ང༽ སྔོན་གྱི་དཀར་ཆག་ཆེན་མོ་རྣམ་གསུམ། དེ་ཡང་དཀར་ཆག་ཅེས་པ་ནི། ཕྱི་ལོའི་དུས་རབས་བརྒྱད་པ་ཙམ་ནས་བོད་མི་རང་ཉིད་ཀྱི་སྐད་ཡིག་ནང་ཡོངས་སུ་གྲགས་པའི་ཐ་སྙད་ཆེས་རྙིང་པ་ཞིག་ཡིན་ལ། སྔོན་གྱི་དཀར་ཆག་རྣམ་གསུམ་སྟེ། རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཀར་ཆག་གི་ཐོག་མ་དཀར་ཆག་ལྡན་དཀར་མ་ཕྱི་ལོ་ ༧༦༤ འམ་ ༨༠༠ ལོར་གསར་དུ་བསྒྲིགས་པ་དང་།
མུ་མཐུད་ཀློགས།གསར་འཇུག
ག༽ དཀར་ཆག་གི་བྱེད་ལས་དང་ནུས་པ།
ག༽ དཀར་ཆག་གི་བྱེད་ལས་དང་ནུས་པ། དཀར་ཆག་གི་བྱེད་ལས་དང་ནུས་པ་ནི། དེ་ལྟ་བུའི་དཀར་ཆག་གི་ནུས་པ་གང་ཞིག་འདོན་ཐུབ་བམ་ཞེ་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས[1]། དཀར་ཆག་ནི་དཔེ་དེབ་ཀུན་གྱི་གཟུགས་བརྙན་གསལ་བའི་མེ་ལོང་ལྟ་བུ་ཡིན་ཏེ། དཀར་ཆག་གི་ནང་དུ་དཔེ་དེབ་སོ་སོའི་མིང་དང་། རྩོམ་པ་པོའི་མིང་། ནང་དོན། སྡེ་ཚན། ཤོག་གྲངས།
མུ་མཐུད་ཀློགས།ཁ༽ དཀར་ཆག་ལ་རྣམ་གྲངས་ཇི་ཙམ་ཡོད་པ།
ཁ༽ དཀར་ཆག་ལ་རྣམ་གྲངས་ཇི་ཙམ་ཡོད་པ། དཀར་ཆག་ལ་རྣམ་གྲངས་ཇི་ཙམ་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས[1]། དཀར་ཆག་གི་རྣམ་གྲངས་ལ་རིགས་མི་འདྲ་བ་ལྔ་ཡོད་པ་སྟེ། ༡ གཙུག་ལག་ཁང་དང་ཕོ་བྲང་པོ་ཏཱ་ལའི་དཀར་ཆག་ལྟ་བུ་ལྷ་ཁང་གི་དཀར་ཆག །༢ གདན་ས་གསུམ་དང་སྐུ་འབུམ་དགོན་པའི་དཀར་ཆག་ལྟ་བུ་དགོན་པའི་དཀར་ཆག །
མུ་མཐུད་ཀློགས།གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་གྱི་སྔོན་གླེང་། ཀ༽ དཀར་ཆག་གི་གོ་དོན།
རྩོམ་པ་པོའི་སྔོན་གླེང་། ཀ༽ དཀར་ཆག་གི་གོ་དོན། དབུ་མའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་དང་། ། འཕགས་པ་ལྷ་དང་སངས་རྒྱས་ལེགས་ལྡན་འབྱེད། ། ཟླ་གྲགས་ཞི་ལྷ་ཞི་འཚོ་ཀ་ཤཱིའི་ཞབས། ། ཤིང་རྟའི་སྲོལ་འཛིན་པཎ་གྲུབ་རྣམས་ལ་བསྟོད། ། སེམས་ཙམ་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་དང་། ། དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་འཕགས་སེང་ཞབས། །
མུ་མཐུད་ཀློགས།ཟབ་པ་དང་རྒྱ་ཆེ་བའི་ནཱ་ལེནྡྲའི་ཆོས་བརྒྱུད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ནས་རང་གར་བོད་པའི་ཞེན་ཁོག་བྱས་ཏེ་བོད་ཡིག་སློབ་དགོས་ཞེས་བརྗོད་ཀྱི་མེད། མདོར་ན་ནང་ཆོས་མི་དགོས་ན་དེ་རང་ལས། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་བརྗོད་དོན་རླབས་ཆེན་པོ་ཞིག་ཡོད་པ་དེ་དག་མི་དགོས་ན་དེ་ག་ལས། དེ་དག་དགོས་ན་བོད་ཡིག་ཀྱང་དགོས། ཞེས་བཀའ་སློབ་སྩལ།
མུ་མཐུད་ཀློགས།དབང་ལུང་མན་ངག་གི་རྒྱུན་གསན་བཞེས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། ཞི་དུལ་བག་ཡོད་དྲང་སྲོང་ཆེན་པོའི་སྐུ།། ས་སྟེང་རིན་ཆེན་ཟབ་རྒྱས་ལེགས་བཤད་གསུང་།། ཉམས་རྟོགས་ཡོན་ཏན་རྒྱན་གྱིས་མཛེས་པའི་ཐུགས།། བསམ་ཞིང་དྲན་པས་དད་གུས་ཐལ་མོ་སྦྱོར།། ངོས་རང་ལ་དྭགས་སུ་འབྱོར་བའི་སྐབས་ཤིག་ལ་ཁྲི་ཟུར་རིན་པོ་ཆེས་འཇིགས་བྱེད་བསྙེན་ཆེན་གྲུབ་མ་ཐག་ཡིན་པ་སྐུ་མདུན་དུ་བཅར་ནས་བསྙེན་ཆེན་གནང་སའི་བཞུགས་གདན་དེ་ག་རང་གི་ཐོག་ནས་གསུང་ཆོས་ཞུས་ཤིང་།
མུ་མཐུད་ཀློགས།རྒྱ་གར་ལོ་རྒྱུས་སྟེང་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་མྱོང་།
རྒྱ་གར་ལོ་རྒྱུས་སྟེང་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་མྱོང་། དེ་ཡང་ཇི་སྐད་དུ་མཁས་དབང་དགེ་ཆོས་ཀྱིས། རྒྱ་གར་རིགས་པའི་འབྱུང་གནས་ལྟ་བུ་འདི་ལ་མི་ཟད་པའི་ཉམ་ཐག་པ་ཆེན་པོ་ཞིག་བྱུང་བ་ནི། འདི་ལྟར་སྔོན་གྱི་ཚེ་སྐྱེས་བུ་ཆེན་པོ་སའི་རྒྱན་དུ་གྱུར་པ་ཇི་སྙེད་ཅིག་བྱུང་ཡང་དེ་དག་ལ་རིས་དང་། རྒྱུད་པ་དང་། བྱ་བ་ན་ཚོད་སོགས་མིའི་ལུགས་སུ་བྱས་ནས་དུས་བསྒྲིགས་པའི་རྒྱལ་རབས་རྒྱ་ནག་དང་ཏ་ཟིག་དང་རོ་མན་སོགས་ཀྱིས་བྲིས་པ་དེ་ལྟ་བུ་ཀསྨིར་རྒྱལ་རབས་ར་ཛ་རདྷིནི་བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅད་དུ་བྱས་པ་ཀླ་ཀློ་སླེབས་ཀྱི་བར་ཁ་ཆེའི་ཡུལ་དུ་གང་བྱུང་བྲིས་པ་འདི་གཅིག་པུ་མ་གཏོགས་ཡེ་མ་བྱུང་བ་ཡིན་ནོ།།
མུ་མཐུད་ཀློགས།རིག་འཛིན་རྣམ་བརྒྱད་ཀྱི་ལྡེབས་བྲིས་བྱོན་གཙང་།
རིག་འཛིན་རྣམ་བརྒྱད་ནི། དུང་དཀར་ཚིག་མཛོད་ཆེན་མོ་ལས། སྐུའི་རིག་འཛིན་སློབ་དཔོན་འཇམ་དཔལ་བཤེས་གཉེན། གསུང་གི་རིག་འཛིན་སློབ་དཔོན་འཕགས་པ་ཀླུ་སྒྲུབ། ཐུགས་ཀྱི་རིག་འཛིན་སློབ་དཔོན་ཧཱུཾ་ཀ་ར། ཡོན་ཏན་གྱི་རིག་འཛིན་སློབ་དཔོན་བི་མ་ལ་མི་ཏྲ། འཕྲིན་ལས་ཀྱི་རིག་འཛིན་སློབ་དཔོན་པྲ་ཧ་པྲི། དབྱིངས་ཀྱི་རིག་འཛིན་སློབ་དཔོན་དྷ་ན་སང་ཀྲི་ཏ། མངོན་སྤྱོད་ཀྱི་རིག་འཛིན་རོམ་བུ་གུཧྱ་ཙཎྚ། དྲག་སྔགས་ཀྱི་རིག་འཛིན་སློབ་དཔོན་ཤྲིནྟ་གྷརྦ། ཞེས་གསལ་བ་ལྟར་རོ།།
མུ་མཐུད་ཀློགས།སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཡང་དག་པར་བསྡུས་པ།
༄༅། །ཆོས་ཡང་དག་པར་བསྡུས་པ།[1] ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།[2] སེམས་ཅན་ཀུན་ཕན་འབྱུང་བྱེད་པའི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། ། ཆོས་ཀྱི་སྙིང་པོ་ཀུན་བཏུས་པ། །གཏི་མུག་འཇོམས་ཕྱིར་བཤད་པར་བྱ། ༡༽ དེ་ལ་ཐོག་མར་དཀོན་མཆོག་གསུམ་ནི། འདི་ལྟ་སྟེ། ༡ སངས་རྒྱས་དང་། ༢ ཆོས་དང་། ༣ དགེ་འདུན་ནོ།། ༢༽ ཐེག་པ་གསུམ་ནི། འདི་ལྟ་སྟེ། ༡ ཉན་ཐོས་ཀྱི་ཐེག་པ་དང་། ༢ རང་སངས་རྒྱས་ཀྱི་ཐེག་པ་དང་། ༣ ཐེག་ཆེན་གྱི་ཐེག་པའོ།།
མུ་མཐུད་ཀློགས།དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ། (གསར་དུ་བསྒྱུར་བ།)
༄༅། །དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་བྱ་བ། ཕྱག་འཚལ་ཆོས་ཉིད་བདེན་མཐོང་ཆགས་བྲལ་བ། །སྟོན་མཆོག་བསམ་གྱིས་མི་ཁྱབ་སྟོབས་མངའ་བས། །སྨྲ་བརྗོད་ཡུལ་ལས་འདས་པའི་ཆོས་རྣམས་ནི། །སྙིང་རྗེ་དབང་གིས་འགྲོ་ལ་སྟོན་པར་མཛད། །དོན་དམ་ངོ་བོར་ཆོས་རྣམས་སྐྱེས་པ་མེད། །བདེན་པའི་དོན་དུ་དེ་ཡང་འགག་པ་མེད། །སངས་རྒྱས་རྣམས་ནི་ནམ་མཁའ་སྟོང་པ་བཞིན། །སེམས་ཅན་དག་དང་སངས་རྒྱས་རང་བཞིན་གཅིག །འཁོར་འདས་ཆོས་རྣམས་ཐམས་ཅད་སྐྱེས་པ་མེད། །
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



