གསར་འཇུག

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག བརྒྱད་པ། (སྤྲིང་ཡིག་སྐོར།)

བརྒྱད་པ། སྤྲིང་ཡིག་སྐོར།   བཀའ་འཁོར་ལོ་རིམ་པ་གསུམ་པ་དང་འབྲེལ་བའི་སྤྲིང་ཡིག་སྣ་ཚོགས་ཀྱི་སྐོར་ལ། ༡༣༥༽ སྤྲིང་ཡིག་ ༼ངེ༽ པ་ལ། རྒྱ་གར་སྐད་དུ། སུ་ཧྲི་ད་ལེ་ཁ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་ལས་གྲོགས་པོའི་སྤྲིང་ཡིག །ཤླཽ་ཀ་བརྒྱ་ཞེས་བྱུང་།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག བདུན་པ། (སྐྱེས་རབས་སྐོར།)

བདུན་པ། སྐྱེས་རབས་སྐོར།   བཀའ་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་ཅི་རིགས་པར་བཏུས་པ་ བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་སྐྱེས་པའི་ རབས་སྣ་ཚོགས་ཀྱི་སྐོར་ལ།   ༡༣༡༽ སྐྱེས་རབས་ ༼གེ༽ པའི་གཏམ་དུ་བྱ་བའི་སྐོར་ལ། རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀཐཱ་རཏྣ་མཱ་ལཱི། བོད་སྐད་དུ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག དྲུག་པ། (འདུལ་བའི་སྐོར།)

དྲུག་པ། འདུལ་བའི་སྐོར།   གསུམ་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་ དགོངས་འགྲེལ་ལ། བཀའ་སོ་སོའི་དགོངས་འགྲེལ་དང་། སྤྱིའི་དགོངས་འགྲེལ་ གཉིས་ཀྱི་བཀའ་ལུང་སོ་སོའི་དགོངས་འགྲེལ་ལ། རྩ་བའི་ལུང་གི་ དགོངས་འགྲེལ་དང་། བཤད་པའི་ལུང་གི་དགོངས་འགྲེལ་ གཉིས་ལས། དང་པོ་ལ། རྩ་བའི་ལུང་སོ་སོར་ ཐར་པའི་དགོངས་འགྲེལ་ནི། ༡༢༩༽ འདུལ་བ་ ༼སུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་མཱུ་ལ་སརྦ་ཨསྟི་བཱ་དེ་ཤྲ་མ་ཎེ་ཀཱ་རི་ཀཱ། བོད་སྐད་དུ།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག ལྔ་པ། (མངོན་པའི་སྐོར།)

ལྔ་པ། མངོན་པའི་སྐོར།   གསུམ་པ་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ བཀའི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ། དང་པོ་ལྷག་པ་ཤེས་རབ་ཀྱི་ བསླབ་པ་སྟོན་པའི་མངོན་པའི་བསྟན་བཅོས་ནི། ༡༢༨༽ མངོན་པ་ ༼ཐུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་དྷ་རྨ་དྷཱ་ཏུ་གརྦྷ་བི་བ་ར་ཎ། བོད་སྐད་དུ། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཡེ་ཤེས་སྙིང་པོ་དང༌།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག བཞི་པ། (མདོ་སྡེའི་སྐོར།)

བཞི་པ། མདོ་སྡེའི་སྐོར།   བཀའ་འཁོར་ལོ་རིམ་པ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་བཀའི་དགོངས་པ་གཙོ་ཆེར་འགྲེལ་པར་བྱེད་པའི་བསྟན་བཅོས་ལ། བཀའ་སོ་སོའི་དགོངས་འགྲེལ་དང་། སྤྱིའི་དགོངས་འགྲེལ་གཉིས་ལས། དང་པོ་བཀའ་སོ་སོའི་དགོངས་འགྲེལ་ནི།   ༡༢༤༽ མདོ་སྡེ་ ༼ངི༽ པར། རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག།གསུམ་པ། (དབུ་མའི་སྐོར།)

གསུམ་པ། དབུ་མའི་སྐོར།   བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་ཞིང་། ཁྱད་པར་དུ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འགྲེལ་པ་དབུ་མའི་སྐོར། ༡༠༣༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མདྷྱཱ་མ་ཀ་ཀཱ་རི་ཀ །བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་བཞུགས་སོ། །སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག གཉིས་པ། (རྒྱུད་ཀྱི་སྐོར།)

གཉིས་པ། རྒྱུད་ཀྱི་སྐོར།   ད་ནི་རིག་པའི་གནས་ལྔ་ལས། ནང་རིག་པའི་བསྟན་བཅོས་ལ། འབྲས་བུ་ གསང་སྔགས་དང་། རྒྱུ་མཚན་ཉིད་ཐེག་པའི་སྐོར་གཉིས་ལས། དང་པོ་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐོར་ནི། ༢༠༽ རྒྱུད་ ༼ཇ༽ པ་ལ། རྒྱ་གར་སྐད་དུ། ས་མཱ་དྷི་བྷཱ་ཥ་ཊཱི་ཀ །བོད་སྐད་དུ། དགོངས་པའི་སྐད་ཀྱི་འགྲེལ་པའམ། བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཡང་ཟེར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ་དང༌།

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག ། དང་པོ། (བསྟོད་ཚོགས།)

དང་པོ། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག   ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། ། ལེགས་ལྡན་ཟླ་གྲགས་རྒྱལ་སྲས་ཞི་བ་ལྷ། ། མཁན་ཆེན་ཞི་འཚོ་པདྨའི་ངང་ཚུལ་བཅས། ། ཟབ་མོ་ལྟ་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། །

མུ་མཐུད་ཀློགས།

ཉ༽ བསྟན་བཅོས་བརྩམས་པའི་ཕན་ཡོན།

ཉ༽ བསྟན་བཅོས་བརྩམས་པའི་ཕན་ཡོན།   དེ་ལྟ་བུའི་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལས[1]། གསུམ་པ་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཚེ་འདིར་བསྟན་པ་ལ་བྱ་བ་བྱས་པའི་སྒོ་ནས་མཁས་པ་རྣམས་མགུ་ཞིང་རྗེས་སུ་བཟུང་བ་དང་། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་གཉིས་པའི་མཆོད་པར་འགྱུར་བ་དང་།

མུ་མཐུད་ཀློགས།

ལྔ། མཐའ་མར་དགེ་བ་བསྔོ་བ།

ལྔ། མཐའ་མར་དགེ་བ་བསྔོ་བ།   དེ་ཡང་བཀའ་གདམས་པའི་དགེ་བཤེས་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་ (1101-1175) མཛད་པའི་བློ་སྦྱོང་དོན་བདུན་མའི་རྩ་བ་ལས[1]། ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གཉིས་པོ་གང་བྱུང་བཟོད་པར་བྱ། ། ཞེས་གསུངས་པ་ལྟར། ཐོག་མའི་བྱ་བ་ཀུན་སློང་བཅོས་པ་དང་། ཐ་མའི་བྱ་བ་དགེ་བ་བསྔོ་བ་གཉིས་ནི་གལ་ཆེར་གསུངས་པ་ལྟར། མཐའ་མར་དགེ་བ་བསྔོ་བ་ནི།

མུ་མཐུད་ཀློགས།