གསར་འཇུག

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཨུཏྤལ་པདྨའི་ཕྲེང་བ༔

༄༅། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཨུཏྤལ་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ ༔   ན་མོ་ཌ་ཀི་ཛྙཱ་ན་ས་གྷ་ར༔ ཨེ་མ་ཧོ༔ དབྱིངས་སྣང་ཁྱབ་བརྡལ་འོག་མིན་ཞིང་ཁམས་སུ༔ ཡུམ་ཆེན་ཆོས་སྐུ་ཀུན་ཏུ་བཟང་མོ་ཉིད༔ མ་འགགས་རོལ་རྩལ་ལྷུན་གྲུབ་བཀོད་པའི་ཞིང༔ སྒྱུ་འཕྲུལ་ལོངས་སྐུ་བཛྲ་ཝ་ར་ཧི༔ གང་སྣང་ཕྱོགས་བཅུར་དག་པའི་ཞིང་ཁམས་ནས༔ སྤྲུལ་པའི་ཟློས་གར་དབྱངས་ཅན་ལྷ་མོ་ཞེས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གུས་ཕྱག་འཚལ༔ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང༔ གང་འདུལ་སྤྲུལ་པའི་མཛད་པ་བསམ་མི་ཁྱབ༔ དེ་ཉིད་ཆ་ཤས་སྐྲ་རྩེའི་ཟག་མ་ཙམ༔ འདི་རུ་སྤྲོས་པ་ལྷག་བསམ་དག་པའི་མཐུས༔ མ་འོངས་དད་གུས་དང་བ་འདྲེན་ཕྱིར་བཀོད༔

མུ་མཐུད་ཀློགས།

མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་སྒོ་ནས་གསོལ་བ་འདེབས་པ་མོས་གུས་གདུང་བའི་ཏམྦུ་ར།

༄༅། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་སྒོ་ནས་གསོལ་བ་འདེབས་པ་མོས་གུས་གདུང་བའི་ཏམྦུ་ར་བཞུགས་སོ། །   ཀོང་སྤྲུལ་པདྨ་གར་དབང་བློ་གྲོས་མཐའ་ཡས།   ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཀུན་ཏུ་བཟང་མོ་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་ཕྱུག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །དབྱངས་ཅན་ལྷ་མོ་ཡེ་ཤེས་མཚོ་རྒྱལ་ཞབས། །བླ་མ་སྐུ་གསུམ་མཁའ་འགྲོར་གསོལ་བ་འདེབས། །ཆོས་འཕགས་དྲུང་དུ་སྨོན་ལམ་ཆེན་པོ་ཐེབས། །ཐུབ་པའི་སྤྱན་སྔར་གངྒཱའི་ལྷ་མོར་སྤྲུལ། །དག་པའི་ཞིང་དུ་འཕགས་མ་དབྱངས་ཅན་མའི། །སྐུ་ཡི་བཀོད་པར་བསྟན་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

བོད་ཀྱི་ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཚུལ་རྣམ་པར་ཐར་པ་གབ་པ་མངོན་ཕྱུང་རྒྱུད་མངས་དྲི་ཟའི་གླུ་ཕྲེང་༔

༄༅༔ བོད་ཀྱི་ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཚུལ་རྣམ་པར་ཐར་པ་གབ་པ་མངོན་ཕྱུང་རྒྱུད་མངས་དྲི་ཟའི་གླུ་ཕྲེང་བཞུགས་སོ༔     དཔའ་བོ་སྟག་ཤམ་རྡོ་རྗེའི་གཏེར་ནས་བཏོན།   སྐུ་གསུམ་ཇོ་མོའི་རྣམ་ཐར་སྐབས་དོན་བརྒྱད་པ༔ ཨྠིྀ ཟབ་རྒྱ༔ ན་མོ་གུ་རུ་དྷེ་བ་ཌཱཀྐི་ནིབྷཻ༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ སྣང་བ་མཐའ་ཡས་མགོན་པོ་སྤྱན་རས་གཟིགས༔ གང་དེའི་ཐུགས་རྗེའི་རྣམ་འཕྲུལ་པདྨ་འབྱུང༔ སྟོན་པ་མཆོག་གསུམ་འགྲོ་བའི་མགོན༔ བརྒྱུད་པའི་བླ་མ་ཐམས་ཅད་བདག་གིས་མཆོད༔ བདེ་ཆེན་དཀར་མོ་དུས་གསུམ་རྒྱལ་བའི་ཡུམ༔ ཆོས་སྐུ་མཁའ་འགྲོ་བདེ་ཆེན་ཀུན་ཏུ་བཟང༔ ལོངས་སྐུའི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ་ལ་འདུད༔

མུ་མཐུད་ཀློགས།

བླ་མ་ནོར་བུ་རྒྱ་མཚོ་ལས༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་རྒྱས་པར་བཀོད་པ༔

༄༅། །བླ་མ་ནོར་བུ་རྒྱ་མཚོ་ལས༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་རྒྱས་པར་བཀོད་པ་བཞུགས་སོ༔   རིག་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པ།   ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ སྐུ་གསུམ་འགྱུར་མེད་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ མི་བརྗེད་པའི་གཟུངས་ཐོབ་པ་དབྱངས་ཅན་མའི་སྤྲུལ་པ༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་ཐར་པ་རྒྱས་པར་བཀོད་པ་འདི༔ མ་འོངས་པའི་སེམས་ཅན་ཆོས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་གསུངས་སོ༔

མུ་མཐུད་ཀློགས།

མཁའ་འགྲོ་མའི་བཀའ་ཆེན་གྱི་ཐིམ་ཡིག་དང་མཁའ་འགྲོ་མཚོ་རྒྱལ་གྱི་སྐྱེས་རབས་ལེའུ་བདུན་པ།

  ༄༅། །མཁའ་འགྲོ་མའི་བཀའ་ཆེན་གྱི་ཐིམ་ཡིག་དང་མཁའ་འགྲོ་མཚོ་རྒྱལ་གྱི་སྐྱེས་རབས་ལེའུ་བདུན་པ༔བཞུགས་སོ༔ ལེགས་སོ༔   ལྷུན་གྲུབ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་བཀའ་ཆེན་གྱི་ཐིམ་ཡིག་འདི་ལ༔ སྐབས་གསུམ་གྱིས་སྟོན་ཏེ༔ དང་པོ་ལོ་རྒྱུས་བསྟན་ཆེན་ནག་པོ་དང་ལྔ༔ མཁའ་རི་ལྕམ་སྲིང་གི་སྲོག་སྒྲུབ་ནག་པོ་དང་དྲུག་གོ༔ འདི་ལས་མང་ཉུང་ལྷག་ཆད་ཡོད་པས་སྤང་བར་བྱ༔ གསུམ་པ་ལུང་བསྟན་གཏད་རྒྱ་བསྟན་པ་ནི༔ དུས་ཀྱི་སྙིགས་མ་ལྔའི་ཚེ༔ ཆོས་དར་ལ་མ་སྨིན་པས་ཆོས་དཔོན་ལོག་པའི་འཁྲུག་དཔོན་འབྱུང༔

མུ་མཐུད་ཀློགས།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེས་རབས་རྣམ་ཐར་རྒྱས་པ།

༄༅། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེས་རབས་རྣམ་ཐར་རྒྱས་པ་ཞེས་བྱ་བ་བཞུགས།།   (རྡོ་རྗེ་གླིང་པས་གཏེར་ནས་བཞེས།) ཨེ་མ་ཧོ༔ དུས་གསུམ་རྣམ་དག་ཀ་དག་དུས་ཀྱི་ཚེ༔ བཀའ་བབ་བརྒྱུད་པའི་བྱིན་རླབས་གནས་ཀྱི་ཚེ༔ ཞག་སྟོད་དུས་གྲོ་ལྷོ་བྲག་མཁར་ཆུ་དང་༔ སྲིན་མོ་སྤར་ཟའི་དམྱལ་སྨད་དགེ་རི་བྲག༔ ཨུ་རྒྱན་པདྨའི་སྒྲུབ་ཕུག་བྱིན་རླབས་གནས༔ ཁོ་མོ་བདག་གི་སྙིང་གི་མདངས་ལ་གནས༔ ལས་ཅན་དོན་དུ་རི་བྲག་ལུང་པ་རྣམས༔ ཨུ་རྒྱན་ཁོ་མོ་གཉིས་ཀྱིས་བསྒྲུབས་ཕྱིར་ཡིན༔

མུ་མཐུད་ཀློགས།

གཞན་དང་མི་འདྲ་བའི་ནང་ཆོས་ཀྱི་ཁྱད་ཆོས།

གཞན་དང་མི་འདྲ་བའི་ནང་ཆོས་ཀྱི་ཁྱད་ཆོས།   ༄༅། །ནང་པའི་ཆོས་ཞེས་པ་ནི། དད་པ་གཅིག་པུའི་ཐོག་ནས་འགྲོ་རྒྱུ་ཞིག་ཆགས་མེད། སྔོན་རྒྱ་གར་གྱི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་མང་པོས་བདར་ཤ་བཅད་ནས་རྟག་པ་རང་བྱུང་གི་སྐྱེས་བུ་འདོད་ན་སྐྱོན་གང་ཞིག་ཡོད་པ་བགྲོ་གླེང་བྱེད་པ་དང་། དེ་བཞིན་འཁོར་འདས་ཀྱི་བདེ་སྡུག་མྱོང་མཁན་གྱི་ཕུང་པོ་ལས་དོན་གཞན་པའི་བདག་ཅེས་པ་ཞིག་བཤད་ན་འགལ་འདུ་གང་འདྲ་ཡོད་པ་དེ་རིགས་ཧ་ཅང་ཞིབ་ཚགས་ཀྱིས་རྒྱ་གར་མཁས་པའི་གཞུང་དུ་གཏན་ལ་ཕབ་ནས་ཡོད།

མུ་མཐུད་ཀློགས།

ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་དཔྱད་པ།

ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་དཔྱད་པ།   སྒོ་མང་བྱམས་པ་ཆོས་ལྡན།   བླ་མ་རྡོ་རྗེ་གདན་པས་གྲུབ་ཐོབ་བརྒྱད་ཅུ་བསྟོད་པ་ལས། འཇམ་དཔལ་སྐུ་ཡི་སྤྲུལ་པར་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། ། ཟླ་བ་གྲགས་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར། ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པ་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་དཔྱད་པ་ལ། དངོས་སློབ་མ་ཡིན་པར་འདོད་པའི་ལུགས་དང་། དངོས་སློབ་ཡིན་པར་འདོད་པའི་ལུགས་གཉིས་ལས།

མུ་མཐུད་ཀློགས།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ།   ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྟོ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །པདྨ་དཀར་པོ་འདབ་བརྒྱད་ཀྱི། །གེ་སར་དཀྱིལ་ན་སྤྱན་རས་གཟིགས། །མན་འཛིའི་རི་དང་མཆོད་ཕྲེང་གཡས། །གཡོན་པ་པདྨོ་ཞགས་པ་འཛིན། །སྤྱན་གསུམ་དབུ་ལ་འོད་དཔག་མེད། །ཤེལ་གྱི་རི་ལྟར་དཀར་བ་སྟེ། །རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །མ་ཆགས་དཀྱིལ་འཁོར་གཙོ་ལ་བསྟོད། །

མུ་མཐུད་ཀློགས།

ཙནྡྲ་གོས་མིས་མཛད་པའི་འཇམ་དབྱངས་མཇིང་ཡོན་མའི་བསྟོད་པ།

༄༅། །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་ཅན་དང་བཅས་པ།།   ༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་ཨཱརྱ་མཉྫུ་ཤྲཱི་ཨ་དྷི་ཥྛ་ན་དྷུ་ཏི། བོད་སྐད་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་འགྱུར་མོད་དེ་ལྟ་ནའང་། །བསམ་པ་བླུན་པོའང་བླ་མ་ལ་གུས་དབང་གིས་ཀྱང་ནི་ཁྱོད་ཀྱི་ཡོན་ཏན་བརྗོད་བགྱི་སྟེ། །

མུ་མཐུད་ཀློགས།