་པས་འགོད་ཐབས་བྲལ།
མུ་མཐུད་ཀློགས།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། ཕྱོགས་སྒྲིག་པའི་སྔོན་གླེང་།
ཕྱོགས་སྒྲིག་པའི་སྔོན་གླེང་། རིགས་རུས་ཕུན་ཚོགས་རྟེན་ལ་ཡོན་ཏན་བརྙེས། ། བསླབ་གསུམ་ལུང་རྟོགས་ཡོན་ཏན་ཐུགས་སུ་ཆུད། ། འཕགས་བོད་ཡུལ་དུ་བསྟན་འགྲོའི་མཛད་པ་བསྐྱངས། ། ངོ་མཚར་གསང་གསུམ་རྣམ་ཐར་ཕྱོགས་གཅིག་བཀོད། ། ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་བོད་གངས་ཅན་གྱི་ལྗོངས་སུ་བྱོན་པས། ཇོ་བོ་རྗེའི་རྣམ་ཐར་རེ་ཞིག་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་སུ་ཁ་ཐོར་གྱི་ཚུལ་དུ་གནས་ཤིང་།
མུ་མཐུད་ཀློགས།ནཱ་ལེནྡྲའི་བྱུང་རབས། པཎ་གྲུབ་རྣམ་ཐར། བསྟོད་ཚོགས་ཕྱོགས་སྒྲིག་སོགས་ལ་སྩལ་བའི་བཀའ་ཡིག
པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ལ་སྩལ་བའི་༸གོང་ས་མཆོག་གི་བཀའ་ཡིག
པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན་གྱི་དཔྱད་གཞི།
པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན་གྱི་ལུང་ཁུངས་དཔྱད་གཞིའི་ཡིག་ཆ། དང་པོ། རྒྱལ་བའི་བཀའ་འགྱུར། བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཆ༽ དེབ་ཨང་ ༦ པ། ༢༠༠༩ ལོ། ཤོག་གྲངས་ ༥༥༣ ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ། འཇང་བཀའ་འགྱུར། པོད་གྲངས་ ༥༤ ཤོག་གྲངས་ ༢༡༥ན བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼བ༽ དེབ་ཨང་། ༥༩ པ། ༢༠༠༩ ལོ། ཤོག་གྲངས་ ༥༩༨ བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་ ༧༡ པ། ༢༠༠༩ ལོ། ཤོག་གྲངས་ ༥༣༧ བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ་ ༼ཨཿ༽ དེབ་ཨང་ ༧༦ པ། ༢༠༠༩ ལོ། ཤོག་གྲངས་ ༦༤༨
མུ་མཐུད་ཀློགས།-
སྦྱོར་བ་ཡན་ལག་དྲུག་གི་གཞུང་ཆུང་།
དེ་ཡང་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་རྣམ་ཐར་ལས། དེ་ནས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་གཞུང་ཆུང་དེ་ཞུས་པས་གནང་། ཞེས་གསལ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་དྲུག་གཞུང་ཆུང་འདི་ཉིད་ཀྱི་བོད་སྐད་དུ་འགྱུར་ཡོད་མེད་དང་། བོད་དུ་བཞུགས་པའི་མ་དཔེ་ལག་ཏུ་མ་སོན་ནོ།།
མུ་མཐུད་ཀློགས། -
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
-
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



