གསར་འཇུག

དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་དཀར་ཆག གཉིས་པ། དབུ་མའི་སྐོར།

གཉིས་པ། དབུ་མའི་སྐོར།   ༩༽ དབུ་མ་ ༼འ༽ པ་ལ། རྒྱ་གར་སྐད་དུ། མཱུ་ལ་མཱ་དྷྱཱ་མི་ཀ་བྲིཏྟི་པྲ་སན་ན་པ་ད་ནཱ་མ། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ། གཞུང་གི་མཇུག་བྱང་ལས[1]། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ།

མུ་མཐུད་ཀློགས།

ལྔ་པ། དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་དཀར་ཆག དང་པོ། རྒྱུད་ཀྱི་སྐོར།

ལྔ་པ། དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་དཀར་ཆག ཀ༽ བསྟན་འགྱུར་ནང་བཞུགས་པའི་དཀར་ཆག དང་པོ། རྒྱུད་ཀྱི་སྐོར།   ༡༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་ཏཱ་ར་སྟོ་ཏྲཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ། པཎྜི་ཏ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བློ་གསལ་དགའ་སྐྱེད་ལས[1]། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ་པཎྜི་ཏ་ཟླ་བ་གྲགས་པས་མཛད་པ།

མུ་མཐུད་ཀློགས།

འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་པར།

རྒྱན་དྲུག་མཆོག་གཉིས་ནི། དབུ་མའི་རྒྱན་གྱུར་ཀླུ་སྒྲུབ་དང༌འཕགས་པ་ལྷ། མངོན་པའི་རྒྱན་གྱུར་ཐོགས་མེད་དང་དབྱིག་གཉེན། ཚད་མའི་རྒྱན་གྱུར་ཕྱོགས་གླང༌དང་ཆོས་གྲགས་བཅས་རྒྱན་དྲུག་དང༌། འདུལ་བའི་རྒྱན་གྱུར་ཡོན་ཏན་འོད་དང་ཤཱཀྱ་འོད་བཅས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་བཅས་སོ།།  

མུ་མཐུད་ཀློགས།

༢༽ ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས།

༢༽ ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས།   ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་བལ་ཡུལ་དང་། ཁ་ཆེ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད་པ་སྟེ།

མུ་མཐུད་ཀློགས།

ཅ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་།

ཅ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་མཆོག་ནི། འཁྲུངས་ལོ་མི་གསལ་ཡང་འཁྲུངས་ཡུལ་ནི་མངའ་རིས་པུ་རངས་[1]ཡིན་པ་དང་། མེས་པོའི་རྒྱུད་ནི།[2] སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་བོ་སྤྱན་འདྲེན་མཁན་གྱད་མི་ལྷ་དགའ་དང་། ཁྲི་སྲོང་སྐབས་ཀྱི་རྒྱ་སང་ཤི་དང་སྦ་གསལ་སྣང་བཅས་ཡིན་པར་གྲགས། ཞེས་གསལ་ཡང་། ཨ་ལགས་ཤར་གདོང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་[3]དང་།

མུ་མཐུད་ཀློགས།

ང༽ ལེགས་ལྡན་འབྱེད་ཀྱི་བསྟན་བཅོས་མ་རྙེད་པ།

ང༽ ལེགས་ལྡན་འབྱེད་ཀྱི་བསྟན་བཅོས་མ་རྙེད་པ། དེ་ཡང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས། ཕ་རོལ་ཏུ་ཕྱིན་པ་ཞུས་པས་སློབ་དཔོན་ལེགས་ལྡན་འབྱེད་རྣམ་སྣང་གིས་མཛད་པའི་པ་ནི་དྷར་ཐ་གསུངས་ནས་ལོ་ཙཱ་བས་བསྒྱུར། ཞེས་བྱུང་བའི་གཞུང་འདི་ཉིད་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

མུ་མཐུད་ཀློགས།

ག༽ ལེགས་ལྡན་འབྱེད་ཀྱི་གསུང་བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

ག༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།   དེ་ལྟར་སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་ལ་སྡེ་དགེ་བསྟན་འགྱུར་ལྟར་ན། ལེགས་སྦྱར་གྱི་མཚན་བྷ་བྱ་དང་བྷ་བྱ་ཀཱིརྟིའི་མཚན་བྱང་གསལ་བའི་གསུང་གྲངས་ ༦ སློབ་དཔོན་ལེགས་ལྡན་འབྱེད་དང་བཙུན་པ་ལེགས་ལྡན་གྱི་མཚན་བྱང་ཐོག་ཏུ་གསུང་གྲངས་ ༣ བཅས་ཁྱོན་བསྡོམས་གསུང་ཆོས་ཚན་གྲངས་ ༩ ཡོད་པ་རྣམས། དང་པོ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་།

མུ་མཐུད་ཀློགས།

ཁ༽ ལེགས་ལྡན་འབྱེད་ཀྱི་གསུང་གི་མཚན་བྱང་།

ཁ༽ ལེགས་ལྡན་འབྱེད་ཀྱི་གསུང་གི་མཚན་བྱང་།   སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་བསྟན་བཅོས་རྣམས་བསྟན་འགྱུར་གྱི་རྒྱུད་དང་། དབུ་མ། འདུལ་བ་བཅས་སྡེ་ཚན་གསུམ་གྱི་ནང་དུ་ཆོས་ཚན་ ༩ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་གསུམ་སྟེ། ༡ སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་དང་། ༢ སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱིཀཱ། ༣ རིམ་པ་ལྔ་པའི་དཀའ་འགྲེལ་བཅས་གསུམ་དང་།

མུ་མཐུད་ཀློགས།

སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་དཀར་ཆག གསུམ་པ། འདུལ་བའི་སྐོར།

གསུམ་པ། འདུལ་བའི་སྐོར།   ༩༽ འདུལ་བ་ ༼སུ༽ པ་ལ། རྒྱ་གར་སྐད་དུ། ཀཱ་ཡ་བྷེ་དོ་བི་བྷཾ་ག་བྱཱ་ཁྱཱ་ན། བོད་སྐད་དུ། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ། སློབ་དཔོན་བྷ་བྱས་མཛད་པ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་དགེ་སློང་ལེགས་པའི་ཤེས་རབ་ཀྱིས་གསོལ་བ་བཏབ་ནས་རྒྱ་གར་ཤར་ཕྱོགས་བཾ་ག་ལའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའི་པཎྜི་ཏའི་ཞལ་སྔ་ནས་དང༌།

མུ་མཐུད་ཀློགས།

སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་དཀར་ཆག གཉིས་པ། དབུ་མའི་སྐོར།

གཉིས་པ། དབུ་མའི་སྐོར།   ༤༽ དབུ་མ་ ༼ཚ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་པྲ་དཱི་པ་མཱུ་ལ་མ་དྷྱཱ་མི་ཀ་པྲིཏྟི། བོད་སྐད་དུ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ། སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ། དབང་ཕྱུག་དམ་པའི་མངའ་བདག །རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་།

མུ་མཐུད་ཀློགས།