རྒྱ་གར་གྱི་སྲིད་འཛིན་མཆོག་གིས་ནཱ་ལེནྡྲའི་གནའ་ཤུལ་ལ་གཟིགས་སྐོར་གནང་བ།
དེ་རིང་རྒྱ་གར་གྱི་སྲིད་འཛིན་མཆོག་གྱུར་ལྕམ་སྐུ་དྲོཔ་དཱི་མུརྨུ་ (Smt Droupadi Murmu) མཆོག་ནཱ་ལེནྡྲ་མ་ཧཱ་བི་ཧཱ་རཱ་ (Nalanda Mahavihara) འམ་ནཱ་ལེནྡྲའི་གཙུག་ལག་ཁང་གི་གནའ་ཤུལ་དུ་གཟིགས་སྐོར་ལ་ཕེབས་ཡོད། གཟིགས་སྐོར་གྱི་སྐབས་དེར། རྒྱ་གར་གནའ་རྫས་རྟོག་ཞིབ་ཁང་གི་འགན་འཛིན་གཙོ་བོ་ (DG-ASI) སྐུ་ཞབས་ཝའི་ཨེས་ར་ཝཏ་ (Shri Y.S. Rawat) མཆོག་གིས། ཡུནེས་ཀོ་ (UNESCO) འཛམ་གླིང་ཤུལ་བཞག་གི་ས་ཚིགས་འདིའི་ལོ་རྒྱུས་དང་རིག་གཞུང་གི་གལ་གནད་དང༌། ད་ལྟའི་ཆར་གནའ་རྫས་རྟོག་ཞིབ་ཁང་གིས་གནའ་ཤུལ་ཉམས་གསོ་དང་སྲུང་སྐྱོབ་ཀྱི་ལས་གཞི་ཇི་ལྟར་སྤེལ་བཞིན་པའི་སྐོར་ལ་སྲིད་འཛིན་མཆོག་ལ་སྙན་སེང་ཞུས་ཡོད།
སྲིད་འཛིན་མཆོག་གིས་ནཱ་ལེནྡྲའི་ཕུན་སུམ་ཚོགས་པའི་རིག་གཞུང་གི་ཤུལ་བཞག་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག འཛམ་གླིང་རིམ་པའི་གལ་གནད་ཅན་གྱི་གནའ་ཤུལ་འདི་ཉིད་སྲུང་སྐྱོབ་བྱེད་མཁན་རྒྱ་གར་གནའ་རྫས་རྟོག་ཞིབ་ཁང་གི་འབད་བརྩོན་ལ་གུས་བཀུར་དང་ཡི་རང་གནང་འདུག ཐེངས་འདིའི་གཟིགས་སྐོར་སྐབས་སུ་བི་ཧཱར་མངའ་སྡེའི་མངའ་སྡེ་སྤྱི་ཁྱབ་པ་མཆོག་གྱུར་སྐུ་ཞབས་སེ་ཡིད་ཨ་ཏ་ཧཱ་སི་ནན་ (Syed Ata Hasnain) མཆོག་ཀྱང་མཉམ་ཕེབས་གནང་ཡོད།
༢༠༢༦ ཟླ་བ་ ༣ ཚེས་ ༣༡ ཉིན།

Hon’ble President of India, Smt Droupadi Murmu visited Nalanda Mahavihara today. During the visit, the DG-ASI, Shri Y.S. Rawat apprised the Hon’ble President of the historical and cultural importance of the UNESCO World Heritage Site and the ongoing conservation and preservation initiatives undertaken by ASI.
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།