༄༅། །དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཞེས་བྱ་བ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ནཱ་ཐ་མ་ཧཱ་ཀཱ་ལ་སཱ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཞེས་བྱ་བ། [1]དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པ།[2] །ནག་པོ་དེ་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་འདོད་རྣམས་ཀྱིས། །དོན་བསྡུས་པ་ནི་བཤད་པར་བྱ། །བླ་མ་བརྙས༌[3]བྱས་སེམས་ཅན་འཚེ། །དམ་ཚིག་སྨོད་དང་བསྟན་པ་བཤིག །དེ་རྣམས་བསྒྲལ༌[4]བར་བྱ་བ་ཡིན། །
མུ་མཐུད་ཀློགས།གསར་འཇུག
༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ། །
༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ། ༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལས་ཀྱི་སྦྱོར་བ་ཡིས། །བསྲུང་བའི་ཆོག་བྱ་བ་ནི། །བདེ་བའི་སྟན་ལ༌[1]འདུག་ནས་ནི། །རང་གི་སྙིང་གར༌[2]ས་བོན་བསམ། །དེ་ལས་སྤྲོས་པའི་འོད་ཟེར་གྱིས། །བླ་མ་དང་བཅས་སངས་རྒྱས་ནི། །བདག་གི་མདུན་དུ་གསལ་བྱས་ལ། །འོད་ཟེར་དེ་ལས་བྱུང་བ་ཡི།[3] །མེ་ཏོག་སོགས་ཀྱིས་མཆོད་པར་བྱ། །དེ་ནས་སྡིག་བཤགས་ལ་སོགས་བྱ། །དེ་ནས་ལྷ་རུ་བསྒོམ༌[4]བྱ་སྟེ། །དང་པོར་ཆོས་རྣམས་སྟོང་པར་བསྒོམ། །
མུ་མཐུད་ཀློགས།༄༅། །སྒྲོལ་མའི་སྒྲུབ་ཐབས། །
༄༅། །སྒྲོལ་མའི་སྒྲུབ་ཐབས། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན༌[1]སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སྤངས་ནས་ནི། །མྱ་ངན་འདས་པ་རབ་སྟེར་བ། །ཆུ་ལས་སྐམ་སར་འདོན་པ་བཞིན། །རྗེ་བཙུན་མ་ལ་ཕྱག་འཚལ་ནས། །སྒྲུབ་པའི་ཐབས་ནི་བྲི་བར་བྱ། །སྒྲུབ་པའི་ཐབས་ནི་གཞན་རྣམས་ལས། །འདི་ནི་མཆོག་ཏུ་གྱུར་པ་ཡིན། །ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཁྲུས་བྱས་ལ། སྟན་བདེ་བ་ལ་འདུག་སྟེ།
མུ་མཐུད་ཀློགས།༄༅། །མཆན་ཁུང་གི་སྦྱོར་བ། །
༄༅། །མཆན་ཁུང་གི་སྦྱོར་བ། ༄༅༅། །རྒྱ་གར་སྐད་དུ། ཀ་ཀྵ་པ་ཏ། བོད་སྐད་དུ། མཆན་ཁུང་གི་སྦྱོར་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ལྷན་ཅིག་གཙུག་ཕུད་ཛ་རི་ལགས།[1] མགོ་དང་མཆི་མ་གཞོན་ནུ་དང་། །ཉི་མ་རལ་པ་འཇིགས་རྨོངས་དང་། །དབང་པོ་དང་ནི་རྡོ་རྗེ་རྣམས། །བཞི་ཆ་བཞི་རུ་བྱས་པ་སྟེ། །ལྔ་ཡི་ལུས་ཀྱི་ཡང་བསྲེས་ན། །སྐྱེས་པ་བུད་མེད་དབང་དུ་བྱེད་པ་སུམ་ཅུ་རྩ་བཞི་ཆ། །ས་བདག་མིག་དང་བཅུ་གསུམ་ཕྱོགས་དང་ཐུབ་པ་དྲག་པོ་ཀླུ་དང་ནི། །ཕྱོགས་བཅུ་མདའ་དང་གཟའ་དང་དུས་དང་ནི། །
མུ་མཐུད་ཀློགས།༄༅། །དགོངས་པའི་སྐད་ཀྱི་འགྲེལ་པ། །
༄༅། །དགོངས་པའི་སྐད་ཀྱི་འགྲེལ་པ། ༄༅༅། །རྒྱ་གར་སྐད་དུ། ས་མཱ་ངྷི་བྷཱ་ཥ་ཊཱི་ཀ །[1]བོད་སྐད་དུ། དགོངས་པའི་སྐད་ཀྱི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །བརྡའི་རྣམ་གྲངས་རྣམ་པ་བདུན་གྱིས་བཤད་པ་བཤད་པར་བྱའོ། །དེ་ལ་ཆང་ནི་ནམ་མཁའི་བདུད་རྩི་ཡིན་ཏེ། དེ་རྒྱུན་མི་འཆད་པར་བཏུང་པར་བྱའོ། །སྟོབས་ནི་རླུང་ཡིན་ལ་དེ་བཟའ་བ་ནི་འགོག་པ་ཞེས་བྱ་བར་དགོངས་སོ། །
མུ་མཐུད་ཀློགས།༄༅། །དམྱལ་བ་ནས་འདོན་པ་ཞེས་བྱ་བ། །
༄༅། །དམྱལ་བ་ནས་འདོན་པ་ཞེས་བྱ་བ། ༄༅༅། །རྒྱ་གར་སྐད་དུ། ན་རག་ཨུདྡྷ་རི་ནཱ་མ། བོད་སྐད་དུ། དམྱལ་བ་ནས་འདོན་པ་ཞེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །དབུལ་བའི་འདམ་དུ་བྱིང་བ་ལ། །ཡོངས་སུ་མཁྱེན་པ་བསྐྱེད་ནས་ནི། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །བདག་ནི་རབ་རིབ་ཁང་པར་ཞུགས། །མགོན་མེད་སྡུག་བསྔལ་ཉམས་སུ་མྱོང་། །བདག་ནི་གཉེན་གྱི་ཚོགས་ཀྱིས་སྤངས། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཕ་དང་མ་དང་སྲིང་མོ་དང་། །
མུ་མཐུད་ཀློགས།༄༅། །ཕྱག་འཚལ་བའི་བསྟོད་པ། །
༄༅། །ཕྱག་འཚལ་བའི་བསྟོད་པ། ༄༅༅། །རྒྱ་གར་སྐད་དུ། བན་ད༌[1]ན་སྟོ་ཏྲ་ནཱ་མ། བོད་སྐད་དུ། ཕྱག་འཚལ་བའི་བསྟོད་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གནོད་བྱེད་འདོད་ཆགས་ཞེ་སྡང་དང་། །སྲིད་འཁོར་རྨོངས་ཆེན་དྲ༌[2]བ་སྤངས། །མཆོག་སྦྱིན་མཛད་པ་རྒྱལ་བ་མཆོག །མཆོག་བྱུང་སངས་རྒྱས་བདག་ཕྱག་འཚལ། །ཡང་དག་ཐུགས་ཆུད་རྫོགས་སངས་རྒྱས། །ལྷ་དང་ལྷ་མིན་མཆོད་བྱས་པ། །འཇིག་རྟེན་གསུམ་གྱི་བླ་མ་ལ། །མི་ཕམ་མཉམ་པ་མེད་གྱུར་ཅིང་། །བདུད་སྟོབས་ཕམ་མཛད་བདག་ཕྱག་འཚལ། །
མུ་མཐུད་ཀློགས།༄༅། །མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། །
༄༅། །མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ༄༅༅། །རྒྱ་གར་སྐད་དུ། དྭཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ༌[1]སྟོ་ཏྲཾ། བོད་སྐད་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ།[2] སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།༄༅། །ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། །
༄༅། །ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ༌[1]ན་ཙཻ་ཏྱ༌[2]སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བྱང་ཆུབ་སྙིང་པོར་སངས་རྒྱས་བདུད་ནི་བཏུལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ཕྱག་འཚལ་ལོ། །ཆོས་ཀྱི་གཞིར་གྱུར་སེར་སྐྱའི་གྲོང་ཁྱེར་དུ། །སྒྱུ་མའི་ཡུམ་ལས་ཟས་གཙང་ཤཱཀ་རིགས་འཁྲུངས། །
མུ་མཐུད་ཀློགས།༄༅། །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། །
༄༅། །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏྱ༌[1]སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་གཅིག་པུ་ལུམྦཱིར་བལྟམས། །སེར་སྐྱའི་གྲོང་ཁྱེར་གཞི་རུ་གནས་པར་མཛད། །ཡོན་ཏན་རིན་ཆེན་བྱེ་བས་བརྒྱན་པ་ཡི། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །ཆུ་བོ་ནཻ་རཉྫ་ན་ཞེས་བྱ་བའི། །འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བ། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



