གསར་འཇུག

རབ་མཆོག་ལྡན་ལ་ཟླ་གྲགས་ངོ་སྤྲོད་སྨན་མཆོག་དུག་སེལ་རིལ་བུ།

རབ་མཆོག་ལྡན་ལ་ཟླ་གྲགས་ངོ་སྤྲོད་སྨན་མཆོག་དུག་སེལ་རིལ་བུ། 2026-5-4  བླང་དོར་བའམ་ཤེས་རབ་མཆོག་ལྡན་ཞུ་བ་ཁོང་གིས་“པ་ཚབ་ཉི་གྲགས་དང་ཟླ་གྲགས་མཇལ་འཕྲད་བྱུང་ཚུལ་གྱི་སྐོར་”དེར་མ་རྟོག་ལོག་རྟོག་གིས་ཕལ་ཆེར་ཟེར་བ་དང་མ་ཡིན་ནའང་ཡིན་རྒྱུ་བ་ཤ་སྟག་བྱས་ཏེ། ང་ནི་ཚངས་པ་འོ་ཚངས་པ་ཆེན་པོ་འོ་ཞེས་པ་ལྟ་བུས་འགྲེལ་ལོག་དགའ་ཞིག་བྱས་འདུག་པ་ལ་དགག་བཞག་མདོར་བསྡུས་ཤིག་བྱེད་འདོད་དེ། ཁྱོད་ཀྱིས་ཡོངས་གྲགས་སུ་དབུ་མ་འཇུག་པ་མཛད་པ་པོ་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ 600-650 འདི་ལ་བཤད་ཀྱིན་ཡོད་ཟེར། ཟླ་གྲགས་ཀྱི་འཁྲུངས་འདས་ 600-650 འདི་ཡོངས་གྲགས་ཡིན་པ་ཁྱོད་ཀྱིས་ཐག་བཅད་དམ་སུ་ཡིས་ཐག་བཅད།

མུ་མཐུད་ཀློགས།

དཔལ་ལྡན་ཟླ་བ་གྲགས་པ་དང་པ་ཚབ་ཉི་མ་གྲགས་པ་མཇལ་འཕྲད་བྱུང་ཚུལ་སྐོར་གྱི་ཐོག་མའི་ཉམས་ཞིབ་ཀྱི་མཇལ་དར།

༄༅༅། །དཔལ་ལྡན་ཟླ་བ་གྲགས་པ་དང་པ་ཚབ་ཉི་མ་གྲགས་པ་མཇལ་འཕྲད་བྱུང་ཚུལ་སྐོར་གྱི་ཐོག་མའི་ཉམས་ཞིབ་ཀྱི་མཇལ་དར། སྙེ་ལྕེ་བཙན་ཕྲུག 2026-4-38   འཁོར་རྒྱུར་སྤྲིན་གྱིས་སྟོང་པའི་སྔོ་བསངས་ཀྱི་དབྱིངས་སུ། །རང་བཞིན་ཉིད་ཀྱིས་གྲུབ་པ་ཡེ་ཤེས་ཀྱི་ཉི་མ། ། འཁོར་འདས་གཤིས་ཀྱི་གསལ་བྱེད་འོད་ཕུང་གི་ལྷུན་པོ། །འཇམས་དབྱངས་དཔལ་གྱི་ལྷ་ལ་དགའ་དད་ཀྱིས་བསྟོད་དོ། །[1]   སྔོན་གླེང་།   ཞེས་པས་སྨྲ་བའི་རྒྱལ་སྒོ་དད་གྱིས་ཕྱེ་སྟེ། གང་ཞིག་གླེང་བྱའི་དོན་ནི་ཐལ་འགྱུར་བའི་སྲོལ་འབྱེད་པ་དཔལ་ལྡན་ཟླ་བ་གྲགས་པ་དང་བོད་ཀྱི་པ་ཚབ་ཉི་མ་གྲགས་པ་རྣམ་གཉིས་ཕན་ཚུན་མཇལ་འཕྲད་ཇི་ལྟར་བྱུང་ཡོད་ཚུལ་གྱི་ལོ་རྒྱུས་དང་དེ་འབྲེལ་གལ་ཆེན་འགའ་ཞིག་གླེང་སློང་བྱ་ཡུལ་ལ་འཇུག་ཚེ། དེའང་ཟླ་བ་གྲགས་པ་དང་ཚབ་ཉི་མ་གྲགས་པ་མཇལ་འཕྲད་བྱུང་ཚུལ་གྱི་སྐོར་ནི་ཤིན་ཏུ་ནས་གལ་ཆེན་རང་བཞིན་ཅན་ཞིག་ཡིན་ཏེ།

མུ་མཐུད་ཀློགས།

རྒྱ་གར་གྱི་སྲིད་འཛིན་མཆོག་གིས་ནཱ་ལེནྡྲའི་གནའ་ཤུལ་ལ་གཟིགས་སྐོར་གནང་བ།

རྒྱ་གར་གྱི་སྲིད་འཛིན་མཆོག་གིས་ནཱ་ལེནྡྲའི་གནའ་ཤུལ་ལ་གཟིགས་སྐོར་གནང་བ། དེ་རིང་རྒྱ་གར་གྱི་སྲིད་འཛིན་མཆོག་གྱུར་ལྕམ་སྐུ་དྲོཔ་དཱི་མུརྨུ་ (Smt Droupadi Murmu) མཆོག་ནཱ་ལེནྡྲ་མ་ཧཱ་བི་ཧཱ་རཱ་ (Nalanda Mahavihara) འམ་ནཱ་ལེནྡྲའི་གཙུག་ལག་ཁང་གི་གནའ་ཤུལ་དུ་གཟིགས་སྐོར་ལ་ཕེབས་ཡོད། གཟིགས་སྐོར་གྱི་སྐབས་དེར། རྒྱ་གར་གནའ་རྫས་རྟོག་ཞིབ་ཁང་གི་འགན་འཛིན་གཙོ་བོ་ (DG-ASI) སྐུ་ཞབས་ཝའི་ཨེས་ར་ཝཏ་ (Shri Y.S. Rawat) མཆོག་གིས། ཡུནེས་ཀོ་ (UNESCO) འཛམ་གླིང་ཤུལ་བཞག་གི་ས་ཚིགས་འདིའི་ལོ་རྒྱུས་དང་རིག་གཞུང་གི་གལ་གནད་དང༌། ད་ལྟའི་ཆར་གནའ་རྫས་རྟོག་ཞིབ་ཁང་གིས་གནའ་ཤུལ་ཉམས་གསོ་དང་སྲུང་སྐྱོབ་ཀྱི་ལས་གཞི་ཇི་ལྟར་སྤེལ་བཞིན་པའི་སྐོར་ལ་སྲིད་འཛིན་མཆོག་ལ་སྙན་སེང་ཞུས་ཡོད།

མུ་མཐུད་ཀློགས།

དཔལ་ནཱ་ལེནྡྲའི་ཆོས་ཚུལ་ཁྱད་པར་ཅན།

བོད་གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་གྱིས་རྩིས་སྤྲོད་གནང་བའི་སངས་རྒྱས་ཀྱི་བསྟན་པ་འདི་ཉིད། དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་འདིའི་ཐོག་གི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཀྱི་ནང་ནས། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རིགས་པའི་ལམ་ནས་གཏན་ལ་ཕབ་སྟེ་འཆད་རྒྱུ་ཡོད་པ་ཞིག་དང་། བསམས་ན་བསམ་རྒྱུ་ཡོད་པ། བསྒོམས་ན་བསྒོམ་རྒྱུ་ཡོད་པ། མཐར་དེའི་ལག་རྗེས་སུ་རང་གི་སྒོ་གསུམ་ཞི་ཞིང་དུལ་བ་ཡོང་ཐུབ་པའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན།

མུ་མཐུད་ཀློགས།

ཇོ་བོའི་སྐུ་བརྙན་དང་རྣམ་ཐར།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་བརྙན་བྱོན་གཙང་འདི་ཉིད་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་གསོལ་འདེབས་འདི་གཉིས་ཇོ་བོའི་འཁྲུངས་ཡུལ་བྷང་གྷ་ལའི་ཡུལ་གྱི་དྷརྨ་རཀྵི་ཏའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་ཡོད། ཁོང་ཚོར་ཇོ་བོའི་གསུང་མདོ་ཕྱོགས་དང་སྔགས་ཕྱོགས་སྐོར་ཤིང་དཔར་པོད་གཅིག་ཙམ་བཞུགས་ཡོད་འདུག  

མུ་མཐུད་ཀློགས།

སྐྱེ་དགུའི་བདག་མོ་ཆེན་མོའི་རྣམ་ཐར་སྙིང་བསྡུས།

སྐྱེ་དགུའི་བདག་མོ་ཆེན་མོའི་རྣམ་ཐར་སྙིང་བསྡུས།   དེ་རིང་ངོ་སྤྲོད་ཞུ་རྒྱུའི་ལས་གཞི་འདི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་བ་ ༡ ཚེས་ ༦ ཉིན་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དམིགས་བསལ་གལ་ཆེའི་ལམ་སྟོན་བཀའ་སློབ་འདི་འདྲ་ཞིག་ཕེབས་ཡོད། བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་བཟུང་སྟེ་སྐྱེ་དགུའི་བདག་མོ་སོགས་ལོ་རྒྱུས་ཁུངས་ལྡན་ཡོད་པ་དེ་དག་གི་སྐུ་ཐང་ཞིག་འབྲི་ཐུབ་ན་ཡག་པོ་མེད་དམ་སྙམ་པ་ཞིག་བྱུང་། དེ་ནི་ང་ཚོས་སྐད་ཆ་གསར་པ་བཤད་ནས་བཟོས་པ་ལྟ་བུ་ཞིག་མིན་པར་བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་དགེ་སློང་མ་ཡོད་པ་དེ་དག་དང་།

མུ་མཐུད་ཀློགས།

ཤུག་གསེབ་རྗེ་བཙུན་ཆོས་ཉིད་བཟང་མོའི་རྣམ་ཐར།

༄༅། །གངས་ཤུག་མ་ཎི་ལོ་ཆེན་རིག་འཛིན་ཆོས་ཉིད་བཟང་མོའི་རྣམ་པར་ཐར་པ་རྣམ་མཁྱེན་བདེ་སྟེར་ཞེས་བྱ་བ་བཞུགས་སོ། །   བགྲང་དུ་མེད་པའི་བསྐལ་པ་རྒྱ་མཚོར་ཚོགས་གཉིས་ཡོངས་སུ་རྫོགས། །སྲིད་ཞིའི་མཐའ་ལས་རྣམ་པར་བརྒལ་ཏེ་བྱང་ཆུབ་མཆོག་གི་སར་བཞུགས་ཀྱང་། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་འགྱུར་མེད་བདེ་བ་དང་འགྲོགས་ནས། །འགྲོ་ལ་རྗེས་བརྩེས་སྣ་ཚོགས་སྐུར་སྟོན་ཁྱབ་བདག་དཔལ་ལྡན་བླ་མར་འདུད། །ཀ་དག་རང་བྱུང་རྒྱལ་ཀུན་དགོངས་པ་རྟོགས། །ལྷུན་གྲུབ་འོད་གསལ་སྙིང་རྗེས་འགྲོ་ཀུན་འདྲེན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་འཛིན་པའི་རྗེ། །སྐྱབས་མགོན་པདྨ་རྒྱ་མཚོར་སྙིང་ནས་འདུད། །

མུ་མཐུད་ཀློགས།

ས་སྐྱའི་གདུང་རབས་རྗེ་བཙུན་རྟ་མགྲིན་དབང་མོའི་ལོ་རྒྱུས།

༄༅། །ས་སྐྱའི་གདུང་རབས་རྗེ་བཙུན་རྟ་མགྲིན་དབང་མོའི་ལོ་རྒྱུས་བཞུགས་སོ།།   མཛད་པ་པོ་མི་གསལ།   དེ་ཡང་ཡབ་རྗེ་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་བཙུན་མོ་ཡོངས་གྲགས་ཀྱི་གཉིས་པ་བསམ་ལྟེ་མ་ཡུམ་མཆོག་ཉི་ཟླ་དབང་མོར་གྲགས་པ་ལས། རིགས་སྲས་གདུང་སྲས་ཟུང་དང་རྗེ་བཙུན་མ་སྐུ་མཆེད་གསུམ་བཅས་ལྕམ་སྲིང་ལྔ་ཙམ་འཁྲུངས་པ་ལས། གཅེན་མོ་སྐུ་བགྲེས་པ་ནི་བདག་གི་སྐྱབས་གཅིག་རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་རྟ་མགྲིན་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ་དེ་ཉིད་ནི། མེ་སྤྲེལ་ལོར་སྐུ་བལྟམས་པ། གཞོན་ནུ་ནས་གཅེན་པོ་རྡོ་རྗེ་རིན་ཆེན་དང་ལྷན་དུ་གུས་པའི་དཔོན་སློབ་ཡོངས་འཛིན་མ་ཏིས་མུ་ཏྲ་དེ་ཉིད་གནས་ཀྱི་སློབ་དཔོན་དུ་བསྐོ་བཞག་སྩལ་བར་བསྟེན་གནང་གིས་ཀློག་འདོན་ཆོས་སྤྱོད་རྣམས་རྗེ་བཙུན་མ་ཡིན་ཡང་སྐུ་གདུང་དང་འདྲ་བར་སྦྱོང་བརྡར་གནང་བ་དང་།

མུ་མཐུད་ཀློགས།

རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་རྣམ་ཐར།

༄༅། །རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་རྣམ་ཐར།   ༈ རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ་ནི། དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་མོ་ཉིད་རྣམ་པ་གངས་ཅན་མི་མོའི་ཚུལ་གྱིས་གླིང་འདིར་བྱོན་པར་གསུངས་ཏེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ངན་དར། །དེ་ནས་མི་གནས་རང་ས་འོ། །ཞེས་དང་། ཤ་འུག་གཏེར་བྱོན་གབ་རྒྱའི་ལུང་བྱང་དུམ་བུ་མཐའ་མ་ལས་ཀྱང་། ཁྱད་པར་བདེ་གཤེགས་ཀུན་འདུས་མན་ངག་འདི༔ འཆང་བྱེད་སྣོད་ལྡན་ཆོས་ཀྱི་བདག་པོ་ནི༔

མུ་མཐུད་ཀློགས།

རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ།

༄༅། །རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ་བཞུགས་སོ། །   མཛད་པ་པོ། ཁྱུང་པོ་རས་པ་གྲུབ་དབང་འགྱུར་མེད་འོད་གསལ།   ཨོཾ་སྭ་སྟི། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བདེ་ཆེན་ཌཱཀྐིའི་གཙོ་མོ་བསླུ་མེད་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གདོད་ནས་མི་འགྱུར་ཆོས་དབྱིངས་ནམ་མཁའ་ལ། །འགག་མེད་རང་མདངས་འགྲོ་བའི་དཔལ་གཅིག་པུར། །ཡོངས་ཤར་མ་རིག་མུན་སེལ་སྒྲོན་མེ་མཆོག །རིགས་ཀུན་བདག་ཉིད་ཁྱབ་བདག་བླ་མར་འདུད། །

མུ་མཐུད་ཀློགས།