༄༅། །ཀླུ་རྒྱལ་ཞུས་ལན།
མངོན་རྟོགས་ཕྱོགས་དང་པོ། བརྟག་པ་དུག་མཚོ།
ལེའུ་དང་པོ། གླེང་གཞི།
༄༅། །རྒྱ་གར་སྐད་སྐད་བཞི་ལས། ཨ་པྲ་ཏ་ཧི་སྐད། བྷྱ་ཀ་ར་ནིའི་སྐད། སང་ཏྲི་[སཾསྐྲི]ཏ་ལྷའི་སྐད་དང་། བེ་ནན་ཙི་ཡི་སྐད་དང་བཞི་ལས། འདི་ནི་སཾ་ཀྲི་[སྐྲི]ཏའི་སྐད་དོ་དུ། ནཱ་ག་ར་ཙ་ཏག་ཤ་ཁ་[ཀ]མ་ཧཱ་ཧ་བྷི་ཀྵུ་པན་ན་ན་མ། བོད་སྐད་དུ། ཀླུའི་རྒྱལ་པོ་འཇོག་པོ་དང་། དགེ་སློང་ཆེན་པོའི་ཞུས་ལེན་[ལན]ཞེས་བྱ་བ། སློབ་དཔོན་ན་ག་རྫུ་ན་[ནཱ་གཱ་རྫུ་ནཿ]ཡི་མདོ་སྐོར་འདི་ལ།
ཐབས་དང་དངོས་གཉིས་དེའི་མན་ངག་དང་གསུམ་ལས། ཐབས་བསྒྲུབ་ཐབས་རྣམས་དང་། དེའི་ལས་ཚོགས་སོ། །དངོས་ནི་འཁྲུལ་འཁོར་གྱི་གདམས་ངག་རྣམས་སོ། །མན་ངག་ལ་གཉིས་ཏེ། ཐབས་བརྟག་པའི་ཐབས་དང་གསོ་བྱ་དང་གསོའ་བྱེད་དོ། །དཀོན་མཆོག་གསུམ་དང་། ཕྱག་འཚལ་བ་ལ་གསུམ་སྟེ། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་དགེ་སློང་གིས་ཐོས་པའི་དུས་གཅིག་ན། རི་རབ་སྟེང་ལྷ་འོག་ཀླུ་བར་མི་ཆེན་པོ་ཡི་རྨིངས[རྨང་]།
ས་འོག་ཀླུའི་དུག་ཅན་འཇིག་རྟེན་ན། དུག་མཚོ་རི་རབ་ནང་གི་མཚོ་ནག་མོ་ཁོལ་མའི་དབུས་ན། རིན་པོ་ཆེ་མཚོ་དབུས་ན་སྣ་ཚོགས་པའི་གཞལ་ཡས་ཁང་ན། ཀླུའི་རྒྱལ་པོ་འཇོག་པོ་ཏག་ཤ་ཀ་ཞེས་བྱ་བ། ཀླུ་ཐམས་ཅད་ལ་དབང་བསྒྱུར་ཀླུ་ཆེན་བརྒྱད་ལ་དབང་ཆེ་བ་ཞིང་། རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པ། འོད་དཔག་ཏུ་མེད་པ་ཅིག་དང་ལྡན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པ་ལྟ་བུའོ་ཁ་དོག་དང་ལྡན་པ། གྲགས་པ་ས་བླ་ས་འོག་ས་སྟེང་དུ་ཆེ་ཞིང་། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ལས་སྣོད་[གནོད]དོ། །གཟུགས་ལས་ལྷང་ད་ལྷ་མ་ཡིན་གྱི་ལས་སུ་སྐྱོང་བར་བྱེད་རྣམ་པར་རྒྱལ་བ། བཙུན་མོ་ཡུམ་སྐེད་ལ་འཁྲིལ་བ་སྲས་དང་བཅས་ཤིང་བློན་པོ་བཅུ་གཉིས་དང་། འཁོར་རིགས་བཞི་དང་ཉེ་འཁོར་བ་སུ་ཏ་རིགས་དྲུག་དང་། སྤྲུལ་པ་དཔག་ཏུ་མེད་པའི་འཁོར་ཀླུ་གཉན་ས་བདག་ལ་སོགས་པ་གྱིས་བསྐོར་ཏེ། ཐུན་མོང་གི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་དགའ་བ་དང་བདེ་བ་དང་། ཤིན་ཏུ་ཡང་བདེ་ཞིང་ཀླུ་རྒྱལ་དེ་རབ་ཏུ་དགའ་བའི་དང་འདོད་པའི་ཡོན་ཏན་ལྔ་ལ་དགའ་མགུར་གནས་པ་ལས། དུས་ནམ་ཞིག་ན་བསོད་ནམས་ཀྱི་སྟོབས་རྒུད་པས། རྒས་པ་ལུས་རྒུད་པ་དང་རྒུད་པ་བསོད་ནམས་བྲི་བ་དང་དང་ན་བ་འབྱུང་བ་འགྲུགས་[འཁྲུགས]དང་། འཆི་བའི་སྡུག་བསྔལ་ཚེ་ཟད་པ་ཆེན་པོ་བཞི་ལས། ཀླུའི་རྒྱལ་པོ་དུས་བཞི་འཁྲུགས་པར་གྱུར་པ་བྲོ་འཚལ་བར་གྱུར་ཏོ། ནད་དྲག་པོས་ཚ་གྲང་འཐབ་པས་ཟུག་རྔུ་སྐྱེ་བ་ཀྱི་ཧུད་ཅེས་པ་གཟེར་ཤིན་ཏུ་ཞིང་སྨྲེ་སྔགས་བཏོན་ཏོ།།
ཨེ་མ་རི་རབ་རྨིང་[རྨང]ནས་ས་འོག་ཀླུའི་འཇིག་རྟེན་ན་དུག་མཚོ་ནག་པོ་གཅིག །གང་གསོ་བར་བྱེད་པའི་སྨན་དང་། སྨན་པའི་མཆོག་ཏུ་མཆོག་ཏུ་གྱུར་པ་གསོ་བ་རིག་པའི་ཐབས་ལ་མཁས་པ། དགེ་སློང་བྱང་ཆུབ་སེམས་དཔའི་སྤྲུལ་བ་འཚོ་བྱེད་གཞོན་ནུ་ལྟ་བུ་ནི་མེད། ཀླུའི་ས་འོག་འཇིག་རྟེན་ནི་རྟེན་འབྲེལ་རྫས་ཀྱི་ཁྱད་པར་སྟོངས་སོ། །ཤིན་ཏུ་སྟོངས་སོ་ཞེས་པའི་སྨྲེ་སྔགས་ཀླུའི་རྒྱལ་པོས་སུ་བཏོན་པ་ལས། ཀླུ་རྣམས་རབ་ཏུ་དགའ་བའི་གནས་སུ་བཀའ་བསྒྲོས་ཏེ། རྫུ་འཕྲུལ་མིའི་རིགས་ཏེ་དང་ལྡན་ཞིང་ཐབས་ལ་དེ་ཉིད་ཕྱི་སྒྲ་[དགྲ]ལ་མཁས་པ་མཁས་པ་རྣམས་དང་མངོན་པར་ཤེས་པ་དང་ལྡན་པ། ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་སྤྱན་འདྲེན་དུ་བཏང་བ་ཀླུ་མོ་རིགས་ཅན་ལས། རྗེ་བཙུན་སྤྲུལ་སྐུ་ཆེན་པོ་སྐུ་ལུས་འོད་ཟེར་འོད་གང་བ་དང་ལྡན་པ། བྷ་ག་བ་ཏི་དགེ་སློང་དཔལ་དང་ལྡན་པ་ཞེས་བྱ་བ་ནས་མདོ་སྡེ་ལང་ཀར་གཤེགས་པ་ལས། ཀླུ་སྒྲུ་ཅེས་བྱ་བའི་བསྟན་པ་འབྱུང་ཞེས་བྱ་བའི་བར་དུ་གསུང་ངོ་ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་རུ་ལུང་བསྟན་པའོ། །མདོ་སྡེ་པདྨ་དཀར་པོ་ལས། བཅོམ་ལྡན་འདས་ཀྱིས་ནམ་ཞིག་ང་ཡི་བསྟན་པ་ལ། དགེ་སློང་མཚོ་[འཚོ]བྱེད་གཞོན་ནུ་ཞེས་བྱ་བ་ཡིས། ངའི་ཤཱཀྱ་ཐུབ་པའི་བཀའ་ནས་བསྟན་པ་ལ་ལོ་ལྔ་བརྒྱར་འཛིན་པར་བྱེད་དོ། །ཞེས་དགེ་སློང་ལུང་བསྟན་པ་གསུམ་ཞེས་བྱའོ་ལུང་བསྟན་པའི། དམ་པ་བུདྷཱའི་[བུདྡྷའི]བསྟན་པ་རྒྱས་པར་བྱེད་པ་སྒྲ་དང་བསྟན་ཆོས་ཐམས་ཅད་ལ་མཁས་པར་བྱེད་པ་རིན་པོ་ཆེ་རིག་པའི་གནས་ལྔ་ལ་མཁར་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུས་རྒྱུད་སྡེ་བཞི་གསུང་བ་རྒྱ་གར་ཁ་ཆེ་ཨུ་རྒྱན་དང་གྲོང་ཁྱེར་ཆེན་པོ་ལྔར་སྐུ་མི་འདྲ་བའི་ལྔས་ཆོས་གསུང་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་དེ། དེ་ནས་བལ་ཡུལ་གྱི་འཕགས་པ་ནི་ཁུན་ན་རང་འབྱུང་གི་མཆོད་རྟེན་ལ་དགོངས་པ་མཛད་ཅིང་བསྐོར་བ་མཛད་ཅིང་ཁྲུ་གང་ཙམ་གྱིས་མ་རེག་པར་བཞུགས་པ་ལས། ཀླུ་བ་སུ་རིགས་དྲུག་ལས་ཀླུ་མི་ཡི་རིགས་གཞོན་ནུ་མཛེས་ཤིང་ཡིད་དུ་འོང་བའི་ཁྱེའུ་ཆུང་ཟུར་ཕུད་ཅན་ལྔ་དར་གྱི་ཅོད་པན་ཅན་རྣམས་ཀྱིས། ཙན་དན་དཀར་པོ་རིན་ཆེ་ཡི་རིགས་གོར་ཤི་ཤ་[ཥ]དང་། མེ་ཏོག་པདྨ་དང་ཨུཏྤལ་ལ་སོགས་པ་སྣ་ཚོགས་དང་། རིན་པོ་ཆེ་དུ་མའི་གསེར་ལ་སོགས་པ་ཡིས་མཆོད་པ་ཕུལ་ནས། བྱང་ཆུབ་སེམས་དཔའ་སེམས་ཅན་ཅི་ལྟར་མོས་པ་ལྟར་སྤྲུལ་ལོ་ལ་ས་འོག་ཀླུའི་འཇིག་རྟེན་དུ་གཤེགས་པར་ཀླུ་རྣམས་ཀྱིས་ཞུ་བ་ཕུལ་བས། གཟིགས་བྱང་ཆུབ་སེམས་དཔའ་དེས་ས་འོག་ཀླུའི་འཇིག་རྟེན་དུ་སྟོང་[སྟངས]གསུམ་ལ་དགོངས་ཏེ། གཤེགས་པར་ཀླུ་རྣམས་ཀྱིས་སྣང་ངོ་།།
གཟིགས་སྟངས་སེམས་ཅན་གདུལ་བྱ་ལ་དང་པོ་ནི། ཀླུའི་རྒྱལ་པོའི་ནད་ཉོན་མོངས་པ་དང་འབྱུང་བ་འཁྲུག་པ་གཉིས་དེ་སེལ་བ་དང་། གཉིས་པ་སྡིག་པ་ལ་ཞི་ཀླུ་དཀར་པོའི་དགེ་བཅུ་ལ་ཕྱོགས་ལ་བཞུགས་པའི་བསྒྱུར་བ་དང་། གསུམ་པ་གཟིགས་སྟངས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་མཛད་པའི་ཡུམ། ཕ་རོལ་ཕྱིན་པ་དྲུག་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་ཀླུ་ཡུལ་དུ་གཟིགས་རྟོགས་མཛད་པའི་ཨ་སུ་རའི་བྲག་ཕུག་ན་གསེར་གྱི་གླེགས་བམ་དུ་བཞུགས་པ་དེ་ཀླུའི་རྒྱལ་པོ་འཇོག་པོས་སྤྱན་དྲངས་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་ན་བཞུགས་པ་དེ་དོན་དུ་གཤེགས་སོ། །དེ་ནས་སྤྲུལ་པའི་སྐུའི་བྱང་ཆུབ་སེམས་དཔའ་དེས། ཀླུ་ཐམས་ཅད་ཀྱི་དུག་ཞི་བར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་མཛད་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཀླུའི་ཡུལ་དུ་གཤེགས་པས། ཀླུ་རྣམས་དུག་ཆེན་བརྒྱད་ཀྱི་གདུག་རྩུབ་ལས་གྱུར་པའི་ནད་དང་། རིགས་བཞི་མཐོང་བའི་ནད་དང་ཀླུ་བྲན་གྱིས་རེག་པའི་དུག་དང་། ཡིད་འཇིག་རྟེན་ཀླུ་བརྒྱད་ཀྱི་དུག་ལ་སོགས་པ་རྣམས་ཀྱང་། ཀླུའི་དུག་རྣམས་རང་བཞིན་གྱིས་ཞི་བར་གྱུར་ཏོ། །དེ་ནས་ཀླུ་ཡི་རྒྱལ་པོ་ཏག་ཤ་ཀས། ཀླུ་མོ་རིགས་སུ་གཞོན་ནུ་ཟུར་ཕུད་ལྔ་པར་སྤྲུལ་ནས་རྩ་བསྟན་པས་སྤྲུལ་པའི་ལུས་ཀྱིས། བྱང་ཆུབ་སེམས་དཔའ་ལ་རྩ་བསྟན་པས། ཀླུ་ཡི་བདག་པོ་དེས་བྱང་ཆུབ་སེམས་དཔའི་ཞལ་ནས་མ་སྤྲུལ་པའི་ལུས་ཀྱིས་ཞེས་གསུངས་པས། ཀླུ་ཡིས་དྲིས་པ་དགེ་སློང་ཆེན་པོ་ལ་དུག་གིས་ཕོག་སྟེ། མི་འཆིའམ་ཞེས་བསྙད་པས་གླེང་བས། བྱང་ཆུབ་སེམས་དཔའི་ཞལ་ནས། ང་ནི་བསྐལ་བ་དཔག་ཏུ་མེད་པ་ཚུན་ཆད་ནས། འདོད་ཆགས་ཞེ་སྡང་གཏི་མུག་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་བཅོམ་པས་ཐར་པ་མྱ་ངན་ལས་འདས་པ་ཐོབ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་གསུང་ངོ་། །ང་ནི་དུག་གསུམ་ནད་བཅོམ་ཞིང་འཁོར་བའི་རྒྱ་མཚོ་ལས་གྲོལ་ཕྱིར་ཞེས་གསུངས་སོ།།
དེ་ནས་ཀླུའི་བདག་པོ་དེ་ཏག་ཤ་ཀས་སྦྲུལ་མགོ་བདུན་པ་སྡོང་མ་སྤྲུལ་ལྷ་ཡི་ཆ་བྱད་སྦྲུལ་དུ་བྱས་ནས་བར། རང་གི་ཀླུ་རང་གི་གཟུགས་སུ་གནས་པ་ལས། དགེ་སློང་ཆེན་པོས་རྩ་དང་ནད་ཀྱི་མཚན་ཉིད་གཟིགས་ནས། ཀླུ་རྣམས་ལ་བཀའ་སྩལ་བ་ཀླུའི་བདག་པོ་དག །ཀླུའི་བདག་པོ་ཆུ་བོ་ཆེན་པོ་བཞི་འབབ་པའི་ཀླུའི་མེ་ཏོག་པདྨ་ལྟར་གས་པ་གང་ཞེས་བྱ་བ་ལ། ནཱ་ག་གེ་སར་དང་། ནཱ་ག་པུས་པ་[པུཥྤ]ལ་སོགས་ཏེ། ནཱ་ག་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས་སྨན་སྣ་ཚོགས་ལེན་དུ་བཅུག་ནས། གསོ་བའི་སྨན་གྱི་སྦྱོར་བ་ཡིས་རིག་པ་དང་། མན་ཏྲིའི་བྱིན་བརླབས་མཛད་པ་ཨ་སུ་རའི་བྲག་ཕུག་ནས་གསེར་གྱི་གླེགས་བམ་ནས་བཞུགས་ཏེ། དེ་ཀླུའི་རྒྱལ་པོ་འཇོག་པོས་སྤྱན་དྲངས་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་ན་བཞུགས་པ་སྟེ་དེ་ཀླུའི་ཡུལ་ནས་དྲངས་པའོ་ལས། ཀླུའི་བྷོ་དེ་[བོ་དྷི]ས་ཏོའི་སྔགས་དང་ཏིང་ངེ་འཛིན་མཛད་རྒྱལ་པོ་ནད་དེ་ལས་སོས་པར་གྱུར་རོ། །གླིང་[གླེང་] གཞིའི་རྟོགས་པ་སྟེ་དང་པོ་འོ།། །།
ལེའུ་གཉིས་པ། གླེང་སློང་ཞིང་ཞུས་པ།
དེ་ནས་བྱང་ཆུབ་ནཱ་ག་རྫུ་ནས་སེམས་དཔའ་དེས། ཀླུའི་རྒྱལ་པོ་ཏག་ཤ་ཀ་ལ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀླུའི་རྒྱལ་པོ་ཆེན་པོ་ལགས། གང་བདེན་པའི་ཚིག་གིས་གླེང་བཞིན་ཡང་རི་རབ་ཀྱི་ལྷོ་ཡི་འཛམ་བུ་གླིང་ན། སེམས་ཅན་ཀླུ་ཡི་དུག་གི་ནད་ཀྱིས་ཟིན་པའི་སྡུག་བསྔལ་བ་རྣམས་དེ་དག་ལ། ནད་དང་གདོན་གསོ་རུ་རུང་བ་དང་མི་རུང་བ་ལས་དང་འཚམས་འདས་པ་དང་། གདོན་རིགས་གང་གིས་བཟུང་བ་དང་། ཟིན་པའི་གནས་དང་དཀའ་སླ། ཀླུའི་དུག་གང་གིས་ཟིན་པ་འབྱུང་བ་བཞི་དང་། འཕྲལ་གྱི་རྐྱེན་གང་ལས་གྱུར་པ་དང་། རྣམ་སྨིན་གྱིས་ལས་ལས་གྱུར་པའི་མཛེ་དང་། ནད་ཀྱི་མཚན་ཉིད་རྣམས་བསྟན་དུ་གསོལ་ཞེས་གསུངས་སོ། །གླིང་བསློང་[གླེང་སློང]ཞིང་ཞུས་པའི་རྟོགས་པ་སྟེ་གཉིས་པའོ།། །།
ལེའུ་གསུམ་པ། ཞུས་ལན་གྱི་རྟོགས་པ་གསལ་བ།
ཀྱེ་དགེ་སློང་ཡང་དང་ཡང་དུ་བོས་པའི་ཚིག་ཆེན་པོ་ཡང་གསོན་ཅིག །ཅི་ལྟར་འགྲོ་བ་ལས་ཀྱི་དབང་གིས་རིགས་དྲུག་འཁྲུལ་བ་ལ་ལ། །མི་རྣམས་ས་འོག་ཀླུས་ནད་དང་དུག་གིས་བཟུང་བའི། །ཀླུ་ཡི་དུག་གིས་གདུག་པ་མཐོང་རེག་ལ་སོགས་པ་ཟིན་པ་རྣམས། །གདོན་གྱི་རིགས་སུ་རྒྱས་པའི་རིགས་གསོ་རུ་རུང་དང་མི་རུང་དང་། །ཀླུ་རིགས་རྣམས་ས་བདག་ཀླུ་གཉན་གང་གིས་ཟུན་[ཟིན]པ་དང་། དཀའ་སླ་ཟིན་པའི་གནས་དང་དུག་ངོས་བཟུང་། །འཕྲལ་གྱི་རྐྱེན་དང་རྣམ་སྨིན་ལས་ལས་གྱུར་པ་དང་། །གདོན་དེ་ལ་ནད་ཀྱི་མཚན་ཉིད་རྣམ་གྲངས་རྣམས་མི་མཐུན་པའི། །ས་སྟེང་མི་ཡི་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དེ་ཉིད་བདག་གིས་བརྗོད་པར་བྱའོ། །ཞུས་ལེན་[ལན]གྱི་རྟོགས་པ་གསལ་ཏག་ཤ་ཀ་དང་། དགེ་སློང་གཉིས་ཀྱི་ཏེ་གསུམ་པའོ།། །།
ལེའུ་བཞི་པ། གསོ་རུ་རུང་དང་མི་རུང་བ།
ཀྱེ་དགེ་སློང་ཀླུའི་རྒྱལ་པོ་ཏག་ཤ་ཀས། བོ་དེ་[བོ་དྷི]ས་ཏྭ་ལ་མངོན་པར་རྟོགས་པ་འདི་བཤད་དོ་ཆེན་པོ་ཡང་ཀླུའི་རྒྱལ་པོའི་གསོན་ཅིག །རིག་[རིགས]དྲུག་མི་ཡི་འཇིག་རྟེན་ན། །གང་ཞིག་སྐྱེ་བ་གནས་བཞི་པའི་ལུས་ཅན་རྣམས་ལ་ནི། །གླེན་པ་གཏི་མུག་ཞེ་སྡང་ང་རྒྱལ་ཆེ་བ་ང་རྒྱལ་མཐུ་དང་ལྡན། །བྱོལ་སོང་གདུག་པ་ཞེ་རིངས་པོ། །དུག་ཆེན་བྱེ་བ་ས་ཡ་བཞི་ལྡན་རྫུ་འཕྲུལ་ཅན། །ཕ་རོལ་ལུས་ཉོན་མོངས་དུག་དང་ལ་ཡིད་ཀྱིས་གཟུགས་འཛིན་ཤེས་ཤིང་། །བསམ་པ་དང་སྦྱོར་བ་ངན་པ་གཏོང་མི་ཤེས་ལ་དེས་མ་ཚོར་བར་གཡོས་པའི་ནད་དཀྲུག་ནས་འགྲོལ་མི་བྱེད། །རང་གི་གནས་ནས་གཡོས་པ་མེད་པའི་ཡིད་ཀྱིས་སུ། །གདོན་ཤིན་ཏུ་ཆེ་བའམ་ཚོར་བ་མེད་པའི་དུག་རྣམས་གཏོང་ལུས་ལ་འཇུག །མ་ཚོར་བར་འདུ་བའི་ནད་དཀྲུགས་ནས་ཚོར་བ་མེད་པའི་ནད་སྨིན་བྱེད། །གདུག་པའི་ཀླུ་ཡིས་ལུས་ལ་བཟུང་བ་ལ། །གསོ་རུ་རུང་དང་མི་རུང་བའི། །དེ་ཉིད་གྲོལ་དཀའ་སླའི་མཚན་ཉིད་བདག་གིས་བརྗོད་པར་བྱའོ། །ཁྱབ་བྱེད་ཀྱི་དུག་དང་གསད་སེམས་ཀྱིས་ཞུགས་པ་ཤེས་བྱས་ཟིན་དང་མ་ཟིན་པའི། །ཟིན་པ་བསམ་པ་དང་སྦྱོར་བ་དཀར་བས་གསོ་རུ་རུང་བ་སྟེ། །དེས་མ་ཟིན་པ་བསམ་སྦྱོར་ངན་པ་གནག་ལ་ལྕི་གྲོལ་དཀའ་བས། །དེ་ཡི་མཚན་ཉིད་འདྲ་འོ་འདྲ་འོ་ནོར་ར་རེ་བརྟག་པར་དཀའ། །ཤེས་བྱ་ཟིན་པ་འདི་ལ་བརྟག་པ་རབ་ཏུ་དཀའ་སྣ་ཚོགས་དུག །ལུས་འདི་ལ་རིགས་གཉིས་ཏེ་རྒྱལ་པོའི་ཕོ་བྲང་ཐེབས་པ་དང་རྣམས་ཀུན་ལ་གང་བས་ན། །དེ་ཕྱིར་ཁྱབ་བྱེད་རྨོངས་[དམངས]ཀྱི་གྲོང་ལ་ཡན་པའོ་ནད་ཅེས་བྱ། །སྲིད་པའི་རྩེ་མོ་སྤྱི་བོ་ཚངས་པའི་གནས་མན་ཆོད་ནས། །མ་ཐ་རྐང་མཐིལ་ན་རག་ཡན་ཆད་ན་རག་ཐ་མ་དུ། །ནད་ཀྱི་རང་བཞིན་ཤ་རོ་ཤ་འཚེག་ཤ་འགུལ་ཤ་བཀྲ་དང་སྣ་ཚོགས་དང་། །དུག་གི་རྣམ་གྲངས་ཚ་བ་དང་གྲང་བ་དང་ལྕི་བ་དང་ཡང་བ་ན་བ་ཟ་བ་བེར་བ་འཁྱུག་པ་འགུལ་བའོ་གྲངས་མེད་ཀྱང་། །ཟིན་པ་དད་དང་བརྩོན་འགྲུས་བཅོལ་བ་ཅན་གྱིས་གྲུབ། །དེ་དང་དེ་བཞིན་གསོ་རུ་རུང་། །ཤེས་བྱ་མ་ཟིན་གསད་སེམས་ཀྱིས་བཞུག་[ཞུགས]པ་ནད་རྣམས་ནི་གྲངས་ན། །དིག་པ་གསོ་རུ་རུང་དང་ནི་ཤིན་ཏུ་དིག་གསོ་རུ་མི་རུང་། ས་བཟུང་བ་ལྐུགས་སྦྱོར་བ་ལྕི་བ་གསོ་རུ་རུང་པ་དང་ནི་ཤིན་ཏུ་ལྐུགས་སྦྱོར་བ་དང་དངོས་གཞི་ལྕི་བས་སོར་[གསོ]མི་རུང་། །ནག་པོ་རུས་པ་ལ་ཞེན་སྨེ་བ་ལྕགས་ཀྱི་གཟེར་ཁ་མེད་ཁྲོ་ཆུའི་གཟེར། །ཁ་དོག་ཅན་གསོ་རུང་དང་ཁ་དོག་བྲལ་གསོ་མི་རུང་། །གཟུགས་ཅན་སྦྱོར་བ་ཡང་བས་ཐུབ་གཟུགས་ཅན་མ་ཡིན་པ་དངོས་གཞི་ལྕི་བ་གྲོལ་བ་སླའོ་དཀའ་འོ། །རྒྱ་མཚོའི་མས་ཆགས་པ་གཏིང་ནས་སྐྱེས་པ་དང་། །ནམ་མཁའི་སྤྲིན་ལྟར་ཡས་བབས་པ་མཐོངས་ནས་འབབས་[འབབ]པའོ། །ཞེ་སྡང་རུས་ལ་གཏི་མུག་ཤ་ལ་འབྱུང་བ་སྐྱེད་པའི་དུག་གསོད་པའི་དུག །བར་གྱི་ན་ར་རུས་གདག་ཕྱེད་པའི་མཛེ་དེ་དང་བྲལ། །དེ་རྣམས་ནད་རིགས་མི་ཐུབ་པ་བཅུ་བཞི་རྣམས་དང་ཀུན་གྱི་མཚན་ཉིད་ཀྱང་། །གསོ་རུ་རུང་བ་བདུན་དང་མི་རུང་བ་བདུན་རྣམས། །སོ་སོར་དཀའ་སླའི་མཚན་ཉིད་གདུག་པའི་དབང་ཅན་ཞེ་རིངས་ཀྱང་ལེ་ལོ་དང་བྲལ་རྩ་ཤ་སེམས་ཅན་དང་དད་ལྡན་བརྩོན་པས་བསྒྲུབ་འགྱུར་ན་ཐེ་ཙོམ་མེད་གྲོལ་བར་བྱེད་བརྟག་སྟེ་ཤེས་པར་བྱའོ། །རྐུན་མ་ཕུགས་སུ་ཞུགས་པ་ན་སྒོ་བཅད་པ་དང་འདྲ་ནི། །རྒྱལ་པོའི་དཀོར་མཛོད་དམག་ཚོགས་ཀྱིས་བསྲུང་ཡང་འཇོམས་བྱེད་ཅིང་། །དེ་བཞིན་དཔེའ་གོང་དང་འདྲ་བར་དེ་ཡི་ལུས་དག་ལ། །དེ་ཉིད་ལྔ་དོན་སྙིང་ལྔ་ལ་ལ་ཞུགས་པ་ནི། །གསོ་རུ་མི་རུང་ཀུན་ལ་ཞུགས་པ་བས་ཅིག་ལ་སྤང་བར་བྱ། །གསོ་རུ་རུང་བ་བདུན་དང་མི་རུང་བའི་བདུན་ཅུ་གཉིས་ཡོད་དོ་རྟོགས་པ་སྟེ་བཞི་པའོ།། །།
ལེའུ་ལྔ་པ། ཀླུ་གདོན་གྱི་རིགས་ཀྱི་རྣམ་གྲངས་བསྟན་པ།
དགེ་སློང་ཆེན་པོ་ལ་ཀླུ་ཡི་རྒྱལ་པོས་ཡང་གསོལ་བ། །གདོན་གྱི་རིགས་ཀྱི་ཕོ་མོའི་རྣམ་གྲངས་རྣམས། །དེ་དག་བདག་གིས་དེ་རྣམས་སོ་སོར་དབྱེའ་རྣམ་པར་དབྱེ། །རྒྱལ་པོ་ཀླུ་བརྒྱད་དང་ནི་བློན་པོ་བཅུ་གཉིས་དང་། །ཀླུ་རིགས་བཞི་བ་སུ་ཏ་རིགས་དྲུག་ཀླུ་བྲན་དུ་མ་དང་། །གཉན་གཉན་རིགས་ཕོ་དང་མོ་རིགས་མ་ངེས་པ་དང་ས་བདག་དེ་ལ་སོགས། །ཀླུ་བདུད་ཁྲོ་བོའི་རིགས་ཀླུ་བཙན་བྲག་སྲིན་མི་སྲུན་པའི་རིགས་ནོ། །དེ་བཞིན་མོ་ཡི་རིགས་སྲིན་མོའི་རིགས་རྣམས་ཀྱང་། །མཚོ་སྨན་མཆེད་དེ་བརྒྱད་ཀྱི་ཀླུ་མོ་ས་བདག་མོ། །ས་སྲིན་ས་ལ་གནས་ཀླུ་སྲིན་ཆུ་ལ་གནས་ས་བདག་ནགས་ལ་གནས་མོ། །དེ་རྣམས་གང་གནོད་ཀྱང་དེའི་སྡོངས་ནི་སྡེ་བརྒྱད་དོ། །
རྒྱལ་པོ་མཐའ་ཡས་ལ་སོགས་པ་ཀླུ་ཆེན་བརྒྱད་པོས་ཏེ། །འཇིག་རྟེན་འདས་བྱང་ཆུབ་སེམས་དཔའ་དང་མ་འདས་པའི་འཇིག་རྟེན་པའོ། །གཟུང་[གཟུངས]ལས་ཀྱང་ས་ནོན་པ་བསྐལ་པར་གནས་པར་ས་ནོན་པ་དེ་བཞིན་གཤེགས་པའི་ཞལ་མཐོང་པའོ་གསུངས་འདས་པ་བྱང་ཆུབ་སེམས་དཔའི་རིགས། །སེམས་ཅན་ཀུན་ལ་སྐྱོབས་བྱེད་ཅིང་། །ཀླུ་ཡི་དུག་རྣམས་བྱམས་སྙིང་རྗེས་ཞི་བར་བྱེད། །རི་རབ་རྨང་ན་དུག་མཚོའི་འོ་འཇིག་རྟེན་པའི་ཀླུ་བརྒྱད་ནི། །རང་ཉིད་གནས་ནས་ལུས་མ་བསྐྱོད་པར་མ་གཡོས་པར། །ཡིད་ཀྱིས་གཅིག་གིས་གཅིག་བསྐུལ་ནས་སྤྲུལ་པ་མང་པོ་བསྐྱེད་ནས་ནི། །དུག་སྣ་ཚོགས་སྦྱོར་བ་གཞན་ལ་གནོད་པ་བྱེད། །གཞན་ཡང་ལས་ལས་སྐྱེས་པའི་ཀླུ་རིགས་དྲུག །རྒྱལ་རིགས་ཤར་ཞི་བའི་ཀླུ་དང་ནི་རྗེ་རིགས་ནུབ་དབང་གི་ཀླུ་དང་། །བྲམ་ཟེའི་རིགས་ལྷོ་རྒྱས་པའི་ཀླུ་དང་རྨོངས་[དམངས]རིགས་བྱང་ལས་ཀྱི་ཀླུ་དང་། །དེ་བཞིན་འཚམས་[མཚམས]བཞི། གདུག་པ་ཆེ་ལ་རྩུབ་པའི་ཀླུ་གདོལ་པ་ཅན་དང་ལྔ། །དེ་རིགས་རྣམས་ཀུན་ལ་དབྱེ་ན་ལྔ་ལྔ་སྟེ། །ཀླུ་རིགས་སྤྱིར་ཉི་ཤུ་རྩ་ལྔ་པའོ། །གདོན་གྱི་རིགས་ཀྱི་རྣམ་གྲངས་བསྟན་པའི་རྟོགས་པ་ལྔ་པའོ།། །།
ལེའུ་དྲུག་པ། ཀླུ་རྒྱལ་རིགས་ལས་གྱུར་པའི་ནད་རིགས་རྣམས་ངོས་བཟུང་བ།
དགེ་སློང་ཆེན་པོ་ཡང་གསོན་ཅིག །རྒྱལ་རིགས་ཤར་ས་ཡི་དུག་ས་ལ་དབང་བ་ཡི། །རྒྱལ་རིགས་ར་རྩའི་[ཙའི]རིགས་བཟུང་བ། །ཁ་དོག་དཀར་ལུས་མི་བདེ་སྙམས་[སྙམ]ལྗི[ལྕི]། སྙིད་[གཉིད]བྲོ་ལ་ལྕི་ཞིང་འཐིབས། །སྨྲ་བ་ཉུངས་ཞིང་རྒྱུད་ངན་ཏེ་ལེ་ལོ་ཆེར་འགྲོ། །སྔོན་པས་ཟས་དང་སྐོམ་ལ་མདུན་[འདུན]པ་ཆུང་མི་འདོད་དུ་འགྲོ། །ཞོ་དང་འོ་མ་(མར་)ལ་དཀར་གསུམ་དག་ལ་ཤིན་ཏུ་དགའ། །བརྗེད་ངས་ཆེར་འགྲོ་དྲན་པ་མི་གསལ་ཤིན་ཏུ་རྨུགས། །དེ་རྣམས་ལུས་ལ་མཚན་ཉིད་ཚང་འགྱུར་ན། །དེ་དང་རྒྱལ་རིགས་ཀྱིས་རྒྱལ་རིགས་ཀྱི་དེ་ཡིས་བཟུང་བར་ངེས། །དེ་ཡིས་དབྱིངས་[དབྱིབས]དང་ཁ་དོག་དང་ལུས་ཀྱི་མཚན་ཉིད་རྨི་ལམ་རྟགས་[བརྟག]སྟེ་འདྲའོ་བཟུང་བའི་ནད་རྣམས་ཀྱང་། །ཤེས་བྱས་ཟིན་དང་མ་ཟིན་པ་རེག་བྱ་ཆུང་། །མ་ཟིན་པའི་མཚན་ཉིད་ནི། །ལྕི་བ་ཤ་གཞན་[ཞན་]པས་ཡོ་རེ་བྱེད་པ་ཚོར་བ་ཆུང་བ་ཐིག་ལེ་བམ་པ་དང་། །བྱེ་མའི་ཕུར་པ་འཇུས་པ་འདྲ་སྙམ་བྱེད་པ། །འཇིམ་པ་རྡོ་མ་འཇུས་པ་སྙམ་བྱེད་པ་ལ་སོགས་པ་ཡི། །དིག་པ་ལྐུགས་པ་དེ་འདྲ་འབྱུང་། །དེ་གཟུགས་དབྱིབས་དང་ཁ་དོག་ཀྱང་། །ཞི་བའི་ཟླུམ་པོ་དབྱིབས་དང་དེ་བཞིན་རིང་མོ་ལྕོང་། །ཁྱེའུ་འདྲ་བ་དང་ནི་བུ་མོའི་སྲོག་ཆགས་དང་འདྲ་བ་འབྱུང་གཟུགས། །ཉ་དང་སྦྲུལ་དང་སྦལ་ལྕོང་འདི་དག་ནི་གཟུགས་ཅན་ནོ་གཟུགས་འོང་། །རྨིག་པ་བ་གླང་ཀ་བྲག་[ཁ་དབྲག]མིག་རྟ་བོང་བཟླུམ་[རྨིག་ ཟླུམ]དང་། །སྲོག་ཆགས་སྣ་ཚོགས་གཟུགས་སུ་སྣང་འགྱུར་བ། །གཟུགས་ཁ་དོག་དཀར་ལ་ལ་ཁ་དོག་ཅན་དང་དཀར་སྐྱ་དང་། །དེ་བཞིན་དབལ་དྲི་མ་མེད་པ་སྐྱ་བ་མོའི་ཁ། །འབྲུམ་པ་ཙེམ་ཙེམ་པ་དཀར་པོ་ཤ་བཀྲ་དཀར་པོ་འོང་དང་། །བས་ལྡགས་[ལྡག]སྐྱ་བོ་འབྱུང་བ་དམར་སྐྱ་རྣམས། །ར་རྩ་[ཙ]རྒྱལ་པོས་རྒྱལ་རིགས་ཀྱི་བཟུངས་[བཟུང]བའི་རྟགས།།
རྒྱལ་རིགས་བྲམ་ཟེས་ཀྱི་ཤས་ཆེ་ལ་བཟུང་བའི་ཆ་འཛིན་བ་ནི། །ལུས་རྣམས་ཉམས་ལ་ལྕི་ཞིང་ཁ་གདོང་དང་ལུས་པོ་གྲང་བ་དང་། །ཤའི་ཁ་དོག་སེར་སྐྱེ་[སྐྱ]ཤ་རོ་ཅེ་པོ་འབྱུང་། །སྟོང་ཞིང་གསེར་ཡམ་བྱས་ནས་སྦོས་པ་མངས་ཀྱང་སེར་སྐྱ་ལ། །མིག་གི་མདངས་སེར་བྷེ་ཏ་མེ་ཏོག་ལུག་མིག་པའི་འདྲ། །ཁྱེའུ་དབྱིབས་ཅི་འདྲ་བ་འོང་དང་བུ་མོའི་སྲོགས་[སྲོག]ཆགས་གཟུགས། །ཁ་དོག་སེར་སྐྱའི་རྨི་ལམ་ཉམས་སུ་འོང་དེ་དག་ནི་རྒྱལ་རིགས་ཀྱི་བྲམ་ཟེས་བཟུང་བའོ་འབྱུང་།།
ར་ཙ་རྗེའུ་རྒྱལ་རིགས་ཤས་ཆེས་ལ་རྗེའུ་ཡི་ཆ་འཛིན་པ་ཡིས་བཟུང་བ་ནི། །གདོང་པ་ཚ་ཞིང་ཉམས་ལྕི་ལ་སྙིད་[གཉིད]པ་འཐིབས་པ་དང་། །ཁ་དོག་བྱད་ལུས་ལ་དམར་སྐྱ་སྤྲིས་ཆུང་ཅན། །དུད་འགྲོ་ཁྱི་དང་ལྕེ་སྤྱང་དམར་སྐྱ་རྟགས་[རྟག]ཏུ་རྨི། །ཁ་དོག་དམར་སྐྱ་ཡི་ལུས་ལ་འབྱུང་བས་ལྡགས་[ལྡག]དང་། །ཤ་བཀྲ་དམར་སྐྱའི་མདོག་ཤ་རོ་འབྱུང་བར་འགྱུར། །ཚ་བ་སྣ་ཚོགས་འབྱུང་ཞིང་དེ་ནི་ཟ་བ་ཡིན། །རྟག་ཏུ་རྨི་ལམ་སྲོག་ཆགས་སྣ་ཚོགས་གཟུགས། །དབལ་ཁ་དོག་དམར་སྐྱ་སྐྱ་བ་ལ་བཟུང་དང་བསྐོར། །ར་རྩ་[ཙ]རྗེའུ་བཟུང་ནས་མཐའ་སྨད་རྒྱལ་རིགས་ཀྱི་རྗེའུ་རིགས་གདོན་པའི་རྟགས།།
རྒྱལ་རིགས་རྨོངས་[དམངས]ཀྱིས་ཆ་འཛིན་པ་བཟུང་བ་ནི། །ལུས་དང་དབྱིབས་ཉ་དང་སྦྲུལ་དང་སྦལ་ལྕོང་འབྱུང་བ་དང་། །དེ་བཞིན་སྲོག་ཆགས་སྣ་ཚོགས་པས་བྱོལ་སོང་རྣམས། །ཁ་དོག་དཀར་ཤས་ཆེ་བ་ནག་ཁྲ་བོས་ལུས་ལ་བཟུང་དང་མཐའ་མ་བསྐོར། །ལུས་ལྕི་དང་སྙིང་འདར་ལ་འབྱམ་[འབྱམས]པ་སྐབས་སུ་འབྱུང་། །ཁ་དོག་ནག་པོ་ཤ་རོ་བེམ་པོ་ལ། །བ་སྤུ་འབྱི་ཞིང་ཤ་འཐེན་གང་བ་མི་ཆག་ཐིག་ལེ་ན། །གདོང་པ་སྐྱ་སོབ་བེ་བ་གདོང་པ་གཡའ་བ་དབལ་སྐྱ་ནག་ཁྲ་འབྱུང་། །བ་སྤུ་སྤུ་འཇུས་པ་སྙམ་བྱེད་པ་ཡུན་[ཡིན]རླུང་གིས་སྤྱོད་[བསྐྱོད]པ་སྤུན་པ་འབྱུང་འབྱུང་། །རྩ་རྣམས་འཁྲུག་ཚ་ཁྱུག་ཁྱུག་པ་ལ་སྒྲ་[སྐྲ]རྩ་ཟ་བེར་བེར་བ། །ར་ཙ་རྨངས་[དམངས]ཀྱིས་བཟུང་རྒྱལ་རིགས་ཀྱིས་རྨོངས་[དམངས]རིགས་ཀྱིས་བའི་རྟགས།།
རྒྱལ་རིགས་ཤ་[ཤས]ཆེ་བ་གདོལ་པའི་ཆ་འཛིན་པ་པས་བཟུང་བ་ནི། །ངུ་སྙིང་སྐབས་སུ་ངུ་སྙིང་འདོད་པ་འདོད་ལ་འགྲོ་ལ་དགའ། །བཞིན་དམར་བ་ལ་སོགས་པ་དང་ཤེས་པ་བཙན་ཐབས་སྔོན་ལས་སོ་འགྱུར། །ས་མི་མ་ཚོར་བར་ལ་མཆིས་ཤིང་མཆི་མ་འབྱིན། །རྐང་མཐིལ་ཤ་རོ་བེམ་པོར་འབྱུང་བར་འགྱུར། །ལུས་པོ་ཉམས་ལྕི་ལ་ན་ཚ་ཟུག་གཟེར་ཆེ། །ཁ་དོག་ཀུ་མུ་ཏ་སྔོ་གནག་པ་ལྟར་གནག །རྒྱལ་རིགས་གདོལ་པ་ཅན་གྱི་རིགས་གནོད་པའི་རྟགས། །སྔར་བསྟན་པའི་རྒྱལ་རིགས་ལས་གྱུར་པའི་ནད་རིགས་རྣམས་ངོས་བཟུང་བའི་རྟོགས་པ་སྟེ་ལེའུ་དྲུག་པའོ།། །།
ལེའུ་བདུན་པ། ཀླུ་བྲམ་ཟེ་ལས་གྱུར་པའི་གདོན་དང་ནད་ཀྱི་མཚན་ཉིད་བསྟན་པ།
ཀྱེ་ཀླུའི་རྒྱལ་པོས་བོས་པ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ཆུའི་དུག་ཅན་ལས་གྱུར་པའི་ཀླུའི་བྲམ་ཟེའི་རིགས། །དེ་དག་ལ་ཡང་རིགས་དབྱེ་ན་ལྔ། །ཀླུ་བྲམ་ཟེ་ལས་གྱུར་ཀླུ་བྲམ་ཟེའི་རིགས་མི་འགྱུར་བ། །ཁ་དོག་སེར་དེས་བཟུང་བ་ཡིན་ལ་ལུས་དང་ཁ་གདོང་གྲང་ཞིང་བསིལ། །ཤ་དང་པགས་པའི་བར་འཚམས་[མཚམས]སུ་གྲང་བ་དང་། །སྐྱིག་[སྐྱིགས]བུས་འདེབས་ཤིང་སྐབས་སུ་དབུགས་ཀྱང་གྲངས[གྲང]སིང་སིང་བ། །ལུས་ལ་གྲང་བའི་ནད་རྣམས་ཀྱིས་སེང་སེང་སོང་། ལུས་དང་ཁ་གདོང་། །རྒྱུ་མེད་པར་ནི་གྲང་ནད་འདུས་ལ་ཞུགས་འགྱུར་ནས། །ཆུ་ཡི་དུག་གིས་བྲམ་ཟེ་བཟུང་བའི་རྟགས་དེས་བཟུང་བའི་རྟགས། །བྲམ་ཟེ་དངོས་གཞི་ལས་གྱུར་རྒྱལ་རིགས་ནི། །དེས་བཟུང་བའི་སྦྱོར་བ་དུག་ཅན་མཚན་ཉིད་ནི། །ཉམས་ལུས་དང་ཤེས་པ་ལྕི་གློ་སྙིང་འདར་བ་དང་། །རྐང་ལག་གི་ཡན་ལག་སོར་མོ་བྲུ་པ་ཤ་ཡང་གྲང་ཞིང་བརྩེ། །གདོང་པ་དྲི་མ་མི་ཆགས་ལ་སོགས་སྐྱ་ཐང་ངེ་བ་ལ་སྲབ། །སྨིན་མ་སྔར་བས་ཁ་སྤུ་སླར་རིང་དུ་སྐྱེ་ཞིང་། །ཐེབ་མཛུབ་རྐང་ལག་གི་གོང་ཤ་ཤོར་བར་གྱི་གོང་ཤ་ནོར། །སྡོམས་[སྡོམ]དང་རྩངས་པས་རྨི་ལམ་ཉམས་སུ་བཟུང་བ་ལུས་ལ་དང་། །གོས་སེར་ལུས་ལ་སེར་མོས་གོན་པ་རྨི།།
བྲམ་ཟེའི་དངོས་གཞི་སྦྱོར་བ་ཆུའི་དུག་རྗེའུས་བཟུང་བ་ནི། །རྗེའུ་ཚ་ཞིང་དེ་ནི་བྲམ་ཟེ་གྲང་བས་ཏེ། །མདོག་བྱད་ཀྱི་བཞིན་ལ་དྲི་མ་མི་ཆགས་པའོ་ཀྱང་དམར་སེར་ཤ་རོ་འབྱུང་། །ཚ་རབ་ཚ་བེར་ལུས་པོ་དང་ཁག་གདོང་ཚ་ཞིང་འཁྱུག །བ་སྤུ་སྐབས་སུ་སྤྲིས་སེར་དང་ཚལ་སྐྱེ་བ་འོང་ཐམས་ཅད་གྱེན་ལ་ལྡོག །རྟག་ཏུ་ཡི་ག་འགགས་པ་དང་ཀ་མི་བདེ་ཞིང་། །དམར་[མངར]གསུམ་ཀ་ར་བུ་རམ་སྦྲང་རྩིའོ་དག་ལ་རབ་ཏུ་དགའ། །དགྲ་བཅོམ་མ་བཙུན་པ་མཆན་དུ་འོང་བ་དང་ཆགས་པ་སྤྱོད་པ་རྨིའོ་དང་འགྲོགས་པ་དང་། །འདམ་རྫབ་ཆུ་སེར་ཡི་ནགས་ན་ཉལ། །དེས་ཟིན་བྲམ་ཟེའི་པར་ནི་རྗེ་དུས་ཤེས་པར་བྱའོ།།
དངོས་གཞི་བྲམ་ཟེའི་རྨོངས་[དམངས]ཀྱིས་བཟུང་བ་ནི་སྦྱོར་བའི་དུག་རླུང་ལ། །ལུས་བདག་ཉིད་རྟག་ཏུ་རྣམས་ཐམས་ཅད་སྐབས་སུ་བརྩེ་བ་ཡོང་ངོ་ཁྱབ་པར་གཡོ། །རྩ་ཐམས་ཅད་བྱ་སྤུ་རླུང་གིས་སྤྱོད་[བསྐྱོད]པ་ལྟར་སྐབས་སུ་བརྩེ་བ་ཡོང་། །དེ་བཞིན་ལུས་འདར་ཞིང་གཡོ་བ་སྙམས་[སྙམ]བྱེད་པ་འབྱུང་། །རྨི་ལམ་དུ་བྱི་བ་བྱི་ལ་སྲམ་དག་གིས། །ལུས་ལ་གནོད་ཚབས་ཆེ་ནས་འོང་བཟུང་བ་རྟག་ཏུ་རྨི།།
གདོལ་པ་སྦྲུལ་སྦལ་པ་མགོ་དགུ་པ་གཅིག་པའོ་སེར་བཀྲས་བཟུང་བ་ནི། །ནང་ཁྲོལ་ལ་གཉེའ་མ་དག་ལ་ཞུགས་འགྱུར་ཏེ། །དེ་བཞིན་སྦུ་[ལྦུ]བའི་སྐད་རྒྱུ་ཞབས་སུ་འོང་། མཛེའི་ཆེམས་ཡིན་ལྟེ་བ་ནས་མཚོན་གང་གཅལ་[བཅལ]བར་མེ་བཙའ་ཕན་རྣམས་འབྱིན། །སྐབས་སུ་འཁྲིས་[མཁྲིས]པ་ལྟ་བུར་འབྱང་། །བྲང་འགྲོ་སེར་སྐྱ་སྦྲུལ་མགོ་དགུ་པ། །རྨི་ལམ་སྣོད་[གནོད]ཆུང་ལུས་ལ་འཁྲིལ་འགྱུར་ན་གནོད་ཚབས་ཆེ། །དེ་གནོད་པར་ནི་གདོལ་བས་གདོན་མི་ཟ། །བྲམ་ཟེ་དེ་དག་རིགས་ལྔ་པའོ་ལས་གྱུར་པའི་གདོན་དང་ནད་ཀྱི་མཚན་ཉིད་བསྟན་པའི་རྟོགས་པ་སྟེ་བདུན་པའོ།། །།
ལེའུ་བརྒྱད་པ། ཀླུ་རྗེའུ་རིགས་གདོན་གྱི་རིགས་དབྱེ་བ་དང་ནད་ཀྱི་མཚན་ཉིད་ངོས་བཟུང་བ།
ཀྱེ་ཀླུའི་རྒྱལ་པོས་གསོལ་དགེ་སློང་ཆེན་པོ་ཡང་གསོན་ཅིག །མེ་ལ་གྱུར་པ་དེའི་མཚན་ཉིད་ནི་རྗེའུ་ཡི་རིགས། །དེ་རྣམས་སོ་སོར་དབྱེ་བ་བདག་གིས་བཤད། །དེ་དག་ལ་རིགས་བཞི་མཐུན་ཡང་རིགས་ལྔ་སྟེ། །རྗེ་རིགས་ལས་གྱུར་རྗེ་ཡི་རིགས། །དེས་བཟུང་བ་ཡི་ལུས་ལ་མཚན་ཉིད་ནི། །ཁ་དོག་དམར་བ་ཟངས་མདོག་སྟེ། །ཚ་བ་གཅིག་ཚུགས་ཅན་ཚ་ཞིང་རྔུལ་བ་མེ་ཡི་དུག །ལུས་ལ་དྲི་མ་མི་ཆགས་མདོག་དམར་ཤ་རོ་ཤ་འཚེགས་[ཚེགས]དང་། །བྱད་ལ་ཤ་བཀྲ་ཤ་རོ་བས་ལྡགས་[ལྡག]འབྱུང་། །རྩ་རྣམས་ཐམས་ཅད་དུ་ཀུན་ལ་ཞུགས་གྱུར་ན། །ལུས་རྣམས་ཀུན་ལ་ཁྱབ་བྱེད་དུག །མེའི་འོད་ཀྱིས་རེག་པ་ལྟ་བུ་ཚ་བ་གཅིག་ཚུགས་ཚ་བ་མེ་དབལ་ལྟ་བུ་འབྱུང་། །མགོ་དེ་དག་དམར་སྐྱ་མོ་ར་རྟ་དམར་པོ་རྨི་ལམ་དུ་ཞོན་པ་དང་། །བ་དམར་གླང་དམར་ཉམས་སུ་འོང་ལོ་[ངོ]རྨི་བ་དང་། །གོས་དམར་ལུས་ལ་གོན་པ་ཅིང་[བཅིང]བ་འོང་ནི། །དེ་དང་དེ་ཡིས་ཟིན་པའི་རྗེའུ་རིགས་ཀྱི་རྟགས།།
དངོས་གཞི་རྗེ་རིགས་རྒྱལ་པོས་བཟུང་བ་ནི། །པདྨ་ལྟ་བུའི་ཁ་དོག་སྔོན་པས་ཁ་དོག་ལེགས་སུ་འགྲོ་བའོ་སྟེ། །ཤིན་ཏུ་འདོད་ཆགས་གཡོན་དུ་འགྲོ་དག་ལ་དགའ། །སྐལ་བ་མ་མཆིས་མང་བདེན་བདེན་སྐད་ཟེར་པར་སྨྲ། །བཞིན་ཡང་མ་ལུ་[ལི]ཀའི་མེ་ཏོག་ལྟར་དམར་ལ་འགྱུར་ལྡོག་ཆེ། །གདོང་དང་ལུས་པོ་འབྲུམ་པ་འོང་ཚ་ཞིང་ལྕི་ལ་ཁ་ལྕེ་ན། །རྨི་ལམ་ཉམས་སུ་ཆུ་དམར་དག་གིས་གྱེན་ལ་ཁྱེར་བ་དང་། །རྒྱལ་དང་རྟགས་[རྟག]ཏུ་འགྲོགས་པ་ནི། །རྒྱལ་རིགས་གདོན་པ་ལས་གྱུར་པའི་རྗེའུ་ཡི་རིགས། །ལུས་ལ་དེས་བཟུངས་[བཟུང]བར་ནི་མཁས་པས་བརྟགས།།
དངོས་གཞི་ལ་སྦྱོར་བའི་ཆུའི་དུག་རྗེའུ་བཙད་པོ་དང་ཡི་བྲམ་ཟེས་བཟུང་བ་ནི། །ལུས་ཀྱང་རྔུལ་ལ་མིག་ཀྱང་དམར་སྐབས་སྐབས་སུ་བས་ལྡགས་[ལྡག]ཏུ་མི་འོང་། །རེས་ཚ་ཞིང་རེས་འདར་བའི་ནད་འབྱུང་སྟེ། །རྐང་ལག་ཀོལ་ཀོལ་བ་ན་ཞིང་སྐྱ་འགུམ་བྱེད། །སོར་མོའི་ཤ་རྣམས་ཟད་ནས་བྱི་བཞུགས་[གཞུག]ཏུ་འགྲོ་འགྱུར་ཏེ། །རུས་མཛེས་སྐམ་པའི་ནད་ཀྱིས་འཆི་བར་འགྱུར།།
དངོས་གཞི་རྗེ་རིགས་ལས་གྱུར་བྲམ་ཟེ་རྨོངས་[དམངས]ཀྱི་རིགས་སྦྱོར་བ་དུག་ཅན། །དེ་ཡི་ནད་ཀྱི་ནད་ཁྲོལ་མཚན་ཉིད་ནི། །བྱད་ཀྱི་མདོག་ཀྱང་དམར་ནག་ཚ་ཞིང་ན་ཉི་མ་བལྟས་པ་ལུས། །སྙིང་མི་དགའ་ལ་རླུང་གི་དུག་ཡང་ཞིང་གཡོའ། །ཟས་དམར་ཤ་ཁྲག་ལ་དག་ལ་དགའ་བས་ཏེ། །གླང་དམར་རྨི་ལམ་དུ་ཞོན་ནས་འཁུས་[ཁུས]འདེབས་དང་། །རླུང་དམར་ཚུབ་མས་ཁྱེར་བ་རྨི་རང་ངམ་ཁང་ཁྱིམ་ཞིང་ཡུལ། །དེ་རྣམས་བྲམ་ཟེ་ལས་གྱུར་པའི་རྨོང་[དམངས]རིགས་མཚན་མ་ལྡན་གྱུར་ན། །དེ་གདོན་པར་ནི་གདོན་མི་ཟ།།
འཚམས་[མཚམས]ཀྱི་ཀླུ་གདོལ་པ་དམར་བཀྲས་འཇུས་པ་ནི། །སྨུག་ནག་འདི་ཤིན་ཏུ་གྲོལ་དཀའ་འོ་མཆོང་འདྲའི་ཁ་དོག་སྟེ་དང་། །ལུས་ལ་ཤ་རོ་སྨུག་ནག་ཁ་དོག་མེ་ལྕེ་རིས། །སྤྱི་བོའི་གཙུག་ཚངས་པའི་བུ་གར་ཏུ་ཤ་རོ་འབྱུང་། །བསེ་ཡི་འབྲུམ་པས་ཁ་དོག་སྨུག་གནག་རིལ་མ་ཙམ་གྱིས་ལུས་རྣམས་གང་། །ཆུ་སྲིན་སྤིར་[པིར]དང་ཉ་མིད་རྨི་ལམ་དུ། །སྔོན་པས་ཤ་ཆང་ལ་དགའ་བ་དམར་དང་སྐྱུར་ལ་དགའ། །དེས་བཟུང་ལས་ཀྱིས་འགྲོ་བར་ནི་ཤེས་པར་བྱ། །ཀླུ་རྗེའུ་རིགས་གནོད་པ་གདོན་གྱི་རིགས་དབྱེ་བ་དང་ནད་ཀྱི་མཚན་ཉིད་ངོས་བཟུང་བའི་རྟོགས་པ་སྟེ་བརྒྱད་པའོ།། །།
ལེའུ་དགུ་པ། ཀླུ་དམངས་རིགས་ནག་པོའི་རིགས་དང་ནད་ཀྱི་མཚན་ཉིད་ངོས་བཟུང་བ།
ཀྱེ་ཏག་ཤ་ཀས་ཡང་གསོལ་བ་དགེ་སློང་ཆེན་པོས་ཡང་གསོན་གཅིག[ཅིག] །ཡང་ཞིང་གཡོ་བ་རླུང་གི་དུག་ཆུ་མིག་བྱང་བལྟས་ན་ཡོད་དོ། ཀླུ་རྨོངས་[དམངས]རིགས་ནག་པོས་བཟུང་བ་ནི་ལུས་ལ། །ཅིག་རྨོངས་[དམངས]རིགས་དང་འབྲེལ་ལ་ལས་ལྔ་རུ་ཤེས་པར་བྱ། །རྨོངས་[དམངས]རིགས་ཀུན་ཏུ་ནག་པོའི་དམངས་ཀྱིས་བཟུང་བ་ནི། །ཁ་དོག་ནག་པོ་བྱད་མདོག་ཕྱིའི་ཡུལ་ལ་ལྟའོ་ལྕགས་མདོག་ལ། །ཤ་མཚན་སྨེ་བའམ་ཤ་ཁྲ་བོ་ཤ་རོ་ནག་པོ་འབྱུང་། །རྐང་མཐིལ་རྨ་དང་ཤ་རོ་ཡང་ན་ཤ་མཚན་ནག་པོ་འབྱུང་། །དྲི་མ་མི་ཞིམ་ཉ་འདྲ་འབྱུང་། །སྐར་མདངས་དང་པོ་ནས་མཛེར་པ་འོང་དག་ཀྱང་བྲལ་བར་འགྱུར་ཏེ། །མནལ་མནམ་པའི་མའི་སོ་བྱ་རོག་པོའི་དྲི་ཡང་འབྱུང་བར་འགྱུར་ལུས་ལ་ཤི་ཤའི་དྲི་འབྱུང་ངོ་། །སྐྲ་ནི་གནམ་དུ་བརྗེ་བ་མདོག་ཤོར་ཆང་དྲི་བྲོ་འོ་དང་། །ལུས་ཐམས་ཅད་ཀྱི་བ་སྤུ་མི་ཆགས་འབྱི་བར་འགྱུར། །ལུས་གྲང་ཞིང་འདར་ཤེས་པ་ཡང་ཞིང་གཡོ་གནས་སུ་མི་འདོད། །རྨི་ལམ་དུ་ཉ་དང་སྦྲུལ་དང་སྦལ་ལྕོང་དང་། །སྲོག་ཆགས་སྣ་ཚོགས་པ་ནག་པོའི་ཚོགས་དག་རྨི། །ཆུ་མིག་ནག་པོའི་འདི་ཤིན་ཏུ་ངན་པར་བཤད་ནང་དག་ཏུ། །ཉ་དང་དེ་ཡི་སྨོད་[གནོད]པ་ཆེ་ནང་ན་གནས། །ཀླུའི་ཁྱིམ་དུ་ཕྱིན་པ་གོས་ནག་རྟག་ཏུ་གོན་པ་རྨི། །རྨོངས་[དམངས]རིགས་ནག་པོས་ཟིན་པའི་རྟགས་ལས་ཀྱི་གདོན་ཡིན།།
དངོས་གཞི་རྨོངས་[དམངས]ལས་གྱུར་པའི་རྒྱལ་རིགས་སྦྱོར་བ་དུག་ཅན་ཀྱིས། །ཟིན་པའི་མཚན་ཉིད་འདི་ཕྱི་ལུས་ལ་བརྟག་ན་མཚན་ཉིད་བརྟགས་སོ་ལྟ་སྟེ། །རྒྱ་ནད་གཞི་སྣ་བང་[མང]མཚོ་མཆིན་པ་ཁྲག་གི་རྒྱ་མཚོ་ཡིན་ཆེན་པོ་ལུད་པ་དང་། །མིག་དང་སྣ་དང་ཆུ་བྲན་རྟག་ཏུ་འཛག་པ་དང་། །ཤིང་གི་རླངས་པའི་སྐྱི་བསེར་ལྷགས་པ་གྱིས། །བསྐྱེན་[སྐྱེན]པ་ཙམ་གྱིས་མཆི་མ་འོང་འགྱུར་ཞིང་། །བྱད་ཁ་དོག་ནག་ལས་སོ་དཀར་བ། །ས་གད་ཁུང་གི་ས་དྲི་ལྟ་བུ་ལས་འགྱུར་བའི་དྲི་འབྱུང་སྟེ། །བཞིན་གྱི་བརྟགས་པས་བྱིལ་བ་སྙམ་བྱེད་པ་འོང་དཀྱིལ་འཁོར་ལྗི་[ལྕི]ལ་འཐིབས། །རྨི་ལམ་དུ་ལུས་ལ་སྡིག་པ་ནག་པོས་འཇུས་པ་རྨི། །རྟ་ནག་འདི་རྨིང་ན་སྤོགས་རེ་འོང་བ་ཡིན་ཞོན་ནས་ཐུར་དུ་རྒྱུག །དེ་དང་དེ་ཡིས་རྨོངས་[དམངས]རྒྱལ་རིགས་ལུས་ལ་བཟུངས་[བཟུང་]བར་ངེས།།
དངོས་གཞི་རྨོངས་[དམངས]ཀྱི་བྲམ་ཟེ་སྦྱོར་བའི་དུག་ཅན་བཟུང་བ་ནི། །དེ་དག་བདག་གིས་བརྗོད་པར་བྱ། །ཟིན་པའི་ཕྱི་ནང་ཚོ་ལས་མཚན་ཉིད་འདི་ལྟ་སྟེ། །བྱང་ཁ་དོག་དམར་ནག་སེར་དང་ནག་སོབ་པ་བཞིན་ཉམས་དབང་པོའི་དངས་མ་ཤིང་། །སྨིན་འཚམས་[མཚམས]དག་ཏུ་རྩ་ཨ་བ་དྷུ་[དྷཱུ]ཏི་ལ་བེམ་པོ་འབྱུང་། །བཞིན་གྱི་དཀྱིལ་འཁོར་བེར་ཚ་བེར་བེར་བ་ལ་ཟ། །ཟ་སྨིན་མ་གཡའ་ཞིང་འཁྲིག་[འཕྲིག]པ་ཤ་འཁྲིག་[འཕྲིག]འབྱུང་བ་ཡིན། །སྟོན་ཀའི་མེ་ཏོག་སད་ཀྱིས་ཁྱེར་བ་ལྟ་བུ་རྙིངས་པ་ལྟར། །ཡིད་དུ་འོང་བ་དེ་འདྲར་འགྱུར་ཅེས་ཀྱིས་པས་མི་གྱུར་པར་ཤེས་སོ། །ཆུ་སྲིན་རྨིམ་ལམ་དུ་འོང་དང་ནི་ཆུ་གླང་དང་། །དངོས་སམ་རྨི་ལམ་བ་ཆུའི་རྟ་དང་ཆུ་ལུག་དང་། །དེ་དག་རྣམས་དང་འགྲོགས་ཤིང་རྨི་བདག་དང་ཉིས། །དེ་དང་དེ་ཡིས་ནག་པོ་རྒྱལ་རིགས་ཟིན་པར་ངེས་པའོ།།
དངོས་གཞི་རྨོངས་[དམངས]ལས་གྱུར་པའི་རྗེས་[རྗེ]རིགས་སྦྱོར་བའི་དུག་ཅན་ནི། །བྱད་ཀྱི་ཁ་དོག་དམར་ནག་ཁྲག་ཤའི་མདོག་ནག་སྨུག །བཞིན་གྱི་དཀྱིལ་འཁོར་ལྕི་ལ་ཐང་འདག་པ་སྤྱིན་པོས་སྡུགས་སྙམ་བྱེད་ཀྱང་། །གྲོད་པ་རེས་སྐྲངས་རེས་ཞིབ་པ་འོང་བུས་པའི་དབྱིབས་འདྲ་ཞིང་། །སྣ་ཞོམ་སྣའི་ཁྲུང་ཁྲུང་རལ་བ་འོང་། སེར་མོའམ་དམར་བ་རྟག་ཏུ་ཆུ་སེར་འཛག །ཤེས་པ་ཉིན་མཚན་མེད་པར་ཉོགས་[ཉོག]ཅིང་གཉིད་ལ་དགའ། །ཤ་དད་ཆེ་ལ་དམར་ལ་མོས། །དུས་རྟག་ཏུ་གླུ་ལེན་སྙིང་མི་གདོངས་[གདོང]ལ་མ་མོ་ཡོད་པའོ་དགའ་ཡིད་འགྱུར། །དོག་པར་མི་དགའ་ཤེས་ཀྱི་རྩ་མཆིས་ཤིང་མཆི་མ་འབྱིན། །བུད་མེད་གཞོན་ནུའི་ཟས་སྟེར་ཞིང་། །དེ་དང་ལྷན་ཅིག་བུད་མེད་གནས་འགྱུར་ནས། །ཁུ་བ་སྦྱོར་བའི་དུག་འབྱིན་པར་བྱེད་པ་ནི། །དེ་ཡིས་སྦྱོར་བ་དྲག་པོས་ཐུབ་བོ་ཟིན་པར་རྒྱབ་མ་མོས་བྱེད་པའོ་མཁས་པས་བརྟགས།།
དངོས་གཞི་རྨོངས་[དམངས]རིགས་གདོལ་བས་བཟུང་བ་ནི་སྦྱོར་བ། །བྱད་ཀྱི་མདོག་དང་ལུས་པོའི་དབྱིབས་ནི་ཧུ་ལུ་ཀའི་ལོ་འདབ་ནག་པོ། །དེ་ཡི་དབུགས་ཐུང་འབྲས་བུ་སྨིན་པ་ལ་སྣ་ཐང་བས་འདྲ། །ཚོགས་བཞི་འཁོར་ལོ་དག་ལ་ཤ་རོ་འབྱུང་། །རྟག་ཏུ་ཚིགས་པ་ལ་སོགས་པ་རུས་པ་འཁོར་ཞིང་ན། །གླད་པ་ལ་ཞུགས་ན་ན་ཞིང་སྐྲ་འབྱིས་ཏེ། །ལུས་ཀྱི་པངས་[པང]ནས་དྲི་མ་དྲི་མ་དང་བྲལ་དྲི་ང་བ་དྲི་མ་རྣམས་འོང་། །མགོ་ན་བ་སྣ་ཚ་བ་གླད་པ་འཁམ་[འཁམས]པ་ལྕེ་ཁ་བ་འབྱུང་། །གསོ་རུ་མི་རུང་ཤིང་ཏ་ལའི་མགོ་བཅད་པ་དང་འདྲ་བ་ཡོང་སྤང་བར་བྱ། །ཀླུ་རྨོངས་[དམངས]རིགས་ནག་པོའི་རིགས་སོ་སོར་ཕྱེ་ནས་བརྟག་པ་དང་། ལུས་ལ་ནད་ཀྱི་མཚན་ཉིད་བསྟན་པ་དང་། སོ་སོར་ངོས་བཟུང་བའི་བའི་རྟོགས་པ་སྟེ་དགུ་པའོ།། །།
ལེའུ་བཅུ་པ། གདོལ་བ་ནག་པོའི་རིགས་ཀྱི་ཀླུས་བཟུང་བའི་ནད་ཀྱི་མཚན་ཉིད་བསྟན་པ།
ཀྱེ་ཀླུའི་རྒྱལ་པོས་ཡང་གསོལ་བ་དགེ་སློང་ཆེན་པོས་ཡང་གསོན་ཅིག །འཚམས་[མཚམས]བཞི་གདུག་རྩུབ་ཆེ་བའི་ཀླུ་རིགས་ཡིན་གདོལ་བ་སྣ་ཚོགས་དུག །དངོས་གཞི་ཤར་ལྷོ་རྒྱལ་རིགས་གདོལ་བ་ཅན་སྦྱོར་བའི་དུག་སྣ་ཚོགས། །དེ་གནོད་པ་དྲོལ་[གྲོལ]བ་ཕྱི་ནང་ཡི་མཚན་ཉིད་ནི་ལུས་ལ། །བྱད་ཀྱི་ཁ་དོག་སྐྱ་རྦབ་སྦོ་མོའི་[མའི]མདོག །མདངས་ཤོར་བ་སྣ་ནས་ཆུ་རྟག་ཏུ་སྐྱ་བོར་སྣག་[རྣག]སླན་ཏེ་འོང་འཛག །རི་བོའི་སྣ་རྩེ་ལ་སུས་[སུལ]ལ་གས་པ་སེར་ཀ་འོང་འབྱུང་། །སྐྲའི་སྲིད་པའི་ལོ་མའི་མདངས་ཤོར་ན་ཀླམ་སེར་དུ་འགྲོ། །གངས་རི་དཀར་པོ་ཞུ་བའི་གློ་བ་ཆུ་སེར་འབབས་[འབབ]པའོ་རྟགས། །རྩུབ་པའི་གོས་གོན་རེ་བ་གོན་པ་རྨི་བ་འོང་འག་ཏ་བོང་བུ་ཞོན། །རོ་ཉེས་སྦྲུལ་དང་བཟུང་དང་དེ་དང་བཅས་ལུས་ལ་རྨི་བ། །དེ་ཡི་གནས་སུ་སྦྲུལ་གྱིས་ཁྲིད་འགྱུར་ནས། །སྣུམ་པའི་མར་རམ་མར་ནག་ལ་སོགས་པ་ཟས་དག་ཟོས་འགྱུར་ཏེ། །དེ་ཡང་ཤིན་ཏུ་དཀའ་བ་ཡིན་ཚེ་རབས་ལས་ཀྱི་མཛེ། །གསོ་རུ་མི་རུང་འགལ་[མགལ]དུམ་མེས་ཚིག་པ་ལ་ལྗོན་ཤིང་མི་སྐྱེ་བ་དང་འདྲའོ་སྤང་བར་བྱ།།
དངོས་གཞི་ལྷོ་ནུབ་བྲམ་ཟེ་གདོལ་བའི་རིགས་སྦྱོར་བི་དུག་ཅན། །མཚན་ཉིད་དེ་ཡིས་ཟིན་པ་འདི་ལྟ་སྟེ། །དང་པོ་ཕོ་བར་འཇུག་ཕོ་མཆིན་མི་བདེ་དང་ཀ་འགག་ཅི་ཟོས་པས་སྐྱུག །ཟས་ཟོས་མ་ཞུ་བའི་གོང་དུ་འདི་ཁོང་ན་ནད་དུ་འགྲོ་ཁ་ནས་ཆུ་སྔོན་འཛག །གདོང་དམར་བཙོད་ཀྱི་མདོག་ལྟ་བུ་ལྕེ་ཡི་རྩི་མི་ཆགས། །རེས་འགའ་སྣ་ནས་ཆུ་སེར་སྣག་[རྣག]འབྱུང་བ་ཡིན་ཁྲག་ནག་འཛག །རྩ་ཁྱབ་བྱེད་ཀྱི་དུག་ནད་རྩ་ལ་ཞུགས་པ་ཞེས་བྱ་རྣམས་ཐམས་ཅད་སྦྲིད་ཅིང་བེར། །ལྷེའུ་[ལྷེན]སྣ་ལྟོ་རྒྱབ་ཚིགས་དྲུག་པ་ཤ་རོ་འབྱུང་། །རྩེ་ཏའི་རྨི་ལམ་དུ་ར་སླགས་[ལྤགས]པགས་གོན་ཕག་ནག་ཞོན། །རྒྱ་མཚོ་གཏིང་དུ་ཕྱིན་འགྱུར་ཕྱར་བ་གོན་ནས་ཉལ། །དེ་ཡང་མེ་ཏོག་སད་ཁྱེར་འདྲའོ་ལས་ལས་འགྱུར་བའི་གདོན།།
དངོས་གཞི་ནུབ་བྱང་འདྲེས་པའི་རྗེའུ་མེ་ཡི་སྦྱོར་བ་རྗེའུ་རིགས། །དེ་ཡི་ཕྱི་དང་ནང་གི་ནད་དང་མཚན་ཉིད་ནི། །མཁལ་མ་ན་ཞིང་དེའི་སྟེང་དུ་ཡང་ཤ་རོ་འབྱུང་། །རྐེད་པ་སྒུར་ཞིང་ལུས་སྐམ་ཤ་རོ་གནག་སྨུག་ནག་འོང་། རྣ་བ་འོན་པ་མི་བདེ་ཕོ་མཚན་ཤ་རོ་བྱུང་བ་ཡིན་ལ། །ལུས་ལ་ཟིན་པ་ལས་ལས་གྱུར་པ་ཡིན། །མི་ལ་དེ་གནོད་པའི་རྟགས་བསྟན་པ། །བྲང་འགྲོ་སྦྲུལ་གྱི་དག་གིས་བཟུང་འགྱུར་ན་ལུས་ལ། །རྒྱ་མཚོའི་རྨི་ལམ་དུ་ཆུ་རླུང་དག་ཏུ་ཕྱིན། །སྲོག་ཆགས་སྣ་ཚོགས་འཇུས་འགྱུར་ནས། །དེ་ཡང་དེ་བཞིན་གྲོལ་བར་དཀའ་འབྲས་བུ་སད་ཁྱེར་བ་འདྲ་བ་ཡིན།།
དངོས་གཞི་བྱང་ཤར་འདྲེས་པ་རླུང་གི་རིགས་སྦྱོར་བ། །ཀླུ་གདོལ་པ་ནག་པོས་ཟིན་འགྱུར་བ། །ཤེས་པ་མི་བདེ་སྙིང་ཕྱོ་ཕྱོ་[འཕྱོ་འཕྱོ]བ་དང་འཕར་མི་དགའ། །དྲན་པ་ཚ་ཕྱོད་དེ་བ་འབྱུང་ཉམས་ཤིང་སྨྲ་ལ་དགའ། །སྙིང་ཀའམ་མདུན་ངོས་ཀྱི་ཚིགས་པ་དྲུག་པ་རྒྱབ་ངོས་ཀྱི་ལ། །གླེན་པ་བེམ་པོའམ་ཤ་རོ་ཤ་མཚན་ཁ་དོག་ཅི་ཡང་འདྲ་བ་འབྱུང་འབྱུང་། །ལུས་ཀྱི་རྩ་ལ་ཡང་སྟོབས་ཀྱང་ཤོར་འགྱུར་ན། །ཉམས་དང་རྨི་ལམ་དུ་ཆུ་སྲིན་གྲེ་བར་ཆུད་པ་རྨི། །མུན་པའམ་ས་སྲོས་པ་རྨི་རླུང་ནག་ཚུབ་མ་མ་ཡིས་ཁྱེར་བ་རྨི་ཡི། །བདག་ཉིད་དཀྱིལ་ན་གནས་ཤིང་སྲོག་ཆགས་ལས་འབུ་སྦུར་རམ། །ལུས་ལ་ས་ཚིག་པ་དང་འདྲ་སྟེ་གནས་འགྱུར་དེ་གདོན་རྟགས་ཕན་མེད་དོ།
དངོས་གཞི་གདོལ་པའི་གདོལ་པ་ནག་པོ་སྦྱོར་བ་ནི། །རིགས་ལྡན་མགོ་སྦྲུལ་གྱི་ལུས་མགོ་ཞབས་མེད་པར་ཁྱབ་པ་བརྒྱད་བརྩིག་པས་ཏེ། །ཀ་ལི་དུག་གི་མཆེ་བ་ཅན་ས་ཟིན་ནས་འཚོ་བ་མེད་པའི་དུག །ཀླུ་རིགས་བཞི་ཕོ་ཉར་བཀྱེ་ནས་ནི། །དེ་ཡི་ལུས་དལ་དུག་བཞིའི་ལམ་ལ་སོགས་པ་རྣམས་འཇུད། །ཀླུ་རིགས་བཞིས་ཟིན་པ་གསོར་མི་རུང་། །ཀླུ་རིགས་སུམ་བརྒྱ་དྲུག་ཅུ་ལས། །བསྡུས་པ་ཉི་ཤུ་རྩ་རྩ་བ་ལྔའོ། །དེ་རྣམས་ཀྱི་རིགས་བསྟན་པ་དང་། །ནད་ཀྱི་དུག་དང་མཚན་ཉིད་བསྟན་པ་རྟོགས་པ་སྟེ་བཅུ་པའོ།། །།
ལེའུ་བཅུ་གཅིག་པ། ལྷའི་རིགས་ཀྱི་ཀླུས་བཟུང་བའི་མཚན་ཉིད་བསྟན་པ།
ཀྱེ་ཏག་ཤ་ཀས་ཡིས་གསོལ་བ་དགེ་སློང་ཆེན་པོས་ཡང་གསོན་ཅིག །ཅི་ལྟར་འགྲོ་བ་རིགས་དྲུག་ལ། །ལས་དང་དེ་ཡི་ལས་སྔོན་གྱི་དགེ་མི་དགེའི་འབྲས་བུ་ཡིས། །བ་སུ་ཏའི་ཀླུ་རིགས་དྲུག་ལས་སོ་སོར་སྨིན་པ་འབྱུང་ངོ་། དེས་བཟུང་བའི་ལུས་ལ་མཚན་ཉིད་དེའི་རྟགས་ནི། །ཅི་ལྟ་བ་ནི་བདག་གིས་སོ་སོར་བརྗོད། །ཀླུ་ལ་ལྷའི་རིགས་དང་མི་ཡི་རིགས་དགེ་བཅུ་སྤྱད་ན་སྣ་གཅིག་ཉམས་པ་ལས་སྡོམ་པ་སྣ་གཅིག་ཤོར་བས་མིའི་རིགས་སུ་སྐྱེས་པའོ་དང་། ཀླུ་རང་གི་རིགས་འདོད་ཆགས་ཅན་དུ་དང་། ཀླུ་གནོད་སྦྱིན་གྱི་རིགས་གདུང་སེམས་ཆེ་བ་ཅན་ནོ་དང་། དེ་བཞིན་ལེ་ལོ་ཅན་གཏི་མུག་ཆེ་བ་སྲོག་ཆགས་བྱོལ་སོང་གི་རིགས་སོ། །
ཀླུ་ལྷའི་ལུས་ལ་ཞུགས་པའི་རྟགས་ནི་རིགས་ཀྱིས་ཟིན་པ་ནི། །སྔོན་དོན་ཅི་ལྟ་བ་བཞིན་ཤེས་པ་ཡང་འབྱུང་བས་ངང་རྒྱུད་བཟང་ལ་འཇམ། །དཀར་གསུམ་འོ་མ་ཞོ་དང་མར་དག་ལ་རབ་ཏུ་དགའ། །གཙང་སྦྲ་ཆེ་ཁྲུས་ལ་དགའ་ཞིང་སེམས་ཅན་ལ་སྙིང་རྗེར་ལྡན། །གོས་བཟང་པོ་གོན་པ་རིན་ཅན་རྒྱན་འདོགས་པ་དགའ་ལ་དགའ། །རྟག་ཏུ་གླུ་གར་ཉིན་དང་མཚན་མེད་པར་རྩེད་འཇོ་མོས། །ལུས་ཡང་ཤེས་པ་ཡང་དུ་འགྲོ་དུས་སྔོན་མེད་པ་ཕྱིས་དྲི་ཞིམ་རྟག་ཏུ་འབྱུང་། །སྤོས་སྣ་ཚོགས་ཀྱི་ཙན་དན་ཨ་གར་དུ་རུ་ཀ །རྒྱུ་མེད་མ་རྒོས་ཀྱང་པར་ནི་ལུང་ལ་གནས་རང་བྱུང་དུ། །མེ་ཏོག་དཀར་དམར་རྨི་ལམ་དུ་ཡང་ཐུ་[འཐུ]བ་དང་། །པི་བང་[ཝང]གླིང་བུ་འབུད་པ་ཉམས་སུ་ཡང་འབྱུང་ངོ་འབྱུང་། །རིན་ཆེན་གནས་སུ་གཞལ་ཡས་ཁང་ཕྱིན་ཏེ། །ལྷ་བྲན་ཕོ་མོས་བདག་ཉིད་ལ་བསྐོར་བ་རྨི། །ཚངས་པའི་སྤྱི་བོ་གནས་དང་སྨིན་འཚམས་[མཚམས]སུ། །ཤ་མཚན་སྐྲས་དཀར་པོ་འབྱུང་བ་དང་། །གཡའ་བ་དང་གོལ་གོལ་བ་ནི་དགའ་ཞིང་ཟ། །སྐྲ་ནུལ་ནུལ་དུ་དང་ཁ་སྤུ་རྩེ་[བརྩེ]ཞིང་བྱི། །ཀླུ་ལྷའི་རིགས་ཀྱིས་བཟུང་བར་བཟང་རིགས་ངེས། །ཁྲུས་དང་ཞི་བས་བཟླས་པ་མི་དགོས་བཅོས་འགྱུར་ན། །དེ་དག་གྲོལ་བར་འགྱུར་བ་ཡིན། །ཀླུ་ལྷ་ཡི་རིགས་ཀྱིས་བཟུང་བའི་མཚན་(ཉིད་)བསྟན་པའི་རྟོགས་པ་བཅུ་གཅིག་པའོ།། །།
ལེའུ་བཅུ་གཉིས་པ། མིའི་རིགས་ཀྱི་ཀླུས་བཟུང་བའི་རྟགས་བསྟན་པ།
ཀླུ་མི་ཡི་རིགས་ཀྱིས་བཟུང་བ་ནི་ལུས་ལ། །དབྱིབས་དང་ལུས་ཀྱི་གདོང་པ་ཁ་དོག་མི་འགྱུར་ལ་སྔོན་པོ་ལས། །ཚིག་[ཚིགས]པ་དྲུག་པའི་མདུན་རྒྱབ་ཏུ། །དེ་བཞིན་དེ་ཡི་གཡས་གཡོན་མཆིན་[མཆན]ཁུང་གསུམ་ཉིས་སུ་ཡང་བརྩོགས[སོགས]། །ཤ་བཀྲ་དཀར་པོ་འམ་ཤ་རོའི་མཚན་མ་སྐྱ་བོ་ལུས་ལ་འབྱུང་། །ལུས་རྣམས་ཐམས་ཅད་མ་ལུས་པར་ཁྱབ་པ་ནི། །རྟག་ཏུ་བྱ་བའི་ལས་ལ་འཇིག་རྟེན་གྱི་བརྩོན། །ཁྱེའུ་བུ་མོ་རྨི་ལམ་དུ་ལ་སོགས་ཏེ། །སྐྱེས་པ་བུད་མེད་རྒྱན་བཟང་བརྟགས་པ་དང་། །རྟག་ཏུ་གླུ་གར་བདག་ཉིད་རྩེ་[རྩེད]འཇོ་རྨི། །དེ་གནོད་བཟློག་པ་སླ་བར་སྔོན་ལ་མཆོད་དེ་ནས་སྔགས་བཟླས་གསུངས། །ཀླུ་མིའི་རིགས་ཀྱིས་བཟུང་བ་རྟགས་བསྟན་པའི་རྟོགས་པ་སྟེ་བཅུ་གཉིས་པའོ།། །།
ལེའུ་བཅུ་གསུམ་པ། ཀླུ་རང་གི་རིགས་ཀྱིས་བཟུང་བ་བསྟན་པ།
ཀླུ་རང་འདི་གདུག་པ་ཆེ་བར་ཡིན་གི་རིགས་ཀྱིས་བཟུང་བ་ནི། །ལུས་རྣམས་རེག་བྱ་ཉམས་པ་ཤ་རོས་གང་འགྱུར་ནས། ཁ་དོག་རེས་ཅིང་འདྲ་བ་འབྱུང་འགྱུར་ཞིང་ལུས་ཀྱང་ལྕི། །ནུབ་མོ་ས་སྤྲོས་[སྲོས]ནས་ན་ཞིང་སྐོ་[ཀོ]དྲི་གནམ[མནམ]་འདི་དྲི། །རོ་ཉེ་སྦྲུལ་དཀར་ཁྲ་ལ་སོགས་པ་འོང་དཀར་ཁྲ་སེར་ཁྲ་དང་། །དམར་དང་གནག་ལས་ལུས་ལ་བཟུང་བས་རྨི། །དེ་བཞིན་ཉ་དང་སྦལ་པ་ལྕོང་ལུས་ལ་འཇུམ་[འཇུས]སམ་རྩོགས[སོགས]། །རྨི་ན་དེ་སྦྱོར་བ་ཡི་གནོད་ཤེས་པར་བྱ། །ཀླུ་རང་གི་རིགས་(ཀྱིས་)བཟུང་བ་བསྟན་པའི་རྟོགས་པ་སྟེ་བཅུ་གསུམ་པའོ།། །།
ལེའུ་བཅུ་བཞི་པ། གནོད་སྦྱིན་རིགས་ཀྱི་ཀླུས་ཟིན་པ་བསྟན་པ།
ཀླུ་སེམས་ཅན་ལ་གནོད་པ་གཏེར་[སྟེར]བས་ན་གནོད་སྦྱིན་གྱི་རིགས་ཀྱིས་བཟུང་བ་ནི། སྔོན་པས་རང་བཞིན་འཁྲོ་ལ་དགའ། །བྱད་ཁ་དོག་སྔོ་ཤ་ལ་ལྡོག་འགྱུར་ཆེ། །སྔོ་བའི་ཟ་[ཟྭ]དང་ལོ་མ་ལ་ཟས་ལ་རབ་དགའ་ཞིང་། །ཤ་དད་ཆེ་ངབས་ངབས་[རྔམ་རྔམ]པ་འོང་ལ་དམར་ལ་མོས། །མིག་རྩ་དམར་བ་རྒོད་ཅིང་ངག་སྨྲ་བ་མང་། །ལུས་ལ་བས་ལྡགས་[ལྡག]ལུས་ལ་དཀར་ཁྲ་དང་སེར་ཁྲ་ལ་སོགས་པའོ་དག་གིས་གང་། །རྩ་མ་བདེ་བ་རྣམས་རྟག་ཏུ་འཁྲུག་རྩ་ཞེན་ནས་ལ་ན། །བཞིན་ཡང་བྱད་བཀྲུས་ན་དམར་པོ་ཐིག་ལེར་རེས་འོང་རེས་མི་འོང་གནས། །མིག་རྩ་མིག་རྩ་དམར་ཟླུམ་ལ་མཆི་མ་ཆུ་ཁྱིལ་ཁྱིལ་བ་འོང་འཛག །ལུས་ལ་བ་རོས་གླག་ཆུ་གངས་དག་གིས་གང་། །རྨི་ལམ་དུ་མི་སྔོན་དག་དང་རྟག་ཏུ་འགྲོགས། །བདག་ལ་ཁ་ཟས་སྔོན་པོ་དང་ནག་པོ་དང་སྟེར་བ་དང་། །ཆུ་སྔོན་མཚོ་ནང་དུ་རང་ཉིད་ཉལ་བ་དང་། །སྔོ་བའི་གོས་ཧྲུལ་ལུས་ལ་གོན་པ་རྨི། །ཀླུ་གནོད་སྦྱིན་རིགས་ཀྱིས་བཟུང་སྦྱོར་བ་གནན་བའི་རྟགས། །དེ་ཡང་རྩུབ་པ་ཡིན་ཏེ་གསད་སེམས་ཀྱིས་ཞུགས་ན་མི་ཟློག་བརྟག་པ་རབ་དཀའ་སྟེ། །བསྒྲུབ་ལོང་མེད་པར་སྐྱོན་དུ་གློ་བུར་དུ་འགྱུར། །ཀླུ་གནོད་སྦྱིན་རིགས་ཀྱིས་ཟིན་པའི་རྟོགས་པ་སྟེ་བཅུ་བཞི་པའོ།། །།
ལེའུ་བཅོ་ལྔ་པ། བྱོལ་སོང་རིགས་ཀྱི་ཀླུས་བཟུང་བའི་མཚན་ཉིད་བསྟན་པ།
གླེན་པ་རྒྱུ་གཏི་མུག་ལས་གྱུར་པ་བྱོལ་སོངས་[སོང]ཀླུའི་རིགས། །དེ་གནོད་པའི་མཚན་ཉིད་ནི། །སྔོན་བས་ཤེས་པ་བརྗོད་པ་སྐྱོན་པའོ་མི་གསལ་བླུན། །རྟག་ཏུ་ཉལ་དང་ཉིན་མཚན་མེད་པར་གཉིད་ལ་དགའ། །ངག་སྨྲ་བ་ཉུང་ལ་ཚིག་པ་ཟ་ཟླ་རོགས་ལ། །སྙིད་[གཉིད]ཀྱི་དུས་སུ་ཀྲིག་ཀྲིག་སོ་འཆའ་ཞིང་། །དེ་བཞིན་སྒྲ་ནི་གཟིར་བའི་དུས་སུ་ཕུ་ཡིས་འདེབས། །རྟག་ཏུ་རྨི་ལམ་དུ་བ་ལང་བྱོལ་སོང་དང་། །མ་ཧེ་བ་གླང་ལས་གནག་ལ་སོགས་པ་དང་། །བྷེ་ཏ་ར་ལུག་ཙེ་ཏ་དང་འགྲོ་བ་ཁྱུས་[ཁྱུ]འགྲོ་རྨི། །རྐང་ལག་གི་ཚིགས་བཞིའི་ཡུན་མང་ཤ་རོ་འབྱུང་། །དེས་ཟིན་བརྩོན་འགྲུས་ཆེ་ན་བཟློག་པར་ནི་ཤེས་པར་བྱ། །ཀླུ་བྱོལ་སོང་རིགས་ཀྱིས་བཟུང་བའི་མཚན་ཉིད་བསྟན་པའི་རྟོགས་པ་སྟེ་བཅོ་ལྔ་པའོ།། །།
ལེའུ་བཅུ་དྲུག་པ། ཀླུ་བྲན་གྱིས་བཟུང་བའི་མཚན་ཉིད་བསྟན་པ།
ཀླུ་བྲན་དག་གིས་བཟུང་བ་ནི། །དཀོར་རྩེ་[ཀོར་ཚེ]ཤ་མདངས་ཀྱི་བར་དང་སྐྱི་བར་ཚོར་བ་མེད་པ་དང་། །ཤ་རླན་ཆུ་རླན་སྐ་སླ་རིགས་གཉིས་བྱི་སྲན་དང་། །རྨ་དང་ཤུ་བ་སྐྱ་སྐྱ་རྦབ་རེབས་བྱད་སྐྲངས་པ་འབྱུང་། །རྐང་མང་སྡམ་[སྡོམ]གཅིག་རྐང་བརྒྱ་པ་རྐང་གཅིག་ཐོ་[ཐེའུ]རང་སྦྲུལ་རྐང་པ་མེད། །རྨི་ལམ་དུ་འབུ་སྦུར་སྲོག་ཆགས་སྣ་ཚོགས་གཟུགས་འོང་ངོ་། །དེ་རྣམས་རྨི་ལམ་དངོས་སུ་གསལ་ལམ་རྨི་འབྱུང་། །ཆུ་མིག་མཚོའམ་ལྡེང་ཆུ་རྨི། །ལུས་ནི་དམར་ལ་ཚ་ཟུག་གཟེར་ཆེ་འབྲབ་ཆེ། །དེ་གྲོལ་སྐ་[དཀའ]སླ་གཉིས་ཡོད་བ་ནི་སླ་བར་གསུངས། །ནཱ་ག་ཀླུ་བྲན་གྱིས་བཟུང་བ་ཡི། །མཚན་ཉིད་བསྟན་པའི་རྟོགས་པས་བཅུ་དྲུག་པའོ།། །།
ལེའུ་བཅུ་བདུན། ས་གཉན་གནོད་པའི་མཚན་ཉིད་བསྟན་པ།
ཀླུའི་རྒྱལ་པོས་ཡང་གསོལ་བ་དགེ་སློང་ཆེན་པོས་ཡང་གསོན་ཅིག །གཉན་བཞི་སྟོད་ཀྱིས་དུག་ལྔ་ཡིས་ཟིན་པ་ལ། །དེ་ཡི་དབྱེ་བ་བདག་གིས་སོ་སོར་བཤད། །ས་གཉན་དང་ནི་ཤིང་གཉན་དང་། །དེ་བཞིན་མེ་གཉན་ཆུ་གཉན་ནོ། །ས་གཉན་གདུག་པས་ལུས་ལ་བཟུང་བ་ནི། །ལྕི་ཞིང་ཕྱེད་ལ་སྐྱེད་[སྐེད]པ་ན་ནས་གོང་པོར་འགྲོ། །གཞོག་[གཞོགས]ཕྱེད་འདི་ཟིན་ན་མི་བཟློག་སྐམ་ལ་ཤ་རོ་འབྱུང་། །ཟུག་གཟེར་སྐབས་སུ་ཆེ་ལ་ཕ་[ས]སྤྲོས་[སྲོས]པ་དང་ནུབ་མོ་ན། །རྨི་ལམ་དུ་རྒོད་པོ་སེ་བོ་རྟག་ཏུ་རྨི། །མཆད་པའམ་མང་མའི་ཁང་བུ་རུ། ཉལ་ཏེ་གནས་ཤིང་རང་ཉིད་སྡོད་པའམ། །ཤ་བའམ་རི་དྭགས་མིའི་ལུས་པོ་ལ་མགོ་སྤྱིལ་སྔོ་རུ་ཅན་གྱིས། །བདག་ཉིད་འདེད་དང་གཤེད་མ་ལྟར་བྱེད་ཅིང་གསོད་ཅིང་། །དེ་ལ་སོགས་པ་རྨི་འགྱུར་ན། །དེས་ཟིན་པར་ནི་ཤེས་པར་བྱ། །ས་གཉན་གནོད་པའི་མཚན་ཉིད་བསྟན་པའི་རྟོགས་པ་སྟེ་བཅུ་བདུན་པའོ།། །།
ལེའུ་བཅོ་བརྒྱད་པ། ཤིང་གཉན་གནོད་པའི་རྟགས་བསྟན་པ།
དེ་བཞིན་ཤིང་གཉན་ལུས་ལ་གདོན་འགྱུར་ན། །ལུས་རྣམས་སེར་ལ་སྐྱེམ་[སྐེམ]སྐམ་མཛེས་པ་དང་། །རྐང་ལག་རྣམས་ནི་ཚ་བ་ཤིན་ཏུ་ཆེ་བར་ན་བར་འགྱུར། །གྲང་ཞིང་རུས་པའི་རྐང་ལག་མཐིལ་ལ་སོགས་ན་ཚ་ཆེ་ཚབས་ཆེ་ན་ཚོགས་རྣམས་ཁོལ། །སྐྲ་རྩ་རྟོག་རྟོག་[རྡོག་རྡོག]པོ་ལང་དང་གླད་པ་མགོ་བོ་འཁོར། །མིག་སླེ་སླེ་ལ་ཟླུམ་པོར་ཡོང་མཆི་མ་རྟག་ཏུ་འཛག །ཤ་བཀྲ་ཁྲ་ཁྲོས་ཤ་རོས་ལུས་རྣམས་གང་། །སྐབས་སུ་གྲེ་བར་འགགས་པས་ཐོར་བུ་འབྱུང་། །རྨི་ལམ་དུ་བཙུན་པའམ་བཙུན་མ་རྟག་ཏུ་རྨི། །སྒྱུང་པ་འམ་ཅོང་[གཅོང]རོང་ཁྲོད་དག་ཏུ། །ཅིག་པུར་ཉལ་ཞིང་གནས་པ་རྨི། །ཤིང་ལས་གྱུར་པའི་གཉན་དག་ཡིན། །དེ་གནོད་པ་རུ་མཁས་པས་བརྟགས། །འབྱུང་བའི་ཤིང་གཉན་གནོད་པའི་རྟགས་བསྟན་པའི་རྟོགས་པ་སྟེ་བཅོ་བརྒྱད་པའོ།། །།
ལེའུ་བཅུ་དགུ་པ། མེ་གཉན་དམར་པོས་བཟུང་བའི་རྟགས་བསྟན་པ།
མེ་གཉན་དམར་པོས་ལུས་ལ་བཟུང་བ་ནི། །ཡན་ལག་ཤ་བཀྲ་དམར་པོས་དམར་བལ་བལ་བ་གང་། །གདོང་ཡང་ཚ་ལམ་ལམ་བྱེད་པ་དམར་ལ་སྐམས་པས་ཏེ། །ཁ་ཡོ་བ་དང་མིག་ཡོ་བ་དང་ཡོན་ཡན་ལག་གི །རུས་ཚིགས་ཐམས་ཅད་འབྲུལ་[འདྲུལ]ཞིང་ཁད་ཀྱིས་སུ་ཆད། །གཞོགས་ཕྱེད་སྐབས་དང་གོང་པོར་འདི་ཡང་མི་བཟློག་འགྲོ། །ཚིགས་ཐམས་ཅད་ལ་ལ་རྨ་དང་ཤུ་བ་འབྱུང་། །རྟ་དམར་རང་གིས་ཞོན་ཞིང་རྒྱུགས་པ་དང་། །དྲེའུ་འམ་བོང་བུ་རྨིག་ཟླུམ་དག །ཞོན་ནས་རྟག་ཏུ་འགྲོ་ཞིང་རྨི། །རྟ་འམ་མ་ཧེ་མགོ་ཅན་ལ། །ལུས་རྣམས་མི་རུ་འདུག་པ་ཡིས། །གཤེད་མ་བདག་ཁྲིད་ནས་གསོད་པ་རྨི་འམ་སྡིག་པར་བྱེད་པའམ། །དེ་བཞིན་དེ་དང་གནས་འགྱུར་རྨི། །དེ་དང་དེ་ཡི་རིགས་ཀྱིས། །ཤིན་ཏུ་ཟིན་པ་གྲོལ་བར་དཀའ། །མེ་གཉན་དམར་པོས་བཟུངས་[བཟུང]བའི་རྟགས་བསྟན་པའི་རྟོགས་པ་བཅུ་དགུ་པའོ།། །།
ལེའུ་ཉི་ཤུ་པ། ཆུ་གཉན་སྔོན་པོས་བཟུང་བའི་རྟགས་བསྟན་པ།
འབྱུང་བ་ཆུ་ལས་གྱུར་པ་ཡི། །ཆུ་གཉན་སྔོན་པོས་བཟུང་བ་ནི། །ཤ་སྔོ་ལུས་པོ་སྙེར་ཆུང་གིས། །གང་ཞིག་བྱ་སྤུ་བྱི་བ་ལྟར་ཤ་ཡི་འཛེར་པ་འབྱུང་། །ཆུ་བ་དག་ལ་ཞུགས་པ་ཡིན། །གྲང་ཞིང་ཆུ་རྒྱུས་ཁོལ་བ་དང་། །ཡན་ལག་ཞ་ནས་འགྲོ་རེང་[རེངས]ཤིང་ན་བ་འབྱུང་། །དབང་པོའི་དངས་མ་མིག་མཆི་མ་འཛག་ཟླུམ་ཞིང་། །མནལ་མའི་དྲི་དག་འབྱུང་བར་འགྱུར། །རྟ་སྔོན་ཞིང་ཆུ་ནང་འཕྱོ། །མི་སྔོན་ཞགས་པ་ཐོགས་པ་ཡིས། །འགུལ་ནས་བཏགས་སམ་སོ་བྱ་ཡན་ལག་བཅིངས། །ཉ་རྒྱས་བཟུང་ངམ་ལུས་དཀྲིས་པ་རྨི། །གྲོད་པ་བུས་པ་ལྟ་བུའི་མིས། །འཇུས་འགྱུར་ལུས་ལ་འཁྱུད་པ་འམ། །སྔོ་བའི་ཁ་ཟས་རང་གིས་ཟོས་པ་རྨི། །དེ་ཡིས་ཟིན་པར་མཁས་པས་བརྟགས། །ཆུ་གཉན་སྔོན་པོས་བཟུང་བའི་རྟགས་བསྟན་པའི་རྟོག་[རྟོགས]པ་སྟེ་ཉི་ཤུ་པའོ།། །།
ལེའུ་ཉེར་གཅིག་པ། བྱོལ་སོང་སྟོད་ཀྱི་རིགས་ཀྱིས་བཟུང་བའི་རྟགས་བསྟན་པ།
ཀྱེ་དགེ་སློང་ཆེན་པོ་ལགས། ཕ་ནི་ཞེ་སྡང་གཉན་ལ་མ་ནི་སའི་འདོད་ཆགས་བདག །ས་བདག་ཀླུ་གཉན་གྱི་བུ་རྣམས་ཏེ། དེ་ཡི་མིང་ནི་རིགས་མ་ངེས་སྟོད་ཅེས་བྱའོ། །དེས་བཟུང་བ་ཡི་ནད་རྣམས་ནི། །གློ་བུར་དུ་བཞིན་གྱི་དཀྱིལ་འཁོར་སྐྲངས་པ་དང་། །ཤ་རྣམས་དམར་ལ་ཚ་བ་འགྱུར་ཞིང་མེ་དབལ་འབྱུང་། །གློ་བུར་སྨིན་མ་ལ་སོགས་པའི་སྤུ་བ་སྤུ་མི་ཆགས་འབྱི། །ཤེས་པ་མི་བསྟན་[བརྟན]གཡེང་བ་སྙིང་མི་དགའ་སྡུག་བསྔལ་ཆེ། །འཁྲོ་དང་ཚིག་པ་ཟ་བ་ཡིན་རེས་འགའ་ངུ་སྙིང་འདོད། །རྟག་ཏུ་རྨི་ལམ་དུ་སྐྱེས་པ་གཞོན་ནུ་དང་། །ཁྱེའུ་བུ་མོ་བརྩེ་བ་རྨི་དག་དང་འགྲོགས། །བདག་ལ་ལ་རོག་[རོགས]མཛ་[མཛའ]བོས་སྣོད་བཟང་དག་ཏུ་ཟས་སྟེར་རྨི། །བྱང་བྱང་པ་ཚ་འཚོང་གི་སེམས་ཅན་ཨ་བཱག་དང་། །དེ་བཞིན་གང་ཡང་རུང་བས་སྲོག་ཆགས་དམར་ཀྲ་[བཀྲ]ཡིས། །ལུས་ལ་འཇུས་དེ་དག་གིས་བདག་ལ་ཤིང་མཆུ་བཙུགས་དང་། །དེ་མཐོང་བ་འོང་དེའི་དྲུང་གནས་རྨི། །དེ་འདྲའི་གོས་དམར་བཀྲའི་ལུས་ལ་གོན་དེ་འདྲ་སྟེ། །བྱོལ་སོང་བ་གླང་ངམ་དུད་འགྲོ་ཞོན་འགྱུར་ནས། །སྔར་མ་མཐོང་བའི་ཐང་དང་ངོ་མི་ཤེས་པར་ཡུལ་དག་ཏུ། །ཕྱིན་འགྱུར་རྨིས་ན་དེས་སྟོད་ཀྱིས་ཟིན་རྟགས། །ས་བདག་གཉན་གྱི་བུ་བྱོལ་སོང་སྟོད་ཀྱི་རིགས་ཀྱིས་བཟུང་བའི་ནད་ཀྱི་བརྟག་པའི་རྟོགས་པ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།
ལེའུ་ཉེར་གཉིས་པ། གདུག་པ་ཀླུ་བདུད་ཀྱིས་ཟིན་པའི་མཚན་ཉིད་བསྟན་པ།
ཀྱེ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ཕ་ཞེ་སྡང་ནི་བདུད་ཡ་བདུད་ལ་མ་འདོད་ཆགས་ནི་ཀླུ་མོ། །ཀླུ་བདུད་འཚོས་པའི་མཐུ་བོ་ཆེ། །ཁྲོ་བོ་ཞེས་ཀྱང་གྲགས་ཀླུ་བདུད་ནག་པོ་ཞེས་སུ་གྲགས། །གནས་དེའི་གནས་ས་ནི་བྲག་དང་ནིའུ་[ནེའུ]སིང་དང་། །ཕ་བོང་ལུང་ཕུག་[ཕུགས]ཀྱི་བྲ་མ་ཤིང་རྩི་དག་ལ་གནས། །འགྲོ་ན་རི་ཀ་སྟོང་བ་འབྲོག་དགོན་གྲོང་ཁྱེར་ཀླུངས་དུ། །སེམས་ལ་རྒྱུག་ཅིང་ཀུན་ལ་གནོད་པ་བྱེད། །དེས་བཟུང་བའི་རྟགས་ནི་མཚན་ཉིད་ནི། །བཙན་ཐབས་ཙི་ཙི་རྟགས་བཞི་པར་བཙན་ཐབས་སུ་མཛེ་ཛྭ་ལ་བྱེད། །ལུས་ལ་ཉ་སྒངས་[ཉྭ་སྒང]དང་ནི་ཆུ་སྒངས་[སྒང]དང་། །བྱད་མ་[ལ]དེ་བཞིན་ཆུ་བུར་ཆུ་རླངས་དང་། །ལྷོག་པ་དང་པོ་སྐྲངས་པ་ལས་ཉེན་སླང་ལས་འགྱུར་མཛེ་ནད་དང་། །འདུས་པ་ལ་རླུང་མཁྲིས་བད་ཀན་འདུས་པའི་ནད། །ལུས་ལ་འདུ་བ་སྔར་མེད་པ་ནི་སྐྱེད་པར་བྱེད། །གློ་བུར་དུ་ཕོ་ལོག་གླང་ཐབས་གཟེར་ནད་ཀྱིས། །བཙན་ཐབས་སུ་ནད་རྣམས་དག་ཀྱང་གློ་བུར་འབྱུང་། །སྐྲངས་འབུར་ཕོལ་འབྲས་ལྷོག་པ་ནག་པོ་དང་། །བཤང་སྨ་[རྨ]འཇང་[གཞང]འབྲུམ་ནད་བཤང་ལྕི་སྔར་མེད་པ་ཆུ་རྒྱུ་སྡམས། །རྨ་སྔར་མེད་པ་དྲག་པ་སྐ་[དཀའ]བའི་མཛེ་འོང་དང་སེར་ཀ་བཙན་ཐབས་འབྱུང་། །དེ་གནོད་པ་ཡི་རྨི་ལྟས་སུ་འོང་རྨི་རྟགས་ནི། །མི་ནག་རྟ་ནག་ཞོན་པ་མང་པོ་དང་། །གླང་ནག་ཞོན་ཅིང་ཁྱི་ནག་ཁྲིད། །སྙུགས་མའི་སྦལ་པ་ནག་པོ་མདུང་ཐོགས་དང་། །ཉ་ནག་རྒྱངས་རྒྱངས་པ་ཆུ་ལ་མཆོང་བ་དང་། །སྦྲུལ་རང་ངམ་གཞན་དེས་ནག་ལུས་ལ་སྐྱེད་[སྐེད]པ་ལ་འཁྲིལ་བ་དང་། །བྱ་ནག་བདག་གི་མདུན་དུ་ཆར་ལྟར་འབབས་[འབབ]པ་རྨི། །རྩུབ་པའི་རེ་བའི་གོས་གོན་སྦྲ་ནག་གི་ནང་ན་གནས། །བན་དྷེའམ་བཙུན་ཆེན་ནག་པོའི་རིགས་ནམ་དགེ་བའི་བཤེས། །བོན་པོའམ་སྐྱེས་པ་མཚོན་ཆ་གྲི་དང་མདའ་གཞུའ་ཐོགས། །དེ་རྨི་དེས་ཀླུ་བདུད་ཀྱིས་ཟིན་དེ་སྣོད་[གནོད]རྟགས། །གདུག་པ་ཀླུ་བདུད་ཀྱིས་ཟིན་པའི་མཚན་ཉིད་བསྟན་པའི་རྟོགས་པ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།
ལེའུ་ཉེར་གསུམ་པ། ཀླུ་བཙན་དང་བྲག་སྲིན་གྱིས་གནོད་པ་བསྟན་པ།
དེ་དང་རིགས་མཐུན་ཀླུ་བཙན་དེ་འདྲའི་གདོན། །ཕ་ནི་བཙན་བྲག་སྐྱེས་མ་ནི་ཀླུ་མོ། །ཀླུ་བཙན་སྔོན་པོ་སྲས་ཞེས་ནི་བྱ། །དེ་ཀླུ་བཙན་གནོད་པའི་རྟགས་བསྟན་པ། །རང་གི་མགོ་དང་ལག་པ་སྐྲངས་པ་དང་། །མདོག་སྐམ་མཛེ་ཡིན་སྔོ་ཁ་ཡོ་མིག་སླེ་བ་འདི། །འདི་ལ་རིགས་གཉིས་ཡོད་ལུས་ལ་རྨ་དང་ཐོར་པ་འབྱུང་། །བས་ལྡགས་[ལྡག]སེམས་ཅན་འདྲ་བ་འབྱུང་ཤ་བཀྲ་གླང་ཤུ་བ། །སྔོན་དམར་སྦྲུལ་རིས་་འཇའ་རིས་འདྲ་བ་ལྟ་བུ་ལ། །དེ་བཞིན་ཀླུའི་གཟུགས་སྦལ་ལྕོང་རི་མོ་འབྱུང་། །རྩ་འཕར་རྩ་ཀུན་དམར་འཁྲུགས་ཤིང་ལུས་པོ་དུས་དུས་སྦྲིད། །ལུས་པོ་ཟ་བཙན་མཛེ་ཡིན་ཞིང་བེར་བ་དང་། །དེ་གནོད་དེ་རྟགས་དང་མི་ལྟས་འདི་ལྟར་[ལྟ]སྟེ། །རང་ཉིད་རྟ་སྔོན་ཞོན་པ་དང་། །དེ་དང་དེ་བཞིན་རང་ངམ་ནད་པ་དེ་ལ་རྨི་ལམ་འབྱུང་། །སྦྲུལ་སྔོན་རྨིས་དང་གནོད་ཚབས་ཆེ་བ་ཡིན་དེས་བཟུང་། །གླ་བ་དང་རི་དྭགས་རྩངས་པ་མང་པོ་དང་། །བྱ་སྔོན་སྦྲང་མ་མང་པོ་སྔོན་པོ་དང་། །ལུས་ལ་ལུས་འཐོབས་[ཐོར]པ་འོང་འཇུ་དང་ཟ་བ་རྨི། །ཤིང་གོན་ལ་སྔོན་དག་ལ་འཛེགས་པ་དང་། །གཡང་དུ་ལྷུང་དང་ཐུར་ལ་རྒྱུག་ངན་པ་ཡིན། ཆུ་སྔོན་དག་ལ་འགྲོ་བྱིང་དང་མཆོངས་པ་བ་དང་། །འདི་དག་རྨི་ལམ་དུ་རྟག་ཏུ་འོང་གྱུར་ན། །དེ་ཡིས་ཀླུ་བཙན་གྱིས་ཟིན་པར་ཤེས་པར་བྱ།།
དེ་དང་གཉིས་ཀའི་བཀའ་ཉན་སྡོངས་ཏེ་བྲག་སྲིན་ནི། །ཀུན་ལ་འཇུག་ཅིང་འདུ་བའི་ནད་ཀློང་[སློང]བྱེད། །ཕོ་མཆིན་རྒྱ་ནག་མིག་སེར་ན་ཞིང་སྐྱ་བརྩབ་གཏོང་། །ན་ཚ་མེད་པར་སྐབས་སུ་ཡན་ལག་སྐྲངས། །ཁ་གདོང་སྐྲངས་འཁྲུག[འཕྲུག]སྙིང་འདོད་ཤིང་ཡན་ལག་ཟ། །ཆུ་སེར་དཀར་པོའི་འདིས་ཟིན་ན་འཆི་ཤ་མདངས་བར། །གང་ཞིག་འཚེ་བའི་འདུ་བྱེད་སྲོག་ལ་འབབ་པར་བྱེད། །དགེ་སློང་ཆེན་པོ་དེ་དག་ནི། །ཀླུ་བཙན་བྲག་སྲིན་གནོད་པ་བསྟན་པའི་རྟོགས་པ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།
ལེའུ་ཉེར་བཞི་པ། ས་བདག་གནོད་པའི་མཚོན་མ་དང་དེའི་ནད་ཀྱི་རང་བཞིན་བསྟན་པ།
དགེ་སློང་ཀླུས་གསོལ་བ་ཆེན་པོ་ཡང་གསོན་ཅིག །ས་ལ་ས་བདག་གནས་པའི་ས་གདོན་ནི། །ས་བདག་ནད་ཀྱིས་ལུས་ལ་ས་བདག་འབུམ་སྡེ་བཟུང་བ་ནི། །དེ་ཡི་རྟགས་མཚན་ཉིད་འདི་ལྟ་སྟེ། །གྲང་ལ་ཟ་ཞིང་ཤ་ལ་གདོང་དང་ལུས་རྔུལ་བ་ཁོལ་བ་དང་། །དེ་བཞིན་སྡོང་པ་ལུས་སྔར་བས་ཚ་ལ་ལྕི་བ་དང་། །ཚ་བ་ཞུགས་དང་ལུས་ལ་ཁྲག་རྣག་འཛག་པ་དང་ཚ་ཚག་དང་། །སྡོང་པ་གྲང་བའི་དུག་ལ་སོགས་གྲང་ཤུམ་བྱེད། །སྐྱི་རོ་ཐིག་ལེར་འབྱུང་འགྱུར་ཏེ། །དེ་གཟུགས་ཀྱིའི་སྲོག་ཆགས་གང་ཡང་རུང་བའི་ལྟ་བུར་འབྱུང་། །རྨི་ལམ་དངོས་སུ་ཁྱི་དང་ལྕེ་སྤྱང་གཅན་ཟན་[གཟན]དང་། །གཅན་ཟན་[གཟན]མཆེ་བ་ཅན་གྱི་གཟུགས་དག་རྨི། །རང་ལ་དེ་རྣམས་ལུས་ལ་འཇུས་འགྱུར་ན། །ལྷག་གམ་[ལྷགས་སམ]གནོད་ཚབས་ཆེ་བའི་དྲུང་ངམ་མཆིན་གནས་ན། །ཤིན་ཏུ་གནོད་(ཚབས)ཆེ་བར་གསུངས་ཐུབ་པར་དཀའ། །རང་གི་ཁྱིམ་མན་[མིན]གཞན་ན་གནས་པ་དང་། །དེ་བཞིན་དུད་འགྲོ་ཁྱུས་[ཁྱུ]འགྲོ་མང་པོ་དང་། །རྟག་ཏུ་རྨི་འམ་དུད་འགྲོ་འགྲོགས་པ་ན། །ས་བདག་ལ་སོགས་བདག་ལ་གནོད་པའི་རྟགས། །ས་དྲི་གཡར་[གཡའ]དྲི་མི་ཞིམ་དྲི་ང་བ་ཤ་རུལ་བ། །ཀྱི་[སྐྱི]རོ་མི་ཞིམ་རུལ་བའི་དྲི་ལྟ་བུ། །སྐྱོག་[སྒོག]སྐྱ་འམ་བསེ་དྲི་ས་བདག་གི་དྲི་གནམ་[མནམ]པ་འབྱུང་། །རྒྱུ་མེད་པར་ནི་མནམ་འགྱུར་ན། །ས་བདག་ས་བདག་ནག་པོ་གནོད་པར་གདོན་མི་ཟ། །དེས་ནི་གྲོལ་འགྱུར་ཐེ་ཚོམ་མེད། །ས་བདག་གནོད་པའི་མཚན་མ་དང་། །དེའི་ནད་ཀྱི་རང་བཞིན་བསྟན་པའི་རྟོག་[རྟོགས]པ་སྟེ་ཉི་ཤུ་རྩ་བཞི་པའོ།། །།
ལེའུ་ཉེར་ལྔ་པ། མཚོ་སྨན་དང་ཀླུ་མོ་གནོད་པའི་མཚན་ཉིད་བསྟན་པ།
དགེ་སློང་དཔལ་དང་ལྡན་པའི་ནཱ་ག་རྫུ་ནས་ཡང་གསོལ་བ། ཀྱེ་ཀྱེ་ཀླུའི་རྒྱལ་པོ་ཏག་ཤ་ཀ །གོང་དུ་བསྟན་པའི་ས་འོག་གདོན། །དེ་རྣམས་ཕོ་ཡི་རིགས་ཡིན་པས། །དེ་རྣམས་དག་དང་འབྲེལ་བ་ཡི། །མོ་ཡི་གདོན་རྣམས་བསྟན་དུ་གསོལ། །དེ་སྐད་ཅེས་ནི་བཀའ་གསལ་བས། །ཀླུ་ཡི་རྒྱལ་པོས་ཡང་གསུངས་པ། །མཚོ་སྨན་ཆེན་མོ་མཆེད་རྣམས་ནི། །རོལ་མཚོ་ཆེན་པོ་བརྒྱད་ལ་གནས། །འདི་དག་སྲིད་པའི་མ་མོ་འབྱུང་བ་ལས་གྱུར་པའི་མ་མོ་སྟེ། །ཀླུ་ཆེན་བརྒྱད་པོའི་སྲིང་མོ་ཡིན། །མིང་པོས་ཀླུ་ཡི་ལས་རྣམས་བྱེད། །ཀླུ་རྣམས་ཀུན་ལ་དབང་ཡང་བསྒྱུར། །རིགས་བཞི་ཀླུ་རྣམས་ཕོ་ཉར་འགྱེད། །ས་བདག་ཀླུ་གཉན་འབུམ་སྡེ་རྣམས་བྲན་དུ་འཁོལ། །འཚོ་[མཚོ]སྨན་ཆེན་མོ་དེ་རྣམས་ནི། །རང་གི་གནས་རིན་པོ་ཆེ་ཡི་མཁར་དང་གུར་གྱི་ནང་ལས་མ་གཡོས་པར། །སྤྲུལ་པ་བཀའ་ཉན་ཕོ་ཉའོ་བྱེ་བ་ས་ཡ་གཏོང་། །གཡོས་ལུས་པ་མེད་པའི་ཡིད་ཀྱིས་སྤྲུལ་པ་སུ། །ཚོར་བ་རང་གིས་མ་ཚོར་བ་རུ་མེད་པའི་ནད་གཏོང་ཞིང་། །འཚོ་[ཚོར]བ་བྱད་དུ་འཇུག་མེད་པའི་ཀླུ་དུག་གི་རྣམ་པ་ནད་དང་། །རྒྱ་ནད་མིག་སེར་མཁྲིས་པ་ཤ་གཡའ་[ཀྵ་ཡ]དང་། །ཆུ་སོག་[གསོག]རྨུ་ཆུའི་རིགས་ཆུ་སྒང་དམུ་ཆུ་དང་། །ལྷོག་པ་ཉེན་དེ་ལས་ནག་པོ་མཛེ་ནད་སོགས། །དེ་བཞིན་སྲིད་པའི་མ་མོ་དང་བསྡོངས་ནས་རིམས་ནད་སྣ་ཚོགས་གཏོང་། །མཚོ་དང་རྨི་ལམ་དུ་སྔོ་མེར་བ་རྒྱ་མཚོ་ཆུ་རླུང་མཛེའུ་[མཚེའུ]དང་། །མཐིང་ཤུན་དང་ཁང་པ་རྨི་ལྟ་བུའི་བྲག་རྣམས་དང་། །དེ་བཞིན་ཐང་སྔོན་རི་སྔོན་རི་ལ་གྱེན་ལ་འཛེག་པ་དང་ཐུར་ལ་རྒྱུག་པ་དང་རྨི། །མཐིང་གུར་སྔོན་པོའི་ནང་དག་ན། །བདག་ཉིད་ཅིག་པུར་རྟག་ཏུ་འདུག་པ་རྨི། །མ་མོའི་དབུས་ན་རང་ཉིད་བུད་མེད་སྔོན་མོ་ཚོགས་དང་བཅས་མ་མོ་དང་། །ཉལ་ལམ་གནོད་ཚབས་ཆེ་བ་ཡིན་རྟག་ཏུ་འདུག་འགྱུར་ན། །སྣོད་བཟང་དག་གི་རིན་པོ་ཆེ་ཡི་ཁ་ཟས་ཀྱིས། །བཀང་སྟེ་དུག་ལུས་ལ་འཇུག་པ་ཡིན་བདག་ལ་སྟེར་བ་དང་། །བུད་མེད་སྔོན་མོ་གསེར་གཡུ་ལ་སོགས་རྒྱན་ཆ་ཡིས། །བརྒྱན་མཛའ་བ་མོར་པའི་བུ་མོ་གཞོན་ནུའི་ཚོགས། །མང་པོའི་མ་དང་སྲིང་མོའི་ཚོགས་དང་འཁོར་གྱི་ཚོགས། །དེ་བཞིན་སྔོན་པོ་ཆུ་རྟ་ཆུ་ལུག་དང་། །གཡུ་སྦྲུལ་སྦལ་པ་སྔོ་བཀྲ་བ་དེ་རྣམས་རྨིས་ན་མཚོ་སྨན་ཀླུ་ཆེན་མོས་བྱ། ལུག་ཆུ་ག་[གྭ]མ་འདོམ་དུ་གཏང་སྔོ་འདོས་[མདོས]བྱ་སྔོ་ཡས་སྔོ་གླུད་ལ་སོགས་པ་བྱའོ་སྲོག་ཆགས་ཚོགས། །མཐིང་ཀ་སྔོན་མོ་རྨི་འགྱུར་ན་འདི་དག་འཁོར་གནོད་པ་ཡིན། །མཆོ་སྨན་མཚོ་སྨན་བྱད་བཀྲོལ་བྱ་ཀླུ་མོ་གནོད་པའི་རྟགས། །ཀླུའི་རྒྱལ་པོའི་ཞུས་ལེན་[ལན]ལས། །མཚོ་སྨན་དང་ཀླུ་མོ་གནོད་པའི་མཚན་ཉིད་བསྟན་པའི་རྟོག་[རྟོགས]པ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།
ལེའུ་ཉེར་དྲུག་པ། ས་བདག་མོ་གནོད་པའི་རྟགས་བསྟན་པ།
ཀླུའི་རྒྱལ་པོས་དགེ་སློང་ལ་ཡང་གསོལ་བ། །ལུས་ལ་ན་ཚ་མེད་པར་ཁ་གདོང་བཙན་ཐབས་སུ་སྐྲང་། །ཡན་ལག་རྩ་རྣམས་སྦྲིད་ཞ་ནས་འགྲོ་འོ་ཅིང་སྐྲངས། །ལུས་ཀུན་ཤུ་བ་ཐོར་བུ་སྐབས་སུ་འབྱུང་། །རྨི་ལམ་དུ་རྒན་མོ་འམ་བཙུན་མོ་ལྟ་བུ་འབྱུང་། །མཛོ་དང་བ་བ་གླང་ནག་པོ་དང་འབྲི་རྟོལ་གཡག་སོགས། །ཁྱི་མོ་ཀྱི་ཆུ་དང་ཀྱི་སར་[བསེར]ཚོགས་བཅས་ཀྱིས། །བདག་གི་ལུས་ལ་གནོད་ཚབས་ཆེ་བ་འོང་ལྷག་འགྱུར་རམ། །དེ་བཞིན་ཉལ་ལམ་རྨི་འགྱུར་ན་ཁྱིམ་དུ་ཞེན་ཚབས་ཆེ། །ས་བདག་ས་གནས་པས་མོ་གདོན་[གནོད]གནོད་པ་བྱེད་དོ་གདོན་མི་ཟ། །ས་བདག་བྱད་སྒྲོལ་ས་བདག་མོ་དགུ་སྐོར་བྱའོ་མོ་གདོན་པའི་རྟག་[རྟགས]བསྟན་པའི་རྟོགས་པ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།
ལེའུ་ཉེར་བདུན་པ། ཀླུ་སྲིན་མོ་དང་ས་སྲིན་བསེན་མོ་གནོད་པའི་མཚན་ཉིད་བསྟན་པ།
ཀྱེ་ཀླུའི་རྒྱལ་པོས་ཡང་གསོལ་བ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ལུས་ལ་ཀླུ་སྲིན་མོ་ཡིས་བཟུང་བ་ནི། །ཐོར་བུས་ཁེང་[ཁེངས]འབྲུམ་པ་དམར་པོ་འོང་ཤིང་ཤུ་བ་འབྲུམ་པ་གས་པའོ་འབྱུང་། །ཟ་འཕྲུལ་[འཕྲུག]དེ་ལས་རྨ་རུ་འགྲོ་འོ་བྱེད་ཅིང་ཚ་བ་ཡིན། །སྐྱི་རྣམས་མེས་ཚིག་པ་ལ་མཆེད་པ་འདྲ་བ་འབྱུང་བུས་ཤིང་ཆུ་སེར་འཛགས[འཛག]། ཟས་པགས་པ་དང་ཤའི་བར་ན་རྣག་དང་ཆུ་སེར་འདྲུལ་ནས་འོང་བཙག་ལྟ་བུའི་རྨ་རྣམས་འབྱུང་། །གཤང་[བཤང]བའི་བར་དུ་འམ་རྐང་པ་རྐེད་པ་མན་ཆད་དུ་འོང་དག་ལ་འཛིན། །རྨི་ལམ་དུ་བུད་མེད་སྔོན་མོ་གོས་ཧྲུལ་གོན། །རང་ངམ་གཞན་དེ་ཁ་ཡོན་མིག་སླེ་རྨི་བར་འགྱུར། །དེ་འདྲས་ཉལ་པོ་བྱས་པ་རྨི་བའོ་བདག་ལ་སྐུར་[བཀུར]བསྟི་བྱེད། །ཀླུ་སྲིན་སྔོན་མོ་ཐབ་བདག་མོས་བདགལ་གནོད་པའི་རྟགས། །དེ་ཡིས་བཟུང་བར་ཤེས་པར་བྱ། །དེ་ནི་སྲིན་པོའི་ནད་རིགས་ཏེ། །ངོས་འཛིན་ཡ་མ་དཀར་ནག་གཉིས་ལས་འདི་ཡ་མ་དཀར་པོ་ཡིན་རྐང་པ་ལ་འཇུས་ན་མཛེར་འགྲོ་ཉན་[ཉེན]ཡོད་འདི་རང་ལ་སྔགས་བྱ། ཡ་མ་ནག་པོ་གླད་པ་ལ་འཇུག་པ་ཡིན། སྦྱིན་སྲེག་བྱས་ན་སླ་བ་ཅིག་གིས་སོས་སྔགས་རྣམས་བཟླས་འགྱུར་ན། །ཤིན་ཏུ་གྲོལ་བ་སླ་བར་གསུངས།།
ས་སྲིན་བསེན་མོ་དེའི་རྟགས་བསྟན་པ་གནོད་པ་ནི། །རྟ་བླ་རྐང་མང་འབུ་སྦྲུལ་སེ་གུ་རྩེ། །ཁྱི་གུ་མཆེ་བ་ཅན་ཀུན་མིག་མ་བྱེ་བ་འབྱུང་། །བྱ་མོ་སྔོན་མོ་ཆུ་ལ་གནས་པ་སྲན་ཕྲུག་དང་། །བ་དང་འབྲི་ཡི་བེའུ་དཀར་ཟལ་རྟག་ཏུ་རྨི། །དེ་ཡི་སྦྱོར་བ་ནད་ཀྱི་མཚན་ཉིད་ནི། །ལུས་ལ་ཚ་འབྲབ་ཅན་ཤ་བཀྲ་སྔོན་དམར་དང་། །གླང་བུ་ཁྲ་བོ་ན་ཚབས་ཅན་འབྲུམ་ཆུང་འབྱུང་། །དེ་ཡང་ཙག་ཙག་པོ་ཟ་ཞིང་འཕྲུག་འགྱུར་ཏེ། །མེ་ཡི་འོད་ལྟ་བུ་དབལ་འབྱུང་ཞིང་གཡའ་ལ་ཟ། །བཞིན་ཡང་སྔ་དྲོ་ཕྱི་དྲོ་ཡང་བཙན་ཐབས་འགྱུར་ལྡོག་ཆེ། །སྐྲ་རྩ་ཟ་ཞིང་འབྲུམ་ཅུང་འབྱུང་ཉུངས་དཀར་ཙམ་པའི་མར་[དམར]པོ་མང་པོར་འབྱུང་། །ལུས་བྱུང་མ་ཐོག་ཡང་ཡང་སང་ཡང་སང་འགྲོ་ལ་དམར་གྲ་དམར་ཐིག་སོགས། །ཞག་རེ་ལ་རེས་འོང་རེས་འགའ་མེད་པར་འགྱུར། །དཀྲོལ་[གྲོལ]བ་སླ་འགྱུར་ཞི་ཆོས་གཟུགས་གླུད་དང་ཆབ་གཏོར་བྱས་པས་ཆོག་བྱ། །ས་སྲིན་བསེན་མོ་དགུ་སྐོར་བྱ་གནོད་པའི་མཚན་ཉིད་བསྟན་པའི་་རྟོག་[རྟོགས]པ་སྟེ་ཉི་ཤུ་རྩ་བདུན་པའོ།། །།
ལེའུ་ཉེར་བརྒྱད་པ། རྩ་བ་བསྡུས་པའི་དོན་ཞུས་པ།
དགེ་སློང་གླེང་གླང་[སློང]བ་ཆེན་པོས་ཡང་ཞུས་པ། །ཀྱེ་ཀྱེ་ཀླུའི་རྒྱལ་པོ་ལགས། །གོང་དུ་བསྟན་པའི་ཀླུ་རིགས་རྣམས། །དབྱེ་ན་རྣམ་གྲང་[གྲངས]མང་ཀླུ་རིགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པའོ་འགྱུར་ཀྱང་། །བསྡུ་བ་རིགས་བཞི་རིགས་དྲུག་གཉན་བཞི་ས་བདག་མ་མོའི་དུག་གོང་དུ་གསུངས་པར་འདུས། །དེ་དག་དུག་གིས་ཀྱི་ཟིན་པ་ལ། །གྲོལ་བ་སླབའི་རིགས་གང་དག་ལགས། །གསོ་རུ་མི་རུང་གང་དང་གང་། །ཟིན་པའི་གནས་ལ་དཀའ་དང་སླ། །དེ་རྣམས་གོ་རིམས་མདོར་བསྟན་པ་དབྱེ་བ་རྒྱས་པར་བཤད་པ་རྣམས། །དེ་དོན་ཁྱེད་ཀྱིས་རྩ་བ་བསྡུས་པ་བཤད་དུ་གསོལ། །ཕོ་རིགས་མོ་རིགས་གདོན་རྣམས་དེ་དང་དེས་བཟུང་ལ། །གནོད་པའི་གདོན་རིགས་གྲོལ་བར་བྱ་སོགས་ཀ་བ་བའི་ཐབས་དག་གང་། །དེ་དང་ས་བདག་ཀླུ་གཉན་སྡོངས་པའི་སྡེ་བརྒྱད་རྣམས། །ངོས་སུ་བཟུང་ན་རྨི་ལམ་ཉལ་དུ་ཅི་ལྟར་བཟུང་། །ཞི་བ་དང་དྲག་པོ་གང་ན་གང་གིས་སྡོང་ཟླ་རྫས་དང་བྱ་ཐབས་ཀྱི་དབྱེ་ན་ཅི་ལྟར་དབྱེ། །ཞི་བས་ཀླུ་ལ་མདོས་རྫས་དང་སྔགས་རྒོད་གདུལ་དང་དུག་བྱུང་དང་། །རྟེན་པོ་བསྐར་དང་གདོན་པའི་ས་ནས་གཞན་དུ་སྡོང་ཟླས་བསྐྲད་པ་དང་། །དྲག་པོས་ཀླུ་རིགས་བཞི་ཡི་ལས་གདུལ་ཐབས་གང་ལ་གཤིས་[ཤིས]། །གློ་བུར་དུ་རྐྱེན་ལས་གྱུར་པ་ཅི་ལྟར་ལགས། །ལས་ཀྱི་རྣམ་སྨིན་གང་འོག་ནས་འབྱུང་ལྟར་ལགས། །གདུག་པ་ཀླུ་དབང་ཆེན་ཞེ་རིངས་པོ། །དེ་ཡི་འཁྲུན་བཅད་པ་སྦྱོར་བ་ཅི་ལྟར་བཅད། །ཕྱིར་ལོག་གནོན་མི་ལྡོག་[བཟློག]པའི་ཐབས་རྣམས་གང་། །དེ་རྣམས་ཁྱེད་ཀྱིས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །རྩ་བ་བསྡུས་པའི་དོན་ཞུས་པའི་རྟོགས་པ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།
ལེའུ་ཉེར་དགུ་པ། གྲོལ་བ་དཀའ་སླ་དང་ཞུགས་པའི་མཚན་ཉིད་བསྟན་པ།
ཀླུའི་རྒྱལ་པོས་ཞུས་པའི་ལེན་[ལན]ཡང་གསོལ་བ། །དགེ་སློང་ཆེན་པོས་ཞུས་པ་ལེགས[ལགས]་སྡུས་[བསྡུས]པའི་དོན། །གོང་གི་གོ་རིམས་དེ་དག་རྣམས་ཀྱི་དབྱེ་བ་དང་། །དེའི་མཚན་ཉིད་བརྗོད་པ་ནི། །དཀའ་བ་རྣམས་ཀྱི་མཆོག་ཡིན་ཏེ། །འདི་ནི་རྗོད་བྱེད་བརྟག་པ་རབ་ཏུ་དཀའ། །ཤེས་རབ་མཁས་པས་རིག་པས་གྲོལ་འགྱུར་ན། །དེ་ཡིས་འགྲོ་ལ་སེམས་ཅན་ལ་ཕན་ཐོགས་ཏེ། །ལྷ་དང་མི་ཡི་བདེ་བ་མྱ་ངན་ལས་འདས་པ་ཐོབ་བོ་མཐོ་རིས་ཐར་པའི་ལམ་ཐོབ་ནས། །དེ་ནི་འདི་དང་ཕྱི་མ་གཉིས་ལ་རིན་ཆེན་གཏེར་ལ་སྤྱོད། །རྨོངས་པས་གདམས་པ་འདི་གདོན་མ་ཤེས་པར། །བཀའ་ལ་མ་བརྟེན་པར་ཡིག་ནག་ལ་བརྟེན་ནས་གཟུ་ལུམ་རྭ་ཆོད་བྱས་འགྱུར་ན། །རང་ཕུང་ཀླུ་དབང་འགྲས་བྱང་ཆུབ་སེམས་ལ་སྒྲིབས་ཚེ་ཕྱི་མ། །གཞན་ཕུང་འཁོར་བ་ངན་སོང་རྒྱུ། །ངན་སོང་གི་རྒྱུ་མིན་པ་རང་ཕུང་གཞན་ཕུང་རྒྱུ་ཡིན་པས། །འདོད་ན་མང་མ་དང་མོ་རང་ནས་སྤྱོད་ཤིན་ཏུ་སླ། །ལས་དག་པ་གནང་བ་ཐོབ་པ་གྷ་མེན་པའི་སྤྱོད་ཡུལ་ཞེན་གོང་དུ་བསྟན་འགོ་ཙ་ནོར་རྫས་གྱག་པའི་ས་བདག་ཀླུ་གཉན་ལས་[ལ]སོགས་པ་གདོན་རྣམས་ཀྱང་། །ལུས་ཅན་འགྲོ་བ་སེམས་ཅན་ལ་རྣམས་ལ་གདོན་འགྱུར་ན། །ཕོ་མོའི་རིགས་རྣམས་གང་གིས་ཀླུའི་རིགས་བཟུང་འགྱུར་ཀྱང་། །ཞུགས་ལུགས་འོག་ནས་འབྱུང་ངོ་རྣམ་གྲང་[གྲངས]བཞི་འམ་གསུམ། །མན་ཏྲའི་སྦྱོར་བ་བྱ་མི་དགོས་རྐྱལ་ཀའམ་ཀུ་རེས་གནོད་པ་འམ། །རེ་འདོད་ཕྱི་རུ་གནོད་པའོ། །ལ་ལ་མི་གཙང་མི་གཙང་བ་ནལ་བྱས་པ་རྨེ་བ་ཡིས། །རོ་བག་ཐུག་ཕྲད་ཁྲུས་ཡང་ཡང་བྱས་པས་ཕན་ནོ་སེལ་བྱ་དེས་རྐྱེན་གནོད། །དེ་དག་གདོན་དེ་དག་གྲོལ་བ་སླ་བར་གསུངས་མཆེད་པ་མགྲོན་བྱས་པས་ཆོག །གསད་ཤིན་ཏུ་འགྲེས་ཏེ་བཟུང་བའོ་པའི་བསམ་པས་ཞུགས་པ་ནི། །དཔེར་ན་སྐྱེས་པ་སྟོབས་དང་ལྡན་པ་ཡིས། །གཡག་གཡག་རྒོད་ལ་མདའ་ཡིས་བརྒྱབ་པ་ལྟར། །གྷུ་ཏ་ལྐུགས་པ་ཨ་ཏིའི་ཤིན་ཏུ་ལྐུགས་པ་སྨན་རྣམས་དང་། །དེ་བཞིན་དིག་པ་དེ་འདྲ་དེ་ཤིན་ཏུ་དིག་པ་མཚུངས་འགྱུར། །དེའི་ནད་དང་ཕྱི་ནང་ཁ་དོག་རྣམ་[རྣམས]རིགས་བཅུ་བཞི་པ་རིགས་ཀྱི་རྣམ་གྲངས་རྣམས། །གོང་དུ་གསོ་རུ་རུང་དང་མི་རུང་བའི་ལེའུ་ནས་གསལ་བཤད་པས་ཤེས་པར་བྱ། །ཀླུའི་རྒྱལ་པོའི་ཞུས་ལེན་[ལན]ལས། གྲོལ་བ་དཀའ་སླ་དང་ཞུགས་པའི་མཚན་ཉིད་བསྟན་པའི་རྟོགས་པ་སྟེ་ཉི་ཤུ་རྩ་དགུ་པའོ།། །།
ལེའུ་སུམ་ཅུ་པ། ལས་ཀྱི་རྣམ་སྨིན་བསྟན་པ།
ཀྱེ་ཀླུའི་རྒྱལ་པོས་ཡང་གསོལ་བ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ལུས་ལ་ཞུགས་པའི་གདོན་དེ་ཟིན་པ་ལ། །དཀའ་དང་སླ་བའི་མཚན་ཉིད་ནི། །གྲོལ་བ་རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ལ་ལ་གོ་བྲུད་དང་ཁོ་རྒྱུ་བའི་དུས་སུ་བྲེད་པ་ལ་སོགས་པ་འཕྲལ་གྱི་རྐྱེན་དུ་འདོད། །ཁ་ཅིག་ཚེ་སྔ་མའི་ལས་ལས་གྱུར་པར་གསུངས། །ལས་ལས་གྱུར་པའི་གདོན་དང་ནད། །གདོན་གྱི་རྣམ་གྲངས་འདི་དག་གིས་ཟིན་པ་ཤིན་ཏུ་གྲོལ་བ་དཀའ་འོ་འདི་ལྟར་[ལྟ]སྟེ། །ཀླུ་ནག་པོ་རིགས་བཞི་དང་གདོལ་བ་འི་རིགས་ལྔ། །མན་ཏྲ་ལ་ཞུགས་ན་སྲོག་ལ་འོང་ངོ་རིགས་ལྡན་མགོ་བརྒྱས་བཟུང་བ་དང་། །རྒྱལ་པོ་བརྒྱ་འཇིག་རྟེན་གྱི་ཀླུ་བརྒྱད་དང་བློན་པོའི་རིགས། །དེ་ཡི་ལྕམ་མོ་མཚོ་སྨན་ཀླུ་མོ་བརྒྱད། །ཀ་མ་སྡུགས་རྩུབས་[གདུག་རྩུབ]ཆེ་བ་དུག་གི་མཆེ་བ་ཅན། །རིགས་བཞིས་ཅིག་ལ་བཟུང་ཚང་བ་ན་འགྱུར་ན། །དེ་རྣམས་ལས་ཡིན་ཚེ་རབ་[རབས]ལས་ཀྱི་མཛེ། །གསོ་རུ་མི་རུང་དད་ལྡན་བརྩོན་པས་མི་ཐུབ་གང་ཡང་མེད་ཅེས་ཀྱང་གསུངས་སྤང་བར་བྱ། །ཀླུའི་རྒྱལ་པོའི་ཞུས་ལེན་[ལན]ལས། ལས་ཀྱི་རྣམ་སྨིན་བསྟན་པའི་རྟོགས་པ་སྟེ་སུམ་ཅུ་པའོ།། །།
ལེའུ་སོ་གཅིག་པ། དོན་ལྔ་ལ་ཞུགས་པའི་གདོན་དང་ནད་ཀྱི་མཚན་ཉིད་བསྟན་པ།
དགེ་སློང་ཆེན་པོ་ལ་ཀླུའི་རྒྱལ་པོས་ཡང་གསོལ་བ། །གདོན་རྣམས་གོང་དུ་གསུངས་པ་དེ་དག་གང་ཡིན་ཀྱང་། །ཟིན་པས་འདི་ཚོ་ཡིན་སྤང་བར་བྱ་བ་ནི། །དེ་ཡི་རྣམ་གྲངས་རྟགས་འདི་ལྟའོ། །དེ་ཉིད་ལྔ་ལ་དོན་སྙིང་ལྔ་ལ་ཞུགས་པ་དང་། །འཁོར་ལོ་འདི་རྣམས་ལྔ་ལ་གནས་པའོ། །རྩ་ཐམས་ཅད་ཀྱི་གཙོ་བོ་ཨ་བ་དྷུ་[དྷཱུ]ཏིར་ཞུགས་ནས་ནི། །རྩ་གཉན་འཕར་རྩ་ཀུན་ལ་དག་ལ་ཟིན་འགྱུར་དང་། །ཕྱལ་གྱི་ས་ནི་འཁོར་ལོས་གསུངས་པ་དཀའ་སླ་གཉིས་ཡོད་དོ་ཏེ། །ཚིགས་བཞི་གྲུ་མོ་གཉིས་པུས་མོ་གཉིས་ཏེ་བཞིའོ། །དཀའ་སླ་གཉིས་ཡོད་ཆུ་ཡི་འཁོར་ལོ་འོ། །ལག་མཐིལ་དེ་ལ་དཀའ་སླ་གཉིས་མེ་ཡི་འཁོར་ལོ་འོ། །རྐང་མཐིལ་དེ་ལ་དཀའ་སླ་གཉིས་རླུང་གི་འཁོར་ལོ་རུ་སྟེ། །གསད་པའི་འདི་བརྟག་པ་ཤིན་ཏུ་དཀའ་འོ་གསམ་[བསམ]པས་ཞུགས་འགྱུར་ན། །དེ་ཡང་ཤིན་ཏུ་ཤིན་ཏུ་ཟོག་[གསོ]དཀའ་འོ་དཀའ་བར་གསུངས། །དེ་ཉིད་ཤིན་ཏུ་ཡང་དཀའ་འོ་ལྔ་ལ་ཞུགས་པ་ནི། །དོན་སྙིང་རྣམ་ཤེས་ཀྱི་རྟེན་སྙིང་ཡིན་རྣམ་པ་ལྔ་ཡིན་ཏེ། །སྙིང་རྣམ་ཤེས་ཀྱི་རྟེན་སྙིང་ཡིན་ལ་ཞུགས་པའི་མཚན་ཉིད་ནི། །ཤེས་པ་ཡི་དྭགས་ཡིད་ཀྱི་གཟུགས་ཅན་ཡིན་པས་མི་གསལ་དྲན་པ་ཉམས། །རྟག་ཏུ་སྙིང་ཚ་བ་སྐྱེ་བའོ་འདར་དབུག་[དབུགས]མི་བདེ་ཙེག་[བརྩེགས]པའོ། །རྩ་ཐམས་ཅད་འཕར་རྩ་དག་ནི་འཆི་ཀའི་རྩ་འདྲ་འདར་ལ་སྤུན། །བྱ་སྤུ་རླུང་གིས་པྲིལ་པྲིལ་བ་འོང་སྤྱོད་[བསྐྱོད]པ་འདྲ། །རེས་ལྷག་དང་རེས་མ་ཚང་རེས་སྡོད་པ་གྲངས་མ་ངེས་པ་འབྱུང་། །དེ་རྟགས་ཕྱི་རུ་ཤར་བ་ནི་དབང་པོ་ཕྱི་ཡི་ཡུལ་ལ་འབོག་པ་དང་བརྒྱལ་བའོ། །སྐབས་སུ་དབུགས་འབོག་བརྒྱལ་འོང་དང་འབྲལ་འགྱུར་ཏེ། །ལུས་རྣམས་ཤ་རོ་འོང་བེམ་པོ་སོང་འགྱུར་ནས། །སྙུར་ཆུང་དྲི་མ་དང་བྲལ་འགྱུར་བྱ་ལྤགས་སྤུ་བྱི་བ་འདྲ་བ་ལ་འབོག་པ་དང་བརྒྱལ་བའོ། །དྲག་སྔགས་མན་ཏྲའི་སྦྱོར་བ་བྱས་པ་དང་། །དེ་ནི་འཕྲལ་དུ་བཙན་ཐབས་སུ་འཆི་བས་ཡོང་ངོ་སྲོག་ལ་འབབས[འབབ]།།
གངས་རི་དཀར་གློ་བ་ལ་ལ་ཞུགས་འགྱུར་གདོན་ན། །རྟག་ཏུ་སྟོན་[གདོན]རྒྱུ་[བརྒྱུད]པའི་དུས་སུ་གློ་ཆུང་དག་གིས་འདེགས། །གློ་བགྱེགས་[འདེགས]ན་སྙིང་མི་བདེ་རོས་[རོ]སྟོད་བ་འོང་ན། །དེ་རྟམས་ལུས་པོ་ལ་ཕྱི་རུ་ཤར་བ་ནི། །གངས་རི་གློ་བ་ལ་རྣག་འོང་དཀར་པོ་ཞུ་བའི་རྟགས། །རུས་སྣབ་[སྣབས]ཆུ་སེར་སྣ་རྩེ་ལ་པའི་རྩེ་མོ་སྣའི་ཁྲུང་ཁྲུང་རལ་པ་ལོ་གསུམ་འབྱུང་། །སྣའི་སོབ་སོབ་ནས་རྣག་དང་ཆུ་སེར་ཆུ་སྐྱ་མོ། །དེ་ནས་དུས་དུས་སུ་གནག་[རྣག]འོང་རྟག་ཏུ་སྐབས་སུ་འཛག །དེའི་སྙིང་པོ་ཀྲུང་ཀྲུང་བཟླས་འགྱུར་བས། །ཐུང་བ་དེ་ཉིད་ཚབས་ཆེ་ན་འཇུད་མི་སྡུད་སྡིབ་[ལྡིབ]འགྱུར་ཏེ། །དེ་ཉིད་ཁ་སྣ་ནས་དག་ནས་སྐད་འབྱུང་ངོ་། །དེ་ཡི་སྣ་ཆད་ནང་དུ་རྨ་དག་དང་། །སེར་ཀ་རྨ་ཤོ་རེར་འགྲོ་ལ་སོགས་འབྱུང་བར་འགྱུར། །དེའི་གློ་བ་རུལ་བའི་ནད་ཀྱི་རླངས་པ་རྣམས། །སབ་སོབ་གླད་པ་མན་ཆད་རུལ་དག་ལ་ཤོར་འགྱུར་ཏེ། །གངས་རི་དཀར་པོ་གློ་བ་རུལ་བའི་རྟགས། །ལོ་བཞིའམ་ལྔ་ནས་སྤང་བར་འཆི་བར་འགྱུར།།
མཆིན་པ་ཁྲག་ཞུགས་ན་ཁྲག་ཐམས་ཅད་བསྐྱེད་པར་བྱེད་པའི་གཞི་གི་རྒྱ་མཚོ་སྟེ། །དེ་ལ་མཆིན་པ་ལ་ཞུགས་པའི་རྟགས་བསྟན་པ། །ཕོ་མཆིན་ན་ལོག་གེ་བ་འོང་མི་བདེ་དང་ཀ་འགགས། །མགོ་དང་ཕོ་བའི་རླངས་པས་རོ་སྟོད་ན་ལ་སྐམ། །ནང་ལ་ཟིན་ན་རྟགས་ཕྱི་ནད་རྟགས་ནི་རུ་འབྱུང་བ་ནི། །སྣ་ནས་དང་པོ་ཟླ་བ་རེ་ལ་ཐབས་[ཐེངས]རེ་འོང་སྐབས་སུ་ཁྲག་ངན་འབྱུང་། །རྒྱ་ཁྲག་དང་ཆུ་སེར་མཚོ་ཆེན་པོའི་ལུད་པ་ཡིན། །ཆུ་བྲན་ཐམས་ཅད་ཆུ་སེར་སེར་པོ་རྒྱས་ནས་གཡོས་པ་ཡིན། །བ་སྤུ་ནགས་དང་རྩི་ཤིང་སྨིན་ནས་འགྲུལ་[འདྲུལ]བ་ཡིན། །དེ་ཉིད་ནུས་པ་ཁྲག་དངས་མ་ཤོར་བ་ཡིན། །དབང་པོའི་མིག་གི་རྒྱལ་མོ་དངས་མ་ཉམས་པས་ཏེ། །སྟོན་ཀའི་མེ་ཏོག་ཟར་མའི་མེ་ཏོག་སད་ཀྱིས་ཁྱེར་བ་འདྲ་རྙིང་པ་འདྲ། །དུར་བ་རྒྱ་གར་གྱི་འཇག་མའི་འབྲས་བུ་སྦོ་མོ་དཀར་པོའི་འབྲས་བུ་ལྟར། །དེའི་མིག་དེ་ཡི་མདངས་དང་ཁ་དོག་འཆོར། །དེ་ཡི་ཁྲག་དང་ཆུ་སེར་འཛག་ནད་གཞི་སྨིན་པས་ནི། །སྨ་[རྨ]དང་ཐོར་ཅན་བཞིན་བྱད་ལ་ཤུ་བ་འོང་ལས་འབྱུང་། །དེ་ནི་མཆིན་པ་རུལ་ནས་འཆི་ལོ་གཉིས་དག་ན་འཆི།།
མཁལ་མ་འདི་ཡང་ཤིན་ཏུ་དཀའ་བ་ཡིན་དག་ལ་ཞུགས་པ་ནི། །སྐྱེས་པ་བུད་མེད་ལ་བག་ཙམ་དྲག་ཕོ་ཡི་སྲོག་ཡིན་ཏེ། །མཁལ་མས་[མར]ཞུགས་པའི་རྟགས་ཤ་རོ་འོང་སྐྱེད་[སྐེད]ན་ཞིང་བེམ་པ་འགྱུར། །བླ་[བརླ]དང་དཔྱི་མིག་གཟེར་ཞིང་གཞོག་[གཞོགས]བཤལ་རྐང་པ་འདྲུད་ན། །ཆུ་སོ་ན་ལ་འབྲས་བུ་ཕོ་མཚན་སྐྲངས། །ཆུ་ཡང་རྟག་ཏུ་སྲི་འགྱུར་ལ་ཀུ་ལ་མ་མི་ཡོང་རེས་ཁྲག་ཏུ་ཡོང་ངོ་ལ། །ལྡོང་[ལྡང]མི་ནུས་དབང་པོའི་ནུས་པ་ཤོར་བ་འབྱུང་། །ཁུ་བ་བུ་མི་འོང་དྲང་ཞིང་གཅིག་གྱི་གསེབ་ཏུ་འཛག་པ་དང་། །དེ་རྟགས་ཕྱི་རུ་ཤར་བ་ལུས་ལ་ནི། །རྣ་བ་ན་བ་དང་མི་བདེ་འོན་ནས་ན་པ་དང་། །དེ་ཉིད་རྣ་བའི་ཐར་ཐོར་དག་ལ་ཤ་རོ་འབྱུང་། །མཁལ་རྩ་ཐམས་ཅད་སྦྲིད་(ལ་)བེར་བ་ལྡང་རྐང་པ་གཉིས། །གཞོག་ [གཞོགས]ཕྱེད་སྐྱེས་པའི་གཡས་དཀའ། བུད་མེད་ཀྱི་གཡོན་དཀའ་དག་ལ་ཤ་རོ་འབྱུང་། །དེ་བཞིན་དྲོད་འཆོར་བ་ཡིན་མཁལ་མ་གྲང་བ་དང་། །དེ་ཡང་རྩ་ཞེན་ཅིང་གྲང་སིལ་སིལ་བྱེད་པ་རྩ་རྣམས་ཐམས་ཅད་དུ། །ཆུ་སེར་ཁྲག་རུལ་བ་ནག་པོ་རྒྱས་པ་ཡིན། །གྲང་དང་གྲང་སིལ་གྲང་འཛག་དང་། །ཤ་ལ་ཤའི་དང་གྲང་སེལ་[སིལ]པགས་པའི་བར་དུ་གྲང་སྤུན་སྟེང་དུ་ནོ་རྩ་ཞན་ནས་འོང་བ་ཡིན། །རྩ་ནད་ཀྱི་རླངས་ཁྲག་རྣམས་ཐམས་ཅད་ཞོམ་འགྱུར་ཏེ། །གཞོག་[གཞོགས]ཕྱེད་ལུས་པོ་ལ་སྐམ་དང་ཤ་རོ་འབྱུང་། །རྐང་མར་པའི་བཅུད་ལྟ་བ་དང་གཟུངས་ཁྱེར་བས། །དེའི་མདངས་དང་གཞུངས་པའི་དངས་མ་ཞུ་བས་སེན་མོའི་ཁ་དོག་འཆོར། །རྐང་མཐིལ་ཆུས་བཙོས་པ་ལྟར་རམ་རྟ་རུ་བཙོས་པ་ལྟར་སྐྱ་བོར་སོང་བ་ནི། །ཆུ་ཁྲག་གི་དངས་མ་རུལ་བ་སེར་ནག་པོ་རྒྱས་པས་ཏེ། །བསེ་འབྲུམ་མཐེབ་བོང་ཙམ་སྨུག་པོ་རྐང་ལག་བཞི་ལ་འབྱུང་བའི་རྟགས། །བསེ་འབྲས་མཁལ་མ་རུས་པ་དེ་རྣམས་རྣག་ཏུ་འགྲོ་སྨུག་པོ་སྨིན་པ་དང་། །ལོ་གསུམ་དག་ནས་འཕོ་བར་འཆི་བར་འགྱུར།།
མཆེར་པ་ནང་ཁྲོལ་མཉེ་[གཉེ]མ་དག་ལ་ནི། །ཞུགས་པའི་མཚན་ཉིད་འདི་ལྟ་སྟེ། །ལྗི་[ལྕི]ཞིང་ཕོ་བ་གྲང་བ་དང་། །ལོང་དང་གཉེ་མ་ནང་ཁྲུལ་ཁྲུལ་བྱེད་ཁོལ་ཞིང་ན། །སྐབས་སུ་རེས་སེར་པོ་རེས་བེ་སྣབས་ཁ་དོག་འགྱུར་ཞིང་འཁྲུ། །ལུས་པོ་ལ་དེ་རྟགས་ཕྱི་རུ་ཤར་བ་ནི། །ཉིན་མཚན་མེད་པར་ཁ་སྣ་རྟག་ཏུ་སྐམ་འགྱུར་ཏེ། །དེ་ཡི་ནད་ཀྱི་རླངས་པ་མཚེར་པ་ཡིས། །སྣ་འུག་[བུག]གི་ནང་ན་སྣ་འཆེར་འགྲོ་སབ་སོབ་སྐྲངས་འགྱུར་ཏེ། །དེ་བཞིན་དབུགས་ཀྱང་མི་ཐོན་པར་འགགས་པར་འགྱུར། །ལྕེ་ཡི་མདོག་བཙོད་ལྟར་དུ་ཀྱང་ཤོར་བ་འབྱུང་། །སོ་རྩི་ལ་སོགས་མི་ཆགས་ཉམས་པ་འབྱུང་། །ལྷ་བའི་ཆུ་སེར་ནག་པོ་རྒྱས་པསཕྱིར་ཐོན་པས། །སོ་དང་སེན་མོའི་སྐྱ་དུང་དུང་བ་མདོག་ཀྱང་འགྱུར། །དཀར་དང་དེ་བཞིན་སོ་དང་སེན་མོའི་སེར་བར་འགྱུར། །དེ་ཡི་མཚེར་པ་དང་ནས་[ནང]གྲོལ་གྱི་ནད་ཀྱི་རླངས་པ་རྣམས། །མགྲིན་པ་གྲེ་བ་ལ་དག་ལ་འབབ་འགྱུར་ཏེ། །ཁྱི་བྱི་གྲེ་བ་ཙི་ཙི་ཟེར་བ་ལྟ་བུའི་སྐད་འབྱིན་ན། །ལོ་གཉིས་དག་ནས་འཆི་བ་འཁྱམ་པར་འགྱུར་རོ། །དོན་སྙིང་ལྔ་ལ་ཞུགས་པའི་གདོན་དང་། །ནད་ཀྱི་མཚན་ཉིད་བསྟན་པའི་རྟོགས་པ་སྟེ་སུམ་ཅུ་སོ་གཅིག་པའོ།། །།
ལེའུ་སོ་གཉིས་པ། ཀླུ་གདོན་གྱིས་བཟུང་བའི་བཅོས་ཐབས་བསྟན་པ།
ཀླུའི་རྒྱལ་པོས་དགེ་སློང་ལ་ཡང་གསོལ་བ། །ཀྱེ་དགེ་སློང་ཆེན་པོ་ལགས། །ས་འོག་མི་ཡི་ལུས་ལ་ཀླུ་ཡིས་བཟུང་བ་ཡི། །ནད་དང་སེམས་ཅན་གདོན་གྱིས་ཉན་[ཉེན]པ་ལ། །གདུག་པའི་ནད་ལས་གྲོལ་བར་བྱ་བའི་ཐབས་དག་ནི། །རྐྱལ་ཀ་གདོན་འམ་ཀུ་རེས་གནོད་པའམ། །བྱམས་དང་སྙིང་རྗེ་བཟླས་པ་མི་བྱ་རིམ་གྲོ་བྱ། གདོན་དེ་ཕ་མ་ལྟ་བུར་བསྒོམ་པས་ཕ་མས་བུ་ལ་གནོད་པ་མི་བྱེད་པ་དང་འདྲ་སླའོ་གཏང་སྙོམ་[བཏང་སྙོམས]བསྒོམ། །ཞི་བས་མཆོད་ཅིང་ཀླུ་སྒྲུབ་དང་། །ཀླུ་རིན་པོ་ཆེའི་གཏེར་ལ་སོགས་གཞུག་པར་བྱ། །མི་གཙང་རོ་བག་གམ་ནལ་བྱས་པའི་བུད་མེད་ཁྲག་ཅན་གདོན་དང་ཕྲད་པ་ལས་འགྱུར་བའོ་མནོལ་གྱིས་ཕོག་པ་ལ། །ཁྲུས་དང་གསོལ་བའི་ཆོ་ག་བྱ། །བྱད་ལས་གྲོལ་སྔགས་ཀྱིས་ཐོན་ནས་བ་ལ་སོགས་རྣམས། །ཡང་ཟླ་སྟོད་ལ་ལན་བདུན་བྱས་ན་ནས་ཡང་དུ་བྱས་འགྱུར་ན། །དེས་གྲལ་[གྲོལ]ལོ་གྲོལ་བར་འགྱུར་ཏེ་ཐེ་ཙོམ་མེད། །དེ་རྗེས་ཞི་བས་རྩ་སྔགས་ལ་ནན་ཏི་གུ་རུ་བཟླས་སོ་མན་ཏྲ་བཟླས། །མདངས་རྨ་བྱའི་སྒྲོ་བདུན་སྨྱག་ཤད་དང་བལ་པོ་སེའུས་བྱབ་བོ་ལྡན་རྫས་ཀྱིས་དུག་ཕྱུང་ལ། །རྟོན་པའི་ནད་ལ་གཟུགས་ལ་ཕབ་འགྱུར་ན། །གང་གནོད་ཕྱོགས་སུ་བསྐྱལ་བ་ན། །དེས་ཀྱང་ཡང་དང་ཡང་དུ་བྱའོ་གདོན་ལས་གྲོལ་བར་འགྱུར། །རིན་ཆེན་དེས་མ་ཕན་ན་ཁམ་པ་[ཁམས]ལ་རྒྱལ་པོ་བློན་པོ་བཙུན་མོ་ལ་སོགས་པ་བྱས་ལ་ལྔ་ལས་བྱས་པ་ཡི། །རིན་ཆེན་སྣ་བདུན་རྟེན་ཡོད་ན་དེར་བསྐྱལ་ལོ་གཟུགས་དག་དང་། །རིན་ཆེན་འབྲུ་སྣ་ལྔ་དང་སྙིང་པོ་ལྔ། །མངར་གསུམ་ཀླུ་སྨན་དར་སྣ་ལྔ། །ཀླུ་སྨན་བླུགས་ཏེ་རྒྱན་གྱིས་བརྒྱན་ཀླུའི་གཟུགས་ལྔ། །སྔགས་དང་ཏིང་ངེ་འཛིན་བྱིན་རླབས་དང་། །རྟེན་པའི་ཀླུའི་གནས་སུ་སྦས་འགྱུར་ན། །དེས་རྟེན་ཅི་ལྟ་བས་ཟིན་ཀྱང་གྲོལ་ལོ་ཀྱང་ཞི་བར་འགྱུར་བ་ཡིན། །གསད་པའི་བསམ་པས་[པ]ལ། ཞི་བས་ཕན་པར་མི་འགྱུར་ཏེ་སྦྱོར་བ་དངོས་གཞི་བསམ་པ་ནག་པོ། དེ་གསུམ་ཚང་ནས་མཆེད་གྲོགས་ཀྱིས་ཀྱང་ཕན་པར་མི་འགྱུར་ཏེ། །བདེར་གཤེགས་རྒྱུད་ལས་བཀའ་ལས་གསུངས་པ་ཡི། །བསྙེན་བསྒྲུབ་གསང་སྔགས་དང་ལས་སྦྱོར་ཇི་སྙེད་དང་ཡན་ཏྲ་རྟེན་འབྲེལ་རྫས་ཐུན་མོང་མན་ཏྲའི་སྦྱོར་བ་རྣམས། །ཏན་ཁྱད་པར་གཟུངས་བྱའོ་ཏྲའི་བཀའ་ལས་ཤེས་པར་བྱ། །བདག་གིས་གསང་སྔགས་ཀྱིས་བྱིན་རླབས་བརྗོད་པར་མི་ནུས་པས། །དེ་དག་འདིེར་ནི་མན་ཏྲའི་སྦྱོར་བ་མ་བསྟན་ཏོ། །ཞུགས་པའི་མཚན་ཉིད་ལས་བཅོས་པའི་ཐབས་བསྟན་པའི་རྟོགས་པ། གསད་པའི་སེམས་ཀྱིས་ཞུགས་པ་ལ། མན་ཏྲ་དང་ཡན་ཏྲའི་སྦྱོར་བའི་དགོངས་པ་བསྟན་པའི་རྟོགས་པ་སྟེ་སུམ་ཅུ་སོ་གཉིས་པའོ།། །།
ལེའུ་སོ་གསུམ་པ། སྡེ་བརྒྱད་བསྡོངས་པ་ངོས་བཟུང་བའི་ཐབས་བསྟན་པ།
ཀླུའི་རྒྱལ་པོས་ཡང་གསོལ་བ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ས་སྟེང་མི་ཡི་ལྷོའི་འཛམ་བུ་གླིང་ན་འཇིག་རྟེན་ན། །ས་འོག་ལུས་ཅན་རྣམས་ལ་ཀླུ་ཡིས་བཟུང་བ་ཡི། །ཀླུའི་སྤྲུལ་པ་སྣ་ཚོགས་བསམ་མི་འཁྱབ[ཁྱབ]། །རང་གི་ཀླུ་ཉིད་གནས་ལས་མ་གཡོས་པར། །སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་དག་དང་སྡོང་། །ཀླུ་དང་ཡུལ་ལྷར་བསྡོངས་ལ་[པ]ཡིན་སྡོངས་འགྱུར་ནས། །བཙད་པོ་རྗེའམ་དཔོན་ཡུལ་གྱི་མི་ཅན་གཙོ་བོ་དང་། །ཞང་བློན་ཡུལ་དེ་ཡི་རྗེ་རིགས། ཤི་བ་དང་མ་ཤི་བ་ནམ་ཕ་ཁུ་རྒན་རབ་[རབས]ཀྱིས། །གཤེད་པ་འདྲེན་པ་གོ་ཆ་ཅན་བཀའ་ཆད་གཅོད་པ་རྨི། །ཀླུ་དང་གཤིན་རྗེར་བྱད་དང་སྦོད་སྟོང་[རྦོད་གཏོང]དུ་སྡོངས་འགྱུར་ནས། །མོན་པ་མཐའི་རྒྱ་གར་མི་ལ་སོགས་པ་ཀླ་ཀློ་ཨ་ཙ་ར། །དམག་འདྲེན་པ་གོ་ཆ་ཅན་དང་ཞུབ་ཅན་མཚོན་ཐོགས་ཀྱིས། །རྟག་ཏུ་སྡིགས་སུ་འོངས་པ་བདག་ལ་འཚེ་བ་རྨི། །ཀླུ་དང་རྒྱལ་པོ་ཤར་ཕྱོགས་ནས་སྡོངས་འགྱུར་ན། །ལྷ་ཁང་ཧྲུལ་པོ་རོལ་མོ་འབག་གར་བྱེད་པ་སོགས་དང་། །དེ་བཞིན་མཆོད་པའི་ཁང་པ་རྨི་ལྷ་ཁང་སེང་གེ་དང་། །རྨེ་ཆེར་ཀོང་ཅན་སྤྲེའུ་ཁྱི་དཀར་རྨི། །ཀླུ་དང་རྒྱབ་བདུད་ཡོད་ན་བདུད་དུ་སྡོངས་འགྱུར་ནས། །གཡག་རོག་པོ་དང་བྱ་ནག་ཁྱི་ནག་དང་། །མི་ནག་རྟ་ནག་རྟིང་དཀར་ཞོན་པ་དང་། །གོས་ནག་རང་གི་ལུས་ལས་[ལ]གོན་པ་དང་། །བུང་བ་སྦྲང་བོ་ཆེ་མི་རལ་པ་ཅན་ཤ་འཚོད་པ་སྨི་[རྨི]ཟངས་གུ་གོན་པ་རྨི། །
ཀླུ་དང་བཙན་གདོན་དུ་སྡོངས་འགྱུར་ན། །བྲག་དམར་འཛེག་དང་མིས་སྐུར་བ་གཡང་དུ་ལྷུང་། །རྟ་པ་མི་རིང་དམར་པོ་དམར་པོ་མདུང་ལག་ན་ཐོགས་ཀྱིས། །རྟག་ཏུ་བདག་ལ་ཁྱེར་བ་དང་རྡེགས་པ་ལ་སོགས་པ་འཚེ་བ་དང་། །བྱ་དམར་མཚལ་བུ་འུག་པ་གླ་བ་རི་དྭགས་རྨི། །ཀླུ་དང་མ་མོར་མ་མོའི་རྟགས་སྡོངས་འགྱུར་ན། །བྲག་ནག་ནང་འདུག་ན་སྨུག་གོས་ནག་གོན། །རྟག་ཏུ་བུད་མེད་དམུག་མོ་དང་དམར་མོས་མང་པོས་བསྐོར། །དེ་དང་བུད་མེད་འགྲོག་[འགྲོགས]ཤིང་འདོད་པ་ཆགས་པ་སྤྱོད། །རྒྱ་མཚོ་དང་ཆུ་རླུང་རྨི་བ་འབབ་ཆུ་འོང་། །ཀླུ་དང་གནོད་སྦྱིན་སྡོངས་འགྱུར་ན། །རི་བྲག་ངམ་ནག་པ་ལྷུང་འདོད་པ་དང་གཡང་སར་འཛེགས་པ་དང་། །མུན་པ་ས་སྲོས་པ་ཡུལ་ཁྱེར་བ་འོང་རླུང་མར་སེར་བ་དང་། །རང་ཆུས་ཁྱེར་ཁང་སྟོང་ཅིག་པུར་ཉལ་བ་རྨི། །ཀླུ་དང་འདི་ཀུན་ལ་གནོད་དོ་བེ་ཀར་སྡོངས་འགྱུར་ན། །བུ་ཆུང་བྱིས་སྦ་[པ]སྐྱ་བཤར་ལོངས་སྤྲང་མུ་ལྟོ་བ་དང་། །ཆོས་འཆོད་[འཆད]པ་བཙུན་པ་བན་དྷེ་མཆོད་ཆ་གྲགས་པ་དང་དང་། །སྐྱ་བཤར་འོད་དང་ཆོས་འཆད་རྨི་ཐིག་པ་འདི་སྐད་དོ་ཞེས་ཟེར། །དེ་རྣམས་དེས་ཀར་ཀླུ་དང་དྲི་མོ་ཚུན་ཆད་སྡོངས་པ་ཡིན་སྡོངས་པར་མཁས་པས་བརྟགས། །སྡེ་བརྒྱད་བསྡོངས་པ་ངོས་བཟུང་བའི་ཐབས་བསྟན་པའི་རྟོགས་པ་སྟེ་སུམ་ཅུ་སོ་གསུམ་པའོ།། །།
ལེའུ་སོ་བཞི་པ། སྡེ་བརྒྱད་བསྡོངས་པ་དབྱེ་བའི་ཐབས་བསྟན་པ།
ཀླུའི་རྒྱལ་པོས་ཡང་གསོལ་བ། དེ་དག་གནོད་པའི་རྒྱབ་ཡིན་ཏེ། །དེ་རྣམས་སྡོངས་པ་དོན་དེ་དབྱེ་བའི་ཕྱིར། །ཅི་ལྟར་དུ་རྟོགས་པ་འགྲོ་བ་རིགས་དྲུག་ལ། །ཟས་ལྷ་ལ་ཡང་རོ་ལ་ཆགས་པ་ཡོད་པས་ཀྱི་འདོད་འདྲེ་ཡོད་པའི་ཕྱིར། །ཞི་བས་མཆོད་པར་བྱས་ལ་བཅོས་པ་ཤིན་ཏུ་གཅེས། །ཀླུ་དང་ཡུལ་ལྷ་དག་དང་བསྡོངས་འགྱུར་ན། །འབྲས་ལུག་འབྲང་རྒྱས་ཆང་གིས་སུ། །དེ་ཡུལ་གྱི་ལྷ་ཀླུ་ཀུན་མཆོད་པ་ནི་ཤིན་ཏུ་གཅེས། །གཤིན་རྗེ་གནོད་དགུག་དང་གསད་པ་ན་འཁྲུལ་འཁོར་གྱིས། །འཁོར་ལོ་བྱད་ལས་སྒྲོལ་བ་ཤིན་ཏུ་འབྱེད་འགྲོལ་གྱིས་གཅེས། །རྒྱལ་པོ་དག་ད་དབྲལ་བ་ནི། །དེ་ཡི་སྲོག་བདག་གི་མདོ་དང་བསྐར་ཐབས་བྱ། །ཡང་ན་རྒྱལ་པོ་རང་གི་སྲོག་གི་འཁོར་ལོ་བསྐོར། །བདུད་བདུད་བཅོས་པ་བྱ་ལ་མདའ་ནག་བཤོས་ནག་དང་། །དེ་བཞིན་ཡང་ཡང་དུ་བྱ་དེ་ཡི་མདོས་གྱུད་ཀྱིས། །དེ་དཀར་བའི་དགའ་བ་ཕུང་བདས[མདོས]བྱའོ་ལ་ནད་དེ་ལས་སྒྲོལ་བར་ཤེས་པར་བྱ། །བཙན་ལ་མདོས་བྱ་ཡང་ནི་དེ་བཞིན་འགྲེ། །མ་མོ་གནོད་ན་ཤ་ཁྲག་གི་གཏོར་མ། །གཏོར་མ་བྱིན་ལ་བདེན་པ་བདར། །ཤིན་ཏུ་གནོད་ན་སྤྱི་མདོས་བྱ་པ་ཅ་རུ་པ་རུ་བྱ། །གནོད་སྦྱིན་གཟུགས་མང་པོ་ལ་ནི་གཟུངས་གདོན་ཏེ། །དེ་ལ་ཆོ་ག་རྫོགས་པར་བྱ། །དཔེར་ཀར་ལ་ནི་གནན་པས་ཏེ་ཡང་ནས་ཡང་དུ་གནན་ནོ། །དུང་དང་ཕ་བང་ལོང་བུ་རྡོ་ཕ་བོང་ལོང་བུ་དང་། །སྙིང་པོ་དར་དཀར་གཟུགས་དག་ལ་བྲི། །དེ་དྲིལ་འཁོར་ལོ་ཕྱི་བའི་ཐོད་པར་གཞུག །ལྷ་ཁང་བསྒྲུབ་དཔེ་ཀར་དེ་ཁང་ཐེམ་འོག་གནན། །བསྡོངས་ན་དབྱེ་བའི་ཐབས་བསྟན་པའི་རྟོགས་པ་སྟེ་སུམ་ཅུ་སོ་བཞི་པའོ།། །།
ལེའུ་སོ་ལྔ་པ། ཀླུའི་རྒྱལ་པོ་འཇོག་པོ་ལ་ཡང་དག་པར་བསྟོད་པ།
ཀླུའི་རྒྱལ་པོ་ཏག་ཤ་ཀའི་མངོན་པར་རྟོགས་པ་ལས། གདོན་དང་ནད་ཀྱི་མཚན་ཉིད་གསོ་རུ་རུང་བ་དང་མི་རུང་བ་དང་། ས་བདག་ཀླུ་གཉན་དང་སྡེ་བརྒྱད་གདོན་གྱི་རྣམ་གྲངས་དང་བསྡོངས་དབྱེ་བ་དང་། དང་པོར་ཞི་བར་བྱ་བ་དང་ཞུགས་པའི་མཚན་ཉིད་བསྟན་པ་ལས། དགེ་སློང་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་ཡིད་[ཡི]རང་སྟེ། ཀླུའི་རྒྱལ་པོ་འཇོག་པོ་ལ་ཡང་དག་པར་ཀླུ་རྟགས་པའི་ཐབས་བསྟོད་པའི་རྟོགས་པ་སྟེ་སུམ་ཅུ་སོ་ལྔ་པའོ།། །།
ཀླུའི་རྒྱལ་པོ་ཏག་ཤའི་ལྷོ་ཕྱོགས་བེ་ཏའི་ཚལ་དུ་སྐུ་འཁྲུངས། ཀླུ་སྒྲུབ་སྙིང་པོ་ཡིས་ཀླུའི་རྒྱལ་པོ་འཇོག་པོ་ལ་རང་མཚངས་[མཚང]བྲུས་པའི་རྟོགས་པའོ་མངོན་པར་རྟོགས་པ་ཕྱོགས་ཅིག་མ། བརྟག་པ་དུག་མཚོ་རྫོགས་སོ། །བྱང་ཆུབ་སེམས་དཔའ་ལ་མངོན་པར་བརྗོད་པའོ། །རྒྱུད་ལེའུ་སུམ་ཅུ་སོ་ལྔ་པའོ། །གྲུ་གོ་ཆའི་ལུགས་སོ་འདི་མ་ལ་སྐྱ་བྱ།
མངོན་རྟོགས་ཕྱོགས་གཉིས་པ། བརྟག་པ་དུག་མཚོ།
ཀླུའི་མངོན་པར་རྟོགས་པ་རྟོག་པ་གཉིས་པ་འདི་ནི། ཡེ་ཤེས་སྤྱན་གྱིས་ལྟ་བ། དྲིས་ཏེ་ཡར་ལ་ལྟ་བ། ཟིན་པས་མར་ལ་ལྟ་བ། ཐད་ཀར་པུས་[ལུས]ལ་ལྟ་བ། ཏིང་ངེ་འཛིན་སྔགས་ཀྱིས་ལྟ་བའོ། །དུས་གསུམ་དང་སྦྱར་ལ་བརྟགས་པ་སྟེ། ཤིན་ཏུ་དོན་ལ་བརྟག་པ་འདི་གལ་ཆེ། འདི་ཆེན་མོའི་འཕྲོས་ཡིན།
ལེའུ་དང་པོ། ཞུས་པ།
རྒྱ་གར་སྐད་དུ། ཙི་ཏི་ཛྭ་ལ་ཡག་ཤ་ན་སྲད་ཉ་ཙག་ཀྵུ་རག་ཀྴ་ན་མ། བོད་སྐད་དུ། མཛེ་ནད་ཀྱི་མཚན་ཉིད་ཤེས་རབ་སྤྱན་གྱིས་བལྟས་ཏེ་བསྲུང་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་དགེ་སློང་ཆེན་པོ་ཡིས། །ཀླུའི་རྒྱལ་པོ་ཏག་ཤ་ཀ་ལ་ཞུས་པ། ཀྱེ་ཀྱེ་ཀླུ་ཡི་བདག་པོ་ལགས། །ས་སྟེང་འགྲོ་བའི་མི་རྣམས་ལ། །གོང་དུ་བསྟན་པའི་ས་འོག་གདོན་གནོད་དེ་དག་ལ། །བདག་གིས་གསོ་དང་བསྲུང་བ་ཡི། །དོན་དུ་ཞུགས་པ་རྟོགས་འཚལ་བས། །ཅི་ལྟར་བལྟས་ཏེ་གསོ་བསྲུང་བྱ། །མི་ལ་གནོད་ལྟས་འབྱུང་བ་སྟེ། །ཤེས་རབ་མིག་གིས་ཅི་ལྟར་བལྟ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཀླུའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པའི་རྟོགས་པ་སྟེ་ལེའུ་དང་པོ་འོ།། །།
ལེའུ་གཉིས་པ། དུས་གསུམ་ལ་ལྟ་བ།
ཀྱེ་དགེ་སློང་ཆེན་པོ་ཡང་གསོན་ཅིག །སེམས་ཅན་འགྲོ་བའི་མི་རྣམས་ལ། །ས་འོག་གདོན་གྱིས་བཟུང་བ་ལ། །ཞུས་ལེན་[ལན]ཆེན་པོ་རུ་རྟགས་རྣམས་འབྱུང་བ་སྔར་བཤད་དེ། །རྟགས་དེ་ཤེས་རབ་སྤྱན་གྱིས་ནི། །ལྟ་བ་རྣམ་པ་གསུམ་ཡིན་ནོ། །ཤེས་རབ་སྤྱན་དང་ལྡན་པ་ནི། །སྔར་འདས་པའི་དུས་དང་མ་འོང་ཕྱིར་དང་། །ད་ལྟ་བ་དང་གསུམ་དུ་བལྟ། །སྔ་མར་བལྟས་མི་ཚོར་བར་བཤད་པའི་དགོངས་པ་ནི། །ཟིན་པའི་དུས་ཀྱི་ལྟས་བལྟ་སྟེ། །ཟིན་ནས་ལོ་ནི་བཅུ་གཉིས་ནས། །གསོ་དང་བསྲུང་བ་དོན་མེད་དུས་འདིར་ལུས་པ། ལོ་མངས་ན་འགྱུར། །མ་འོངས་པ་ལ་ལྟ་བ་ནི། །ཞུགས་པའི་ཤེས་རབ་སྤྱན་དང་ལྡན་པ་ཡིས་གནས་དང་རྟགས་བལྟས་པས། །གསོ་བ་དཀར་སླ་རྟོགས་པ་དང་། །མ་འོངས་པ་ཡི་དུས་དག་ཏུ། །རྟགས་ནི་འདི་ལྟར་འབྱུང་བ་ཤེས། །ད་ལྟར་[ལྟ]བ་ལ་ལྟ་བ་ནི། །ལུས་ལ་བཞུགས་[ཞུགས]པའི་གནས་ནི་གང་ནས་ཞུགས་ལྟ་བ། ནད་དེའི་གདོན་རིགས་ནི་གང་གིས་བྱེད། །དེ་ལ་གསོ་ཐབས་གཤིས་པ་ནི། །རྟགས་དེ་སྤྱད་[སྤྱན]ལྡན་ཉིད་ཀྱིས་གསོ། །ཤེས་རབ་སྤྱན་དང་ལྡན་པས་ནི། །དུས་གསུམ་གསུམ་ལ་ལྟ་བའི་རྟོགས་པ་སྟེ་གཉིས་པའོ།། །།
ལེའུ་གསུམ་པ། དུས་སྔ་མ་ལ་ཟིན་དུས་བརྟག་པ།
དགེ་སློང་ཆེན་པོ་ཡང་གསོན་ཅིག །སེམས་ཅན་ནད་ཀྱིས་ཉེན་པ་རྣམས། །སྡུག་བསྔལ་གསལ་[བསལ]ཕྱིར་ངས་བཤད་དོ། །ཤེས་རབ་སྤྱན་དང་ལྡན་པ་ཡིས། །འགྲོ་དོན་བརྩོན་པའི་རྣལ་འབྱོར་བས། །རྟགས་ཀྱིས་བསྟན་པ་འདི་ལྟར་[ལྟ]སྟེ། །འགྲོ་བ་དུག་ཟིན་དེ་ལ་ནི། །དྲིས་ཏེ་བདག་གིས་རིགས་མཐུན་བརྟག་རྒྱལ་རིགས་ཀྱིས་ཟིན་པའི་རྟགས་གཅིག་ཡིད་ཆེས་པས་དེ་མེན་[མིན]ཡང་རྟོགས་སོ། །རྒྱལ་རིགས་ཟིན་པའི་རྟགས་གཅིག་ཡོད་པ་དེ་དེ་མེན་[མིན]པ་ལ་ཡོང་འོང་། སྨྲས་པས་ཤེས་པར། དེ་ཡང་ད་ལྟར་བརྟག་པ་དང་། དཀའ་སླ་དུས་དྲུག་ཤེས་པར་འགྱུར། །ས་གདོན་རྒྱལ་པོའི་རྟགས་བྱུང་ན། །སྙིང་མི་དགའ་ནས་ལོ་ཅིག་ལོན། །རྩ་འཁྲུག་ཤ་བེར་ཤུ་བ་དང་ཐོར་པ་ལ་སོགས་འབྱུང་ངོ་ལོ་གཉིས་ལོན། །ས་བདག་སྟོད་ཀྱི་རྟགས་བྱུང་ན་བྱད་སྐྲངས་པ་དང་། ཤ་མདོག་འགྱུར་བ་དང་མེ་དབལ་ལ་སོགས་པ་ཡོང་ངོ་། །སྟོད་ཀྱི་གཉགས་གོང་ལྟར་དུ། །རྨི་ལམ་བྱུང་ནས་ལོ་གསུམ་ལོན། །སྟོད་ཀྱི་ནད་རྟགས་བྱུང་ནས་ལོ་བཞིའོ། །ཕ་ནི་བདུད་ལ་མ་ནི་ཀླུ། །ཀླུ་སྲིན་ཚོས་པའི་རྟགས་རིགས་ཀྱིས་སུའང་བ་ཡིན་བྱུང་ན། །ལོ་ལྔ་ལོན་པའི་རྟགས་ཉ་རྒངས་[ཉྭ་སྒང]དང་ཆུ་སྒངས་[སྒང]ལ་སོགས་པ་འོང་བ་ཡིན་སུ་བྱེད། །ཕ་ནི་བྲག་སྐྱེས་མ་ནི་ཀླུ། །ཀླུ་བཙན་སྔོན་པོའི་རྐང་ལག་སྐྲང་མདོག་སྔོ་དམིག་[མིག]སླེ་བ་ལ་སོགས་པ་འབྱུང་རྟགས་བྱུང་ན། །ལུས་ལ་ལོ་དྲུག་ལོན་ཏེ་ཟུག་གཟེར་ཆེ། །དེ་ནས་རྨོངས་[དམངས]རིགས་ཁ་དོག་གནག་པ་ཤ་མཚན་ནག་པོས་བཀང་བ་འབྱུང་ངོ་རྟགས་བྱུང་ན། །ལོ་བདུན་ལོན་ཏེ་བརྩོན་འགྲུས་བསྐྱེད། །དེ་ནས་བྲམ་ཟེའི་རྟགས་བྱུང་སྟེ་ཉ་སྦྲུལ་སྦལ་པ་ལ་སོགས་རྨི་བ་འོང་། །ལོ་བརྒྱད་ལོན་པར་ཤེས་པར་བྱ། །དེ་ནས་རྗེས་[རྗེ]རིགས་ཉ་སྦྲུལ་སྦལ་པ་ནག་པོ་སྨི་བ་འོང་རྟགས་བྱུང་ན། །ལོ་དགུ་ལོན་པར་ཤེས་པར་བྱ། །དེ་ནས་གདོལ་བའི་རྟགས་ལྡན་ན། །ལོ་བཅུ་ལོན་པར་ཤེས་པར་བྱ། །རྒྱལ་པོ་ར་ཙའི་རྟགས་ལྡན་ན། །བཅུ་གཅིག་ལོན་ཏེ་རབ་ཏུ་དཀའ། །དེ་ནི་རིམ་གྱིས་འཛིན་པའི་ལྟས། །ཀླུ་བདུད་ཤིན་ཏུ་འཁྲོས་པ་ནི། །རྟགས་མེད་ཐུགས་ཀྱིས་འོང་བར་འགྱུར། །དེ་ལ་སྙུར་ཏེ་འབད་ལག་སྟོད་ལ་འབད་རྩོལ་བྱའོ་རྩོལ་བྱ། །མདོ་ལ་མ་གློག་ཤིན་ཏུ་དཀའ། །ས་བདག་གཉན་སོགས་འཕྲ་མོ་དག །མ་ཞེན་གདོན་ལ་ཤིན་ཏུ་སླ། །ཞེན་པ་གསད་པ་བཀའ་[དཀའ]ཐུབ་ཆེ། །དེ་བས་བརྟག་པ་རབ་ཏུ་གཅེས། །དུས་སྔ་མ་ཡར་ལ་བརྟག་པ་ལ་བརྟག་པའི་རྟོགས་པ་སྟེ་གསུམ་པའོ།། །།
ལེའུ་བཞི་པ། ད་ལྟ་བ་ལ་ནད་ངོས་བརྟག་པ།
དགེ་སློང་ཆེན་པོ་ཡང་གསོན་ཅིག །ད་ལྟའི་དུས་ལ་བརྟག་པ་ཡོད་ན་ཚོར་ནས་འོངས་པ་ཡིན་ནི། །མངོན་པར་ཤེས་པའི་བསྒྲུབ་པ་པོས། །དང་པོ་ཡི་དམ་ལྷ་གསལ་གལ་ཆེའོ་གྱིས། །བསྙེན་པ་ཚད་དུ་སྐྱོལ་བ་དེས། །གཞུང་བཞིན་དུ་ལྷའི་ཏིང་ངེ་འཛིན་བསྒོམ་བྱས་ཏེ། །གང་ལ་འདུག་པ་བལྟ་བར་བྱ། །སྒྲིབ་པ་དག་གིས་མ་མཐོང་ན། །ད་རུང་ཡི་དམ་ལྷ་བསྙེན་བྱ། །དེ་ནི་བསྒྲུབ་པ་ཡི་དམ་ལྷས་སྟོན་པ་ཡིན་ནོ་བརྟག་པར་བྱའོ། །དེས་མཐོང་ཡི་དམ་གྱིས་བསྟན་པ་དེ་ཡེ་ཤེས་སྤྱན་དང་ལྡན་སྒྲིབ་པ་དག་ན་དངོས་སུ་མཐོང་སྟེ་དེ་མན་[མིན]ཀུན་ལ་ཉམས་སུ་འབྱུང་ངོ་། །དགེ་སློང་ཆེན་པོ་དེ་ལྟར་མཛོད། །ཕྱི་རབས་པ་ཡི་རྣལ་འབྱོར་བས། །རང་ཉིད་ཡི་དམ་ལྷས་སྟོན་ལྷའི་ཏིང་ངེ་འཛིན་བསྒོམ། །ནད་པ་གང་ཡིན་གསལ་བྱས་ཁྱོད་ལ་མང་བས་ཏེ། །མི་རུས་བླ་དགས་གཞན་ཡང་ཡིད་ལ་གསལ། །དེ་ནས་གདོན་ལ་དམིགས་པ་ཡིས། །དེ་ལྟར་མི་བྱས་ཀྱང་ནད་པ་མི་བདེ་བ་དེ་སྔགས་མཁན་རང་ལ་འོང་དུ་མ་འདོད་ན། ཡན་ལག་ལྔ་དང་ཁོག་སྟོད་དང་ཁོག་སྨད་དང་། ནང་གྲོལ་དང་དེ་རྣམས་རེ་རེ་ལ་དམིགས་ཏེ་སྔགས་ཀྱིས་གཟིར་བས་སུ་མི་རྟོགས་མི་སྲིད་དོ། །སྔར་མ་གྲུབ་པས་ཀྱང་དེ་ལྟར་བྱས་ན་འོང་རྟོགས་ཏེ། ཐ་མལ་པ་ལས་དང་པོ་བས་ཀྱང་བླ་ཀྱི་ཟིང་བྱེད་པ་འོང་གསུང་ངོ་། །གསང་སྔགས་སུ་བཟླས་འགྱུར་ན། ནད་པ་དེ་ལ་ཡོད་པ་དེ། །བསྒྲུབ་པ་པོ་ལ་ཏིང་ངེ་འཛིན་གྱིས་རྟོགས་པའམ་ཉམས་སམ་དངོས་སུ་འོང་འོང་བར་འགྱུར། །བསྣོལ་མར་བྱུང་ནད་པའི་གཞོག་[གཞོགས]གཡས་ཕྱོགས་མི་བདེ་བ་ལ་སློབ་དཔོན་གྱི་གཞོག་[གཞོགས]གཡོན་པ་ལ་འབྱུང་བའོ། །བསྙེན་པ་ཚད་དུ་སྐྱོལ་བའི་གང་ཟག་དོན་གྱིས་མ་ཟིན་པས་བྱས་ཀྱང་རྟགས་མེད་ན་སུས་ཀྱང་མི་འཚོ་འོ་ན་སྐལ་མེད་ཡིན། །རྟིངས་མེད་པར་ནི་ནད་མི་སོས། །དཔེར་ན་གསེར་སྦྲམ་འདྲ་ཞེས་པས་མི་སོས་སོ་བྱ་བ་ཡིན། །དེ་བས་རྟགས་མྱུར་བ་སླའོ་འབྱུང་བ་གང་སྐྱེན་[རྐྱེན]སླང་། །དེ་ནི་སྔགས་ཀྱིས་བརྟགས་པ་སྟེ། །ཡི་དམ་ལྷའི་བསྙེན་པ་རྫོགས་ནས་ཐེ་ཙོམ་མེད། །རང་ལ་གནོད་གནོད་པའི་རྟགས་ལུས་ལ་ཡོད་ཀྱང་། །སྔགས་མཁན་སློབ་དཔོན་ལ་ལ་ནི་མི་སྨྲ་ན། འདི་ཡང་རྟག་པའི་སྦྱོར་བ་ལས། །རྩ་བ་ལྔ་རྫས་དང་ཡན་ལག་དྲུག །རྫས་དེ་རྣམས་ལོགས་པར་བརྟགས་ཕྱེ་མ་རུ་ཏེ་སྔགས་བཏབ་ལ་རང་གང་བྱེད་པའི་དྲག་སྔགས། །དྲི་ཆུ་དག་ལ་སྔགས་བཏབ་བྱས་ཏེ། །ཆུ་དེ་སྙམ་[སྐམ]པར་སྐམ་རློན་ལུས་ལ་ཁྱབ་པར་རྣམས་བཀྲུ། །སྣ་ལ་གང་བསྐམས་པའི་ས་ནས་ཤ་རོ་ཡོད་པ་མི་བདེ་སེལ། །དེ་ལྟར་མེད་ཀྱང་ཕྱིས་དེར་འོང་བ་ཡིན་ཟླ་མི་འགྱང་། །དེ་ནས་ཆུ་ཕྱིས་ལ་ཉི་ཟེར་ལ། །བལྟས་པས་བ་སྤུ་བྱི་ནས་སུ་མེད་པ་དང་། །ཉལ་གྱེན་ལ་གཞན་ལངས་ནས་འོང་དང་སོག་པ་གོང་དང་འདྲ་རྡོ་ཤ་རི་ཕྱིས་པ་དེར་འོང་། །དེ་ནས་སྐམས་ཏེ་མདོག་མདོག་མི་འདྲ་བར་བལ་སྐྱ་བ་འོང་དང་ནི། །སྙེར་མི་འོ་མའི་སྤྲིས་མ་འདྲ་བར་རི་མོ་མི་འདྲ་བར་ལུས་གཞན་དང་། །ལྷག་པར་གཞན་བས་གསལ་ལམ་མི་མངོན་སྐམ་ཀར་[དཀར]འགྱུར། །དེ་ནི་རྫས་ཀྱི་བརྟག་པའོ། །ཐེ་ཚོམ་མེད་སྐམ་ཟིན་ནས་ཉུར་[མྱུར]དུ་ལྟའོ་དེ་རིག་པ་བསྐྱེད། །ཡི་དམ་སྲུང་མ་རྨི་ལམ་དག་གིས་བརྟགས་པ་ནི། །མཆོད་དང་ཏིང་འཛིན་ཕྱག་འཚལ་ཏེ། །སྔགས་འདི་ཆུ་ལ་བཏབ་སྟེ་བཏུང་། །ཏད་ཡ་ཐཱ། ཨོཾཱ་མུ་ནི་ཙི་སྭཱཧཱ། མུ་ཁ་པེ་སྭཱཧཱ། ནད་ཏི་རི་སྭཱཧཱ། མོ་ཧ་ནི་སྭཱཧཱ། དན་ཏི་རི་སྭཱཧཱ། འཐུངས་ཏེ་ཉལ་བའི་རྨི་ལམ་དུ། །ལུས་ལ་འདི་ན་ཡོད་དང་འདིས་གདོན་རིགས་བཟུང་དང་། །ཕྱོགས་འདི་ནས་གནོད་པ་དང་དུས་དང་འདིས་གྲོལ་བ་དཀའ་སླ་དང་། །མཐོང་འགྱུར་ཐེ་ཙོམ་མེད་པ་ཡིན། །གསང་སྔགས་བསྙེན་པ་རྫོགས་པར་རྟག་ཏུ་བཟླས་འགྱུར་ན། །མ་བལྟས་ཐ་མ་ཡོང་བ་སྙམ་བྱེད་པ་དང་། གནག་གམ་མི་བྱེད་པ་འོང་བཞིན་དུ་མཐོང་བར་འགྱུར། །ད་ལྟ་བ་ལ་བལྟ་བ་བསྟན་པའི་རྟོགས་པ་སྟེ་བཞི་པའོ།། །།
ལེའུ་ལྔ་པ། མ་འོངས་པ་ལ་ཅི་ལྟར་འགྱུར་བའི་བརྟག་པ།
དགེ་སློང་ཆེན་པོ་ཡང་གསོན་ཅིག །མ་འོངས་པའི་དུས་དག་ཏུ། །འདི་བུང་[འོང]འདི་ནས་འཚོ་བའམ། །འདི་ནས་འཆི་དང་འདི་འདྲར་བཤད། །ཤ་རོ་རུས་རོ་སྤུ་ཡི་རོ། །དེ་ནི་དུག་གསུམ་གསུམ་ཀ་ཚང་ན་སྐད་ཅིག་ཙམ་སོས་ནས་འོང་རོ་ཡིན་ཏེ། །གསུམ་གསུམ་ཀ་ཚང་ན་མི་སོས་གཉིས་ཙམ་ཚང་ན་འཚོ་བ་ཡིན་པ་གཅིག་པོ་གཉིས་པོ་ཡང་། །སྔགས་སྔར་དྲོ་གསུམ་ཡོད་པ་ལས་བཟླས་པ་ལ་ཡང་ལོ་གསུམ་དུ་བྱས་པས་སྤུ་རོ་ལྟ་བུ་ཅིག་སོས་གཉིས་ཡོད་ན་ད་ལོ་གཉིས་ཀྱིས་རོ་གཉིས་པོ་ཡང་གྲོལ་བར་འགྱུར་རོ་ཀྱིས་དྲངས་ཀྱང་དེ་ཡིས་འཚོ། །དང་པོ་ལ་གཉིས་ཡོད་པ་ལ་གཅིག་སོས་རྟགས་འབྲིང་ཡིན་ན། །གཅིག་སྤུར་[སྤུ]རོ་ལ་སོགས་པ་གཉིས་ཡོད་པ་ལ་བཟླས་པ་ལོ་གསུམ་བྱས་པས་ནང་གི་ཤ་རོ་སོས་རུས་རོ་མ་སོས་པ་ནི་ལོ་གཉིས་ཀྱིས་གྲོལ་ལོ་ཀྱང་དེ་ཡི་ཕྱེད་ཀྱིས་འཚོ། །གཅིག་ཤ་རོ་ཅིག་པུ་ལས་བཞི་པ་ལས་བཟླས་པ་ལོ་གཅིག་བྱས་པས་སོས་བྱང་ཆུབ་ཆེད་དུ་བྱས་པས་གདོན་ལ་བྱ་མི་དགོས་ལས་མི་ལྡན་གཅིག་སོས་ན། །ལྷག་མ་ཡི་དམ་ལྷ་ཡི་བཟླས་པ་མ་ཆགས་[ཆག]པས་ཆོག་བསྟན་པས་ཆོག །སྤོག་ན་དག་འཚོ་བའི་འཕྲོ་ལས་པའི་སྤུང་བསྐྱེད་དེ། །ཐེ་ཙོམ་མེད་པས་བསྒྲུབ་པར་བྱ། །གཞན་ཡང་རྩ་མཁལ་མ་ལས་ཞུགས་ན་འདུག་འགྱུར་ན། །ཕྱིས་ཀྱང་རིགས་མཐུན་མཁལ་རྩ་གཡོན་པ་ལ་ལ་འོང་། །ཤ་བེལ་ཀོང་[བོལ་གོང]གཡས་པ་ལ་བྱུང་ན་བྱིན་པའི་ཉ་[ཉྭ]ཤ་གཡས་པ་ལ་འོང་གཉན་གཡས་དང་གཡོན་ལ་འོང་། །དེ་བཞིན་རིམ་པས་ཡས་ཡས་འཇིང་ཤ་གཡོན་ལ་བྱུང་ན་བཞག་ཤ་གཡོན་ལ་ངེས་པ་འོང་དང་མས། །འཁོར་ལོ་བཞི་ལ་ཟིན་འགྱུར་ན། །རླུང་ལ་འཕངས་ནས་རླུང་ཐམས་ཅད་ལ་འཇུག་གོ་ཟིན་ན་མེ་ལ་འབུད། །མེ་ལ་ལྟེ་བ་ལ་ཟིན་ན་མེ་ཐམས་ཅད་ལ་ངེས་མེད་ཟིན་ན་རྩ་ལ་འབར། །རྩ་ལ་ཟིན་ན་ས་ལ་འབིགས། །ས་ལ་ཟིན་ན་རླུང་ལ་བསྐུལ། །དོན་སྙིང་ལྔ་ལ་ཞུགས་པ་ནི། །གོང་བསྟན་པ་བཞིན་དུ་ཡང་། །དེ་བས་གནད་ལ་མ་ཕེབས་པར། །གསོ་དང་མ་ཞུགས་ཙམ་ན་ནི། །བསྲུང་བ་དག་ནི་རབ་ཏུ་བྱ། །དེ་བས་བརྟག་པ་ཤིན་ཏུ་ཅེས་[གཅེས]། །མ་འོངས་པ་ལ་ཅི་ལྟར་འགྱུར་(བའི་)བརྟག་པ་བསྟན་པའི་རྟོགས་པས་[པ]སྟེ་ལྔ་པའོ།། །།
ལེའུ་དྲུག་པ། རྨི་ལྟས་བརྟག་པ།
དགེ་སློང་ཆེན་པོ་ཡང་གསོན་ཅིག །གོང་དུ་བསྟན་པའི་རྟགས་རྣམས་ནི། །སྤྲུལ་པའི་ཕོ་ཉས་སྟོན་པ་སྟེ། །རི་གཟར་དག་དང་གཡང་ཆེན་དང་། །རི་བྲག་རི་དོག་ལྕང་རང་[གཅོང་རོང]འཛུལ། །འདམ་ལ་ཁ་དོག་དམར་སྐྱའི་ཆུ། །གོས་རྩུབས་[རྩུབ]དམར་ནག་སྤགས་[པགས]བུ་གོན། །ཤིང་རྩེ་རི་རྩེ་ལྷ་རྟེན་འདར། །གོས་མེད་ལྗན་ལྗིན་གྱུར་གནས་ཀྱིས། །རྟག་ཏུ་གྲགས་པའི་སར་ཕྱིན་རྨི། །གླང་བུ་དམར་ནག་ཞོན་པ་དང་། །དུད་འགྲོ་ཁྱུང་ཆེན་རྟག་ཏུ་རྨི། །མཆེ་བ་ཅན་དང་སྡེར་ཆགས་དང་། །ཆུ་ན་གནས་པའི་སྲོག་ཆགས་རྣམས། །རྨི་ལམ་དག་ཏུ་མཐོང་འགྱུར་ན། །དེ་ལ་གནོད་པ་འོང་བའི་ལྟས། །ལུས་ལ་མ་ཞུགས་ལྟས་མཐོང་ན། །རྫས་དང་འཁོར་ལོས་བསྲུང་བ་སྟེ། །གཞུང་བཞིན་ལུས་ལ་བརྟག་པས་ཐུབ། །དེས་ནི་འདི་ནི་ཤིན་ཏུ་གཅེས། །དགེ་སློང་ཆེན་པོས་ཐུགས་ལ་བརྟག་[བརྟག]ནས། ལུས་ལ་ཐེབས་པ་རྨི་ལྟས་འབྱུང་བའི་རྟོགས་པ་སྟེ་དྲུག་པའོ།། །།
ལེའུ་བདུན་པ། ཡི་རངས་པ་བསྟན་པ།
དགེ་སློང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་ཀླུ་ཡི་རྒྱལ་པོ་ཁྱེད། །སེམས་ཅན་དོན་དུ་བརྟག་པ་བསྟན། །ཤེས་རབ་སྤྱན་གྱིས་བལྟས་པ་དང་། །དྲིས་དེ་ཡར་ལ་བལྟས་པ་དང་། །ཏིང་ངེ་འཛིན་སྔགས་རྫས་རྨི་ལམ་གྱིས་མི་སྤེལ་གྱིས། །ཐད་ཀར་ལུས་ལ་བལྟ་བ་དང་། །ཟིན་པར་མར་ལ་ལྟ་བའོ། །གདོན་ཚོགས་ལུས་ལ་མ་ཞུགས་པར། །གདོན་འབྱུང་རྨི་ལམ་ལྟ་བ་ལྔ། །དོན་ལྔ་བསྟན་པས་ཤིན་ཏུ་ལེགས། །དགེ་སློང་ཆེན་པོ་ཐུགས་རངས་པར་གྱུར་ཏོ། །ཡིད་[ཡི]རངས་པའི་རྟོགས་པ་སྟེ་བདུན་པའོ།། །།
མངོན་པར་རྟོགས་པ་ཕྱོགས་གཉིས་པ་རྫོགས་སོ། །བརྟག་པ་དུག་མཚོ་འོ། །ཞུས་ལེན་[ལན]ཆེན་མོ་ལ་སྤྱིར་ལེའུ་ཞེ་གཅིག་པའོ།།
མངོན་རྟོགས་ཕྱོགས་གསུམ་པ།
ཀླུའི་ནད་བརྟག་པའི་མེ་ལོང་རབ་ཏུ་གསལ་བ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུའི་མེ་ལོང་རབ་ཏུ་གསལ་བ་ཞེས་ཀླུའི་མངོན་རྟོགས་གསུམ་པ་འདི་ནི་ཤིན་ཏུ་ཡང་གསང་སྟེ། ཤེས་བྱས་ཟིན་པའི་རྟགས་གསང་བ་བསྟན་པའོ། །དང་པོ་ཕྱི་རྟགས་བསྟན་པ་དང་། གཉིས་པ་ནང་རྟགས་བསྟན་པ་དང་། གསུམ་པ་གསང་རྟགས་བསྟན་པ་དང་། བཞི་པ་པགས་པ་ལ་ཞུགས་པ་བསྟན་པ་དང་། ཤ་ལ་ཞུགས་པ་བསྟན་པ་དང་། རྩ་དང་ཁྲག་དང་རུས་པ་དང་། དབྱིབས་ལ་ཞུགས་པ་འདི་རྣམས་ཀྱིས་བསྡུ་སྟེ་བསྟན་པའོ། །ཐབས་གསང་བ་བྱ་བ། དགེ་སློང་དཔལ་དང་ལྡན་པ་ཡིས། །ཀླུའི་རྒྱལ་པོ་འཇོག་པོ་ལ། །འདི་སྐད་ཅེས་པའི་བཀའ་སྩལ་བ། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །རང་གི་རིག་སྔགས་ཅི་ལྟར་གནས། །ཀླུ་སྒྲུབ་ཀྱིས་འགྲོ་བ་རྣམས་ལ་ཕན་སླད་དུ། །ཕྱི་ནང་གསང་བ་བརྟག་པའི་ཐབས། །དེ་དག་གོ་རིམས་དགེ་སློང་གིས་ཀླུའི་རྒྱལ་པོ་ལ་གསོལ་བ་བཤད་དུ་གསོལ། །ཀླུ་རང་སྲོག་ཕུལ་བ་ཡི་རྒྱལ་པོས་ཡང་གསོལ་བ། །འདི་བཟླས་ན་ཕན་ཡོན་དཔག་ཏུ་མེད་པ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཨཱོཾ་ནཱ་ག་ར་ཙ་ཏག་ཤ་ཀ་མ་མམ་ཀོ་ཤམ་ཤམ་རོ་གམ་ནི་བ་ར་ཡ་ཧཱུཾ་ཕཊ། བདག་གིས་གསང་སྔགས་འདི་བརྗོད་པས། །འབྲས་དང་ཤུ་བ་གཡན་པ་དང་། །མཛེ་དང་ལྷོག་པ་བས་ལྡགས་[ལྡག]དང་། །གཞན་ཡང་ཀླུའི་ནད་རྣམས་དང་། །ཀླུ་གཉན་ས་བདག་ནད་རྣམས་དང་། །འདི་ཡིས་ཐམས་ཅད་ཞི་བར་འགྱུར། །ཕྱི་ནང་གསང་བའི་ཐབས་བསྟན་པ། །ཤེས་བྱས་ཟིན་དང་མ་ཟིན་པའི། །སྣ་ཚོགས་དུག་གི་ཤེས་བྱ་ཅན། །དབང་པོ་ལྔ་ལ་གནས་པ་སྟེ། །ཕྱི་ཡི་རྟགས་སུ་ཤེས་པར་དོན་སྙིང་ཤེས་བྱ་ཟིན་དང་མ་ཟིན་པའི་བྱ། །ཤེས་གསང་བ་ཕྱི་ཡུལ་མིག་ལ་བརྟག་བྱས་མ་ཟིན་ནད་དང་དུག །གསང་བའི་རྟགས་སུ་ཤེས་(པར་)བྱ་སྐད་ལ་བརྟག་པ་དྲི་ལ་བརྟག་པ་ལུས་ལ་ལྟ་བ། །དོན་སྙིང་གཞུང་[གཞུངས]པ་ལ་ཞུགས་འདི་རྣམས་ཤིན་ཏུ་དཀའ་ལྔ་ལ་བྱང་ཆུབ་སེམས། །ནང་དུ་ཞུགས་པའི་མཚན་ཉིད་དོ།།
ཕྱི་ཡི་རྟགས་ནི་རྣམ་གྲངས་ལྔ། །དང་པོར་མིག་འདི་དཀའ་འོ་གི་བརྟག་པ་ལ། །ལུས་སྐྱོན་ཅན་དང་སྐྱོན་མེད་ཀྱི་རྣམ་རྟོགས་[རྟོག]ཅི་འདྲ་ཡང་། །བཞིན་གྱི་དཀྱིལ་འཁོར་ཉམས་པ་དང་མ་ཉམས་པ་ལ་སོགས་པ་མེ་ལོང་ཡིན། །བཞིན་གྱི་དཀྱིལ་འཁོར་ཉམས་པ་དང་འགྱུར་བ་ལྡོག་ཆེ་བ་སོགས་ཅི་འདྲ་བར་འགྱུར་བ་ཆུང་གདོན་དང་ནད་དང་དུས་དང་རྣམས་དང་པོ་དུ་ལོན་བར་འདི་གནད་ཆེའོ། །གསལ་བར་བྱེད་པ་དབང་པོ་མིག །དཀར་ནག་འབྱེད་དང་སྒྲ་གཅན་འཛིན། །སྡུག་བྱ་གསོག་ཉི་མ་ཕྱེད་མི་གསལ་བསྔལ་གསལ་བྱེད་ཤར་བ་ཡང་ན་ཉི་མ་ནུབ་ན་གསལ་དང་། །དེ་ཡི་མཚན་ལུས་བཀྲུས་ལ་ཁ་དོག་དང་བ་སྤུ་ཉིད་རྟག་[བརྟག]པར་བྱ། །མིག་སྤྲིན་དཀར་ལ་གདོན་རྣམས་ཕྱི་རོལ་ནས་རྒྱ་མཚོའི་གཏིང་འཁྲུག་པ། བར་ཆུའི་མཚན་ཉིད་དོ། །སྣང་སྲིད་གཡོ་བ་ཕྱི་ཡི་གདོན་དང་ནང་གི་གཟུགས་བརྟན་ནོ་དང་། །རྒྱལ་རིགས་སྐྱ་བོ་བྲམ་ཟེ་སེར་སྐྱ་རྗེ་རིགས་དམར་རྨོངས་[དམངས]སྔོ་ནག་སྐྱ་འོད་སེར་རླམ་དམར་སྐྱ་སྔོ་སླེས་ནག་པོ་དབལ་སྐྱའོ་རིགས་བཞིའི་མཚན་ཉིད་རྟག་[བརྟག]པའོ། །ལོ་དུ་ལོན་འཁོར་དང་རིགས་ལ་འབྱུང་བ་བཞི་ཉམས་པ་འཁོར་ལོ་རལ་བ་དང་ཁ་དོག་ཡལ་བ་དང་ནག་པོ་དུག་གི་མཚན་ཉིད་ནི། །ནད་གཞིའི་བྱེ་བྲག་ཤེས་པར་བྱ། །ཟར་མའི་མེ་ཏོག་ཡལ་བ་འདྲ་བ་འོད་མི་གསལ་གྲངས་ངེས་པ་མེད་པ་དཀར་བ་ལ་གཟུགས་མི་འཆར་བ་མང་ཉུང་དང་སེམས་གནས་པ་མི་གཡོ་འོ་ནད་[ནང]དོན་ལ་ཤར་བའོ། །སྒྲ་གཅན་འཛིན་གྱིས་བརྟགས་དཀའ་སྟེ། །རྐུན་པོ་ཕུགས་སུ་ཞུགས་པ་འདྲ། །འདི་རྣམས་མཚན་ཉིད་རྒྱས་པར་སྣོད་དོན་ལ་ཚུ་[ཚུར]ཞུགས་པ་ཆུ་སེར་ནག་པོ་སྨིན་པ་ནི། །ཞུས་ལེན་[ལན]མདོག་དང་པོ་དཀར་བ་བར་དུ་ཐུང་ཐ་མར་མི་ལྡོག་པའོ་ཆེན་པོར་ཤེས་པར་བྱ། །སྣ་ཡི་དབང་པོ་ཚ་བ་ཁམ་པ་ས་དྲི་ཆུ་དྲི་ཉ་ལྕོང་གི་དྲི་དྲི་སྣ་ཚོགས་སོ་དྲི་ཡིན་ཏེ། །གདོན་གྱི་གཞོབ་དྲི་རེད་པ་དྲི་དང་ཚིག་དྲི་དང་ནས་བཙོས་པའི་དྲི། ཤིང་ཚིགས་[ཚིག]པའི་དྲི། གུ་གུལ་དང་རྡོ་སོན་པོ་[སེན་མོ]སྤུ་ཡི་དྲི། གསུར་གྱི་དྲི། ཨ་རུ་ཏྲ་ད་མུ་ཟི་དྲི། བསྲེགས་པའི་དྲི་མི་ཞིམ་པས་ཁྱིམ་ཁེངས་པ་ནི་སྐྱོན་དང་། ཡོན་ཏན་གྲངས་སུ་ཤེས་པར་བྱའོ་དྲི་དང་ནད་ཀྱི་དྲི། །གདོན་རྣམ་[རྣམས]ཐུལ་བ་རྣམས་ཀྱི་དྲི། །མཁས་པས་སོ་སོར་ཤེས་པར་བྱ། །སྐད་གདང་[གདངས]གདོན་ལུས་ལ་ཞུགས་པས་སྐད་མདངས་[གདངས]འཆོར་བ་ཡིན་དག་ལ་བརྟག་པ་ནི། །གདོན་གྱི་སྒྲ་སྐད་ཆུང་ལ་འདར་ཞིང་དབུགས་བཤུས་[ཤུས]འདེབས་དང་ནད་ཀྱི་སྒྲ། །ལྐུགས་པ་སྣ་ནས་སྨྲ་ལྕེ་ལྡིབས་ཁྱི་དང་བྱི་བའི་སྐད་འབྱུང་། འགྲོ་[གྲེ]བ་འགགས་ནས་གྲེ་བ་ལ་འབྲུམ་པ་མང་པོ་འོང་དག་དང་གསུམ་དུ་བསྟན། །ལུས་ཀྱི་ལུས་ལ་ཞུགས་པ་ལ་ཚ་བ་བཅུ་དང་གྲང་བ་བརྒྱད་བར་མ་ལྔ་འགུལ་བ་དང་འཕྲིག་པ་དང་སྙམས་[སྙམ]ཕྱེད་ཀྱི་ཤེས་པ་སྣ་ཚོགས་འོང་ངོ་སྣ་ཚོགས་དུག་ཅན་དེ། །རེག་བྱ་ཅན་དེའི་མཚན་ཉིད་ནི་མི་ཡི་སྐྲ་སྤུའམ་འདབ་ཆགས་ཀྱི་གོང་གིས་རྟོགས་པར་ཤེས་པར་མ་ཟིན་ན་གསོ་བར་མི་རུང་དང་། རེག་བྱ་བོར། །དེ་ཉིད་དབྱེའ་བ་གསོ་རུ་མི་རུང་བའི་མཚན་ཉིད་མཁས་པས་བཅུ་བཞིར་ཤེས་པར་མཁས་པས་བརྟགས། །ཡིད་ཀྱི་རྣམ་ཤེས་སྣ་ཚོགས་འདུ་འཕྲོ་སྣ་ཚོགས་འབྱུང་བ་ཡིན་ནོ་དུག །སྣ་ཚོགས་འགྱུར་མེད་སྤྱོད་པ་ནི། །ཞུས་ལེན་[ལན]ཆེན་པོར་ཤེས་པར་བྱ།།
སྨན་བྱིན་སོས་ནད་གཞི་མཐོང་བ་ཡོང་ན་[ཤ]འབུར་སྲིན་འབུར་ཏིང་[གཏིང]འབུར་དང་། །ཤ་རྒངས་[སྒང]ཀླུ་ཡིན་ནོ་ཉ་རྒངས་[ཉྭ་སྒང]གཉན་ཡིན་ཆུ་རྒངས་[སྒང]ས་བདག་ནད་ཡིན་གསུམ། །སྨ་[རྨ]དང་སེར་ག་ཧོལ་དམིག་[མིག]དེ་ལ་རིགས་གཉིས་ཡོད་དེ་དང་། །ཤ་འདི་ཡང་གདོན་དང་ནད་གཉིས་སུ་ཤེས་པར་བྱ་འབྲས་ཁྲག་འབྲས་ཆུ་སེར་འབྲས། །ཤ་བཀྲ་ཀླུ་བས་ལྡག་གཉན་གླང་ཤུ་བ་ས་བདག་གི་ཁ་རླངས་ཡིན། །བྱི་འདི་ཡང་གྲང་[གྲངས]གཉིས་སུ་ཤེས་པར་བྱ་བོལ་[ཕོལ]དང་ནི་བྱི་སྲན་དང་། །མདངས་མདོག་སྐྱ་མགོ་འཐོམ་སྐྲ་འབྱི་མདོག་གནག་གཉེར་ཆུང་བའོ། །ཤ་སོབ་ཤ་སྐམ་ཟུག་ཟེར་[གཟེར]ཆེ་ཚིགས་འགུལ་ལོ་དང་དབྱིབས་ལ་ཞུགས་པ་ནི། །རུས་ནག་གླད་པ་ལྷ་བ་ལ། །འདི་རྣམས་སོ་སོར་དབྱེ་བར་བྱ། །ཤ་འབུར་གདོན་གྱི་སྤྲུལ་པ་ལུས་ལ་ཁྱབ་བྱེད་དུ་གནས་པ་དང་རྩ་རྣམས་ལ་ཞུགས་པ་དང་ལུས་ལ་ཐིག་ལེར་འོང་ཡིན། །སྲིན་རྒྱལ་པོ་དང་བློན་པོ་དང་རྨོངས་[དམངས]ཀྱིས་བསྐོར་བ་རབ་འབྲིང་གསུམ་དུ་ཤེས་པར་བྱ། དེ་ལ་དུས་ཚོད་ཤེས་པར་བྱ་འབུར་སྔགས་ཀྱི་ནུས་པ་ཡིན། །གཏིང་འདི་དོང་ཀའི་འབྲས་བུ་སྨིན་པ་དང་འདྲ་སྟེ་ལོ་འདབ་རྒྱས་པ་མེ་ཏོག་ཤར་བ་འབྲས་བུ་སྨིན་པ་འབུར་ནད་གཞི་རྒྱས་པ་ཡིན། །ཤ་རབ་འབྲིང་གསུམ་དུ་ཤེས་པར་བྱ་འབུར་གདོན་གྱི་སྤྲུལ་པ་ལ། །སྔགས་ཀྱི་བཟླ་ཐབས་ཤེས་པར་བྱ། །སྲིན་འབུར་སྔགས་ཀྱི་ནུས་པ་ལ་དེ་ལ་འཇིགས་པ་མི་བྱའོ། །མན་ཏྲའི་ས་མ་ཏི་བསྙེན་པ་ལས་སྔགས་དང་སྦྲེལ་ལ་བཟླས་ལ་བསླབ། །གཏིང་འབུར་ནད་གཞི་རྒྱས་པས་རྩ་ལ་གྲང་བ་ལོ་འདབ་རྒྱས་པ་མེ་ཏོག་སྨིན་པའོ་ནི། །གསོ་རུ་མི་རུང་ཤིང་རྟ་ལ་འགོ་[མགོ]བཅད་དང་འདྲ་སྟེ་ཡོང་ངོ་སྤང་བར་བྱ། །འདྲ་འོ་འདྲ་འོ་ནོར་ར་རེ། །ཤ་རྒངས་[སྒང]གདོན་གདོན་རྒྱུ་བའི་དུས་སུ་ཕྲད་པའི་མནོལ་གྱིས་ཕོག་པ་ཡིན་གྱི་ཁ་རླངས་ཡིན། །དེ་ལ་བུམ་པའི་ཁྲུས་ཀྱི་ཆོ་ག་བྱ། །ཉ་རྒངས་[ཉྭ་སྒང]ཀུ་རེ་དང་རྐྱལ་ཀའི་ཕྱིར་ན་གནོད་པ་ཡིན་གདོན་གྱི་སྤྲུལ་པ་ཡིན། །དུག་བྱུང་[ཕྱུང]བ་ལ་སོགས་པ་བྱ། །ཆུ་རྒངས་[སྒང]རེག་བྱ་ཉམ་[ཉམས]པ་དང་མ་ཉམས་པ་ཡིན་ནད་ཀྱི་མེ་ཏོག་ཡིན། །དཀའ་མེ་ཏོག་ཤར་བ་ཤིན་ཏུ་དཀའ་སླ་གཉིས་སུ་ཤེས་པར་བྱ། །རྨ་དང་སེར་ག་ཧོལ་མིག་གཉིས། །དཀའ་སླ་ས་བོན་མེས་ཚིགས་[ཚིག]པ་དང་འདྲའོ་གཉིས་སུ་ཤེས་པར་བྱ། །དེ་མ་སྨན་དང་སྔགས་སུ་བྱ། །ཤ་ཁྲག་ཆུ་ཡི་ནད་ལ་རྟགས་དང་ལྡན་པ་དང་མི་ལྡན་པའོ་གཉིས། །རྣམ་པ་གཉིས་སུ་མཁས་གདོན་དང་ནད་གཞིས་གཉིས་སུ་ཤེས་པར་བྱ་པས་བརྟགས། །འབྱུང་བའི་ནད་བཞི་[གཞི]བཅུད་ལེན་དངུལ་ཐལ་མུ་ཟི་རྩི་མ་ཀི་[གི]ཏ་མཁྲིས་ཆོས་དོམ་མཁྲིས་སོ་སྨན་གྱིས་བཅོས། །གདོན་སྔགས་དང་ཏིང་ངེ་འཛིན་ལ་སྦྱོར་རོ་ལ་མན་ཏྲའི་སྦྱོར་བར་[བ]བྱའོ། །ཀླུ་ཁྲག་གསུམ་གཉན་གདོན་གྱི་ཁ་རླངས་ས་བདག་ལ། །མན་ཏྲའི་སྦྱོར་བ་ཚིལ་ཆེན་དྲི་ཆེན་པས་འབྱུང་བའི་མར་ཁུས་བྱའོ་བྱ་མི་དགོས། །བྱི་དིག་པ་ཕོལ་དཀའ་སླ་ཤིན་ཏུ་དིགས་[དིག]གཉིས་ཡིན་ཏེ། །བྱི་སྲིན་[སྲན]འདི་ལ་སྔགས་ཀྱི་སྦྱོར་བ་བྱ་དགོས་སྔགས་ཀྱི་སྦྱོར་བ་བྱ། །མདངས་ཉམས་པ་དང་དབྱིབས་དང་ཁ་དོག་མ་ཉམས་པ་དང་། །ཁྲུས་ཤ་ཉམས་པ་དང་མ་ཉམས་པ་བྱས་བཞིན་དུ་ཤེས་པར་བྱ། །ཀླུའི་མངོན་རྟོགས་གསུམ་པའོ། །ཀླུའི་ནད་བརྟག་པའི་མེ་ལོང་རབ་ཏུ་གསལ་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་སྙན་རྡོ་རྗེ་ལ། མ་མཁའ་འགྲོ་མིག་གཅིག་ལ་དངོས་གྲུབ་ཏུ་བྱིན་པ། མཁའ་འགྲོ་མས་ལུང་བསྟན་ནས་བཏོན་ནོ།། །།
ཞར་བྱུང་། ཀླུ་གདོན་ནད།
ལེའུ་དང་པོ། གཅེས་པ་བསྡུས་པའི་སྒྲོན་མའི་གདམས་པ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློན་[སློབ]དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །ཀླུའི་རྒྱལ་པོའི་ནད་གསོས་ནས། །སློབ་དཔོན་གྱིས་སེམས་ཅན་རྣམས་ལ། ཐུགས་བརྩེ་བ་དང་ལྡན་པས། འཛམ་བུ་གླིང་གི་མི་རྣམས་ལ། །ཀླུའི་ནད་ཀྱིས་བཟུང་བ་ལ། །གསོ་རུ་རུང་བ་དང་མི་རུང་བའི་མཚན་ཉིད་དང་། བཟློག་པ་དང་མི་བཟློག་པའི་མཚན་ཉིད་བསྟན་དུ་གསོལ། ཞེས་ཀླུའི་རྒྱལ་པོ་ལ་ཞུས་སོ། །ཀླུའི་རྒྱལ་པོས་གསུངས་པ་ནི། གསོ་རུ་རུང་དང་མི་རུང་མཚན་ཉིད་ནི། དགེ་སློང་བྱང་ཆུབ་སེམས་དཔའ་གསོན། །བེམས་པ་ཤ་རོ་ལ་གཉིས་ཏེ་ཤ་མདོག་དམར་བ་དང་། ཤ་རོ་རུས་པ་ལ་ཐེབས་པ་སྨུག་པོ་འོང་། རྨ་གཉིས་པ་ལ་ན་ཚ་མེད་པར་ཐེབས་པའོ། །ན་ཚ་མེད་པར་རུས་པའི་ཐོག་ཏུ་ཐེབས་པའོ་དང་ནི་ཤིན་ཏུ་བེམས་པ་དང་། །དིག་པ་དང་ནི་ཤིན་ཏུ་དིག་པ་དང་། །ཁ་དོག་ཁ་དོག་ལྔའི་ཐོག་ཏུ་ཤ་རོ་འབྱུང་བའོ། །ཐིག་ལེ་ནང་པོའི་འོག་ཏུ་ཤ་རོ་འབྱུང་བའོ་ཅན་དང་ཁ་དོག་བྲལ། །འཁོར་ལོ་རྐང་མཐིལ་གཉིས་ལག་མཐིལ་གཉིས་དང་བཞི་བཞི་པུས་མོ་གཉིས་དང་དྲུག་ལ་པུས་མོ་དཀའ་འོ། །རེ་རེ་གཉིས་གཉིས་འཇོམ་[འཇོམས]ཀྱང་ཐུབ་ལ་ཐམས་ཅད་འཇོམས་པ་མི་ཐུབ་བོ་དྲུག་ལ་ཞུགས་པ་དང་། །སྙིང་པོ་བཞི་ལ་ཞུགས་པ་དང་རྐང་ལག་གི་ཐེབ་སྙིང་བཞི་འོ་སོས་བྱེད་མ་ཡིན་ནོ་ཀླུ་རིགས་བཞི་ཞུགས་པ་མི་འཚོ་འོ་། །རྩེ་མོ་གསུམ་ལ་ཞུགས་པ་དང་སྣ་རྩེ་ལྕེ་རྩེ་མཚན་མའི་རྩེ་མོ་དང་གསུམ་མོ་རེ་རེ་གཉིས་གཉིས་སླ་ཐམས་ཅད་འཇོམ་[འཇོམས]ན་མི་འཚོ། །ནམ་མཁའི་མཐོངས་ན་ཟིན་པ་དང་སྤྱི་གཙུག་ནས་ཞུགས་ན་ཁ་ལྐུགས་པའོ་ཡས་སོར་གཉིས་ཡན་ཆད་བབས་ཀྱང་གསོ་རུང་ངོ་། །ཤ་རོར་སོང་ཡང་། །རྒྱ་མཚོའི་གཏིང་ན་རྡོལ་བ་དང་ནང་ན་ཞུགས་པ་དེ་དང་ཀ་མི་བདེ་བ་དང་ཁོང་པ་འཁྲོག་མཆིན་པ་ལྕིའོ་མྱུག་[མྱུ]གུ་ལྟར་ཤ་རོ་མས་རྡོལ་བ་མི་འཚོ། །གནད་ལ་ལྕགས་གཟེར་ཐེབས་པ་དང་ཤ་རོའི་ཐོགས་[ཐོག]ཏུ་རྨ་བྱུང་ནས་ཁྲག་ནག་པོ་བྱུང་ནས་འབྱིན་པ་ལྕི་འཕར་ལ་ཤ་རོ་འབྱུང་ན་མི་འཚོ་འགུལ་དང་འཕྲོག་[འཕྲིག]ན་འཚོ། །ནག་པོ་ཁ་མེད་ཁྲོ་ཆུའི་གཟེར་ཁྲག་མི་འོང་བའི་སྨ་[རྨ]འོང་བ་ཡིན་ནོ་ཀྱི་དམིག་བཞིན་དུ་ནག་ཧར་བ་ནག་པོ་དང་སྔོན་པོ་མི་འཚོ། །ཁ་དོག་ལྔ་རུ་བསྟན་པ་དང་དོན་སྙིང་ལྔ་ལ་ཞུགས་པའི་རྟགས་སོ་དཀར་སྔོ་དམར་སེར་ནག་པོ་ལ་སོགས་པ། །རྒྱ་མཚོ་ཆེན་པོ་ལུད་འགྱུར་ཅིང་མཆིན་པ་ཁྲག་གི་རྒྱ་མཚོ་ལ་མིག་སེར་ལ་སྣ་ཁྲག་འོང་མིག་གི་སྦྱིབས་[ལྕིབས]གཡོའ་བའོ། །ཆུ་བྲན་ཐམས་ཅད་གཡོས་པ་ནི་ནང་དུ་མ་ཕྱིན་པ་ལ་ཤ་རོ་བྱུང་བས་རྩ་རྣམས་ལུད་ནས་སྣ་ཁྲག་འོང་མིག་མདངས་ཤོར་བ་འོང་ངོ་། །གསོ་རུ་མི་རུང་སྤང་བར་བྱ་ཤ་རོ་བྱུང་བ་དང་ནི་ཟླ་བ་ལྔ་ནས་སྣ་ཁྲག་འོང་། །གངས་རི་དཀར་པོ་ཞུ་འགྱུར་ནས་ནང་དུ་གློ་བ་ལ་ཤ་རོ་བྱུང་བས་ཟླ་གསུམ་ནས་སྣ་ནས་རྣག་དང་ཆུ་སེར་འོང་། །རིའི་སུལ་ལ་གས་པ་འབྱུང་ལོ་རེ་ནས་སྣ་ནས་རྒྱ་མདུད་འོང་སྣའི་ཀྲུང་ཀྲུང་[ཁྲུང་ཁྲུང]འགག་པ་འོང་སེར་ཀ་འོང་། །གསོ་རུ་མི་རུང་སྤང་བར་བྱ་ལོ་གསུམ་ནས་འཆི་བ་ཡིན། །རྐུན་པོ་ནད་ལ་ཐེབས་འགྱུར་ན་མཁལ་མ་ན་ཞིང་སྒྱིད་པ་སྐུལ་པ་ལོ་གཅིག་ལོན། །སྟོད་ཀྱི་དང་ཀ་འགག་པ་ནི་རྣ་བ་མི་གསང་ནས་ལོ་གཅིག་ལོན། །གསོ་རུ་མི་རུང་སྤང་བར་བྱ་ལྔ་ལྔ་ནས་འཆིའོ། །རྒྱལ་པོའི་སྙིང་ལ་ཞུགས་པ་ཤེས་པ་མི་གསལ་ལ་སྙིང་མི་དགའ་སྙིང་རྩ་འདར་སྨྱོ་འབོགས་[འབོག]འོང་དཀོར་མཛོད་བཅོམ་པ་དང་། །རྐུན་མོ་ཕུགས་སུ་ཞུགས་པ་ནི་སྐད་དང་དབུགས་མི་བདེ་མགོ་སྐྲངས་ནས་ལོན་མགོ་འཐོམ་པ་འོང་ནད་དོན་སྙིང་ལ་ཞུགས་ན་སྐྲ་འབྱི་སྐྲ་ཆུར་ཤོར་བ་འདྲ་བས་[བ]ཡོང་། །གསོ་རུ་མི་རུང་སྤང་བར་བྱ་ཟུག་གཟེར་འབྱུང་འཁྲུ་རྟག་ཏུ་སྐྱིག་[སྐྱིགས]བུ་འོང་ཟས་ཟོས་པས་འཁྲོགས་[འཁྲོག]པར་འགྱུར། ཕོ་བ་མི་བདེ་དང་ཀ་[ག]འགགས། །ཉེར་[གཉེ]མ་ཕོ་བ་མི་བདེ་བ་འོང་ནས་བཟུང་སྤང་བར་བྱ་མཁྲིས་པ་སྐུགས་[སྐྱུག]སྐྱེགས་[སྐྱིགས]བུ་འོང་།།
འབྱུང་བ་ལས་གྱུར་མཛེ་ནད་དག་ལུས་ཕྱེད་ཤ་ཤོར་སོང་ནས་སྔགས་དང་ཏིང་ངེ་འཛིན་འཕེལ་འགྲིབ་མེད་ན་འབྱུང་བའི་ནད་ཡིན་པས་སྨན་བྱའོ། དེ་ཡང་མཁས་པས་ཤེས་པར་བྱ། །རྒྱལ་པོའི་ཤ་རོ་འགྱུར་ལྡོག་མེད་པར་འདུག་པ་འོང་ཕོ་བྲང་བསྟན་པ་དང་། །རྨོངས་སྤྱི་གཙུག་ནས་རྐང་མཐིལ་དུ་ན་ཚ་མེད་པར་ཤུ་བ་འོང་དྲངས་སྤྲང་དུ་འཁྱགས་[འཁྱམས]པ་དང་། །འགྲམ་གྲུ་མོ་གཉིས་པུས་མོ་གཉིས་བཞི་ལས་ཤ་རོའམ་རྨ་བྱུང་ན་མི་འཚོ་བ་ཡིན་ནོ། །མིག་དང་མཚན་མ་ལ་བྱུང་ན་མི་འཚོ་འོ་གཞི་གནད་ནས་འབབས་[འབབ]པ་དང་། །སྙིང་པོ་གནད་ནས་ཐེམ་པའོ། །ནད་ཀྱི་སྨིན་ལུགས་གསོ་རུ་རུང་བ་དང་མི་རུང་བ་ནི་རྣམ་གྲངས་སོ་བདེའི་[དེའི]རྣམ་གྲངས་ནི། ཤ་ལ་སྨིན་པ་དང་། རུས་ལ་སྨིན་པའོ། །ཤ་ལ་སྨིན་པ་ནི། དང་པོ་ཟ་བའམ། འགུལ་བའམ་འོང་སྟེ། ཆུ་སེར་སྐྱ་བོ་འགོ་[མགོ]གཡོས་པའོ། །དེ་ནས་ཚ་རབ་པ་སྐྱེས་པ་ནི། ཙམ་ན། ཆུ་སེར་དམར་པོ་མགོ་བོ་གཡོས་པ་འོང་། བེམ་པར་སང་ཙམ་ན། ཆུ་སེར་ནག་པོ་མགོ་འདུས་པ་ཡིན་ཏེ། དེ་ཡན་ཆད་གསོ་རུ་རུང་བ་ཡིན་ནོ། །དེ་ནས་འབྲུམ་པ་སྲན་ཅུང་གི་ཕྱེད་ཙམ་བྱུང་ནས། ཆུ་སེར་ནག་པོ་མགོ་སྨིན་པ་ཡིན་ཏེ། དེ་ཡང་འཚོ་འོ། །དེ་ནས་འབྲུམ་པ་གྲི་ཡི་གཟེར་མགོ་ཙམ་བྱུང་ན། ཆུ་སེར་ནག་པོ་འཚོགས་པ་ཡིན། དེ་ནས་འབྲུམ་པའི་ཐོར་ཅོག་ཙམ་ན། ཆུ་སེར་ནག་པོ་རྒྱས་པ་ཡིན་ནོ། །རུས་པ་ལ་ཐེབས་པ་ལ་གཉིས་ཏེ། ཁ་མིག་ཡོ་བ་དང་། གཟུགས་པོ་སྐུར་[སྒུར]བའོ།།
དེ་ལ་ཡང་གཉིས་ཏེ། བཙན་ཐབས་སུ་ཁ་མིག་ཡོ་བ་དང་། སྒུར་བ་ནི་གསོ་རུ་རུང་ལ། ལོ་དུ་མ་ལོན་པ་དང་། ཆ་ཡིས་ཡོ་བ་རྣམས་ནི་གསོ་རུ་མི་རུང་སྟེ་དཀའ་འོ། །ཆུ་བ་ལས་ཟིན་པའི་རྟགས་ནི། སེན་མོའི་བཀྲགས་[བཀྲག]འཆོར། གནག་པ་ལ་ཞུགས་པ་ནི། བཞིན་གྱི་མདངས་དང་བྲལ། རྐང་ལག་གི་མཐིལ་ལ་རྔུལ་མི་འབྱུང་ཞིང་། སྐྱ་བེམ་དུ་འགྲོ་ལ། སོ་དང་བྱད་ཀྱི་བཀྲགས་[བཀྲག]ཤོར་བ་ནི་གསོར་མི་རུང་ངོ་། །འཚོ་བའི་རྟགས་ནི། རྐང་ལག་གི་མཐིལ་ལ་རྔུལ་འབྱུང་ཞིང་བྱད་ཀྱི་བཀྲག་དང་སེན་མོའི་བཀྲག་དང་སོ་ཡི་བཀྲག་རྣམས་མ་ཤོར་ན་སོས་པ་ཡིན། ཤ་རོའི་མཐའ་ནས་ཅུང་ཟད་བྲི་ན་སོས་པ་ཡིན། ཤ་རོ་དང་རྨ་ནས་རྣག་བྱུང་ན་སོས་པ་ཡིན། བརྩོལ་[རྩོལ]བ་དང་ཐབས་ཀྱི་ཁྱད་པར་ལ་ཡང་རག་ལུས་[ལས]བ་སྤུ་ཟ་བ་སྙམ་བྱེད་པ་དང་། གྲང་སིལ་སིལ་བྱེད་པ་དང་། ཚ་ཤིབ་ཤིབ་བྱེད་པ་དང་། ན་ཙེམ་ཙེམ་པ་དང་། ཚ་རབ་རབ་པ་དང་། སྟོད་ནས་སྨད་དུ་འབབས་[འབབ]པ་དང་། སྨད་ནས་སྟོད་དུ་འགྲོ་བ་དང་། འཕོ་བ་དང་དེ་རྣམས་ནི་ཐུབ་པ་ཡིན་ནོ། །བསྙེན་པ་ལ་སོགས་པའི་ཚད་ནི། ལུས་པོའི་མི་བདེ་བ་སོགས་པ་དང་། བདེ་བར་སོང་བ་དང་། ཡང་བ་རྣམས་ནི། དྲག་སྔགས་རན་པའི་རྟགས་སོ། །དྲག་སྔགས་བཏབ་པའི་དུས་སུ། རྨི་ལམ་ལ་སོགས་སྔར་བས་འགྱུར་ན་དྲགས་[དྲག]པ་ཡིན་པས་དབྲིའོ། །བསྣན་ཅིང་དབྲི་བ་མ་ཤེས་ན། ས་བདག་གསོལ་[གསོ]ལ་མི་ཐང་ངོ་། །ལས་སྦྱོར་བྱས་པས་མི་བདེ་རུ་སོང་ཞིང་ཡོགས་ན། ལས་ལ་སོགས་གང་བྱེད་པ་བྲི། དྲག་ཅིང་བདེ་ནི་གོང་མ་དང་སྦྱར་རོ། །བདག་[གདམ]པ་སློད་པ་མ་ཤེས་ན། །ས་བདག་གསོ་ལ་མི་ཐང་ངོ། །དེ་ཡི་གདམས་ངག་འདི་ལྟ་སྟེ། སྔགས་དང་ལས་སྦྱོར་དྲག་པོ་བྱས་པས་མི་བདེར་སོང་ན། སྔགས་བཤོལ་བས་བདེ་ན། བཟླས་པ་ཚད་དུ་སྐྱོལ་བ་ཡིན་ནོ། །དེ་ཡང་ཁད་ཀྱིས་ཞན་པ་དང་ཉུང་བ་བྱའོ། །སྔགས་བཟླས་པ་ལ་སོགས་པ་བྱས་པས་བདེ་ཞིང་མ་བཟླས་པས་མི་བདེ་ན། ད་རུང་བཟླས་པ་ཚད་དུ་མ་སྐྱོལ་བས། བཟླས་པ་དྲག་ཏུ་བྱའོ། །བསྙེན་པ་རྫོགས་ནས་དྲག་སྔགས་ཀྱིས་ཐུབ་པ་དང་། འབྲུབ་ཁུང་གིས་བྲུབས་པས་ཐུབ་པ་དང་། འཁོར་ལོས་ཐུབ་པ་དང་། སྦྱིན་སྲེག་གིས་ཐུབ་པ་དང་། ཞི་བ་དང་དྲག་པོའི་རིམ་པས་སོ། །དེ་ནས་ཡེངས་ཐུབ་པའོ། །སྦྱིན་སྲེག་བྱེད་པའི་དུས་སུ་མི་རུང་བ་ནི། མཛེ་བོ་གཞན་གྱི་ཁྲག་ཤ་འོང་། ནད་པ་ལ་དང་པོ་མི་བདེ་ག་ནས་བྱུང་བའི་ས་ནས་ཁྲག་གཏར་ལ། དགུག་གཞུག་བྱས་ལ་བསྲེག་གོ །གཅེས་པ་གསུངས་པས་སོ། །གཅེས་པ་བསྡུས་པའི་སྒྲོན་མའི་གདམས་པ། སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ།། །།ས་མ་ཡཱ།
ལེའུ་གཉིས་པ། མེ་ལོང་གསལ་བའི་ལྡེ་མིག
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཀྱིས་གསུངས་མེ་ལོང་གསལ་བའི་གསང་བ་ལྡེ་མིག་འདི་ལ། ཤེས་རབ་རྟོག་པ་སྤྱན་གྱིས་སྒྲོལ་ལ་མཁས་འགྱུར་ནས། །དེ་ནི་མི་བཟད་གཏེར་རིན་པོ་ཆེ་དང་དང་འཕྲད། །མ་གྲོལ་ཁམས་གསུམ་དམྱལ་བའི་རྒྱུ་འཁོར་བའི་རྒྱུ། །འབུར་གསུམ་མཚན་ཉིད་བསྟན་པར་བྱ་བབ་བྱུང་ན་མཐའ་མ་འདམ་པ་འབྱུང་སྟེ་རིམ་གྱིས་འབྱུང་སྟེ་ཡང་འཕོ་བ་སྐྱོན་ཡོན་ཡོན་ཏན་ཅན་སྔགས་འབུར་འབྱུང་བ་ཡིན་དེས་ནད་པ་འཇིགས་ཏེ་འོང་། སྔགས་མི་འཇོག་པ་ཡིན། །ཤ་འབུར་གདོན་གྱི་སྤྲུལ་པ་ཡིན་ཤ་མདོག་ཆེ་ཆུང་སྲན་མ་ཙམ་གཅིག་འོང་སྟེ་ཆེར་སོང་ནས། ལོ་གཅིག་ཐུབ་པར་འགྲོ་འོ། །དེ་ནས་ཕོ་བ་ཡང་ན་བ་སོས་སླའོ། །གཏིང་འབུར་ནད་གཞི་རྒྱས་པ་ཡིན་འབྲུམ་པ་ཐོ་རེ་བ་རུས་པ་ལ་འབྱར་བ་མི་འགུལ་འཁོར་ཉུངས་བ་དང་པོ་དཀའ་བ་ལ་བྱུང་ནས་ལོ་གཅིག་ལོན་ཏེ་ནད་ལག་པ་ལ་བྱུང་། དེ་ནས་ལོ་གསུམ་གསུམ་ནས་དཔྲལ་བར་འབྱུང་། དེས་ཚེ་ཡི་འདུ་བྱེད་འཕོ་བར་འགྱུར་རོ། །སྲིན་འབུར་སྔགས་ཀྱི་སྤྲུལ་པ་ཡིན་དཔྲལ་དང་རོ་རྒྱབ་ཏུ་ཐོར་པ་འོང་བ་ནི་བྱད་ཀྱི་སྲིན་འབྲུམ་འདྲ་བ་གཅིག་འོང་སྟེ། དེ་རྒྱལ་པོ་ལ་འཁོར་གྱིས་བསྐོར་བ་འདྲ་བ་ནི་འོང་བ་ལ་འབྲུམ་པ་དེའི་མཐའ་མ་འབྲུམ་ཅུང་གིས་བསྐོར་བ་གཅིག་འོང་སྟེ། དེ་ནི་སྔགས་ཀྱི་ནུས་པའོ། །ཤ་སྒངས་[སྒང]ཤ་སྦྲང་གིས་ཟོས་པ་འདྲ་བའི་འབྲུམ་པ་གཞན་པས་ཕངས་མཐོ་བ་གཅིག་འོང་སྟེ། ཇེ་ཆུང་ལ་ཚད་མེད་ན་ཚ་མེད་པ་ལག་པས་བྱམས་ན་སྙིང་པོ་མེད་པའི་ཉིལ་རོ་འོང་ཞན་དང་ལོ་ཁོ་ན་བས་ཞིར་འགྲོ་འོ་ཉ་རྒངས་[ཉྭ་སྒང]འདི་གར་ཡང་ཉེས་པ་མེད་ཆེ་ཆུང་མཐེ་བོང་ཙམ། ཤ་རྐང་པས་ཆུང་པས་དམར་ལ་ན་ཚ་མེད་པས་ཏེ་སྔགས་ཀྱིས་ཐུབ་པ་ཡིན་ཆུ་སྒངས་[སྒང]གསུམ་ཆུ་བུར་འོང་བ་སྟེ་ཤ་རོའི་སྟེང་དུ་བྱུང་ན་མི་སོས་ཆུ་རྒངས་[སྒང]གི་འགོར་[མགོར]ནི་ཤ་རོ་བྱུང་ན་ཕྱེད་སོས་ཕྱེད་མི་སོས། །རྨ་དང་ཟུར་གསུམ་དུ་འབྲུམ་པ་ཆུང་ངུན་[ངུ]བྱུང་བ་ལ་མགོ་ནར་མོར་སྐྱིབས་ཆེ་བར་འདུག་པ་དེ་ཤིང་བུའམ་ཁབ་ཀྱིས་བལྟས་པས་ཤ་རོ་འདུག་ན་མི་འཚོ་མེད་ན་འཚོ་བ་ཡིན་ནོ་སེར་ཀ་ཟུར་གསུམ་དུ་སོང་བ་མི་སོས་ཤ་རོ་མེད་དེ་སོས་སོ་ཧོལ་དམིག་[མིག]གསུམ་རྣག་བྱུང་ན་ཤ་རོ་སྔ་བའི་རྟགས་ཡིན་པས་མི་སོས་སོ། །ཅི་ཡང་མི་དགོས་རྣག་མེད་དུ་བྱུང་ན་ཟླ་བ་གཉིས་གསུམ་དུ་འཚམས་[མཚམས]བཅད་དེ་སོས་སོ། །ཁ་དོག་ཅན་དང་ཁ་དོག་དམར་རིགས་ཐམས་ཅད་སོས་ནས་འོང་ངོ་ཁ་དོག་བྲལ་ཤ་རོ་ཡིས་ཤ་མདོག་ཉམས་པ་ལ་དམར་པོ་ལ་སོགས་པ་མེད་ན་དཀའ་བ་ཡིན་ནོ། །གཟུགས་ཅན་དང་ནི་ཉ་སྦྲུལ་གྱི་གཟུགས་སུ་སྣང་བ་ཡང་ངོ་གཟུགས་མེད་དང་གཟུགས་མེད་པའི་ཤེས་བྱ་མ་ཟིན་པ་སྟེ་ཡིད་ཀྱི་སྤྱོད་ཡུལ་ལོ། །དིག་པ་དང་ནི་ཤ་རོ་པགས་པ་ལ་བྱུང་ནས་འདུག་ན་སྐྱི་ལ་ཞུགས་པ་ཡིན་ཏེ་ནད་བྱུང་ནས་ལོ་གཅིག་ལོན་པ་ཡིན་ཤིན་ཏུ་དིག་ཤ་རོ་ཤ་ལ་ཐེབས་ནས་འདུག་ན་ལོ་གཉིས་ལོན་པའི་རྟགས་ཡིན། ལྐུགས་པ་དང་ནི་ཤ་རོ་རུས་པ་ལ་འཐོམས་པ་ནི་ལོ་གསུམ་ལོན་ཏེ་དགའ་[དཀའ]བ་ཡིན་ནོ་ཤིན་ཏུ་ལྐུགས་ཆུ་སེར་ནག་པོ་ནང་དུ་སྨིན་ཙམ་ན་ཕྱིའི་བྱད་མདོག་ལོག་ནས་འོང་སྟེ་དེ་ཙམ་ན་སྦལ་པ་ཡིན་ཏེ། །ནག་པོ་ཁ་མེད་ཁྲོ་ཆུའི་འདི་ནི་ཤ་རོ་རུས་པ་ལ་སླེབས་བྱས་ཏེ་ཆུ་བུར་སྲན་མ་ཙམ་ལས་མེད་དང་རུས་པའི་དཀྱིལ་དུ་སོང་བ་ལས་དེ་ཐལ་བའོ་གཟེར་རོ། །ལྡེ་མིག་རབ་ཏུ་གསལ་བ་འདི། །བླ་མའི་དྲིན་གྱིས་བསྙེས་པ་ཡི[ཡིས]། །མ་སྤེལ་རང་གི་སེམས་ལ་འཆོངས[ཆོངས]། །སློབ་དཔོན་ཀླུ་སྒྲུབ་སྙིང་པོས་གསུངས་པ་ཡི་མན་ངག་འདི། རྟ་སྟོན་གྱིས་གྲུ་ལ་སྣང་[གནང]ནས། དེས་འཁམས་པ་ལ། དེས་ཇོ་སྲས་ཤངས་པ་ལ། དེས་ཁུ་སྟོན་ལ། དེས་བདག་ལི་སྟོན་ལ་གནང་ལགས་སོ། །རབ་ཏུ་གསལ་བའི་ལྡེ་མིག་རྫོགས་སོ།། །།
ལེའུ་གསུམ་པ། རིན་པོ་ཆེ་བསྡུས་པའི་མེ་ལོང་།
སློབ་དཔོན་ཀླུ་སྒྲུབ་ལ། ཀླུའི་རྒྱལ་པོ་འཇོག་པོ་ཡིས། རིན་པོ་ཆེ་བསྡུས་པའི་མེ་ལོང་དོན་བཅུ་གཉིས་པ་འདི་བསྟན་ནོ། །དེ་ཡང་དང་པོར་དྲི་ལ་བརྟག་པ་དང་། ཤ་ཡི་མདོག་ལ་བརྟག་པ་དང་། འབྱུང་བ་ལྔའི་འཁོར་ལོ་ལ་བརྟེན་ནས། ཀླུའི་འཇུག་ས་བསྟན་པ་དང་། ཤ་གནད་བཟང་ངན་གྱིས་ཐེབས་པ་བསྟན་པ་དང་། ཆུ་གནད་ཀྱིས་ཐེབས་པ་བཟང་ངན་བསྟན་པ་དང་། ཉ་[ཉྭ]གནད་ཀྱིས་ཐེབས་པ་བཟང་ངན་བསྟན་པ་དང་། རྩ་གནད་ཀྱིས་བཟང་ངན་བསྟན་པ་དང་། ནད་གཞི་དམིག་[མིག]ལ་འཆར་བས་དམིག་[མིག]ལ་བརྟག་པ་དང་། ནད་རིགས་ངོས་གཟུང་བ་སྔོས་དང་འཁོར་ནད་དབྱེ་བ་བསྟན་པ་དང་། རྨའི་མདོག་ལ་བརྟག་པ་བསྟན་པ་དང་བཅུ་གཅིག་པའོ།།
དང་པོར་དྲི་ཡི་བརྟག་པ་ནི། དྲི་མ་འགྱུར་ན་བཟང་། ཉི་མས་ཚིག་པ་འདྲ་བ་འབྱུང་བ་དང་། གཤིན་དྲི་བྲོ་བ་འདྲ་བ་བྱུང་བ་ནི། རྨན་སྨིན་ཡིན་ཏེ་མི་འཚོ་འོ། །དུད་པོའི་དྲིའམ་ཀྱི་ཡི་དྲི་འདྲ་བ་བྱུང་ན། བསྐོར་དང་མ་མོ་གདོན་ཆེ་བ་ཡིན། ཆུ་དྲིའམ་ར་[རྭ]གཞོབ་འདྲ་བའི་དྲི་བྱུང་ན། ཀླུ་གདོན་ཆེ་བ་ཡིན། ཚིལ་ཆེན་གྱི་དྲི་འདྲ་བ་བྱུང་ན། གདོན་རྩུབ་པ་ཡིན། དྲི་ཆུའི་དྲི་མ་འདྲ་བ་བྱུང་ན། གདོན་ཕྲ་བ་ཡིན་ནོ། །ཤ་རོ་ལ་བརྟག་པ་ནི། ཤ་རོ་ཡས་པགས་པ་ནས་མར་ལ་ཆགས་པ་དང་། མས་རུས་པའི་རྟིང་[སྟེང]ནས་མས་ཤར་ཆག་[ཆགས]པའོ། །ཤ་རོ་གདོན་ཡིན་ཡས་ཆགས་པ་ནི་རྐྱེན་གྱིས་འབྱུང་བའོ། །མས་ཆགས་པ་ནི། ལས་ཀྱི་རྣམ་སྨིན་གྱི་ནད་ཡིན་ནོ། །ཕྱེད་མར་བྱུང་ན་གདོན་རྒྱབ་ཚན་ཆེ་བ་ཡིན་ནོ། །ཤའི་མདོག་ལ་བརྟག་པ་ནི། ཤ་སྐམ་ན་རྣམ་སྨིན་གྱི་ནད་ཡིན། ཤ་མདོག་སྨུག་ན་གདོན་ཞེན་ཆེ་བ་ཡིན། ཤ་འགྱུར་ལྡོག་ཆེ་ན་གདོན་ཕྲ་བ་ཡིན། ཤ་སྦོས་ནས་ཡང་བ་ཡིན་པ་དང་སྐྲངས་པར་བྱེད་ན་གདོན་ཐུབ་པ་ཡིན། ཤ་འགུལ་ན་བསྐོར་དང་མ་མོ་གདོན་ཆེ་བ་ཡིན། འབྱུང་བ་ཡི་འཁོར་ལོ་ལ་བརྟེན་ནས། ཀླུའི་འཇུག་པ་བརྟག་པ་ནི། འཇང་ཀ་[གཞང་ཁ]རླུང་གི་འཁོར་ལོ་ནས་རྨོངས་འཇུགས[དམངས་འཇུག]ལྟེ་བ་མེ་ཡི་འཁོར་ལོ་ནས་རྗེའུ་རིགས་འཇུག །གཞུངས་པ་སའི་འཁོར་ལོ་ནས་རྒྱལ་རིགས་འཇུགས་[འཇུག] གླད་པ་ཆུ་ཡི་འཁོར་ལོ་ནས་བྲམ་ཟེ་རིགས་འཇུག །གདོལ་པའི་རིགས་ནི་ངེས་མེད་ཀུན་ནས་འཇུག་པ་ཡིན་ནོ།།
ཤ་གནད་བཟང་ངན་གྱིས་ཐེབས་པ་བརྟག་པ་ནི། དཔྲལ་བའི་ཤ་ནི་འཛུམ་འདུས་པ་བྱ་བ་ཡིན་ཏེ། བྲམ་ཟེའི་རིགས་ཀྱིས་ཐེབས་པ་ངན་པ་ཡིན། སོག་པ་གཉིས་ཀྱི་བར་ན་ནི། ཤ་ཐམས་ཅད་ཀྱི་དབྱིངས་འདུས་པ་བྱ་བ་ཡིན། རྒྱལ་རིགས་ཀྱིས་ཐེབས་པ་ངན་པ་ཡིན། པགས་པ་གཉིས་ཀྱི་སྲུབས་ཤ་ཐམས་ཅད་ཀྱི་བཅུད་འདུས་པ་བྱ་བ་ཡིན་ཏེ། རྗེ་རིགས་ཀྱིས་ཐེབས་པ་ངན་པ་ཡིན། རྣག་[སྣག]པོ་ཆེ་ལ་ཤ་ཐམས་ཅད་ཀྱི་སྲུབ་[སྲུབས]འདུས་པ་བྱ་བ་ཡིན་ཏེ། རྨོངས་[དམངས]རིགས་ཀྱིས་ཐེབས་པ་ངན་པ་ཡིན་ནོ།།
ཆུ་བའི་གནད་ཀྱིས་ཟིན་པ་བཟང་ངན་བསྟན་པ་ནི། ལྷག་པ་ཆུ་བ་ཐམས་ཅད་ཀྱི་སྣ་འདུས་པ་བྱ་བ་ཡིན་ཏེ། བྲམ་ཟེ་རིགས་ཀྱིས་ཟིན་པ་ངན་པ་ཡིན། སྒྱིད་ཁུང་པ་ཆུ་བ་ཐམས་ཅད་ཀྱི་གཞི་འདུས་པ་བྱ་བ་ཡིན་ཏེ། རྒྱལ་རིགས་ཀྱིས་ཟིན་པ་ངན་པ་ཡིན། མཐེ་ཅུང་གི་ཟུར་གཉིས་ལ་ཟིན་ན། ཆུ་བའི་རྩེ་མོ་འདུས་པ་བྱ་བ་ཡིན་ཏེ། རྗེའུ་རིགས་ཀྱིས་ཟིན་པ་ངན་པ་ཡིན། རྟིང་ཆུ་བ་ཆུ་བ་ཐམས་ཅད་ཀྱི་མཁར་འདུས་པ་བྱ་བ་ཡིན་ཏེ། རྨོངས་[དམངས]རིགས་ཀྱིས་ཟིན་པ་ངན་པ་ཡིན་ནོ། །ཉའི་གནོད་[ཉྭའི་གནད]ཀྱིས་ཟིན་པ་བསྟན་པ་ནི། བྱིན་པའི་ཉྭ་ཐམས་ཅད་འདུས་པའི་འཁོར་ཡིན་ཏེ། རྨོངས་[དམངས]རིགས་ཀྱིས་ཟིན་པ་ངན་པ་ཡིན། པུས་མོའི་གོང་གཉིས་ཉྭ་ཐམས་ཅད་ཀྱི་གནད་ཡིན་ཏེ། རྒྱལ་རིགས་ཀྱིས་ཟིན་པ་ངན་པ་ཡིན། ལག་པ་གཉིས་ཀྱི་དྲི་མོང་གི་[གྲུ་མོའི]གོང་ཉྭ་ཐམས་ཅད་ཀྱི་སྣ་ཡིན་ཏེ། རྗེ་རིགས་ཀྱིས་ཟིན་པ་ངན་པ་ཡིན། སོག་པའི་འགོ་[མགོ]གཉིས་ཀྱི་ཉྭ་ཐམས་ཅད་ཀྱི་གང་འདུས་པ་བྱ་བ་ཡིན་ཏེ། བྲམ་ཟེ་རིགས་ཀྱི་ས་[ཀྱིས་ཟིན་པ]ངན་པ་ཡིན།
རྩ་གནད་ནི། མཐེ་བོང་ལ་རྩ་ཐམས་ཅད་ཀྱི་རྩེ་མོང་[རྨོ]གནས་པ་ཡིན་ཏེ། རྒྱལ་རིགས་ཀྱིས་ཟིན་པ་ངན་པ་ཡིན། རྐང་པའི་བོལ་གོང་གཉིས་ལ་རྒྱས་པའི་རྩ་བདུན་གནས་པ་ཡིན་ཏེ། རྨོངས་[དམངས]རིགས་ཀྱིས་ཟིན་པ་ངན་པ་ཡིན། དྲི་མོང་[གྲུ་མོའི]ཁུད་ན་རྩ་ཐམས་ཅད་ཀྱི་སྤྱི་མདུད་བྱ་བ་གནས་ཏེ། རྗེ་རིགས་ཀྱིས་ཟིན་པ་ངན་པ་ཡིན། རྩེ་འགོ་[མགོ]གཉིས་ལ་རྩ་བོ་བཅུ་དྲུག་གི་ཁུག་པ་བདུན་བྱ་བ་གནས་ཏེ། བྲམ་ཟེས་ཟིན་པ་ངན་པ་ཡིན། དོན་རྩ་ནག་པོ་ལ་རྩའི་ཆུ་བོ་ལྔ་འདུས་པ་དོན་སྙིང་གི་རྩ་གནད་ཡིན་ཏེ། གདོལ་པ་རིགས་ཀྱིས་ཟིན་པ་ངན་པ་ཡིན།
མིག་ལ་བརྟག་པ་ནི། ཆུའམ་རྩང་[གཙང]གིས་བྱད་བཀྲུས་ལ། ཤིང་རྩི་ཡི་འབྲས་བུ་རྩེ་མོ་ལ་སྨིན་པ་བཞིན་དུ། ནད་ཀྱི་མེ་ཏོག་མིག་ལ་འཆར་བར་འོང་། མིག་སྤྲིན་སེར་པོས་འཁྲིས་[འཁྲིགས]ཀས་ལྕིབས་རྩེར་ཁེངས་པ་བྱུང་ན། མཁྲིས་པ་ལས་གྱུར་པའི་ནད་ཡིན་ཏེ། གདོན་རྒྱལ་རིགས་ཀྱི་ནད་ཡིན་ནོ། །གླང་[ཀླད]ཁྲག་ཆུ་ལ་ཕོ་བ་འདྲ་བ་ཞིག་བྱུང་བ། ཁྲག་རྒྱས་པའི་ནད་ཡིན་ཏེ། གདོན་རྗེ་རིགས་ཀྱིས་གནོད། འཁྱག་འབྲུམ་མམ་ཆུ་འབྲུམ་འདྲ་བ་འབྱུང་ངམ། སྨིག་[མིག]ཆུ་བསྐོར་བསྐོར་བ་བྱུང་ན། ཆུ་སེར་རྒྱས་པའི་ནད་ཡིན་ཏེ། གདོན་བྲམ་ཟེ་ཡིན་ནོ། །དམར་སེར་སྤྲིས་མ་འདྲ་བ་ཆགས་ན། བད་ཀན་རྒྱས་པའི་ནད་ཡིན་ཏེ། གདོན་ནི་རྨོངས་[དམངས]རིགས་སོ། །མིག་གི་འབྲས་བུ་འགུལ་ཞིང་མཐོང་བྱེད་ལ་སྦུ་ཅུང་གདོལ་བ་རྡོལ་བ་འོང་ན། གཏིང་མཚོ་ཁོལ་བ་བྱ་བ་ཡིན་ཏེ། གདོན་གདོལ་བ་ཡིན། འབྲས་བུ་ནག་པོ་མདོག་སྔོན་མེད་ཅིག་བྱུང་ན། ནད་གཞི་རྩ་ལ་གྲམ་པ་བྱ་བ་ཡིན་ཏེ། གདོན་རྨོངས་[དམངས]རིགས་ཡིན། ནག་པོ་མཐོངས་[མཐོང]བྱེད་འདྲ་བ་བྱུང་ན། ཆུ་སེར་དོན་སྙིང་ལ་གྲམ་པ་ཡིན་ཏེ། དེ་ནི་རྣམ་སྨིན་ཡིན་ནོ།།
སྔོས་དང་འཁོར་ནད་དབྱེ་བ་ནི། དྲི་[གྲུ]ཁུད་དུ་ཟིན་ན་རྗེ་རིགས་ཀྱི་གདན་ས་ཟིན་པ་བྱ་བ་ཡིན་ཏེ། རྒྱལ་རིགས་འཁོར་དང་རྗེ་རིགས་སུ་བསྡོང་བའི་ནད་ཡིན། སྙིང་ཀས་ཟིན་ན་རྒྱལ་རིགས་ཀྱི་གདན་ས་ཟིན་པ་བྱ་བ་ཡིན་ཏེ། རྗེ་རིགས་ཀྱི་འཁོར་དང་། རྒྱལ་རིགས་བསྡོངས་པའི་ནད་ཡིན། གླད་པ་ལ་ཟིན་ན་བྲམ་ཟེའི་འཁོར་དང་རྨོངས་[དམངས]རིགས་བསྡོངས་པའི་ནད་ཡིན། ལྟེ་བ་ལ་ཟིན་ན་རྨོངས་[དམངས]རིགས་ཀྱི་ཀླུ་དང་བྲམ་ཟེ་བསྡོངས་པའི་ནད་ཡིན། དེ་ཚོ་ཀུན་ཀ་ཚང་བ་ཞིག་བྱུང་ན་གདོལ་བ་ཅན་དང་། རྨོངས་[དམངས]རིགས་བསྡེབས་པའི་ནད་ཡིན་ནོ།།
རྨ་ལ་བརྟག་པ་ནི། རྐང་པའི་རྒྱུ་མ་ལ་ཀྱི་སྐད་པོ་ཡི་མཆི་བུག་འདྲ་བ་གཅིག་བྱུང་ན། རྣམ་སྨིན་གྱི་ནད་ཡིན་ནོ། །རྨ་དམར་པོ་ཆུ་སེར་ཕྲོ་ལེ་བ་བྱུང་ན་གདོན་ཞན་[ཞེན]པ་ཡིན། རྨ་སྔོ་སྐྱ་བ་ཧམ་པ་ཅན་དུ་བྱུང་ན་བཀོར་[དཀོར]བདག་དང་མ་མོ་གདོན་ཆེ་བ་ཡིན། རྨ་དེ་ནི་ཐུབ་པ་ཡིན་ནོ། །ཟིན་པ་དང་གནད་ཀུན་ཚང་བ་ཀུན་བྱུང་ན་འཚོ་བ་མི་ཡོང་ངོ་རེ་རེ་གཉིས་གཉིས་ལ་བྱུང་ན་འཚོ་བ་མ་ཡིན་ནོ། །རིན་པོ་ཆེ་བསྡུས་པའི་མེ་ལོང་ཤིན་ཏུ་ཡང་གསལ་བ་རྫོགས་སྷོ། །ཤངས་ཅུང་བ་ལ་དངོས་གྲུབ་ཏུ་བབས་པའོ། །ས་མ་ཡཱ། ཁ་ཐམ།། །།
ལེའུ་བཞི་པ། དུག་མཚོ་གསེར་གྱི་མེ་ལོང་།
སློབ་དཔོན་ཀླུ་སྒྲུབ་ཀྱིས། དུག་མཚོ་གསེར་གྱི་མེ་ལོང་འདི་མཛད་པའོ། །དེ་ལ་དུག་མཚོ་གསེར་གྱི་མེ་ལོང་འདི་ལ། གདོན་རིགས་དབྱེ་ན་གཉིས་ཡོད་དེ། ཁ་གདོན་དང་ནི་གཏིང་གདོན་ནོ། །གཏིང་གདོན་ལ་ཡང་ལྔ་ཡོད་དེ། དང་པོ་རྒྱལ་རིགས་ཞུགས་པ་ནི། ཤ་མདོག་ནག་ལ་ཁམ་ཆགས་ཡིན། སྙིང་ཆེ་ལ་སྙོང་[རྙོང]སྙིང་འདོད། ཤེས་པ་འཐིབས་ལ་སྨུག་པ་ཡིན། མགོ་སྐྲངས་ལ་སྨིན་མ་བྱི་བ་དང་། གྲོ་[གྲོད]པའི་སྤུ་ཀུན་བྱི་བ་དང་། རྐང་ཁོལ་བ་དང་རུས་པ་ན་བའོ། །ནགས་ཀྱི་སྤྱི་རྩུགས་[གཙུག]ལ་ཟིན་པ་དང་། རྒྱ་མཐོངས་གཉིས་ལ་ཟིན་པ་དང་། མཁར་བཞི་དག་ལ་ཟིན་པ་དང་། གཞོག་[གཞོགས]སྣ་གཡས་ལ་ཟིན་པ་དང་། གྲང་སིལ་སིལ་བྱེད་པ་དང་། འདར་ཡེངས་ཡེངས་བྱེད་པའོ། །རྒྱལ་རིགས་དེའི་སྡོང་ཟླ་ནི། ཀླུ་བདུད་ཀླུ་སྨན་བཀོར་[དཀོར]བདག་དང་། དམ་སྲི་མཚོ་སྨན་དང་འདི་རྣམས་ཡིན་ནོ། །དེ་དག་གནོད་པའི་ས་ཕྱོགས་ནི། ལུང་ཕུག་ལྷོ་ནུབ་འཚམས་[མཚམས]སུ་ཟུག །ཆུ་མིག་འགོ་གསུམ་ཡོད་པ་དང་། ལུ་མ་གྱ་གྱུ་ཡོད་པ་དང་། རྩི་ཤིང་རྐང་ཅིག་བན་བུན་ཡོད། ནེ་[ནེའུ]སིང་ཀར་ཀོར་ཡོད་པ་འམ། བན་དྷེ་དག་དང་འདྲས་པ་དང་། ཆུ་མིག་དག་ལ་གནན་པ་ཡོད་དོ། །རྒྱལ་རིགས་ལོ་བདུན་ལུས་ལ་གནས། རང་གིས་མི་ཚོར་གཞན་གྱིས་ཚོར་བའོ། །དེའི་དུས་སུ་རྨི་ལམ་ནི། ཆུ་དང་གཡང་ལ་འཕྱོ་བ་དང་། རྒྱ་མཚོའི་ཁྱིམ་དུ་ཁྱིམ་བཟུང་དང་། ཆུ་ཡིས་མཐའ་མ་འཁོར་བ་དང་། ཀྱི་གཡག་རྟ་དང་འཐབ་པ་དང་། རྒྱབ་ནས་རླུང་གིས་འབུད་པ་དང་། ལྷ་ཁང་ནང་དུ་ཉལ་བ་དང་། བུད་མེད་སྔོན་མོ་དག་དང་བརྩེ། ཉི་མ་ཕྱེད་ནས་ས་སྲོས་དང་། དེ་ལ་སོགས་སྣ་ཚོགས་དང་འབྱུང་ངོ་། །རྒྱལ་རིགས་ཀྱི་བརྟག་ལུགས་སོ། །ཨྠི།
རྗེས་[རྗེ]རིགས་དག་གི་བརྟག་པ་ནི། །ཤ་མདོག་དམར་ལ་ཧམས་[ཧམ]པ་ཆགས། །རང་གིས་མི་མཐོང་གཞན་གྱིས་མཐོང་། །མཁུར་བའི་མཚོ་[ཚོས]ལ་ཟིན་པ་དང་། །སྨིན་མིག་ཕྲག་ནས་ཟིན་པ་དང་། །སྣ་ཡི་རྩེ་ལ་ཟིན་པ་དང་། །སྙིང་མི་དགའ་དང་སེམས་འདར་དང་། །ངུ་སྙིང་འདོད་དང་སྨྲ་བ་མང་། །སྤྲོ་ཐུང་སེམས་ཀྱང་དཀར་བ་འོང་། །རབ་ཏུ་ཚིག་ཡིང་[ཡང]འཁྲོ་སྙིང་འདོད། །རྗེས་[རྗེ]རིགས་དེའི་སྡོང་ཟླ་ནི། །ཀླུ་བཙན་པ་བསེན་བྲག་སྲིན་མོ། །དེ་ནས་གདོན་པའི་ས་ཕྱོགས་ནི། །འཁོན་དང་དབལ་ལས་ཉེན་ལངས་ཏེ། །ཞིང་ས་དག་ནས་གནོད་པ་སྟེ། །ཉ་འདྲ་རྫིང་འདྲ་བོལ་ཡང་འདྲ། །ཞིང་གི་དཀྱིལ་ནས་རྡོ་བ་ནས་འདྲ་ཡོད། རྗེ་རིགས་ལོ་གསུམ་ལུས་ལ་གནས། །རང་གིས་མི་ཚོར་གཞན་གྱིས་ཚོར། །ལོ་གསུམ་དུས་ལ་ཚོར་བ་ཡིན་ནོ། །དེའི་དུས་ཀྱི་རྨི་ལམ་ནི། །ཆུ་དང་བྲག་ལ་གཡང་ཟ་དང་། །འཐབ་མོ་ཆད་པོ་བྱེད་པ་དང་། །འདམ་གྱི་གསེབ་ན་འདུག་པ་དང་། །ཉ་སྦྲུལ་སྦལ་པ་འདུག་པ་དང་། །གོས་ནག་ལུས་ལ་གོན་པ་དང་། །རྟ་དང་བ་གླང་ཁྱི་དང་མི། །མཁས་པས་བརྟག་ལ་གསོ་བར་བྱ། །རྗེའུ་རིགས་ཀྱི་བརྟག་པའོ། །ཨྠི།
བྲམ་ཟེའི་རིགས་ཀྱི་བརྟག་པ་ནི། །ཤ་མདོག་དམར་ལ་རྩ་ཆགས་དང་། །ཤ་འཕྲིག་རྩ་ཡར་འཁུག་[འཁུགས]པ་འོང་། །མདོག་དམར་བྱད་ཀྱང་ཚ་ལམ་བྱེད། །བྱད་ལ་རེས་མོས་ཚ་བ་ཙག་ཙག་བྱེད། །སྡོང་པ་ཁོལ་ལ་རུས་པ་ཁོལ། །གྲང་སིལ་འདར་ཡེང་བྱེད་པ་དང་། །གཞོབ་[གཞོགས]སྣ་གཡོན་ལ་འཇུག་པ་ཡིན། །དང་པོ་ཤ་མདངས་བར་ན་འཇུག །ཤ་མདངས་བར་ནས་མེ་ལྟར་འབར། །ལག་པའི་ཚིགས་ལ་ཟིན་པ་དང་། །ཚང་ཁ་རག་ནས་ཁོལ་བ་ཡིན། །འཚེགས་དང་འཁུག་དང་འཕྲིག་པ་ཡིན། །སྙིང་མི་དགའ་ལ་སེམས་ཀྱང་འཕྱོ་འོ། །བྲམ་ཟེ་དེ་ཡི་སྡོང་ཟླ་ནི། །བདུད་མོ་དམ་སྲི་ཀླུ་འབྲོག་མོ། །རྒྱལ་པོ་བཙན་དང་ཐོ་[ཐེའུ]རང་ངོ་། །དེ་རྣམས་གནོད་པའི་ས་ཕྱོགས་ནི། །ཁྱིམ་གྱི་ཤར་ཕྱོགས་ནི་[ནེའུ]སིང་ཡོད་པའམ། །ཤིང་རྩི་བན་བུན་ལུ་མ་གྱ་གྱུའམ། །གད་པ་ཧར་ཧོར་ཡོད་པའམ། །བཞི་བུ་གྲུ་ཡོད་པའི་ས་ནས་གནོད་དོ། །བྲམ་ཟེ་ལོ་གཉིས་ལུས་ལ་གནས་པ་ཡིན། ལོ་གཉིས་ལོན་ནས་རང་གཞན་གཉིས་ཀར་འཚོར་[ཚོར]རོ། །དེའི་དུས་སུ་རྨི་ལམ་ནི། །ལུས་ལ་ཆུ་ཡིས་ཁེངས་པ་དང་། །ཀྱི་དང་འདམས་[འདམ]དང་ཆུ་མིག་དང་། །ལྷ་ཁང་དག་དང་མཆོད་རྟེན་དང་། །རྟ་དང་བ་གླང་ར་ལུག་དང་། །མི་རྩང་[གཙང]བའི་གསེབ་ན་ཉལ་བ་འོང་ངོ་། །བྲམ་ཟེ་རིགས་ནི་གསོ་བ་སླ། །མཁས་པས་བརྟག་ལ་གསོ་བར་བྱའོ། །ལོ་གཉིས་དག་ནས་སོས་པར་འགྱུར་རོ། །དེ་ལ་དྲག་པོ་བྱས་པས་འཚོ་འོ། །བྲམ་ཟེའི་རིགས་ཀྱིས་བརྟག་པའོ། །ཨྠི།
རྨོངས་[དམངས]རིགས་དག་གི་བརྟག་པ་ནི། །ཤ་མདོག་སྔོ་ལ་མཐིངས་[མཐིང]ཆགས་ཡིན། །མདོག་དང་ཀྱི་[སྐྱི]ལ་ཞུགས་པ་ནི། །ཤ་བཀྲ་མེ་དབལ་བས་ལྡག་དང་། །སྣ་ཁྲག་མང་དུ་འོང་བ་དང་། །སྐྱེ་[སྐེ]སྦོམ་པ་དང་སྐྱེ་[སྐེ]སྐྲངས་དང་། །ཤ་རྩི་གློ་བ་བརྒྱངས་པ་འདྲ། །མིག་ཀྱང་སེར་ལ་མི་གསལ་དང་། །རྐང་པ་སྦྲིད་དང་ཁོལ་བ་དང་། །གཞོག་[གཞོགས]ན་གཡས་པ་ཁོལ་བ་དང་། །རྒྱ་ཚིགས་ཀུན་དང་རྐང་ཡང་ཁོལ། །རྐང་པས་དྲག་ཏུ་ཕྱིན་པའི་ཚེ། །ཀྱི་བཞུག[སྐྱི་ཞུགས]བཞིན་དུ་གཡོས་པ་ཡིན། །མཁལ་མ་ནང་དུ་ཆུ་སྦོས་བྱེད་དོ། །དེ་ལ་གནོད་པའི་ས་ཕྱོགས་ནི། །སྦྱིན་པའི་ནང་ནས་གནོད་པ་ཡིན། །བན་བོན་དག་གི་ཁང་སེལ་བྱེད་དོ། །རྨོངས་[དམངས]རིགས་ལོ་ཅིག་ལུས་ལས་[ལ]གནས། དེ་ནས་ལོ་ཅིག་དག་ནས་རང་གཞན་གཉིས་ཀར་ཚོར། རྨོངས་[དམངས]རིགས་དེའི་སྡོང་ཟླ་ནི། སྨུ་[དམུ]དང་གཉན་དང་གཟེར་དང་སྟོད། །རྨོངས[དམངས]ཀྱི་གདོན་དང་ས་བདག་གོ །དེ་ཡི་དུས་སུ་རྨི་ལམ་ནི། །མི་རེང་[རང]དམར་པོ་རྒྱུག་པ་དང་། །ཟམ་པའི་སྟེང་ནས་ལྷུངས་པ་དང་། །ཆུ་མིག་ནང་ན་འདུག་པ་དང་། །འདམ་རྫབ་ལུས་ལ་གོས་པ་དང་། །བུད་མེད་མང་པོ་ངུ་བ་རྨི། །དར་སྔོན་ལུས་ལ་གོན་པ་དང་། །ཁྲག་དང་མཚོན་གྱིས་ཕོག་པའོ། །འདི་ནི་ཤིན་ཏུ་གསོ་བ་དཀའ་སྟེ། མཁས་པ་དག་གིས་བཏགས་[བརྟག]པར་བྱ། །ལོ་གཅིག་དག་གིས་སོས་པར་འགྱུར་རོ། །རྨོངས་[དམངས]རིགས་དག་གི་བརྟག་པའོ། །ཨྠི།
གདོལ་བ་རིགས་ཀྱི་བརྟགས་པ་ནི། །ཤ་མདོག་གནག་ལ་ཁམ་ཆགས་ཡིན། །སྨིན་བྲག་[དབྲག]བར་དང་རོའི་སྟོད་ལ་འཇུག །ཕྱིར་ན་ཉེར་མེད་སྣ་ཚོགས་འབྱུང་ངོ་། །གནོད་པའི་ཕྱོགས་དང་ཉེས་པ་མེད། །ཟླ་བ་གཅིག་ན་བདག་གཞན་གཉིས་ཀར་ཚོར། །རྩ་འཚེགས་ཆུ་བུར་འོང་བ་ཡིན། །དེ་ནི་འཚོ་རྐྱེན་འཆི་རྐྱེན་ཡིན། །ནུས་པ་ཅན་གྱིས་གསོ་བར་བྱའོ། །བསྲེགས་དང་རྡུངས་[བརྡུངས]དང་འབེབས་པ་དང་། །འདི་རྣམས་བྱས་ན་སོས་འགྱུར་རོ། །གདོལ་པ་རིགས་ཀྱི་བརྟག་པའོ། །ཨྠི།
དུག་གསུམ་བརྟག་པ་བསྟན་པ་ནི། །ཤ་དུག་སྤུ་དུག་རུས་དུག་གསུམ། །ཤ་ཡི་དུག་ལ་གསུམ་ཡོད་དེ། །ཕོ་མོ་མཚན་མ་དག་ལ་ཟིན་པ་དང་། །མིག་ཚིལ་དག་ལ་ཟིན་པ་དང་། །ལག་པའི་གོང་ཤ་ཤོར་བ་དང་། །ཤ་ཡི་དུག་ཏུ་ཤེས་པར་བྱའོ། །རུས་དུག་ལ་ཡང་གསུམ་ཡོད་དེ། །སོ་ཀར་སེན་མོ་ཀར་བ་དང་། །ཕྲད་འཕྲ་བ་དང་རྐང་འཛེར་དང་། །དབུགས་ཐུང་གློ་ནི་འདེག་[འདེགས]པ་དང་། །རུས་དུག་རྟག་ཏུ་ཤེས་པར་བྱ། །སྤུ་དུག་ལ་ཡང་གསུམ་ཡོད་དེ། །འགོ་[མགོ]བོ་སྐྲངས་དང་འགོ་ཐོས་[མགོ་འཐོམ]དང་། །སྨིན་མ་སྨོངས་[རྨོངས]དག་བྱི་བ་དང་། །བ་སྤུ་གྱེན་ལ་འཁྱིལ་བ་དང་། །སྤུ་དུག་རྟག་ཏུ་ཤེས་པར་བྱའོ། དུག་གསུམ་ཚང་ན་རྣམ་སྨིན་ཡིན། །མཁས་པས་གསོ་བར་མི་བྱའོ། །དུག་གསུམ་གྱི་བརྟག་པའོ།།
དོན་སྙིང་ལྔའི་བརྟག་པ་ནི། །སྙིང་ལ་ནད་དུ་ཟིན་པ་ནི། །ཕྱི་རེ་རེ་གཉིས་གཉིས་གསོ་ཡི་ལྕེ་ལ་ཟིན་པ་ཡིན། ལྕེ་ལ་འབྲུམ་བུ་དམར་པོ་འོང་། །ཤ་མདངས་ཤ་རིས་འགྱུར་བ་ཡིན། །དེ་ནི་སྙིང་ལ་ཟིན་རྟགས་ཡིན། །གློ་བ་མ་ལ་ཟིན་པ་ནི། །སྣའི་གོང་ཤ་ཤོར་བ་ཡིན། །གློ་བ་བུ་ལ་ཟིན་པ་ནི། །སྣའི་རྟོག་[ཏོག]མ་ཞུམས་[ཞུམ]པ་ཡིན། །གློ་ངར་ལ་དབུག་རྩེགས[དབུགས་བརྩེགས]། གློ་བའི་ནང་ནས་ཁྲག་ཏུ་འོང་། །མཆིན་པ་ལ་ནད་དུ་ཟིན་པ་ནི། །མིག་སེརསེར་དམིག་[མིག]སླེ་འགོ་[མགོ]བོ་འཁོར། །མཆེར་པའི་ནད་དུ་ཟིན་པ་ནི། །རྣ་བ་ཞ་འོན་ལུས་ཀྱང་འཁོར། །འཐེབ་[མཐེབ]སྙིང་དག་ཀྱང་ཞ་ནས་འོང་། །མཁལ་མ་དག་ལ་ནད་དུ་ཟིན་པ་ནི། །ལུས་ཀྱང་སྦྲིད་ཅིང་རྐང་ཡང་ཁོལ། །ཕུང་པོ་ལྕི་ཞིང་གང་ཡང་གཡོ། །མཁས་མ་དག་ལ་ཟིན་པའི་རྟགས། །དོན་སྙིང་ལྔ་ཡི་བརྟག་པའོ། །ཨྠི།
དེ་ཡང་ཟིན་པ་ངན་པ་བརྟག་པ་ནི། སྤྱི་བོ་རྩུག་[གཙུག]ཏུ་ཟིན་པ་དང་། །སྨིན་མའི་བར་ནས་ཟིན་པ་དང་། །སྣའི་རྩེ་ནས་ཟིན་པ་དང་། །མཁུར་བའི་མཚོ་[ཚོས]ལ་ཟིན་པ་དང་། །དཔུང་པའི་ཚིགས་ལ་ཟིན་པ་དང་། །དཔྲལ་བ་ནག་པོ་ཟིན་པ་དང་། །ལྕེའི་རྩེ་ལ་ཟིན་པ་དང་། །རྐང་ལག་མཐིལ་ལ་ཟིན་པ་དང་། །ཟིན་པ་ངན་པ་འདི་ཚོ་ཡིན། །མཁས་པས་བརྟག་ལ་གསོ་བར་མི་བྱའོ། །ཟིན་པ་བཟང་པོ་འདི་ཚོ་ཡིན། །འཕྲིག་དང་འཁུག་དང་གཡའ་བ་དང་། །ལུས་ནི་ཚ་ལ་སེམས་མི་དགའ། །ཤུ་བ་གཡན་པ་འབྲུམ་བུ་དང་། །མེ་དབལ་བས་ལྡག་མེ་རིས་དང་། །ཤ་སྦྲང་འཕར་དང་ཕོལ་དམིག་[མིག]དང་། །འགོ་[མགོ]བོ་འཁོར་དང་འགོ་[མགོ]འཁུག་དང་། །ཙག་ཙག་ཕལ་ཕལ་བྱེད་པ་དང་། །འདི་རྣམས་ཟིན་པ་བཟང་བ་སྟེ། །སྔགས་ལ་ཕལ་གྱིས་སོས་པར་འགྱུར་རོ། །ཟིན་པ་བཟང་ངན་གྱི་བརྟགས་པའོ། །རྟགས་[བརྟག]ལུགས་རྒྱས་པར་ཞུས་ལེན་[ལན]ཆེན་པོར་ཤེས་པར་བྱའོ། །ཨྠི།
དེ་ཡང་འདོད་འཚམས་[གདོན་མཚམས]བསྟན་པ་ནི། །ཁ་གདོན་གཏིང་གདོན་གཉིས་ཡོད་དེ། །གཏིང་གདོན་ཐུབ་པའི་རྟགས་སུ་ཡང་། །ལུས་ཀྱི་མི་བདེ་བ་ཕྱེད་སོས་དང་། །སྙིང་མི་དགའ་ལ་སེམས་ཀྱང་འཕྱོ། །འཁྲོ་སྙིང་འདོད་ལ་སྤྲོ་ཡང་ཐུང་། །ངུ་སྙིང་འདོད་དང་སྨྲ་བ་མང་། །ཟས་མི་ཞིམ་ལ་ཧམ་སྐྱའི་མདོག །ཤ་སྐྲགས་[བཀྲག]ལ་འགྱུར་བ་ཆེ་བར་འཚོ་[ཚོར]རོ། །ཁ་གདོན་ལངས་ནག་གདོན་དང་གཟིར། །བསྲེགས་དང་གནན་དང་འཕང་བར་བྱའོ། །གདོན་འཚམས་[མཚམས]ཀྱི་བརྟགས་པའོ། །དུག་མཚོ་གསེར་གྱི་མེ་ལོང་སློབ་དཔོན་ཀླུ་སྒྲུབ་[1]ཀྱིས་བསྡེབས་རྒྱུད་ལས་པ་རྫོགས་སོ།། །།
ཤངས་ཅུང་པ་ལ་དངོས་གྲུབ་ཏུ་བབས་པའོ། །དེ་ལ་སྒོམ་བྷ་ཡེ་ཤེས་འབུམ་གྱིས་ཞུས། དེ་ལ་བདག་ལི་སྟོན་གྱིས་ཞུས་ལགས་སོ། །འགྲོ་བ་རྣམས་ལ་ཕན་ཐོགས་ཤོག། །།
ལེའུ་ལྔ་པ། མེ་ལོང་ཆུང་བ་མཛེ་བརྟགས་བཅོ་བརྒྱད།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་ནི་མེ་ལོང་ཆུང་བ་སྟེ། །དུག་མཚོ་ཁོལ་མའི་འགྲམ་ན། སློབ་དཔོན་ཀླུ་སྒྲུབ་བཞུགས་པ་ལ། ཀླུའི་རྒྱལ་པོས་མཚོ་མ་གྲོས་[དྲོས]ཀྱི་འགྲམ་དུ་སྤྱན་དྲངས་ནས། ཀླུའི་ཚོགས་ལ་ཆོས་བཤད་པའི་དུས་སུ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཀླུ་ཚོགས་མང་པོ་འདུས་ནས། ཀླུའི་རྒྱལ་པོ་འཇོག་པོ་བོས་ནས། ཉོན་མོངས་པའི་སེམས་ཅན་ནད་ཀྱིས་གདུངས་པ་ལས་གསོ་བའི་ཐབས་ཅི་ཡོད་དྲིས་པ་ལ། ཀླུའི་རྒྱལ་པོས་སློབ་དཔོན་ལ་བསྟན་པ། གསོ་རུ་རུང་བ་དང་མི་རུང་བའི་ཐབས་བདག་གིས་བསྟན་གྱིས། དགེ་སློང་ཆེན་པོ་གསོན་ཅིག །སྤྱིར་ན་ཟིན་པ་བཅུ་དྲུག་ཡོད་པ་ལ། གསོ་རུ་རུང་བའི་ཟིན་པ་བརྒྱད། གསོ་རུ་མི་རུང་བའི་ཟིན་པ་བརྒྱད། སྐམས་མཛེ་དང་གཤེར་མཛེ་གཉིས་ཏེ་བཅོ་བརྒྱད་དོ། །དེ་ལ་གསོ་རུ་རུང་བའི་ཟིན་པ་བརྒྱད་ལ། ཉྭ་སུལ་དང་ཚིགས་དང་། གླང་རུལ་དང་མཁུར་ཚོས་དང་སྐྱེ་[སྐེ]འཇིང་དང་པུས་མགོ་དང་། གསུས་ཤ་ལ་ཟིན་པ་དང་། སྐོག་[ལྐོག]མ་ལ་ཟིན་པ་བརྒྱད་ནི། གསོ་རུ་རུང་བས་བརྟགས་ལ་གསོ་འོ།།
གསོ་རུ་མི་རུང་བའི་ཟིན་པ་བརྒྱད་ནི། སྤྱི་བོའི་གཙུག་དང་། སྨིན་འཚམས་[མཚམས]དང་། སྣའི་རྩེ་དང་རྐང་ལ་འཛུགས་[འཇུག]སྙིང་དང་འཐེབ་[མཐེ]བོང་དག་ལ་ཟིན། ལྟེ་བའམ་མཚན་མ་དག་དང་བརྒྱད་དོ། །དེ་ཚོ་ཟིན་པ་ངན་ཏེ་གསོར་མི་རུང་། མཁས་པས་བརྟག་པ་ལ་སྤང་བར་བྱའོ། །རྣམ་པར་སྨིན་པའི་མཛེ་བཞི་ནི། །རྐང་དང་མཐེ་བོང་སྨིན་འཚམས་[མཚམས]སྙིང་། །འདི་བཞི་རྣམ་སྨིན་མཛེ་ཞེས་བྱ། །རིགས་གསུམ་མགོན་པོ་དངོས་སུ་བྱོན་ཡང་མི་སོས་སོ། །ནཱ་ག་གནོད་སྦྱིན་རིགས་ཀྱིས་ཟིན་པ་ཡིན། གསོ་རུ་མི་རུང་སྤང་བར་བྱ།།
མཛེ་སྐམ་ལུས་ཀྱི་ཡན་ལག་ནས། བཟུངས་[བཟུང]ནས་བསྐམས་པ་ཡིན། ལུས་ཤ་འདར་དང་ཁ་ཡོ་དང་། །གཟི་ལུམ་འདྲ་དང་མིག་ཆུ་འཛག །དེ་ནི་སྐམ་རིགས་ཀླུས་ཟིན་པ་ཡིན། ཀླུ་དེ་ཡིས་བདེན་པ་མ་ནོས་པས། སྔགས་མཁན་རང་ལ་གནོད་དུ་འོང་། གལ་ཏེ་གསོ་ན་བསྙེན་པ་རྫོགས་པ་དང་། ཏིང་ངེ་འཛིན་སྔོན་དུ་གྱུར་པའམ། རྫས་ཀྱི་སྦྱོར་བ་ཤེས་པའམ། མཁས་པ་སྔོན་དུ་གྱུར་པས་[པར]བྱའོ། །ནད་པ་འོང་བ་ལ་སྔ་རྟགས་འདི་བཞི་འབྱུང་། ཤ་བཀྲ་བྱུང་ན་བྲམ་ཟེ་རིགས་ཀྱིས་ཟིན་པ་ཡིན། བས་ལྡག་སྐྱ་འོད་བྱུང་ན་རྒྱལ་རིགས་དག་གིས་ཟིན། ལུས་ལ་ཉེས་པ་མེད་པའི་རྨ་དང་འབྲུམ་ཕྲན་དམར་རྩ་བ་བྱུང་ན། རྗེའུ་ཡི་རིགས་ཀྱིས་བཟུང་བ་ཡིན། ཡན་ལག་ལ་སེར་ཀ་བྱུང་ཞིང་ཤ་ལ་ཁོལ་བུར་ན་ན། མཐེ་བོང་གང་ཙམ་ན་ཞིང་སོས་སུ་མི་བཏུབ་ན། རྨོངས་[དམངས]རིགས་དག་གིས་ཟིན་པ་ཡིན་ནོ། །མེ་ལོང་ཆུང་བ་མཛེ་བརྟགས་བཅོ་བརྒྱད་པ་རྫོགས་སྷོ།། །།
ལེའུ་དྲུག་པ། གསལ་བ་འཕྲུལ་གྱི་མེ་ལོང་གཅེར་མཐོང་གི་མན་ངག
གསལ་ལ་འཕྲུལ་གྱི་མེ་ལོང་གཅེར་མཐོང་གི་མན་ངག །ཀླུ་སྒྲུབ་སྙིང་པོས་གསུངས་པའོ། །མི་ལུས་འདོམ་གང་གྲུ་བཞི་ལ། །གསོ་རུ་རུང་བ་དང་མི་རུང་བའི་མཚན་ཉིད་འདིས་བལྟས་ཏེ། དྲི་མ་གཤིན་དྲི་རྔམས་[མནམ]པ་དང་། །དྲི་མ་སྐུགས་[སྐྱུག]ལོག་པ་བྱུང་ན་དཀའ། ཤ་སྔོ་ལ་ཁམས་[ཁམ]ཆགས་པ་དང་རྡོང་[གདོང]པ་ལ་བརྟག་པ་དང་། གཉེར་ཆུང་ཏྲིག་གི་འདུག་པ་དང་རྡོང་[གདོང]པ་ལེགས་པར་བཀྲུས་ལ། སྣ་ལྡོག་ཞོམ་པ་ནི་དཀའ་གསུང་ངོ་། །སྤྱིར་བཙིར་བ་ལ་བརྟག་སོ་ཡི་བཀྲག་ཤོར་བ་དང་། སེན་མོའི་བཀྲགས་[བཀྲག]ཤོར་བ་དང་། ཤ་ཡི་བཀྲག་ཤོར་བ་དང་། སྐད་ཀྱི་མདངས་[གདངས]ཤོར་བ་དང་། ཤ་རོས་[རོ]རུས་པ་ལ་སླེབས་པ་དང་བསྙེས་པས་སྲ་བ་འོང་། འབྲུམ་རྨ་སྐམས་པ་སྔོ་ཐོང་[ཐང]ངེ་འདུག་པ་དང་། ཆུ་སེར་དང་རྣག་མེད་པ་དཀའ་གསུང་ངོ་ཅུང་ནག་ལྷེངས་པས་རུས་པ་ལ་གཟེར་དུ་ཐེབས་པ་དང་། འབྲུམ་ཅུང་དམར་ཐུག་[ཐིག]གེ་བ་མཐའ་མ་སྔོ་ལོག་ཏུ་སོང་བ་ནི། གསོ་བ་དཀའ་གསུང་ངོ་། །མིག་ལ་བརྟག་པ་ནི། མིག་གི་མདངས་ཞུ་བ། སྔོ་སླིང་[སླེང]དུ་སོང་བ། མིག་སྤྲིན་དཀར་པོ་ལ་རྩ་གནག་ཤར་རྩེ་སོང་ནས། དེས་མིག་གི་འབྲས་བུ་ལ་རླེབ་[གླེབ]པའམ། མིག་གི་རྒྱལ་མོ་ལ་བདལ་ནས། མཐའ་སྔོ་རླང་[སླེང]དུ་སོང་བ་དཀའ་གསུང་ངོ་། །གཟུགས་པོ་ཆེ་ལ་རྙིང་ཆེ་ན་དཀའ་གསུང་ངོ་འཁོར་བཞི་ལ་ཟིན་པ་དཀའ་འོ།།
གསོ་རུ་རུང་བ་འདི་ལྟ་སྟེ། སྡོང་[གདོང]པ་དང་ཤའི་བཀྲག་མ་ཤོར་བ། སྐད་ཀྱི་མདངས་[གདངས]མ་ཤོར་བ། སོ་ཡི་བཀྲག་མ་ཤོར་བ། སེན་མོ་བཀྲག་མ་ཤོར་བ་ནི་སླ་གསུང་ངོ་། །ཤ་རོ་སྙི་ན་སླ། འབྲུམ་ཅུང་ཁ་དོག་ཅི་ལྟར་འདུག་ཀྱང་། རུས་པ་གཟུགས་པོ་རྨ་རུ་སོང་དང་ལ་མ་སླེབས་པར་འདུག་ན་བཟང་སླ། ཤ་མདོག་མ་འགྱུར་བར་སླ་གསུང་ངོ་། །འབྲུམ་པའི་རྩེ་མོ་ཤ་མདངས་ནས་ཡར་ནས་རྣག་འོང་བ་དང་། ཆུ་སེར་འོང་བ་དང་། ཤ་འཕྲིག་པ་དང་། ཚ་རབ་རབ་པ་དང་། གྲང་སིལ་སུལ་འོང་བ་ནི་སླ་གསུང་ངོ་། །ལྷའི་གཏང་རན་གཟུང་ཚད་ནི། ལྷ་ཤིན་ཏུ་གསལ་བར་འོང་། སྔགས་འབྲུམ་གྱིས་གཟུགས་ཕུང་ཁྱེང་ནས་འོང་ངོ་། །འབྲུམ་ཅུང་ཐོད་འཕྲེང་བརྒྱུས་པ་ལྟ་བུ་འོང་། རྔུལ་འབྲུམ་འདྲ་བས་གཟུགས་ཕུང་ཁྱེང་པ་ནས་འོང་། མིག་འབྲུམ་ཤིན་ཏུ་གསལ་བར་འོང་། དེ་ལ་རྨི་ལམ་རྟགས་སུ་འདི་ལྟར་འོང་། ལུས་ལ་མེ་འབར་བ་དང་། མེ་ཏོག་འཐུ་བ་དང་། ཉི་ཟླ་འཆར་བ་དང་། འཐབས་འཛིངས་[འཐབ་འཛིང]རྒྱལ་བ་དང་། སྦལ་སྦྲུལ་ལུས་ལ་ཐོན་པ་དང་། སེམས་ཅན་བསད་པ་དང་། དེ་རྣམས་བྱུང་ནས་[ན]དྲག་སྔགས་གདགས། ལྷའི་གཏང་རན་གཟུང་ཚད་དེ། སྔགས་ཀྱི་གཏང་རན་གཟུང་ཚད་ནི། དྲག་སྔགས་བཏགས་པས་ན་ཚ་ཆེར་སོང་ན། དྲག་པ་སུམ་ཆ་ཙམ་རེ་བྲིའོ། །ཡང་བདེར་སོང་ན་གནན་ནོ། །བཟླས་པ་བྱས་པ་བདེར་སོང་ན། བཟླས་པ་དྲག་ཏུ་བྱའོ། །མི་བདེར་སོང་ན། རྨི་ལམ་གྱི་ཆོ་འཕྲུལ་མང་དུ་སོང་ན་བཟླས་པ་དྲག་[དྲགས]པས་རློད་[གློད]དོ། །རྨི་ལམ་ན་ཡང་སེམས་ཅན་བསད་པའམ། ཟོས་པའམ་སྐྱུག་པའམ་བྱུང་ངོ་། །སྔགས་ཀྱི་གཏང་རན་གཟུངས་[གཟུང]ཚད་དོ། །གདོན་གྱི་གཏང་རན་གཟུང་ཚད་ནི། སྔགས་བཟླས་པས་བདེར་མ་སོང་། མ་བཟླས་ཀྱང་མི་བདེར་མ་སོང་ན། དེ་ན་གདོན་ཐུབ་པ་ཡིན་ནོ། །ལར་ན་གཏུགས་དྲག་ན་གཡག་ཆད་པ་དང་འདྲ་བས[བར]བྱའོ། །ཤ་རོ་ལ་སོགས་མ་འཕེལ་ན། ལུས་ཀྱི་ན་ཚ་ལ་སོགས་ཆེར་མ་སོང་ན། གདོན་གྲོལ་བས་སྨན་སྤྱད་[དཔྱད]བྱ་གསུང་ངོ་། །སྤྱིར་ན་སྔགས་ལ་བརྩོན་པར་བྱའོ། །བསྙེན་པ་གྲངས་ལས་གསུམ་ལྡན་སྐྱེལ་གསུང་ངོ་། །སྐྱི་ཆུང་བུན་བུན་འཇུས་པའམ། ཤ་རོ་དང་སྨ་[རྨ]ནས་ཆུ་སེར་འཛག་པ་དང་། གནག་[རྣག]མང་པོ་དང་ཁྲག་འཛགས་[འཛག]པ་འམ། ཆོ་འཕྲུལ་ཐམས་ཅད་ཞི་ན། གདོན་ཐུབ་པ་ཡིན་གསུང་ངོ་། །སྤྱིར་ན་གདོན་མ་ཕྲེལ་[གྲོལ]བར་ལ། རླུང་ལངས་པ་མི་འབྱུང་ངོ་། །རླུང་ལངས་པའམ་འགོ་[མགོ]འཁྱོམས་པ་ལ་སོགས་པ་བྱུང་ན། གདོན་ཐུབ་པ་ཡིན་གསུང་ངོ་། །དེ་ནས་སྦྱིན་སྲེག་བྱ་བ་བཏུབ་པ་ཡིན་གསུང་ངོ་། །གཏང་རན་གཟུང་ཚད་ཀྱི་གདམ་ངག་གོ །གདོན་མི་བཟློག་པ་ཟློགས་[བཟློག]པའི་ཆོ་ག་དང་གཅིག །ཐལ་བ་ལ་སྦྱར་བའི་ཆོ་ག་དང་གཉིས། མ་གྲུབ་པ་ལ་སྤོགས་པའི་ཆོ་ག་དང་གསུམ་མོ། །གདོན་དེ་སློང་བའི་དུས་སུ་དྲག་སྔགས་གདགས་སོ། །
དེས་གདོན་སློངས་ཏེ་ལུས་མི་བདེ་བ་ལ་ཆེར་འགྲོ་བས། དེ་ལ་གནན་པ་དང་དབྲི་བ་བྱའོ། །ཐལ་བ་ལ་སྦྱར་བ་ནི། གདོན་གྲོལ་ཏེ་ནད་མ་གྲོལ་བ་ནི། ལུས་ཀྱི་མི་བདེ་བ་ཅི་ལྟར་འདུག་པ་དང་། རྨི་ལམ་གྱི་ཆོ་འཕྲུལ་ཉུང་དུ་སོང་བ་དང་། ལུས་ཡང་བ་དང་། མི་བདེ་བ་ཆེར་མ་སོང་བའོ། །དེ་ནི་སྨན་དང་སྤྱད་[དཔྱད]ཀྱིས་གསོ་བར་བྱའོ། །མ་གྲུབ་པ་ལ་སྤོགས་པའི་ཆོ་ག་ནི། ནད་གྲོལ་ཏེ་གདོན་མ་གྲོལ་བ་བྱའོ། །ནད་གྲོལ་ཀྱང་གདོན་མ་གྲོལ་བ་ནི། ལུས་ཀྱི་བདེ་བ་ཐམས་ཅད་བདེར་སོང་བ་དང་། ལུས་པོ་ལྕི་བ་དང་། རྨི་ལམ་དག་དང་ཆོ་འཕྲུལ་མང་བ་དང་། སྙིང་མི་དགའ་བ་དང་། དེ་ནི་གདོན་མ་གྲོལ་བས། ད་རུང་བཟླས་པ་ལ་བརྩོན་པར་བྱའོ། །ཉམས་ཀྱི་མན་ངག་གསོ་རུ་རུང་བ་དང་མི་རུང་བའི་མཚན་ཉིད་དང་། ལྷ་དང་སྔགས་དང་གདོན་དང་གསུམ་གྱི་གཏང་རན་གཟུང་ཚད། གདོན་མ་སློང་བ་དང་སློངས་པ་དང་། ཐལ་བ་ལ་སྦྱར་བ་དང་། མ་གྲུབ་པ་སྤོགས་པའི་ཆོ་ག་དང་། བརྒྱད་ཀྱིས་བསྟན་པའི་གདམས་པ། གཅེར་མཐོང་གི་མན་ངག་རྫོགས་སོ།། །།
རྟ་སྟོན་གྱིས་གྲུ་གོ་ཆ་ལ་རྣང་[གནང]བ། དེས་འཁམས་པ་ལ། དེས་སུམ་སྟོན་ལ། དེས་ཁུ་སྒོམ་ལ། དེས་ལི་བཙུན་ལ། དེས་དབུས་པ་རོང་སྟོན་ལ། དེས་མགོ་ལ་གནང་བའོ།།
ལེའུ་བདུན་པ། ཀླུའི་རྒྱལ་པོ་འཇོག་པོ་ཉིད་དང་རྟོགས་པ་བསྡུར་བའི་མདོ་སྐོར་འཇུག་ལུགས།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དང་། སློབ་དཔོན་གཉིས་རྟོགས་པ་བསྡུར་བའི་གདམ་ངག་འདི་ལ། དེ་[དེའི]འཇུགས་[འཇུག]ལུགས་རྣམ་པ་བཞི་སྟེ། རེ་འདོད་ཀྱི་ཕྱི་རུ་ཞུགས་པ་དང་། ཀུ་རེ་འམ་རྐྱལ་ཀའི་ཕྱི་རུ་ཞུགས་པའམ། རྣོལ་[མནོལ]གྱི་ཕྱིར་ཞུགས་པ་དང་། གསད་པའི་བསམ་པ་དང་ཆས་ཏེ་ཞུགས་པ་དང་བཞིའོ།།
དེ་ལ་རེ་འདོད་ཀྱི་ཕྱིར་ཞུགས་པ་ནི། ན་བ་མི་བདེ་བ་ས་བཟུང་ནས་ལྷན་ཅིག་ཏུ་མི་སྡོད་པར། རེས་གང་དུ་ན་རེས་གང་དུ་ན་བྱེད་པ་དང་། ཤ་རོ་མེད་པ་དང་། ན་བ་གཡོ་ཞིང་གཟེར་བ་འཕོའ་བའོ། །དེ་ལ་ཆུ་གཏོར་གཏང་། དཀར་ཆོས་ཀྱི་རིམ་གྲོ་བྱའོ།།
རྐྱལ་ཀའམ་ཀུ་རེའི་ཕྱིར་ཞུགས་པ་ནི། སྔར་ན་ཚ་མེད་པ་ལ། འཕྲལ་དུ་ཁ་གཡོས་ཀྱིས་སོང་དང་། མིག་སླེས་ཀྱིས་སོང་བའོ། །དེ་ལ་སྔགས་དང་བསྒྲུབ་པ་མི་བྱ། བྱས་ན་ན་ཚ་སྐྱེ་བས་སྔགས་མི་བྱའོ། །ཅོག་གེ་བཞག་པས་ཆོག་གོ།
རྣོལ་[མནོལ]ཕྱིར་ཞུགས་པ་ནི། ཤུ་བ་དང་འབྲུམ་བུ་ཐར་ཐོར་དང་། སྔར་མེད་པ་ལ་འཕྲལ་དུ་མགོ་ལུས་ལྕི་བ་དང་། དང་ཀ་འགག་ཅིང་ཤེས་པ་ལྕི་བའོ། །དེ་ལ་བུམ་ཁྲུས་གཟུངས་ཆོག་བྱའོ། །དེས་དྲག་ནས་འོང་ངོ་།།
གསད་པའི་བསམ་པས་ཞུགས་པ་ནི། ལུས་ལ་ཤ་རོ་འབྱུང་བ་དང་། ཤ་རོ་རྨ་རུ་སོང་བ་དང་། ཤ་རོ་སེར་གར་གས་པ་དང་། གཞན་ཡང་ན་བ་དང་ཚ་བ་དང་། འཁྱུག་པ་དང་ཤ་འགུལ་དང་། དེ་ལ་སོགས་པ་མི་བདེ་བ་གང་ཡང་ལྷན་ཅིག་དུས་བཟུང་ནས་སྡོད་དོ། །དེ་ལ་གཞན་གྱིས་མི་ཕན་སྔགས་བཟླས་སོ།།
དེའི་བརྟག་ཐབས་ལ་གསུམ་སྟེ། བལྟས་པ་དང་དྲིས་པ་དང་། ཉམས་པ་དང་གསུམ་མོ། །བལྟས་པ་ལ་གསུམ་སྟེ། དབྱིབས་ལ་ལྟ་བ་དང་། ཁ་དོག་ལ་ལྟ་བ་དང་། སྨིན་[བཞིན]ལ་ལྟ་བ་དང་གསུམ་མོ། །དབྱིབས་ལ་ལྟ་བ་ནི། སྦོས་པ་དང་བསྐྱང་[སྐྲང]བ་དང་ཆར་གཡོས་པ་དང་། རྟིང་འབྲུམ་སྲན་ཆུང་གི་དབྱིབས་འདྲ་བ་དང་། འཕྲ་བ་དང་སྦོམ་པ་དང་། འཁུམས་པ་དང་ཞ་བ་དང་། ཁ་ཡོ་བ་དང་མིག་སླེ་བ་དང་། སྣ་ཞོམ་པ་དང་བཅུ་གཅིག་གོ །ཤ་མདོག་བརྟག་པ་ལ་གཉིས་ཏེ། བཀྲག་ལ་འཕྲོག་པ་དང་། བཀྲག་སྐྱེས་པ་གཉིས་སོ། །བཀྲག་འཕྲོག་པ་ནི་སྐྱ་སྲབ་ས་དང་། ཐལ་སྐྱ་དང་ཧམ་པ་སྔོ་སྐྱ་དང་། སེར་སོབ་དང་། སེར་བསྐོགས་དང་། འཁྱེ་[ཁྱེ]མ་དང་སྐྱ་བམ་དང་དེ་དྲུག་གོ །བཀྲག་སྐྱེས་པ་ནི། དམར་ཐིག་ཅན་དང་། ཁམ་ནག་དང་། སྨུག་པོ་དང་། ཤིན་ཏུ་དམར་ཞིང་འཇམ་པ་དང་། ཐང་ཞིང་ཆུ་སེར་གྱིས་ཁེངས་པ་དང་། གློ་བ་འདྲ་བ་འོང་། བཞིན་ལ་ལྟ་བ་ནི། འདི་ཀ་ན་མི་ལེགས་བྱ་བ་མེད་པ་ལ། མི་གཞན་དག་བསྡུར་ན་མི་འདྲ་བར་འདུག་ན། གཟི་མདངས་ཉམས་པས་མི་འཚོ་འོ། །དཔེར་ན་ཕུག་རོན་གྱི་སྒོང་[སྒོ]ང་ནམ་མཁའ་ལ་ཕྱར་བ་འདྲ་ན་མི་ཐུབ་པས་སྤང་བར་བྱའོ། །དེ་ལྟར་མི་འདུག་ན་གསོ་འོ། །དྲིས་པ་ལ་གསུམ་སྟེ། དང་པོ་གང་དུ་བྱུང་དྲིས་པས། སྣད་[གནད]དམ་མི་སྣད་[གནད]བརྟགས་པ་དང་། ན་ཚ་ཅི་ལྟར་བྱེད་དྲིས་པས། ཀླུའི་དུག་གནད་དང་མི་གནད་བརྟག་པ་དང་། ཅི་ཙམ་བྱུང་དྲིས་པས་ཞེན་ཚབས་ཆེ་ཆུང་བརྟག་པ་དང་གསུམ་མོ། །དང་པོ་གན་[གང]དུ་བྱུང་གིས། གནད་དམ་མི་གནད་བརྟག་པ་ནི། སྤྱི་ནད་[དཔྱི་གནད]སྤྱི་[དཔྱི]མིག །ཤ་ཡི་གནད་སྨིན་བྲག་[དབྲག]རུས་པའི་གནད་དུང་འདྲ་བ། ཚིལ་གྱི་གནད་མིག །ཆུ་བའི་གནད་སྣ། རྩའི་གནད་མཚན་མ། དོན་གྱི་གནད་དོན་སྙིང་རྣམ་པ་ལྔ་དང་བདུན་ནོ། །དོན་སྙིང་ལྔ་ལ་ནད་སྨིན་ནམ་མ་སྨིན་བརྟག་པ་ནི། མཆིན་པའི་སྣད་[གནད]རྒྱས་པ་ནི། མིག་ཞུ་ནས་ཞག་མིག་ཏུ་འགྲོ། ཡང་ན་གཟི་དམིག[མིག]ཏུ་སྐྱ་ཤིག་གིས་འགྲོ་འོ། །གློ་བ་ལ་ནད་ཡོད་ན། སྣའི་རྐ་བ་ལེམ་ནས་འོང་། ཡང་ཤ་སྨན་གྱིས་འགགས་ནས་འོང་། སྙིང་ལ་ནད་ཡོད་ན། ལྕེས་ཟས་ཀྱི་རོ་མི་ཚོར། ཡང་ན་བཙོད་ཀྱི་མདོག་འདྲ་བ་འོང་ངོ་། །མཚེར་པ་ལ་ནད་ཡོད་ན། མཆུ་རྒྱུ་མ་འདྲ་བ་འོང་། ཡང་ན་མེ་ཡི་བེར་བ་འོང་། མཁལ་མ་ལ་ནད་ཡོད་ན། རྣ་བའི་རྟུལ་མོས་སྒྲ་མི་ཐོས་པ་འོང་ངོ་། །དོན་སྙིང་ལྔ་ལ་ཞུགས་པ་ནི། རྐུན་མོ་ཕུགས་སུ་ཞུགས་པ་དང་འདྲ། རྒྱལ་པོའི་དཀོར་མཛོད་ཚོམས་བྱེད་པས། གསོ་རུ་མི་རུང་སྤང་བར་བྱའོ། །དོན་ལྔ་ནང་གི་གནད་ཡིན་ཏེ། གནད་ཆེན་བརྒྱད་པོ་འདི་ནས་ཟིན་ན་ངན། མ་ཟིན་ན་བཟང་ངོ་། །དྲིས་པས་ནད་ཀྱི་མཚན་ཉིད་བརྟག་པ་ནི། ཤ་འགུལ་བ་དང་སྤུ་འགུལ་བ་སྙམ་བྱེད་ཅིང་། བྱུགས་པས་མེད་དང་། གླང་ཤུ་བ་ཟ་བ་དང་། སྤགས་[པགས]པ་དང་ཤའི་བར་ན་སེམས་ཅན་ཡོད་པ་སྙམ་བྱེད་པ་དང་། ཙག་ལྷང་ལྷང་བ་དང་། ཟ་ཙག་ཙག་བྱེད་པ་དང་། ཚ་ཕིར་པིར་བྱེད་པ་དང་། གཡའ་བ་དང་འཁྱུག་པ་དང་། ཟ་ཞིང་འཕྲུག་པ་མེད་པ་དང་། སྦུར་བ་སྐྲ་གསེབ་ན་ཡོད་པ་སྙམས་[སྙམ]བྱེད་པ་དང་། སྲོག་ཆགས་འཇུས་ནས་ཡོད་པ་སྙམས་[སྙམ]བྱེད་པ་དང་། ཚ་ལམ་ལམ་བྱེད་པ་དང་། ན་ཏིང་ཏིང་བྱེད་པ་དང་། གྲང་སིལ་སིལ་བྱེད་པ་དང་། ལུས་ལ་ཐིགས་པ་བབས་པ་སྙམས་[སྙམ]བྱེད་པ་དང་། མེ་དང་ཉི་མ་འོད་མི་བཟོད་པ་དང་། དུད་པ་དང་སེར་བུ་མི་བཟོད་པ་དང་། སྣ་ཆུ་དང་མིག་ཆུ་འོང་བ་དང་། རྩ་བྲ་[ཕྲ]བ་དང་། ཡན་ལག་རེངས་པ་སྙམས་[སྙམ]བྱེད་པ་དང་། ཐིག་ལེ་ན་བ་དང་། རྟིང་[གཏིང]ནས་གཟེར་ཞིང་ན་བ་དང་། སྦྲིད་པེར་པེར་[བེར]ན་བ་དང་། འདག་པས་སླན་ཏེ་ཞལ་ཞལ་བྱས་པ་སྙམས་[སྙམ]བྱེད་པ་དང་། རྐང་ལག་ལྡེར་པོ་ཙམ་དུ་སོང་བ་ཙམ་བྱེད་པ་དང་། ལུས་པོ་རྐྱལ་པ་བུས་པ་སྙམས་[སྙམ]བྱེད་པ་དང་། འདི་རྣམས་བཟློག་པ་གོང་བས་དཀའ་འོ། །མི་བཟློག་པ་ནི་མ་ཡིན་ནོ། །ཤ་རོ་གནད་ལ་ཟིན་པ་དང་། ཤ་རོ་རྨ་རུ་སོང་བ་དང་། ཤ་རོ་སེར་ཀར་སོང་བ་དང་། དེ་གསུམ་ནི་བཟློག་དཀའ་འོ། །ཤ་རོ་ལ་རིགས་གཉིས་ཡིན་ཏེ། ཚོར་བ་ཅན་དང་ཚོར་བ་མེད་པའོ། །དེ་ལ་ཚོར་བ་ཅན་ནི། སྲོག་ཆགས་འཇུས་ནས་ཡོད་པ་སྙམས་[སྙམ]བྱེད་པ་དང་། ཚ་ལམ་ལམ་བྱས་ནས་འབྱུང་བ་དང་། ཚ་བ་མེའམ་བྱེ་མ་ཚན་དེའམ། ཚ་བའམ་གྲང་བའི་རྐྱེན་གྱིས་ཆུ་བུར་ཐོར་གྱིས་འབྱུང་བ་ནི་བཟློག་པ་དཀའ་འོ། །ཁ་དོག་ཅན་དང་ཁ་དོག་མེད་པ་གཉིས་ལས། ཁ་དོག་ཅན་ནི་གླང་ཤུ་བ་ལ་འདྲ་བ་ལས། མཐའ་མཐོ་ལ་དཀྱིལ་དམའ་བ་ཞིག་འོང་སྟེ། སེན་མོས་བཏབ་ཀྱང་ནི་ཚ་བ་མེད་པ་དེ་ནི་བཟློག་པ་སླའོ། །ཤ་གཞན་དང་འདྲ་བ་ལ། ཁབ་དང་སེན་མོ་བཏབ་ཀྱང་ན་ཚ་མེད་པ་དེ་ནི་བཟློག་པ་རྐའོ[དཀའ་འོ]། །སྤྲིན་ལྟར་ཡས་ཆགས་པ་དང་། ཉུ་[མྱུ]གུ་ལྟར་མས་རྡོལ་བ་གཉིས་ལས། སྤྲིན་ལྟར་ཡས་ཆགས་པ་ནི། ཤ་རོ་རྒྱ་ཆེ་ལ་ཁ་ནས་མར་ལ་ཡམ་མེ་ཡོད་པ། ཁ་ན་ཚ་མེད་པའི་རྟིང་[གཏིང]ན་ན་ཚ་ཡོད་པ་དེ་བཟློག་སླའོ། །ཉུ་[མྱུ]གུ་ལྟར་མས་རྡོལ་བ་ནི། རུས་པའི་གཏིང་ནས་ཡས་ཤ་རོ་བྱུང་བ་དེ་ནི་བཟློག་པ་དཀའ་འོ། །མདོར་ན་སྤྱི་[དཔྱི]དང་བྱད་གཉིས་ལ་ཤ་རོ་བྱུང་ན་མི་ཐུབ་བོ། །ཡན་ལག་བཞི་བྱད་དང་ལྔ་ལ་ཤ་རོ་བྱུང་ན་མི་ཐུབ་བོ། །ཡན་ལག་བཞི་སྤྱི་[དཔྱི]དང་ལྔ་ལ་ཤ་རོ་བྱུང་ན་མི་ཐུབ། ཡན་ལག་བཞི་ལ་ཤ་རོ་བྱུང་ན་མི་ཐུབ་བོ། །བཟློག་དཀའ་འོ། །ཡན་ལག་གཉིས་གསུམ་ལ་ཤ་རོ་བྱུང་ན་ནི་བཟློག་པར་ནུས་སོ། །གྲང་ལྷང་ལྷང་བྱེད་ཅིང་གྲང་སར་ཤ་རོ་བྱུང་ན་བཟློག་པ་དཀའ། ལུས་པོ་གཞན་དུ་ཤ་རོ་བྱུང་བ་དང་། ཡན་ལག་ཅིག་ཉིས་ལ་ཤ་རོ་བྱུང་བ་ནི་ཐུབ་བོ། །ཚ་རབ་ཚ་རབ་བྱེད་པ་དང་། ན་ཏིང་ཏིང་བྱེད་པ་དང་། སྦྲང་བུས་མདུང་བརྒྱབ་པ་བསྙམ་བྱེད་པ་དང་། དེ་ལ་སོགས་པ་གང་ཡང་བཟློག་པ་སླ་བས་མི་ཐུབ་པ་ཅིག་ཀྱང་མེད་དོ། །ནམ་བྱུང་དྲིས་པས་ཞེན་ཚབས་ཆེ་ཆུང་བརྟག་པ་ནི། ལོ་གཅིག་གཉིས་ཚུན་ཆད་ཞན་[ཞེན]ཚབས་ཆུང་བས་བཟློག་པ་སླའོ། །ལོ་གསུམ་བསྲུང་བར་ནུས། ལོ་བཞི་ལོ་ལྔ་ལོན་པས་ཞེན་པ་ཆེ་བས་སྤང་བར་བྱའོ།།
ཉམས་ཀྱི་མན་ངག་གསུམ་གྱིས་བསྟན། ལྟས་པས་དབང་པོ་ཡུལ་གྱི་ཉམས་དང་། དྲིས་པས་ཞན་[ཞེན]པ་ཆེ་ཆུང་གནད་གྲངས་མང་ཉུང་། མཚན་མ་ལྟས་ཀྱི་ཉམས་དང་གསུམ་མོ། །དེ་གསུམ་གྱིས་གཏན་ལ་ཕེབས་[ཕབ]པ་ལས། ཅིག་གཉིས་ལ་ངེས་པ་མེད་པ་ལས། ཚབས་ཆུང་བལྟ་བར་བྱའོ། །རང་གི་མདོད་[འདོད]གྲངས་མ་ཐུབ་པས་བསྲུང་བར་བྱའོ། །ཕྱེད་མར་འདུག་ན་ལག་གི་མི་འདྲ་བ་དེ་ཆོ་[ཚོ]ཕྱོ་འོ། །མི་འདོད་པ་གྲངས་ན་མི་ཐུབ་པས་སྤང་བར་བྱའོ། །མཚན་མ་བླ་མས་ཉམས་ལས་ཤེས་པར་བྱའོ། །ལྷོ་ཕྱོགས་དེའི་[བེ་དའི]ཚལ་དུ་སྐུ་འཁྲུངས་པའི། །དགེ་སློང་དཔལ་ལྡན་ཆེར་གྲགས་ཀླུ་སྒྲུབ་སྙིང་པོ་ཡིན། ཀླུའི་རྒྱལ་པོ་འཇོག་པོ་ཉིད་དང་རྟོག་[རྟོགས]པ་བསྡུར་བའི་མདོ་སྐོར་འཛུགས་[འཇུག]ལུགས་བཞི་པ་འདི། གདམ་ངག་གི་གནད་དུ་གདིགས་པ་རྫོགས་སྷོ། །ཁ་ཐམ། འགུ་ཡྱ། ཇོ་སྲས་ཤངས་ལ་དངོས་གྲུབ་ཏུ་བབས། དེ་ལ་སྒོམ་པ་ཡེ་ཤེས་འབུམ་གྱིས་ཞུས། ད་ལྟ་བདག་ལི་བཙུན་ལ་བཞུགས་སོ།། །།
ལེའུ་བརྒྱད་པ། ཞལ་ཁྲིགས་སྒྲོན་མའི་འོད་ཀྱི་གདམ་ངག
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་སྙིང་པོའི་ཞལ་ཁྲིགས་སྒྲོན་མ་འདི་ལ། ཐབས་དང་སྔོས་དང་། མན་ངག་དང་གསུམ་ལས། བརྟག་པ་ཕྱི་ནང་གསང་བ་དང་གསུམ་མོ། །དེ་ཡང་གདོན་ཁ་ལྟས་ན། དབང་པོ་ལྔ་ལས་རྟགས་འབྱུང་བ་ཡིན་ཏེ། མཆིན་པ་ལ་ཞེན་ན་མིག་གི་རྒྱ་རྣམས་ཉམས། ཚིལ་གྱི་དངས་མ་ཉམས་སངས། གཟུགས་སྔར་བས་མི་གསལ་དུ་འགྲོ་འོ། །གནོད་མིག་བཅུ་[ཅུང]ཟད་འཇུ། ལྡེང་དང་གླེང་དང་ཚག་ལ་མཆི་མ་འབྱུང་། སྟོན་ཁ་ལྟས་ནས་འགུལ་དང་འཕྲིག་པ་འབྱུང་། མིག་སྦྱིབས་[ལྕིབས]ཅུང་ཟད་གཡོ་འོ། །སྙིང་ལ་ཞུགས་ཞེན་ལྕེ་བེར་པོར་འགྲོ། ཟས་ཀྱི་རོ་ལ་ཚོར་བ་ཆུང་། ལུས་ལ་འབྲུམ་པ་རྨོག་གི་གཟེར་ལྟ་བུ་འབྱུང་ངོ་། །སེམས་སྔར་བས་མི་གསལ་ལ་རོ་ཚོད་ནང་དུ་འགྲོ་འོ། །ལྔ་[སྔ]པ་ལྟར་དུ་འགྲོ་ལ། རེས་མེ་ལྟར་འབར་རེས་གཡོ། རེས་སྙིང་མེད་པ་སྙམས་[སྙམ]བྱེད་པ་འབྱུང་། གདོན་ལ་སྙིང་འདར་པྲིལ་པྲིལ་བ་དང་། ཚ་ཡམ་པ་དང་། སྟོང་སངས་པ་དང་། རེས་ཤིན་ཏུ་སྙིང་མི་དགའ་ལ། རེས་མདུན་ནེ་ཐིབ་པེ་པ་འབྱུང་། ལྕེ་རྩེ་ཅུང་ཟད་ཡལ་ལ་བཙོད་ཀྱི་མདོག་ལྟར་འགྱུར། ལྕེ་ལ་ཐོར་པ་འབྱུང་ཡང་འཚོ། ཁ་ལྟས་ན་གློ་གློར་སྙིང་མི་དགའ། སྙིང་ཅུང་ཟད་འདར། ཚ་ཧེད་ཧེད་པ་འབྱུང་ངོ་། །གླ་བ་ལ་ཞོན་ན་སྣ་ཤུ་བ་དང་སྣའི་དབུགས་ཐང་བུར་རྒྱུ། སྣ་རྩེ་ཉམས་ན་སྣ་མདུན་འོང་ན་ཉོག །སྣ་སྦུབ་མཁྲང་། དབྱིབས་འཆོར། གློ་ཤིན་ཏུ་ཐང་པར་[ཐེངས་པོར]ལུ། གནོད་ཁ་གདོང་དམར་རམ་སྨུག་པོའམ། སྐྱ་བོ་སྔོ་བར་འགྱུར་རོ། །རེས་ཆེ་རེས་ཆུང་ལ་ངག་སུབ་པ། སྣབས་མེད་པའམ་སྐམ་པ་འབྱུང་། སྐྱ་བོ་གླན་ཏེ་ཚ་[ཚྭ]བྲོ་བ་ཡང་ལེན་ཡང་ཡང་དུ་འབྱུང་། ཚ་ལམ་ལམ་པ་དང་། ལྕི་ཡོར་དུ་འབྱུང་། སྤུ་འགུལ་བ་སྙམ་བྱེད་པ་འབྱུང་། ཁ་ལྟས་ན་ཚ་ལམ་ལམ་དང་། གྲང་སེང་སེང་དང་། འགུལ་བ་དང་འཕྲིག་པ་དང་། ཙམ་འབྱུང་ངོ་། །མཁལ་མ་ལ་ཞེན་ན་རྣ་བའི་དབྱིབས་ཉམས་སྒྲ་སྔར་བས་མི་གསལ། ལ་ལ་མཁལ་མ་བེམ་པོའམ། ཕུགས་ནས་ས་བོན་ལུག །གནོད་ན་ལ་ལ་འབྲས་བུ་སྐྲངས་། ཕྱི་རྩ་ཞོན་ཅིང་ན། རྐང་པ་བཤལ། རྣ་བ་པདྨ་རྒྱས་པ་ལྟར་སྨུག་པོར་རེས་འགའ་འགྱུར། ལ་ལར་ཁ་དོག་སྐྱའམ་སྔོ། རྣ་བ་ངུ་ཞིང་རེས་འགའ་གཏིང་དུ་ན། སིང་བྱེད་པ་འབྱུང་། ཁ་ལྟས་ན་ཚ་ལམ་ལམ་པ་དང་། གྲང་སིང་བ་ངུ་བ་ཅུང་ཟད་འབྱུང་ངོ་། །
མཆེར་པ་ལ་ཞེན་ན་མཆུའི་པད་མ་ཉམས། སྨུག་ནག་ཏུ་འགྱུར། རྩེ་ཅུང་ཟད་འགགས་ཀྱང་ལྕེ་འགགས། སྡུས་[སྡུད]མི་ཤེས། གནོད་ན་སྐྱའམ་སྔོའམ་སྔོ་སྐྱར་འགྱུར། ཁ་ལྟས་ན་འགུལ་བ་དང་འཕྲིག་ཚ་གྲངས་[གྲང]སེར་ཅུང་ཟད་འབྱུང་ངོ་། །ཡང་ཞེན་མ་ཞེན་དང་གནོད་པ་ཆེ་ཆུང་མཐའ་མ་དྲུབ་བལྟས་ཏེ། རུས་པའི་མཐའ་མ་ལ་ཞེན་ན་སོ་ན་རྟགས་འབྱུང་སྟེ། སོ་འབྲུམ་པ་དང་བཅོད་[གཅོད]པ་ཞན། དུང་གི་མདོག་ལྟར་དཀར་བར་འགྱུར། སྣོད་[གནོད]ན་སོ་རྩི་སྐྱ་ལ་སྔར་བས་སྟོབས་ཆུང་། སོ་རྩི་རེས་གནག་པ་འབྱུང་། ཁ་ལྟས་ན་གྲང་སིང་པ་འམ་ཅུང་ཟད་བརྩེ་གྲང་སིལ་བ་འམ་ཚ་ལམ་ལམ་པ་རེས་འགའ་འབྱུང་། ཁྲག་ལ་ཞེན་ན་དཀའ་ལ་བྱུང་སྟེ། རྐང་པའི་མཐིལ་དུ་རྨ་རྒན་གྱི་མིག་ལྟ་བུ་སོས་སུ་མི་འདོད་པ་འབྱུང་། མཐེབ་མོ་ཡི་ཚིགས་དང་བྲང་བའི་བར་དུ་ཡང་། ལ་ལ་ལ་རྨ་འབྱུང་། རློ་རློ་སྣ་ནས་ཁྲག་རྣག་ཅུང་ཟད་འབྱུང་། ཁ་ལྟས་ན་རེས་རྣག་ཁྲག་ཅུང་ཟད་འབྱུང་། རེས་འགའ་བྱད་དམར་ཝ་ལེ་བ་འབྱུང་། ཚིལ་ལ་ཞན་[ཞེན]ན་དམིག་[མིག]ལ་འབྱུང་སྟེ། རྒྱ་རྣམས་རིམ་པས་ཉམས། སྦོ་མའི་མིག་ཏུ་འགྱུར། ཅུང་ཟད་མི་གསལ་བའོ། །གནོད་ན་དམར་ལྡེང་ལ་ཚག །ཁ་ལྟས་ན་སེར་བའམ། མཆིན་པ་མི་ཐུབ་པའོ། །རེག་བྱ་ལ་ཞེན་ན་སྤུ་ལ་འབྱུང་སྟེ། བ་སྤུ་ཐམས་ཅད་འབྱི་བ་དང་། བ་སྤུའི་བུ་ག་ཐམས་ཅད་བྱ་སྤུ་བྱི་བ་བཞིན་དུ་འབྱུང་། མགོ་སྤག་བྲང་ཡིབ་སྤུ་བྱི་བ་བཞིན་དུ་སྔོ་ལ་སྐྲ་ནུལ་ནུལ་འབྱི། ཆེར་སྨིན་མ་མ་ལུས་པར་འབྱི། གནོད་ན་སྐྲ་གསེད་[གསེབ]ནས་ཆུ་ཡི་ཐིགས་པ་འབབས་[འབབ]པ་བཞིན་སྙམས་[སྙམ]པ་དང་། སེམས་ཅན་ཡོད་པ་སྙམས་[སྙམ]བྱེད་པ་དང་། སྐྲ་བྱི་ལ་སྨིན་མ་འགྲུག་ཁ་ལྟས་ན་སྐྲ་དང་བ་སྤུ་ཡེང་ཡེང་སེང་སེང་དང་། སེར་སེར་བྱེད་པ་འབྱུང་ངོ་། །
ཆུ་རྒྱུས་ལ་ཞེན་ན་ཡན་ལག་ལ་འབྱུང་སྟེ། དབང་པོ་ལྡང་མི་ནུས། ཡན་ལག་དང་ཉིན་[ཉིང]ལག་འཆད། ཕྱེ་བོ་འམ་གོང་པོར་འགྲོ། གནོད་ན་ཡན་ལག་ལ་ཞ་གྲུམ་འོང་། ལུས་ཀྱི་གཟུངས་[ཟུངས]ཉམས། ལ་ལ་ལ་ཕོ་མོ་ལ་རྟགས་མེས་ཚིགས་[ཚིག]པ་བཞིར་[བཞིན]ཆུ་བུར་འོང་། ཁ་ལྟས་ན་ཡན་ལག་གམ་དབང་པོ་ལ་མི་བདེ་བ་འབྱུང་ངོ་། །ཤ་ལ་ཞེན་ན་ཤ་རོ་འབྱུང་སྟེ། ཤ་རོ་མཚོ་ལྟར་མས་ཆགས་པ་ནི། རུས་པ་ནས་སྐྱིལ་ཐུག་པ་སྨིན་པར་འབྱུང་། སྤྲིན་ལྟར་ཡས་བབས་པ་ནི། སྐྱི་ནས་རུས་པའི་གཏིང་དུ་ཐུར་པ་སྨིན་པ་འབྱུང་། གནོད་ན་ཤ་བེམས་[བེམ]པོ་དང་ཐིག་ལེར་ན་བ་དང་། སྐྲངས་པ་དང་ལྕི་བ་དང་། ཚོར་ཆུང་བ་དང་། ཤ་མདོག་ཉམས་པ་དང་། ཤ་སློབ་དང་སྐྱེམ་སྐྱེམ་པ་དང་འབྱུང་ངོ་། །ཁ་ལྟས་ན་འགུལ་བ་དང་། གཡོ་བ་དང་། རེས་འགའ་སྨྲ་འཕྲ་མོ་ཉུར་[མྱུར]དུ་འཚོ་བ་འབྱུང་། གནོད་པ་མཁར་དང་གནད་ལ་ཞེན། རྟོང་[གདོན]ཁ་ལྟས་ནི་ལུས་ཀྱི་མཁར་སྤྱི་བོ་ན་མི་བདེ་ན། ངག་གི་མཁར་མགྲིན་པ་ན་མི་བདེ་ན། སེམས་ཀྱི་མཁར་སྤྱི་བོ་ན་མི་བདེ་ན། ཡན་ལག་གི་མཁར་མཐིལ་བཞི་ན་མི་བདེ་ན། རུས་པའི་ནད་[གནད]སྣ་ན་མི་བདེ་ན། ཤའི་གནད་འཐེབ་[མཐེབ]སྙིང་ན་མི་བདེ་ན། ཆུའི་གནད་མིག་མི་བདེ་ན། ཆུ་རྒྱུས་ཀྱི་གནད་ཕོ་བའི་མཚན་མ་མི་བདེ་ན། ཐམས་ཅད་འདུས་པའི་གནད་སྨིན་པར་འཇུམ་[བཅུམ]ལ་མི་བདེ་ན། ཤའི་བཅུད་འཐེབས་འཛུབ་[མཐེབ་མཛུབ]ཀྱི་གོང་ཤ་ལ་ཞན་[ཞེན]ན། གདོན་ཁ་ལྟས་པའི་རྟགས་འབྱུང་ངོ་། །འབྲུམ་པ་ནི་བསེ་འབྲུམ་ནད་གཞི་རྒྱས་པ་ཡིན་ནོ། །ཤ་འབྲུམ་གདོན་གྱི་སྤྲུལ་པ་ཡིན་ནོ། །སྲིན་འབྲུམ་སྔགས་ཀྱི་ནུས་པ་ཡིན་ནོ། །བླ་མའི་ཞལ་ཁྲིགས་སྒྲོན་མའི་འོད་ཀྱི་གདམ་ངག་རྫོགས་སོ།། །།
ལེའུ་དགུ་པ། ཉམས་མྱོང་ཐུགས་ཀྱི་གདམ་ངག
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཉམས་མོད་[མྱོང]ཐུགས་ཀྱི་གདམ་ངག་ནི། དེ་ཡང་ཤིན་ཏུ་ནམ་མཁའ་དྭངས་པ་དང་། སྤྲིན་དང་ན་བུན་བྱུང་བ་བཞིན། དབང་པོའི་དྭངས་མ་སྨིག་[མིག]རྣམས་ལ། ནད་དང་གདོན་རྣམས་མིག་འཆར། སྤྱིར་རྒྱལ་རིགས་སའི་དུག །སྤྱི་གཙུག་ནས་སྙིང་ལ་འཇུག །དེའི་རྟགས་སྤྱི་གཙུག་ཏུ་ཤ་རོ་འོང་ངོ་། །བྲམ་ཟེ་ཆུའི་དུག་ལྟག་པ་ནས་ཞུགས་ནས་གློ་བ་མཁལ་མ་ལ་འཇུག །དེའི་རྟགས་སྙིང་ཀར་ཤ་རོ་འོང་། རྗེ་རིགས་མེའི་དུག །མགྲིན་པ་ནས་སྙིང་ཀ་ལ་འཇུག །དེའི་རྟགས་ནི་ལྟག་པར་ཤ་རོ་འོང་། རྨོངས་[དམངས]རིགས་རླུང་གི་དུག །ལྟེ་བ་ནས་ཞུགས་ནས་གློ་བ་ལ་འཇུག །རྟགས་ནི་དྲེག་ལ་ཤ་རོ་འབྱུང་། གདོལ་པ་ནམ་མཁའི་དུག །སྙིང་ནས་ཞུགས་ཏེ་འཆེར་[མཆེར]པ་ལ་འཇུག །རྟགས་ནི་ཕོ་མོ་མཚན་མ་ལ་ཤ་རོ་འབྱུང་ངོ་། །ཀླུ་རིགས་དེ་རྣམས་ཀྱིས་ཟིན་ཀྱང་། མིག་ཟར་མའི་འབྲས་བུ་ལ། ནད་གདོན་ཟུག་མ་ཟུག་རྩིས་ཆེའོ། །ཟུག་པ་ཆེ་ན་བཞག་གོ །ཟུག་པ་ཆུང་ན་གསོ་བར་བྱའོ། །དེ་ཡང་མཁས་པས་ལེགས་པར་བརྟགས་པ་གལ་ཆེའོ། །ཀླུ་སྒྲུབ་སྙིང་པོའི་ཉམས་མྱོང་གདམས་ངག་རྫོགས་སོ།། །།
ལེའུ་བཅུ་པ། འཁྲིས་པ་གསེར་གྱི་མེ་ལོང་།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཁྲིས་པ་གསེར་གྱི་མེ་ལོང་ཞེས་བྱ་བ། ཀླུའི་རྒྱལ་པོ་འཇོག་པོས་ཀླུ་སྒྲུབ་ལ་སྣང་[གནང]བའོ། །དེ་ལ་ཡང་རྣམ་པ་ལྔ་སྟེ། ལུས་དང་། བྱད་དང་། མིག་དང་། ལུས་ཀྱི་མཚན་ཉིད་དང་། མིག་སྤྲིན་དཀར་པོ་ལ་བརྟག་པ་དང་ལྔའོ། །དང་པོ་ལུས་ལ་བརྟག་པ་ནི། ལུས་འདར་ཤིག་འདུག་ན་མི་ཐུབ། སྨིན་མ་བྱི་ནས་མེད་པ་དང་། ལག་པའི་གོང་ཤ་ཤོར་བ་ལ་འཇིགས་པ་མེད་དོ། །ཤ་འབུར་རྟིང་[གཏིང]འབུར་སྲིན་འབུར་གསུམ། ཤ་འབུར་གདོན་གྱི་སྤྲུལ་པ་ཡིན་ཏེ་ཉེན་མེད། སྲིན་འབུར་དྲག་སྔགས་བཟླས་པས་བྱུང་ན་སྔགས་ཀྱི་ནུས་པ་ཡིན། རྟིང་[གཏིང]འབུར་ཤ་རོའི་མེ་ཏོག་ཡིན་ཏེ་ནད་གཞི་རྒྱས་པ་ཡིན་ནོ།།
བྱད་ལ་བརྟག་པ་ནི། གདོང་པ་མ་རྙེར་[གཉེར་མ]ཆུང་འདུག་ན་སྤུ་བྱི་ནས་འོང་སྟེ། རྨོངས་[དམངས]རིགས་གདོང་[གདོལ]པས་བཟུང་བའི་རྟགས། གྲང་ཞིང་ལུས་ཆེ་ཆུང་བྱེད་ན། ཁ་དོག་དམར་སྐྱ་འོ་མའི་ཁ། རྟིང་[གཏིང]གི་ཁ་རླངས་བྱུང་ནས་ཕྱེད་མར་འོང་། གདོང་པ་དམར་ལ་ཧམ་པ་ཆགས། ཤ་རོ་ཡང་མེད་པ་དེ་བཀའ་[དཀའ]འོ། །ཁ་དོག་སྔོ་ནག་ཆུ་མི་འཆགས་པར་འདུག་པ་འོང་ངོ་། །མིག་ལ་བརྟག་པ་ནི། མིག་གི་སྔོ་ནག་གི་འཚམས་[མཚམས]ལ། སྤུ་རིས་སེར་པོ་བྱུང་ན། གནོད་པ་ཞུགས་པ་ཡིན་པས་མིག་གི་སྣ་འཁྱིལ་ན་མི་ཕན། རྒྱལ་མོའི་ནང་དུ་ཞུགས་ན་རྟ་རྔ་འཁྱིལ་བ་འདྲ་འདུག་ན། ཡང་ན་སྣ་ཅིག་ལ་འདུག་ནས་གསེར་གདངས་[མདངས]ཤོར་ནས། སྦོ་མ་ལྟ་བུ་ན་མི་ཐུབ་བོ།།
ལུས་ཀྱི་མཚན་ཉིད་ལ་བརྟག་པ་ནི། ཁ་དོག་ཅན་དང་ཁ་དོག་བྲལ་བ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། ལྕི་བ་ཐིག་ལེ་བེམ་པ་དང་། རུས་པའི་རྟིང་[གཏིང]ནས་ན་བ་སྙམ་བྱེད་པ་དང་། ཙག་ཙག་བྱེད་པ་དང་། དེ་ཚོ་ཤ་རོ་གཏིང་ནས་གཡོས་པ་ཡིན། ཡ་གི་སྤྱི་བོའི་གཙུག་ནས། རྐང་པའི་མཐིལ་ཡན་ཆད་དུ་དེ་ཚོ་ཅི་བྱུང་ཡང་འཇིགས་པ་མེད་པ་ཡིན་ནོ།།
མིག་སྤྲིན་དཀར་བ་ལ་བརྟག་པ་ནི། དཀར་པོ་བྱུང་ནས་ལོ་དུ་ལོན་པ་དང་། དེ་ལ་ཡང་སྤུ་རིས་གསུམ་ཡོད་དེ། དམར་པོར་འདུག་ན་ལོ་ཅིག་ལོན། དཀར་པོ་ཉ་འདྲ་བར་འདུག་ན་ལོ་གསུམ་ལོན། ནག་པོ་དང་དཀར་པོ་ཉ་འདྲ་བ་ཡོད་དོ། །དེ་ལ་དཀར་ནག་ཕྱེད་མར་བྱུང་ན་ལོ་མ་ལོན་ཏེ། ཁ་ལྟ་བ་ཡིན་ནོ། །འཁྲིག་[འཁྲིས]པ་གསེར་གྱི་མེ་ལོང་ཆུང་ངུན་[ངུ]བསྟན་ལུགས་ལྔ་པའི་གདམ་ངག་རྫོགས་སོ།། །།
ལེའུ་བཅུ་གཅིག་པ། རིན་པོ་ཆེ་ཏིང་ཏིང་གི་བརྟག་པའི་སྒྲོན་མ།
བྷུ་དྷ་གསུམ་ལ་ཕྱག་འཚལ་ལོ། །རིན་པོ་ཆེ་ཏིང་ཏིང་གི་བརྟག་པའི་སྒྲོན་མ་གདམས་ངག་ནི། སྤྱི་གཙུག་བེམ་ཐོ་[ཏོལ]རྒྱབ་[བརྒྱབ]པ་ཡིས། ལུས་ཀྱི་བསྐྱེད་[སྐེད]པ་ཡན་ཆད་ཀྱི་ཕྱི་ནང་རྐང་ལག་ཐམས་ཅད་ཀྱིལ། སྦྲིད་ལ་དང་རྩ་འཕྲིས་འཁྱུག་པ་དང་། ཟ་བ་ལ་སོགས་ཏེ་སྐྱུག་དིང་ངེ་བྱེད་ན་སྐྱོན་ཡོང་། ནད་པ་དེ་དཀྱིལ་སྐྲུང་[དཀྲུང]དྲོང་[དྲང]པོར་འདུག་ལ། མཁན་པོས་བྲང་རྒྱབ་ནས་བཟུང་ལ། གཟིར་གཅུད་གཡས་གཡོན་དྲག་ཏུ་བཅུད་[གཅུད]པ་ཡིས་ནང་དུ་སྐྱུག་དིང་ངེ་བྱེད་པའམ་གོང་གི་རྟགས་རྣམས་བྱུང་ནས་སྐྱོན་ཡོད་པ་ཡིན་ནོ། །ཡན་ལག་བཞི་ལ་བརྟག་པ་ནི། ཉྭ་བཞི་ལ་ཁུ་ཙུར་[ཚུར]ཐལ་མོ་ཡི་ཤམ་གྱིས་གྱེན་ལ་བརྟེག་[བཏེག]པར་བྱ། ཐུར་ལ་སྤྲེངས་པ་བྱུང་བ་ནི། སྦྲིད་པ་གང་དུ་བྱུང་ཡང་སྐྱོན་ཡོད་དོ། །གླ་ལྷུ་དང་སྤུང་ལྷུ་ལ་དེ་ལྟར་བརྟག །སོར་མོ་ཉི་ཤུའི་རྩེ་མོ་ལ། མཁས་པའི་ཐེབ་འཛུབ་[མཛུབ]གཉིས་ཀྱིས་བཙིར་བ་ཡིས། རྡུལ་ཡང་རྩག་གེ་འདོད་པ་ཡིན་པས་ན། ཅི་ལྟར་བརྩི་ཡང་རྡུལ་མེད་པར་སྐམ་ན་སྐྱོན། གང་སྐམ་པའི་ཐད་ཀའི་གྱེན་ལ་སྐྱོན་ཡོད་པ་ཡིན་པས་དེ་ཡིས་འཕྲོ་བཙལ་ལོ། །
རྐང་ལག་བཞི་ཡི་དྲེག་འཚམས་[མཚམས]ལ། སྐྱ་བོར་ཆ་གས་སྐྱོར་བ་སྐྱོན། ལག་པའི་སོར་མོ་བྱི་བཞུག་[གཞུག]ཀྱང་སྐྱོན། སྦྲིད་པ་མཚར་[མཚང]ཆེ་ཆ་རུ་སྦྲིད་ན་ཡང་འཛེར་འགྲོ། གྲང་སྦྲིད་རུས་མཛེར་འགྲོ། ཤུ་ཐོར་བྱ་བ་ལས་ཆུང་། ཆུ་རྒངས་[སྒང]བྱ་བ་ཆེ། དེ་གཉིས་རྒྱ་ལ་འོང་མོད་དུ་འདྲ། མཚང་ནི་བག་ན་ཆུང་ངོ་། །ཆུ་བུར་མཚང་ཆེ་སྤགས་[པགས]པའི་འོག་གཏིང་ནས་མུགས་ནས་འོང་བ་ཡིན་ནོ། །དེ་ཞར་ནས་སྨ་[རྨ]རུ་འགྲོ་འམ་སོས་ཀྱང་ཉེས་མེད་དུ་འགྲོ། རྐང་པའི་བོལ་ལམ་མཐིལ་ཀུན་ཏུ་བྱུང་ན་ཧོལ་མིག་ཏུ་འགྲོ། ཆུ་བུ་[བུར]དེ་ཡང་མཚང་ཆེ། འདི་ཤ་རོ་དང་རྨ་རུ་འདོམ་རུང་སྤྲིས་ཆུང་དང་འདོམ་རུང་མི་ཐུབ་བོ། །མཐུན་ན་ཅི་སོ་ཐུབ་བོ། །
ཤ་རོ་ཤ་མདོག་མ་ཉམས་པ་ལ་བྱུང་ན་མཚང་ཆེ། མདོག་ཉམས་ཙམ་ན་ཁ་ལྟས་པས་མཚང་ཆུང་། ཡང་ཉམས་ཡོད་ཀྱི་ན་ཚ་གང་ཡང་ཆུང་། དེ་དག་རྣམ་པར་སྨིན་པའི་ནད་ཡིན་ནོ། །སྤྱི་གཙུག་གི་དེ་མེད་དང་བརྟག་པ་ཅིག་ལ་ཕྱེད་པ་ཡིན། ལར་རྣམ་སྨིན་གྱི་རྒྱུ་ནི་འབྱུང་བའི་ཆུ་སེར་ནག་པོ་ཡིན། རྐྱེན་ནི་རླུང་གི་འཇུག་སྒོ་སྣ་བུགགཡས་གཡོན་ནས་འཇུག །སྙེག་པའི་ལས་ནི་ས་ཡིན་ཏེ། གནས་པའི་ས་ནི་ཤ་འཚམས་[མཚམས]བར་དུ་འགྲོ། འགྲོ་བའི་ས་དོན་སྙིང་ལ་འགྲོ། བྱེད་པའི་ལས་ནི་ཚེ་ཐུང་བར་བྱེད་དོ། །རྐང་གཉིས་འདི་ཡིས་བཟུང་བ་རྣམས། །སོས་ཐར་བདེ་བ་དགོས་སྙམ་ནས། །ཧ་ལའི་དུག་འཇོམས་བདུད་རྩི་འདི། །འགྲོ་བའི་ནད་ལས་གྲོལ་བར་ཤོག །ཀླུ་སྒྲུབ་ལ་ཀླུའི་རྒྱལ་པོས་སྣང་[གནང]བའི་རིན་པོ་ཆེ་རྟིང་རྟིང་[ཏིང་ཏིང]གི་གདམ་ངག་རྫོགས་སོ།། །།
ཀླུ་སྒྲུབ་ཀྱི་གདམས་ངག །ཤངས་པ་ལ་བབས། ཡེ་ཤེས་འབུམ་གྱིས་ཞུས། ལི་བཙུན་ལ་འཆང་། རང་དབུས་ཀྱིས་མཛད། བདག་རང་གི་ཞུས།
ལེའུ་བཅུ་གཉིས་པ། རིན་པོ་ཆེ་འཕྲུལ་གྱི་དུམ་བུ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུག་མཚོ་ཁོལ་མའི་དབུས་ན། རིན་པོ་ཆེ་སྣ་བདུན་ལ་བྱས་པའི་གཞལ་ཡས་ཁང་གི་ནང་ནས། ཀླུའི་རྒྱལ་པོ་འཇོག་པོས། སློབ་དཔོན་ཀླུ་སྒྲུབ་ལ་འདི་སྐད་གསོལ་ཏོ། །ཀྱེ་དགེ་སློང་ཆེན་པོ་ལགས། བདག་ཆགས་[ཅག]ཀླུའི་རིགས་ནི་དུད་འགྲོའི་དབང་ཕྱུག་ལགས་པས། ཆོས་ཀྱི་སྣང་བར་ཁྱབ་པར་ཞུ། ཞུས་པས་དགེ་སློང་ཆེན་པོའི་ཞལ་ནས། ཀྱེ་ཀླུའི་རྒྱལ་པོ་ལགས། ཁྱེད་རྣམས་ནི་ཚེ་རབས་སྔ་མ་ནས། ཚོགས་དུ་མ་བསགས་ཀྱང་། བཟོད་པ་མ་བསྒོམ་པ་ཡིན་པས། ད་ནི་བདེན་པའི་སྙིང་པོ་ཆོངས་ཤིག །ཅེས་གསུངས་སོ། །དེ་ནས་དགེ་སློང་ཆེན་པོས། ཀླུ་རྣམས་ལ་ཆོས་ཀྱི་འོད་ཟེར་སྤྲོས་ཏེ། རྩ་བ་བྱང་ཆུབ་སེམས་ལ་དྲིལ་ནས་གསུངས་སོ། །དེར་ཀླུ་རྣམས་ཀྱིས་བདེན་པར་མཐོང་ནས། ལ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལ་ལས་བྱང་ཆུབ་སེམས་པའི་སྡོམ་པ་བླང་། ལ་ལས་བྱང་ཆུབ་ཀྱི་ལམ་ཐོབ། ལ་ལས་བྱང་ཆུབ་སེམས་དཔའི་འཕོ་འགྱུར་མེད་པའི་གདིང་[གདེང]ཐོབ། དགེ་སློང་བྱང་ཆུབ་སེམས་དཔའ་ལ། ཀླུ་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །ང་ནི་སེམས་ཅན་རྣམས་ལ་སྨན་འགྱུར་ན། ཕུང་པོ་དང་འཁམས་[ཁམས]ཀྱང་འདོར་བ་ཡིན་པས། ཁྱེད་ཀྱང་དེ་ལྟར་གྱིས་ཤིག་པར་ཞེས་གསུངས་སོ།།
དེ་ནས་དགེ་སློང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀླུའི་འཁོར་རྣམས་དུ་མ་འདུས་ཤིག །ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་ཐམས་ཅད་གསོན་ཅིག །འགྲོ་བ་རིགས་དྲུག་ལ་ཉོན་མོངས་པའི་ནད་མང་ཀིས་[གིས]ཀྱང་། ཁྱད་པར་དུ་ལྷོ་ཡི་འཛམ་བུ་གླིང་དུ། ཀླུ་ནད་ཙི་ཙི་[ཏི]ཛོ་ལ་མང་དུ་བྱུང་བ་རྒྱུ་ཅིས་བྱས། བར་དུ་སྡུག་[གདུག]པའི་ནད་ངན་གཏོང་བའི་རྒྱུ་ཅི་ལྟར་ལགས། ཞེས་ཞུས་པས། ཀླུའི་རྒྱལ་པོ་ལ་[པོས]གསོལ་བ། ཀྱེ་དགེ་སློང་ཆེན་པོ་ནད་ངན་པ་གཏོང་བའི་རྒྱུ་ནི། སེམས་ཅན་བྱ་བྱེད་མང་བ་རྣམས་ཀྱིས་ཀླུ་ལ་གནོད་པ་བྱས་ཏེ། ཀླུ་རྣམས་ཀྱིས་སྡུག་བསྔལ་མྱོང་ནས། དེར་ཀླུ་བདེན་པ་མང་མཐོང་བ་རྣམས་ཀྱིས། ནད་ངན་པ་གཏོང་བ་ཡིན་ནོ། །ཞེས་གསུངས་སོ། །དགེ་སློང་ཆེན་པོས་ཡང་བསྐྱར་ནས་ཞུས་སོ། །
དེ་ལྟར་དུ་ལགས་ན་ནད་ངན་པའི་རྒྱུ་གང་ཡིན། ནད་ཀྱི་ངོ་བོ་ཅི་ལྟར་དུ་མཆིས། ལུས་ལ་ཅི་ལྟར་དུ་འཇུག །འདོན་ན་ཅི་ལྟར་དུ་འདོན། བྱ་བས་ཞུས་སོ། །ཀླུ་ཡི་རྒྱལ་པོས་དགེ་སློང་ལ་གསོལ་བ། ཀླུ་ཡིས་ནད་གཏོང་བའི་རྒྱུ་བཞི་མཆིས་སོ། །ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། རེག་པའི་དུག་དང་། མཆེ་བའི་དུག་གོ །ནད་ཀྱི་ངོ་བོ་གཉིས་མཆིས། རྩ་ཁྲག་གཏིང་ནས་སྐྱེད་པ་དང་། སྤགས་[པགས]པའི་འཚམས་[མཚམས]ནས་འཇུག་པའོ། །འཇུགས་[འཇུག]ལུགས་རྣམ་པ་གཉིས་[གསུམ]མཆིས། ཚ་བ་དང་སྡོང་ནས་འཇུགས་[འཇུག]དྲང་[གྲང]བ་དང་བསྡོངས་ནས་འཇུག །བད་ཀན་དང་བསྡོངས་ནས་འཇུག་གོ །གདོན་ལུགས་རྣམ་པ་གསུམ་མཆིས། ཏིང་ངེ་འཛིན་སྔགས་ཀྱིས་གདོན་པ་དང་། རྩ་རླུང་སྟོང་ཉིད་ཀྱིས་གདོན་པ་དང་། རྫས་སྦྱོར་སྨན་གྱིས་གདོན་པའོ། །སྤྱིར་མི་ལ་འཇུག་པའི་དུས་བཞི་མཆིས། ཁྲག་གི་དུས་དང་། འཁྲིས་[མཁྲིས]པའི་དུས་དང་། བད་ཀན་གྱི་དུས་དང་། རླུང་གི་དུས་སོ། །སྤྱིར་ཅི་ལྟར་བཤདཀྱང་། དུག་རྣམ་པ་གཉིས་སུ་འདུས། གནས་པའི་དུག་དང་། ཆུ་བའི་དུག་གོ །ལར་སྐྱེས་པ་ཕོ་ལ་ནད་འཇུག་པའི་རྒྱུ་བཞི་ནི། རྩ་འདྲམས་[འགྲམས]དང་། རུས་སྐྱོན་དང་། ཤ་འཐེམས་དང་། ཁྲག་མགོར་ལས་གློང་[སློང]ངོ་། །བུད་མེད་ལ་ནད་འཇུག་པའི་རྒྱུ་བཞི་ནི། ཚབས་དང་ཆུ་སེར་དང་། འཁྱིམས་པ་དང་། ཚ་བ་སྐྱེས་པ་དང་། ནད་ཟག་[ཟགས]པས་སློང་ངོ་། །ཀྱེ་དགེ་སློང་ཆེན་པོ་གསོན་ཅིག །གོང་དུ་མང་དུ་བརྗོད་ཀྱང་། རྒྱལ་མོ་ཡི་ཁང་པ་ཉམས་སམ། ཕུང་བྱེད་ནག་པོ་ཡི་རྩ་ལངས་སམ། རྒྱལ་པོ་ཡི་གདན་ཕབ་པས། རྒྱལ་མོ་འཕྲུལ་བག་མ་ལྡན་ནམ་[ན]། གླེན་མོ་ངུ་ཡང་བཟོད། ཕུང་བྱེད་ནག་པོ་མེད་ན། ཆུ་སེར་ནག་པོ་རྒྱས་ཀྱང་བཟོད། རྒྱལ་པོ་ཡི་གདན་མ་ཕབ་ན། བློན་པོ་འདུན་པ་ཚོལ་ཡང་བཟོད། ཕུང་བྱེད་ནག་པོའི་རྩ་དང་མགོ་གསུམ་དུ་འདུག་ཐུབ་[ན]། ལོ་གསུམ་དུ་ཐུབ། འགོ་[མགོ]གཉིས་སུ་འདུག་ན་ལོ་གཉིས་ཐུབ། འགོ་[མགོ]ཅིག་འདུན་ན་ལོ་ཅིག་ཐུབ་བོ། །དེ་ནི་སྐྱེས་པ་གཡས་ལ་བུད་མེད་གཡོན་ནས་འཇུག་གོ །དམིག་[མིག]སྤྲིན་ལས་ཤེས་པར་བྱའོ། །
རྒྱལ་མོ་དུང་གི་ལྡེ་གུ་འཁོར་ན་ཟླ་ཅིག་ཐུབ། ཕྱིར་བོར་སོང་ན། ཟླ་བ་གཉིས་ཐུབ་བོ། །རྒྱལ་པོའི་གདན་ཕབ་ནས་འབྲས་བུ་གཏིང་དུ་ཕེབས་ན། ལོ་བདུན་ཐུབ་སྟེ་ན་ཚ་ཆེ་བར་འོང་ངོ་། །དེ་ལྟར་དུ་ཚང་ན་ལས་ཀྱི་རྣམ་སྨིན་ཡིན་ནོ། །སེམས་ཆོས་ཕྱོགས་སུ་བཏང་སྟེ། རྡོ་རྗེ་འཆང་ཆེན་པོས་ཀྱང་མི་སོས་སོ། །ལུས་དུམ་བུ་ལྟ་བུར་སོང་བ་ལགས་སོ། །དེ་ལྟར་དུ་མ་བྱུང་ན། ལུས་སྐྱ་དམར་སོང་ན་ཡང་འབད་རྩོལ་བྱའོ། །རྩ་ལ་ཞུགས་ན་རྩ་བཤལ་ལ་སོགས་རྫོགས་པར་བྱའོ། །ཤ་ལ་ཞུགས་ན་བཀོ་རེ་བཤལ་ལ་བསོགས་[སོགས]རྫོགས་པར་བྱའོ། །རུས་པ་ལ་ཞུགས་ན་རྡོ་སྨན་ལ་སོགས་རྫོགས་པར་བྱ། ནང་དུ་ཞུགས་ན་ཁོང་སྨན་གྱི་སྦྱོར་བ་རྫོགས་པར་བྱའོ། །ན་ཚ་ཆེ་ན་འཁོར་ལོ་རྫོགས་པར་བྱའོ།།
མཚན་མ་ལོག་ན་ལྷ་གསལ་བར་བྱའོ། །ཆོ་འཕྲུལ་མང་ན་གཟུགས་དྲག་ཏུ་བྱའོ། །ཀྱེ་དགེ་སློང་ཆེན་པོ་ལགས། ནད་ལ་བརྟག་ལུགས་དྲག་སྔགས་མང་ཀིས་[གིས]ཀྱང་། །གནད་གསུམ་དོན་ལ་མ་གྲུབ་ཡི་དམ་ན། །ཅིས་ཀྱང་གྲོལ་བ་ང་ཡིས་བཤད། །ཞུགས་ལུགས་རྣམ་པ་མང་ཡོད་ཀྱང་། །དེ་ཉིད་ལྔ་ལས་མ་ཞུགས་ན། །ཅིས་ཀྱང་གྲོལ་བ་ང་ཡིས་བཤད། །དུག་གི་རྣམ་པ་མང་ཡོད་ཀྱང་། །དུག་གསུམ་པོས་མ་ཟིན་ན། །ཅིས་ཀྱང་གྲོལ་བ་ང་ཡིས་བཤད། །གདོན་གྱི་རྣམ་པ་མང་ཡོད་ཀྱང་། །ལས་ཀྱི་རྣམ་སྨིན་མ་ཡིན་མ་ཡིན་པ། །གདོན་ནད་ཅི་ཡང་གྲོལ་བ་ང་ཡིས་བཤད། །དེ་སྐད་ཅེས་གསོལ་ནས། རྩ་བ་བསྡུས་ནས་སུ་བཤད་དོ། །དགེ་སློང་ཆེན་པོའི་ཞུས་ལེན་[ལན]། རིན་པོ་ཆེ་འཕྲུལ་གྱི་དུམ་བུ་ཞེས་བྱ་བ། ཨཱི་ཐཱི།
ལེའུ་བཅུ་གསུམ་པ། མཛེ་ནད་གསོ་བ་དང་བསྲུང་ཐབས།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཛེ་ནད་ཙི་ཙི་[ཏི](ཛྭ་)ལའི་མཚན་ཉིད་ལ། ཤེས་རབ་ཀྱི་སྤྱན་གྱིས་བལྟས་ཏེ། ཀླུ་ནད་གསོ་བ་དང་བསྲུང་བ། སློབ་དཔོན་ནཱ་ག་རྫུ་ན་ལ། ཀླུའི་རྒྱལ་པོ་ཏག་ཤ་ཀས་སྣང་[གནང]བ། དགེ་སློང་བྱང་ཆུབ་སེམས་དཔའ་ཆེན་པོ། ས་སྟེང་གི་འགྲོ་བའི་མི་རྣམས་ལ། དང་པོ་བརྟག་པ་ལེགས་པར་བྱ། ས་འོག་གདོན་གནོད་དེ་དག་ལ། གསོ་དང་བསྲུང་བའི་ལས་འདི་བྱ། ནཱ་ག་ར་ཙའི་ཏག་ཀའི་ཁྱད་པར་དྲག་སྔགས་འདི་ལྟར་རོ། །དང་པོ་གནས་དབེན་པ་རུ། དྲི་དང་ཚན་ཡོས་པ་ཡེ་ལ་སོགས་ཀྱི་བུག་པ་བྱའོ། །དེ་ནས་རྟོགས་མེད་བདེ་བའི་ངང་ལ་གནས་པར་བྱས་སོ། །གཏོར་མ་དཀར་གཏོར་ཅིག་ཀྱང་བྱའོ། །དེ་ནས་བདག་ཉིད་བསྒོམ་པ་ནི། བདག་ཉིད་དེའི་ཕུང་པོ་ལ། སྤྱི་བོ་ན་ཡར་ལ་མེ་དཀར་ལ་འཚེར་བ་མཐོ་གང་བ་གཅིག་འབར་བར་བསྒོམས། སྙིང་ཀ་ན་ཕར་ལ་ཡང་མེ་དཀར་ལ་འཚེར་བ་མཐོ་གང་བ་ཞིག་གསལ་བར་བསྒོམ། དེ་ནས་དྲག་སྔགས་བཟླས་པས་འོད་ཟེར་ལས། རང་གི་འོག་ནས་མེ་དཀར་པོའི་ཚ་ཚ་འཕྲོས་པར་བསམ་མོ། །སྔགས་ནི། ཨཱོཾ་ནཱ་ག་ར་ཙ་ཏག་ཤ་ཀ ཀ་སྨྲ་སྨྲ་ཐ་རོ་འགམ་ནི། མ་ར་ཡ་ཧཱུཾ་ཕཊ། ཞེས་པའི་སྔགས་འདི་བཟླས་པས། འགོ་[མགོ]ན་མར་ལ་མེ་ཡི་ཚ་ཚ་རྦད་རྦད་ཆད་པས། ས་འོག་དང་ས་སྟེང་གི་ས་བདག་ཀླུ་གཉན་ཐམས་ཅད་ཚིག་ནས། དེ་དག་ཐམས་ཅད་ཀྱང་ཐལ་བ་རྡུལ་བཞིན་དུ་སོང་བར་བསྒོམ་མོ། །དེས་གདོན་ཐམས་ཅད་སྡུག་བསྔལ་སྐྱེའོ། །འདི་ལ་རབ་ཞག་བདུན། འབྲིང་བཅུ་བཞི། ཐ་མ་ཉི་ཤུ་རྩ་གཅིག་ནས་ཐུབ་པའི་རྟགས་བྱུང་ངོ་། །ནཱ་ག་ར་ཙ་ཏག་ཤ་ཀའི་མདོ་སྐོར་རྟག་[བརྟག]པ་དུག་མཚོའི་མཛེ་ནད་གསོ་བ་དང་བསྲུང་བ། ནཱ་ག་ཛུ་[རྫུ]ན་ཡི་གདམས་ངག །ཞག་བདུན་མ་རྫོགས་སོ།། །།
མཁའ་འགྲོ་མིག་ཅིག་མའི་བཀའ་རྒྱ། གྲུ་ཡིས་ཁམས་པ་ལ། དེས་ཤངས་པ་ཇོ་སྲས་ལ། དེས་སྒོམ་པ་ཡེ་ཤེས་འབུམ་ལ། དེས་ལི་བཙུན་ལ་གནང་བའོ། །དམ་མེད་ཁ་སྤྱང་དང་ངོ་དགའ་མཁན་ལ་མི་སྦྱིན་ནོ།། །།
ལེའུ་བཅུ་བཞི་པ། ཀླུ་ནད་ལས་སྔགས་བཟླས་མི་རུང་དང་རང་དགར་བཞག་ཆོག་པའི་སྐོར།
མཁའ་འགྲོ་བཀའ་ཡི་བསྲུང་མ་མིག་ཅིག་ལ་ཕྱག་འཚལ་ལོ། །དེ་ཀླུ་ནད་ལ་སྔགས་བཟླས་སུ་མི་རུང་བ་འདི་ལྟར་དུ་བསྟན་ཏེ། དེ་ཡང་ཕྱི་མ་ཕྱི་མ་ཅི་ཡང་མེད་པ་རྒྱས་པར། ནང་ན་ན་བ་སྙམས་[སྙམ]བྱེད་ན། འཁྲིས་[མཁྲིས]པའི་ནད་ཡིན། གཟུགས་ཕོ་ལ་ཐོལ་ཐོལ་བྱེད་ན། རླུང་གི་ཟི་ཐོ་བའི་སྦྲིད་པའམ་ནད་ཡིན། ཟླ་རེ་འམ་ལོ་རེ་ལ་སེམས་ཅན་འགྲོ་བ་སྙམས་[སྙམ]བྱེད་པ་དང་ལྐུག་ལྐུག་བྱེད་ན། ཁྲག་གི་ནད་ཡིན། མཆིན་དྲི་ཆུ་སྔོ་ཁུ་བ་ཁ་ནས་འོང་ཞིང་ཁ་སྐོར་ན་བ་དང་། ཕོ་བ་ན་ན། བད་རླུང་གི་ནད་ཡིན། མཁྱེའ་[ཁྱེ]མ་དང་གླང་ཤུ་དང་། གཟུགས་དཔུང་གཡའ་བ་དང་། དེ་བཞག་པས་འཚོ་ཚོ་ས་བདག་འདུས་པའི་ནད་ཡིན་པས། ཆོས་སྒོར་མི་གཞུག་སྔགས་མི་བཟླས། ལྷ་མི་བསྒོམ། དེ་ཚོ་བྱས་ན་འཛེར་[མཛེ]རུ་འགྱུར་རོ། །སྔགས་བཟླས་སུ་མི་བཏུབ་པའི་གདམས་པ། ཨྠི།
དེ་ལ་རིམ་འགྲོ་[གྲོ]བྱས་པས་ཆོག་པའི་གདམ་ངག་ལ། ཆུ་སོགས་ཚིག་ཁོལ་བ་ས་དང་མཁལ་འདི་ཚོ་བྱུང་ན་མ་ལ་ཞུགས། རྐང་པ་གཡའ་བ་ཁོལ་བ་དང་ཤུ་བ་མང་བ་དང་། ཤ་ཁྲ་ཁྲ་ལོག་གེ་བ་རྩེར་འབྱུང་བ་དང་དེ་རྣམས་ཡིན་ཏེ། རིམ་གྲོས་སྣ་ཚོགས་བྱའོ་ཆོག་པའི་གདམས་པ། ཨྠི།
དེ་ལ་ཅང་ཡང་མི་ཉེས་པའི་གདམས་པ་ལ། དང་པོ་གདོན་ཞུགས་ཀླུ་ཀྱང་ཤ་ཡི་བཀྲག་མ་ཤོར། སྐད་ཀྱི་མདངས་[གདངས]མ་འཛེར་མ་ཤོར་བ། ལུས་ཀྱི་ཕུང་པོ་ཡི་གཟུགས་མ་ཤོར་དབྱིབས་བྷ[བ]། ནང་ཕྱི་ལ་རྣལ་པོར་འདུག་ན། སྔགས་ཚོ་མ་ཤོར་ན་ལག་པ་ཞ་སོར་མོ་ཆད་ཀྱང་། སྨིན་མ་བྱི་ཡང་དུག་མ་རྒྱས་པ་གདོན་གྱིས་བོར་བ་ཡིན་ཏེ། ཅང་ཡང་མི་ཉེས་པ་ཡིན་ནོ། །ཅི་ཡང་མི་བྱ་གང་བདེར་བཞག་གོ །དེ་ལ་བཞག་པ་རང་གིས་འཚོ་བ་ཡིན་ནོ། །སྔགས་བཟླས་སུ་མི་རུང་བ་དང་། ཅི་ཡང་མ་བྱས་ནས་དྲག་ནས་འོང་བའི་གདམས་པ། མཁའ་འགྲོ་མ་མིག་ཅིག་ལས། ཀླུའི་རྒྱལ་པོ་དང་། དེས་ན་ག་ཛུ་[ནཱ་ག་རྫུ]ན་ལ། སློབ་དཔོན་མི་སྙམས་[སྙན]རྡོ་རྗེ་ལ་དངོས་གྲུབ་ཏུ་བྱིན་པས། དེས་སློབ་དཔོན་བལ་པོ་ཧཱུཾ་ཀ་ར་ལ་གདམས་པ། དེ་ནས་དངོས་གྲུབ་ཏུ་ཉང་སྨད་ཀྱི་དཀྱིལ་གྱི་རྟ་སྔོན་ལ་དངོས་གྲུབ་ཏུ་བབས་པའོ། །དེས་གྲུ་གོ་ཆ་ལ་གདམས་པ།། །།
ལེའུ་བཅོ་ལྔ་པ། མིག་གི་ཕྱི་ནང་བར་གསུམ་གྱི་མཚོ་དང་མེ་ཏོག་ལ་བརྟག་པ།
མཁའ་འགྲོ་མ་མིག་ཅིག་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་མིག་གཅིག་གི་མེ་ལོང་ཕྱི་ནང་བར་གསུམ་གྱི་མེ་ཏོག་ལ་བརྟག་པའི་གདམས་ངག་ལ། མཚོ་ཕྱི་ནང་བར་གསུམ་ཀ་ལ་རྒྱལ་རིགས་འཇུག་སྟེ། རྒྱལ་རིགས་ལ་མདོག་དཀར་སེར་རམ་དམར་བར་འོང་། རྒྱལ་རིགས་དངོས་ཀྱི་མེ་ཏོག་ནི། མིག་སྤྲིན་དཀར་པོ་ལ། རྩི་ཤིང་སྐྱེས་པ་འདྲ་བ་འོང་བ་ཡིན། སོར་མོ་བཀུག་པ་འདྲ་བ་འོང་བ་ཡིན། མེ་ཏོག་དམར་བར་འོང་བ་ཡིན། རྐང་པའི་སྒྱིད་ཁུང་དང་སོགས་བྲག་[སོག་དབྲག]དང་། པུས་མོ་ཡི་གཉན་གོང་དང་། མཐེ་མོ་ལ་མི་བདེ་བ་འོང་བ་ཡིན་ནོ། །རྗེ་རིགས་བར་མཛེ་ལ་འཇུག་སྟེ། མདོག་དམར་བ་འོང་། རྗེ་རིགས་ཀྱི་མེ་ཏོག་ནི། དམར་པོ་དང་སྨུག་པོར་འོང་བ་ཡིན། ལག་པའི་འབྲུ་ས་དང་། མཐེ་བོང་མི་བདེ་བར་འོང་། དེ་གསོར་ནི་རུང་བ་ཡིན་ནོ། །བྲམ་ཙེ་[ཟེ]ནང་མཚོ་དང་བར་མཛེ་ལ་འཇུག་སྟེ། དམར་པོ་ཟང་ཟིང་མང་བར་འོང་། མིག་སྤྲིན་སེར་པོ་འོང་། བྲམ་ཟེའི་མེ་ཏོག་ནི། མིག་སྤྲིན་ལ་དམར་པོ་གཉིས་སུ་འོང་། མིག་སྤྲིན་སེར་པོ་ལ་ནག་ཏིག་གཉིས་འོང་བ་ཡིན་ནོ། །སྨིན་ཕྲག་དང་དཔུང་པ་དང་། སྐྱེ་[སྐེ]འཇིང་ལ་མི་བདེ་བ་འོང་བ་ཡིན་ནོ། །
རྨོངས་[དམངས]རིགས་ནང་མཚོ་དང་བར་མཚོ་གཉིས་ཀ་ལ་འཇུག་སྟེ། མིག་སྤྲིན་དཀར་པོའི་མདོག་དམར་བར་འགྱུར་ནས་འོང་། རྨོངས་[དམངས]རིགས་ཀྱི་མེ་ཏོག་ཆུ་བུར་རྡོལ་བའམ་འབྲུམ་བུ་རྡོལ་བ་འདྲ་བ་འོང་། རྐང་པ་དང་བོལ་གོང་དང་། རྣག་[སྣག]པོ་ཆེ་ལ་མི་བདེ་བ་འོང་བ་ཡིན་ནོ། །ཕྱི་མཚོ་ནང་མཚོ་བར་མཚོ་གསུམ་ཀ་མ་འཇུག་སྟེ། ཕལ་དུ་ནག་པོར་འོང་། འདི་གདོལ་བ་ཡང་ཡིན། ལས་ཀྱི་རྣམ་སྨིན་དུ་ཡང་རྩེས་[རྩིས]ཏེ། དཀར་བ་དང་དམར་བ་དང་། ནག་པོར་འོང་བ་ཡིན་ནོ། །རྩའི་གནད་ལ་ཐེབས་པ་ཡང་ཡིན་པས་སྤང་བར་བྱའོ། །བར་མཚོ་ལ་བརྟག་པས་ཏེ་མདོག་དམར་བར་འོང་། གདོན་ལུས་ལ་ཞུགས་ནས་ལོ་དུ་ལོན་བལྟས་ཏེ། མིག་གི་ཡས་སྦྱིབས་[ལྕིབས]ལ་ལེགས་པར་བརྟག་ལ། རྩ་རིས་མེ་ཏོག་ལ་གྲངས་ཀྱིས་སྦྱོར་རོ། །ལོ་རེ་རེ་ལོན་པ་དང་། སྤྱང་ཐག་རེ་རེ་འོང་ངོ་། །རྩ་དང་བར་མཚོ་ལ་འཇུག་པས་ཏེ། ཕལ་དུ་མིག་རྩ་དམར་བར་འོང་ངོ་། །དེ་ནི་རྩ་བཞི་ལ་ཞུགས་ནས། མིག་གི་ཡས་སྦྱིབས་[ལྕིབས]ལ་རྩ་དམར་པོར་འོང་། མེ་ཏོག་སྔོན་པོར་འདུག་ན་གདོན་ཆུང་སྟེ་གསོ་བ་སླའོ། །ནང་མཚོ་བར་མཚོ་གཉིས་ཀ་ལ་འཇུག་པའོ། །མདོག་ནག་པོ་དང་། མཐོང་བྱེད་པ་ཐིག་ལེ་ནག་པོ་འོང་། མིག་སྤྲིན་དཀར་རམས་[རམ]ཆུ་འདྲ་བ་འོང་། དེ་ལས་ནད་ཡིན་པས་སྤངས་བར་བྱའོ། །མཁའ་འགྲོ་མའི་ཕྱི་ནང་བར་གསུམ་གྱི་མཚོ་དང་མེ་ཏོག་ལ་བརྟག་པ། ཀླུ་སྒྲུབ་ཀྱི་གསང་རྒྱ་དམ་པ་རྫོགས་སོ།། །།
ལེའུ་བཅུ་དྲུག་པ། རྒྱལ་མོ་མིག་གི་མེ་ལོང་གི་མཚན་ཉིད་བརྟག་པ་བཞི་པའི་གདམ་ངག
མཁའ་འགྲོ་མ་མིག་ཅིག་མ་ལ་ཕྱག་འཚལ་ལོ། །སྤྱིར་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་གཞུང་མང་ཡང་། རྒྱལ་མོ་མིག་གི་མེ་ལོང་གི་མཚན་ཉིད་བརྟག་པའི་མན་ངག་འདི་ལ་རྩིས་སུ་ཆེ་བར་བྱེད་པ་ཡིན་ནོ། །དེ་ཡང་དང་པོར་འབྲས་བུ་སྨིན་པ་དང་གཅིག །མེ་ཏོག་ཤར་བ་དང་གཉིས། ལོ་འདབ་རྒྱས་པ་དང་གསུམ། རྩ་བ་ཟུག་པ་དང་བཞིའོ། །དེ་རྣམས་ལ་དཀའ་སླ་གཉིས་ཏེ། དེ་ལ་འབྲས་བུ་སྨིན་པ་ནི། ཐལ་བའི་མཛེ་ཡིན་ཏེ། དེ་རྣམ་པར་སྨིན་པའི་མཛེ་ཡིན་ཏེ་མི་འཚོ་འོ། །རྩ་བ་ཟུག་པ་ནི་མཆོག་ཏུ་སླ་སྟེ་ཅི་ཡང་བྱ་མི་དགོས་སོ། །དཀའ་སླ་གཉིས་ནི་ཟར་མ་ལ་ཟུག་མ་ཟུག་ཁོ་ན་རྩིས་སུ་ཆེའོ། །དེ་ལ་འབྲས་བུ་སྨིན་པ་ལ་གསོ་བར་བརྩོན། དེ་ལ་སྔགས་པ་རང་རེ་ལ་ལྡོག་གོ །མེ་ཏོག་ཤར་བ་ནི་གསོ་བ་དཀའ་འོ། །ལོ་འདབ་རྒྱས་པ་ནི། གསོ་བ་འབྲིང་ངོ་། །རྩ་བ་ཟུག་པ་ཙམ་ནི། གཞན་ནས་མི་ལེགས་ཀྱང་། གསོ་བ་སླའོ། །
དེ་ལ་རྩ་བ་ཟུག་པ་ནི། ཀར་པོ་ལ་འབྱུང་། ལོ་འདབ་རྒྱས་པ་ནི་ནག་པོ་ལ་འབྱུང་། འབྲས་བུ་སྨིན་པ་ནི་སྒྲ་ཅན་ [གཅན]འཛིན་ལ་ཆགས་པའོ། །མེ་ཏོག་ཤར་བ་ནི། མིག་གི་ཕྱི་རོལ་གྱི་ཀར་པོ་ལ། ཁ་དོག་མི་འདྲ་བ་ཐིག་ཆགས་པ། རྒྱལ་རིགས་དཀར་པོ། བྲམ་ཟེ་སེར་པོ། རྗེའུ་དམར་པོ། རྨོངས་[དམངས]སྔོ་ནག །གདོལ་བ་སེར་རླབས། སྙན་[གཉན]དམར་སྐྱ། སྟོད་སྔོ་སྐྱ། རླུང་བདུད་ནག་པོར་འོང་ངོ་། །དེ་ཡང་དང་གདོན་དང་ཅིག །ནད་དང་གཉིས། ཟིན་པ་དང་གསུམ། དེ་ཚོ་གང་ཡིན་ཡང་། མཚན་ཉིད་ཚོ་མིག་ལ་འཆར་རོ། །
དེ་ཡང་བརྟག་པ་མཁས་པས། རྣམ་སྨིན་ཟིན་པ་ངན་པ་ཅིས་དང་མི་ཕན་པའི་ནད་རྣམས་ལ་ཕན་མེད་ལ། ཅི་ཡང་མི་དགོས་པ་ནི་ནད་རྣམས་ལ་སྔགས་དང་ལྷ་དབོག་གོ །གདོན་ཞེན་པ་ཆུང་ལ། ཟིན་པ་བཟང་བ་རྣམས་ལ་བརྩོན་འགྲུས་དྲག་ཏུ་བྱའོ། །གདོན་གང་གིས་བཟུང་བ་དང་། འདུ་བའི་ནད་གང་དང་བསྡོངས་པ་དང་། ལུས་ཀྱི་གནད་གང་དུ་ཟིན་པ་དང་། གདོན་ཞུགས་ནས་ལོ་དུ་ལོན་པ་དང་། དེ་རྣམས་ཐམས་ཅད་ཞུས་ལེན་[ལན]ཆེན་པོ་དང་། གསལ་བྱེད་མིག་གི་མེ་ལོང་གི་མིག་རྩིས་ཆེན་པོ་འོ། །གདོན་གང་ལ་དྲག་སྔགས་དང་བསྐྱེད་རིམ་བསྟན་པས་ཐུབ་བོ། །འདུ་བའི་ནད་ཐམས་ཅད་ལ་སྨན་གྱིས་གསོ་འོ། །རྒྱལ་མོ་མིག་གི་མེ་ལོང་གི་མཚན་ཉིད་བཞི་པའི་གདམས་ངག །ཇོ་སྲས་ཤངས་པ་ལ་དངོས་གྲུབ་ཏུ་བབས། དེ་རྣམས་སྒོམ་བྷ་ཡེ་ཤེས་འབུམ་ལ་ཁོང་ལ་བདག་ལི་བཙུན་གྱིས་ཞུས་སོ། །དེ་ལ་རང་སྟོན་གྱིས་ཞུས་པའོ།། །།
ལེའུ་བཅུ་བདུན་པ། རྒྱལ་པོ་མིག་གི་མེ་ལོང་གི་བརྟག་པ་བདུན་པའི་གདམ་ངག
མཁའ་འགྲོ་མིག་ཅིག་མ་ལ་ཕྱག་འཚལ་ལོ། །སློབ་(དཔོན་)ཀླུ་སྒྲུབ་ཀྱི་རྒྱལ་མོ་མིག་གི་བརྟག་པ་ལ་བདུན་ཏེ། དཔེར་ན་རྩི་ཤིང་གི་མེ་ཏོག་རྩེ་མོ་ལ་ཤར། ནད་ཀྱི་མེ་ཏོག་མིག་ལ་འཆར་རོ། །དེ་ལ་བརྟག་པ་བདུན་ནི། འདྲིམ་[འགྲིམ]རྩ་དང་། རྒྱལ་རིགས་ཀྱི་དང་། རྗེའུ་རིགས་ཀྱི་དང་། བྲམ་ཟེ་རིགས་ཀྱི་རྩ་དང་། རྨོངས་[དམངས]རིགས་ཀྱི་དང་། གདོལ་རིགས་ཀྱི་དང་། ལས་ཀྱི་རྣམ་པར་སྨིན་པའི་བསྟན་པ་དང་བདུན་ནོ། །འདྲིལ་[འགྲིམ]རྩ་བརྟག་པ་ལ། སྲིད་པ་ཞེས་པའི་རྩ་བཞི་སྟེ། སྲིད་པའི་རྩ་དང་ཤིང་ལོ་བཀྲམས་[བཀྲམ]པ་འདྲ། དོན་གྱི་རྩ་དང་ལག་སོར་བཀྲམས་[བཀྲམ]པ་འདྲ། བད་མཁྲིས་ཀྱི་རྩ་དང་མདུང་ཤིང་བཀྲམས་[བཀྲམ]པ་འདྲའ། ཡན་ལག་གི་རྩ་རྒྱུས་པ་བཤད་པ་འདྲ་བཞིའོ། །དོན་སྙིང་གི་རྩ་ནི་མིག་གི་གྲ་ཕུག་[ཕུགས]འོག་ནས་འཆར་ཏེ། དེ་ལ་ནད་གཞི་རྒྱས་སམ་མ་རྒྱས་ལྟ་བ་ནི། རྩ་བར་གསུམ་བྱུང་ན། གདོན་ཞེན་ཆེ་བ་ཡིན། སྐྱེད་[སྐེད]པར་བྱུང་ན་གདོན་རྩུབ་པ་ཡིན། རྩེ་མོར་བྱུང་ན་འཕྲའ་བ་ཡིན། སྲིད་པའི་རྩ་ལ་ལོ་གྲངས་བསྟག་པ་ནི། རྩ་འདི་མིག་གི་ཡས་སྦྱིབས་[ལྕིབས]ནས་འཆར་རོ། །
ནག་ཐིལ་བ་ཅིག་བྱུང་ན་ལོ་གཅིག་ལོན། གཉིས་བྱུང་ན་ལོ་གཉིས་ལོན། གསུམ་བྱུང་ན་ལོ་གསུམ་ལོན། བཞི་བྱུང་ན་ལོ་བཞི་ལོན། ལྔ་བྱུང་ན་ལོ་ལྔ་ལོན་ནོ། །ལོ་དུ་ལོན་པ་བཞིན་དུ་རྩ་ཡི་རི་མོ་འཆར་རོ། །དེའི་གཡས་སུ་བྱུང་ན་རྒྱལ་པོ་ཡིན། གཡོན་ད་བྱུང་ན་དམ་སྲི་ཡིན། སྐྱ་སེང་ངེ་བ་བྱུང་ན་རྦོད་གཏོང་ཡིན། ཉེ་ན་དྲུང་གསུམ་འབྲེལ་བའི་རྩ་ལག་ཡིན་ནོ། །ཡན་ལག་གི་རྩ་ལ་བརྟག་པ་ནི། མིག་གི་གྲ་ཕུག་[ཕུགས]གཡས་ནས་འཆར་ཏེ། དེ་ལ་ནད་གཞི་རྩ་ལ་གྲམས་[གྲམ]མ་གྲམས་[གྲམ]བལྟ་སྟེ། རྩ་བར་བྱུང་ན་ནད་བཞི་[གཞི]རྩ་གྲམས་[གྲམ]པ་ཡིན། རྐེད་པར་བྱུང་ན་ནད་གཞི་འགོ་འཚོགས་[མགོ་ཚོགས]པ་ཡིན། རྩེ་མོར་བྱུང་ན་གྲོལ་བ་སླ་ཡིན་ནོ། །བད་མཁྲིས་ཀྱི་རྩ་གྲ་གཡོན་ནས་འཆར་ཏེ། དེ་ལ་གདོན་ལྟ་སྟེ། རྒྱལ་རིགས་ཀྱི་མེ་ཏོག་ནི་མིག་སྤྲིན་གྱི་མེ་ཏོག་ནི་མིག་སྤྲིན་གྱི་དཀར་ནག་འཚམས་[མཚམས]སུ་འཆར་ཏེ། མདུང་ཤིང་བཀྲམས་[བཀྲམ]པ་འདྲ་བ་ལ་རྩེ་མོ་སོགས་ཀར་བྱུང་ན་རྒྱལ་རིགས་དངོས་ཡིན། ལག་སོར་བཀྲམས་[བཀྲམ]པ་འདྲ་ན་དམངས་ཤན་འབྱེད་ཀྱི་འཁོར་ཡིན།
རྗེ་རིགས་ཀྱི་མེ་ཏོག་མིག་སྤྲིན་དཀར་ནག་འཚམས་[མཚམས]སུ་འཆར་ཏེ། གླང་[ཀླད]ཁྲག་ཕོ་བ་འདྲ་བ་ལ་རྩེ་མོ་དམར་སྨུག་འོང་བ་ནི། རྗེ་རིགས་དངོས་ཡིན། འཁོར་དམར་སེར་དུ་འོང་། བྲམ་ཟེ་རིགས་ཀྱི་མེ་ཏོག་མིག་སྤྲིན་གྱི་དཀར་ནག་འཚམས་[མཚམས]སུ་སྟེ། སེར་པོས་ལྕིབས་ཚེར་[ཀྱིས]ཁྱེངས་[ཁེངས]པ་ཞིག་འོང་། དེ་གཡས་སུ་བྱུང་ན་བྲམ་ཟེ་དངོས་ཡིན། གཡོན་དུ་བྱུང་ན་འཁོར་ཡིན། རྨོངས་[དམངས]རིགས་ཀྱི་མེ་ཏོག་ནི་མིག་དཀར་པོ་ལ་ནག་གུ་ཐག་ཐིག་ཏུ་འཆར་ཏེ། ཆུ་འབུར་རམ་ཁྲག་འབུར་ལྟ་བུ་ཅིག་བྱུང་ན་དངོས་ཡིན། གནག་པ་རྩུབ་པ་ཞིག་བྱུང་ན་འཁོར་ཡིན། ལས་ཀྱིས་རྣམ་པར་སྨིན་པ་ནི་བརྟག་པ་ནི། མིག་སྤྲིན་དཀར་པོ་དེ་སྔོ་རླེང་[སླེང]གིས་སོང་བ་དང་། མིག་སྤྲིན་ནག་པོ་ལ་མཐོང་བྱེད་ལྟ་བུ་བྱུང་བ་ནི། གཏིང་མཚོ་ཁོལ་མ་བྱ་བ་ལྟ་བུ་ཡིན་ཏེ་དེ་ནི་མི་འཚོ་འོ། །ཀླུ་གཞག་གྱི་རིགས་ཀྱི་ནི་འཚོ་འོ། །ཀླུ་རིགས་བཞི་ཡི་མེ་ཏོག་ཀུན་ཚང་བ་ཞིག་བྱུང་ན་གདོལ་བ་ཅན་གྱི་ནད་ཡིན། རྗེ་རིགས་དང་རྨོངས་[དམངས]རིགས་ཀྱི་བྱུང་ན་དངོས་རང་ཡིན། བྲམ་ཟེའི་བྱུང་ན་འཁོར་ཡིན། གདོལ་བ་རིགས་ཡུན་རིངས་ན་ཐུབ་པ་དཀའ་འོ།།
མིག་སྤྲིན་གྱི་སྟེང་ན་[ནས]བྱུང་ན། རྗེ་རིགས་ཡིན། བྱད་དམར་བཀྲ་ལ། རི་མོ་གྲུ་གསུམ་འོང་། ལག་པ་གཡས་པ་ན། སྙིང་མི་དགའ་ལ་འཕྱོ། རྒྱལ་པོ་གནོད། དྲོ་ཞིང་ཚ་བ་མེའི་དུག་ཡིན། མིག་གི་ནང་ངོས་ནས་བྲམ་ཟེ་འོང་། བྱད་ཀར་ཀྲ་[བཀྲ]ལ་རི་མོ་བེར་ཀ་རིས་འགོ་རྐྱོག་[སྐྱོག]པ་འོང་། ལག་པ་གཡོན་པ་ནས། མཁལ་རྐེད་ཤིན་ཏུ་ན་བར་འོང་། གྲང་ཞིང་བསིལ་བ་ཆུ་ཡི་དུག་ཡིན་ནོ། །མིག་སྤྲིན་གྱི་འགོ་[འོག]ངོས་ནས་རྨོངས་[དམངས]རིགས་ཡིན། བྱད་སེར་ཀྲ་[བཀྲ]ལ་རི་མོ་ཟླུམ་པོ་འོང་། རྐང་པ་གཡས་པ་ལ། ཡང་ཞིང་གཡོ་བ་རླུང་གི་དུག་ཡིན་ནོ། །མིག་གི་ཕྱི་ཟུར་ངོས་ནས་གདོལ་བའི་རིགས། བྱད་སྐྱ་ལ་སོབས་[སོབ]པ་འོང་། རི་མོ་སྣ་ཚོགས་ངེས་མེད་འབྱུང་། སྣ་ཚོགས་འབྱུང་བ་ནམ་མཁའི་དུག་ཡིན་ནོ། །མིག་གི་འབྲས་བུ་ནག་པོ་ལ་བྱུང་ན་རྒྱལ་རིགས་ཡིན། བྱད་སྨུག་པོ་ལ་རི་མོ་གྲུ་བཞི་འོང་། རོ་སྟོད་ནས་འགོ་[མགོ]བོ་ན། ལུས་ལྕི་ལ་སྡོད་སྙིང་འདོད། རྒྱལ་རིགས་པའི་དུག་ཡིན་ནོ། །ནད་རྒྱལ་རིགས་བྱུང་ལ། རི་མོའམ་རྟགས་རྗེ་རིགས་བྱུང་ན། རྒྱལ་རིགས་ཀྱི་མཁར་རྗེ་རིགས་ལ་ཤོར་བ་ཡིན་པས། བཟླས་པ་ཐང་གིས་ཤོལ་[བཤོལ]ལ་བཞགས་[བཞག]པས། རྗེ་རིགས་རི་མོ་འམ་རྟགས་ཡལ་ནས་འགྲོ། དེ་ནས་སྡོད་བཟླས་པ་བྱའོ། །དེ་མ་བཞག་པར་བཟླས་པ་ཐང་ངེ་བྱས་ན་མི་ཐུབ་བོ། །དེས་མཁར་ཤོར་བ་འགྲོ་འོ། །ཁ་ཡི་དུག་པགས་པ་ལ་འོང་། བར་དུག་ཤ་ལ་འོང་། གཏིང་དུག་རུས་པ་རྒྱས་པར་འོང་། མིག་མདངས་ཡལ་ནས་གཟི་འདྲ་བ། སོ་ཡི་མདངས་ཡལ་ནས་དུང་འདྲ་བ། བྱད་ཀྱི་མདངས་ཡལ་ནས་གློ་བ་འདྲ་བ། དེ་དག་ནི་མི་ཐུབ་བོ། །གདོན་གནོད་པའི་མི་ཀུན་ལ་བྱད་གློ་བ་དང་འདྲ་བ་འོང་སྟེ་ཐུབ་མི་ཐུབ་མ་ངེས་སོ། །སྐྲ་དང་སྨིན་མ་བ་སྤུ་གསུམ་ཀ་བྱི་ན་དཀའ་མི་ཐུབ་བོ། །རེ་རེ་གཉིས་གཉིས་བྱི་བ་མ་ངེས། མིག་ཆུ་སྣ་ཆུ་དྲི་ཆུ་གསུམ་ཀ་འཛག་ན་མི་ཐུབ་བོ། །རེ་རེ་གཉིས་གཉིས་འཛག་པ་ལ་ངེས་པ་མེད་དོ། །འ
ཚམས་[མཚམས]གདོན་རན་པའི་དུས་ནི། རྒན་མོའི་ངར་གདོང་འདྲ་བ་སྔོ་བཅུམ་མེ་བ། ལྕགས་གཡའ་ཁ་ལེ་བ་དང་། རི་མོ་སེར་སྔོ་ནག་པ་ཞིག་སྣ་དང་འཁུར་[མཁུར]ཚོས་ལ་འོང་སྟེ། དེ་བྱུང་ན་མཚམ་[མཚམས]གདོན་ནོ། །དེ་དང་བདེ་བ་ཡིན་ནོ། །མཁར་བརྒྱད་སྤྱི་ཙུག་[གཙུག]སྨིན་འཚམས་[མཚམས]སྣ་རྩེ་དང་། ཡར་[ཡ]རྐན་སྙིང་དང་འཐེབ་[མཐེབ]མོ་དང་། ལྷེན་སྣ་དང་ནི་མཚན་མ་དེ་བརྒྱད་ལ་ཤོར་ན་དཀའ་བ་ཡིན་ནོ། །དུག་གསུམ་ཤ་དུག་སྤུ་དུག་རུས་དུག་གསུམ། ལུས་ལ་རྒྱས་ན་དཀའ་བ་ཡིན་ནོ། །དུག་བཞི་ཀླུ་རིགས་བཞི་ལ་སོགས་ལ་ཐུབ་ན་དཀའ་བ་ཡིན། མདངས་གསུམ་སོ་མདངས་མིག་མདངས་བྱད་མདངས་གསུམ་པོ་ཡལ་ན་དཀའ་བ་ཡིན། སྤུ་གསུམ་སྐྲ་དང་སྤྲིན་[སྨིན]མ་ཁ་[བ]སྤུ་གསུམ་པོ་བྱི་ན་དཀའ་བ་ཡིན། ཆུ་གསུམ་ཁ་ཆུ་མིག་ཆུ་དྲི་ཆུ་གསུམ་པོ་བོ་ན་དཀའ་བ་ཡིན། ནད་དང་གདོན་དོན་སྙིང་ལ་ཟིན་ན་དཀའ་བ་ཡིན་ནོ། །ཀླུ་སྒྲུབ་སྙིང་པོའི་རྒྱལ་མོ་མིག་གི་མེ་ལོང་གི་བརྟག་པ་བདུན་པའི་གདམས་ངག་མཁའ་འགྲོ་མི་གཏད་རྒྱས་བཏབ་པ་རྫོགས་སོ།། །།
མཁའ་འགྲོ་མས་ཇོ་སྲས་སུམ་པ་བདག་ལ་གནང་བའོ། །དེ་ལ་སྒོམ་བྷ་ཡེ་ཤེས་འབུམ་གྱིས་ཞུས། ཁོང་ལ་བདག་ལི་བཙུན་གྱིས་ཞུས་པ་ལགས་སྷོ། །གདོན་གྱིས་ཟིན་པ་གྲོལ་བར་ཤོག །ཨཱི་ཏྱ།
ལེའུ་བཅོ་བརྒྱད་པ། རྒྱལ་མཚོ་མིག་གི་མེ་ལོང་།
མཁའ་འགྲོ་མིག་ཅིག་མ་ལ་བཀའི་སྲུང་མ་ཕྱག་འཚལ་ལོ། །རྒྱ་མཚོ་མིག་གི་མེ་ལོང་གཅེར་མཐོང་གི་གདམས་པའོ་ལས། མཁའ་འགྲོ་མའི་ཐུགས་ཀྱི་ཉིང་ཁུ་མན་ངག་གི་མཛོད། གསང་བའི་ཟབ་པར་ཤིན་ཏུ་ཡང་གསང་བ་གཏེར་མ་མན་ངག་རྒྱས་གདབ་པ་གམ་མོས་པས་བཅུད། འཚོ་མི་འཚོ་ཡི་དབང་པོའི་དངས་མ་མིག་ལ་བརྟག་པ་བསྟན་པར་བྱའོ། །ཕྱི་ཡི་སྤྱི་ལ་ཡུལ་ལ་བརྟག་པ། བར་གྱ་སྤྲིན་ལ་བརྟག་པ་མིག་བཟློག་ལ། ནང་གི་རྩ་འཇུག་པ་ལ་བརྟག་པ་དང་གསུམ་མོ། །དེ་ལ་ཕྱི་ཡི་ཡུལ་ལ་བརྟག་པ་ནི། མིག་ཆེ་བ་དང་། ཧོང་པ་དང་། ཟུམ་པ་དང་། འབོར་བ་དང་། ཕྱི་ཡི་ཡུལ་གྱི་བརྟག་པའོ། །དེ་ཡང་རྒྱུ་ཡིས་ཆེ་རྒྱུ་དང་རྐྱེན་དུ་ཤེས་པར་བྱའོ་བ་དང་། རྐྱེན་གྱིས་ཆེ་བ་དང་གཉིས་སོ། །རྒྱུ་ཡིས་ཆེ་བ་ཡིན། རྒྱུ་ཡིན་དང་པོ་རང་ན་ཆེ་བ་ཡིན། ཟུམ་པ་དང་། ཧོང་པ་དང་གདོན་མེད་པ། འབོར་བ་དང་དེ་རྣམས་ནི་དང་པོར་རང་ནས་གནོད་གདོན་པ་རྒྱུ་ཡིས་ཆེ་བ་ཡིན། ཤ་མ་འགྱུར་བཀྲག་མ་ཤོར་བ། མིག་སྤྲིན་མ་འགྱུར་དབྱིབས་ཅི་ལྟར་འདུག་ཀྱང་འགྱུར་ལྡོག་མེད་པའོ། རྩ་རྩ་དང་མ་འགྱུར་སྤྲིན་མ་འགྱུར་ན་འདི་རྣམས་མི་གདོན་པ་ཡིན་ན། དེ་ནི་གདོན་མེད་པ་ཡིན་ནོ། །འགྱུར་ན་སྣོད་[གནོད]གང་སྣོད་[གནོད]བརྟག་གོ་རྐྱེན་གྱིས་ཆེ་བ་ལ་རྩ་འགྱུར། སྤྲིན་འགྱུར། དབྱིབས་ལྡོག་ཁ་དོག་ལྔ་དེ་ནི་རྐྱེན་གྱིས་ཆེ་བ་ཡིན་ནོ། །ཕྱི་ཡི་ཡུལ་ལ་བརྟག་པའི་གནད།
བར་གྱི་སྤྲིན་ལ་བརྟག་པ་ནི། ཡས་གང་ཆེ་བ་དང་། མས་མཚོ་གདོལ་[རྡོལ]བ་འགྱུར་ལྡོག་ཆེ་ན་སྡོད་པའི་རྟགས་སོ། བར་གློག་འགྱུ་བ། དེ་ལ་ནི་གདོན་རྒྱལ་པོ་དང་། ཀླུ་བཙན་དང་། གདོན་བསྟན་པ་མཚོ་དཀར་པོས་འབྲས་བུ་གཡོག་པ་སྦུ་གུ་ཐོལ་ཐོལ་བའམ་ཕྱི་ལོང་ངེ་བའམ་སྨན་དེ་གསུམ་ཡོད་པ་ཡིན་ནོ་འབྲས་བུ་ཐ་མ་གཞའ་ཚོན་ལྟ་བུའོ། །མིག་བཟློག་མི་ཤེས་པར་འདུག་པ་དང་འབྲབ་མི་ཤེས་ན། བྲམ་ཟེ་རིགས་ཀྱི་རྒྱལ་རིགས་ཡིན་པས་འཚོ་བ་སླའོ། །མིག་སྤྲིན་ཟུར་གྱི་མིག་སྤྲིན་ནག་ལོག་གིས་བྱུང་ནས། མིག་སྤྲིན་སེར་པོ་ཞིག་བཀབ་ནས། དེ་ཡང་འབོར་ཞིང་འདུག་ན་རྒྱལ་རིགས་རྩ་ནག་པོས་འབྲས་བུ་ལ་བཟུང་བ་སླེབས་པ་གསོ་དཀའ་ལེགས་པར་སྙིམ་[སྙམ]ཀྱི་ངུག་ཡིན་པས་མི་ཟློག་གོ །མིག་དམར་ཞིང་ཆེ་བ་དང་འབྲས་བུའི་བཀྲག་མ་ཤོར་བ་མཐའ་མ་ཡོ་བར་དམིག་[མིག]སྟེ་དམར་ཙག་ཙག་ལ་ཡོ་བར་འདུག་ན། བྲམ་ཟེ་ཡི་དུག་ཡིན་པས་ཟླའོ། །དམིག་[མིག]དཀར་ལ་ཆེ་ཞིང་ཟླུམ་པ་མིག་རྩ་བརྡེག་ནས་འདུག་ན། གདོན་དུ་གདོན་གྱི་རྟགས་རྒྱལ་པོ་དང་། སྲུངས་མ་དང་། རྗེ་རིགས་ཀྱི་དུག་ཡིན་པས། རེས་འོང་རེས་མི་འོང་ན་སོས་འབོར་རེ་རྩས་[རྩ]འབྲས་བུ་ལ་སླེབས་པ། མ་འགྱུར་ན་མི་སོས་སོ། །
མིག་དམར་ནག་ཏུ་འདུག་ཅིང་། ཐ་མ་འགྱུར་ལྡོག་ཆེ་བར་གསོ་རུ་བཏུབ་པར་འདུག་ན་ཆུ་ཡི་འཁོར་ནས། མིག་གཏིང་དུ་སོང་ན། ས་བདག་འདུས་པའི་ནད་ཡིན་པས། འབྲས་བུ་རྣམ་སྨིན་ཡིན་ནོ། །མིག་སྔོ་སླེང་དུ་སོང་ན། མིག་ཆུ་འཛག་པ་ཁ་ཡོ་བ་མཐའ་མཐོང་བ། སྙན་[གཉན]གྱི་ཀླུ་རིགས་ལྔ་དེའི་འཁོར་དང་དུག་ཡིན་པས། མ་མོ་འདུས་པའི་ནད་མོ་འདྲེ་ཙམ་གདོན་ཡིན་པས། འབྲས་བུའི་མཐའ་རྨ། འབྲས་བུ་སྦུར་བུ་ཐོལ་ཐོལ་ཐོན་པ་དཀའ་འོ། །མིག་མཐའ་མ་དམར་ལོག་གེ་བ་རྨ་རུ་འགྲོ་ཞིང་ཚག་ན། ས་སྲིན་གྱི་དུག་ཡིན། མིག་འབོར་མིག་མི་བདེ་བས་སྐྲངས་ཤིང་མིག་རྩ་དམར་ན། བཙན་གྱི་དུག་ཡིན་ནོ། །
མིག་དཀར་ལ་ཆེ་ཞིང་མི་གསལ་ན། རྒྱལ་པོའི་དུག་ཡིན་ནོ། །མིག་ནག་ཅིང་འཁྲུག་ནས་མཆི་མ་མངས་ན་རྩ་དམར་ཙག་གེ། ཀླུ་བདུད་ཀྱི་དུག་ཡིན། མིག་སྔོ་སླེང་སྟེར་བྱུང་ན། མཚོ་སྨན་སྔོ་མདོས་བྱའོ་གྱི་དུག་ཡིན་ནོ། །མིག་འགྱུར་ལྡོག་ཆེ་ན་འཚོ་བའི་རྟགས་སོ། རྒེ་བ་ཡིན་མདོག་མེད་པའོ་དུས་མེད་དུ་འོང་བ་ནོ། །མིག་གི་བར་གྱི་སྤྲིན་ལ་བརྟག་པ་འབྲས་བུའི་ཐ་མ། ཨྠི།
ནང་གི་རྩ་ལ་བརྟག་པ་ནི། རྩ་ཉལ་བ་དང་། རྩ་བཞའ་བ་དང་། དེ་ནི་སྐྱེལ་ཆེ་བ་ཡིན་ནོ་འཚོ་བ་དཀའ་འོ། །མིག་རྩ་འགུལ་ན་མིག་རང་འགུལ་བ་འོང་། །རྩ་འཕར་བ་ནི་ཕྱོགས་གང་རྩ་ནག་ཤེར་བས་འབྲས་བུ་སླེབས་པ་དཀའ་འོ་ནས་གང་དུ་གསོ་ཕར་ཟུར་དང་ཚུར་ཟུར་གྱི་རྩ་གནག་ཤ་རེ་བ་བ་སླ་བ་ཡིན་ནོ། །རྩ་འགྲེང་བ་ནི་མིག་སྤྲིན་མིག་སྤྲིན་གྱི་གསེབ་ནས་རྩ་ནག་ཤར་རེ་བའོ་འཁྲུག་པ་ཡིན་ཏེ་བརྟག་པ་དཀའ་འོ། །མཁས་པས་ལེགས་པར་གདོན་རིགས་རྩ་ལ་གདོན་བརྟག་པའོ་བརྟག་ལ་གསོ་འོ།།
གདོན་ཆེན་དེ་ཁ་ཤར་དུ་ཉི་མ་ལ་བསྟན་ལ། ཆུའམ་ཆང་གིས་ཁྲུས་བྱས་ཡས་དང་མས་འགྲེལ་བའོ་ལ། མིག་ཐུར་དུ་མར་ལ་བཟློག་གྱེན་ལ་ཡར་ལ་བཟློག །སྐྲུལ་[ཧྲིག]ཧར་རེ་བཏུབ་ཚད་དུ་བསྡད། དེ་ལྟར་དུ་མཁས་པས་སུ་བརྟག་པ་གསོ་བར་བྱའོ། །རྒྱ་མཚོ་མིག་གི་མེ་ལོང་གིས། ཕྱི་ཡི་ཡུལ་ལ་བརྟག་པ་དང་། བར་གྱི་སྤྲིན་ལ་བརྟག་པ། ནང་གི་རྩ་ལ་བརྟག་པ་དང་གསུམ་གྱི་གདམས་པ་གསལ་བ་རྫོགས་སོ།། །།
རྒྱ་མཚོ་མིག་གི་མེ་ལོང་འདི། རྟ་སྟོན་ལ་འབྲེ་སྟོན་གོ་ཆས་ཞུས་ནས་གཏད་པ་འདི་སྙིང་གི་དཀྱིལ་དུ་རྩ་བར་བྱའོ། །དེ་ལ་ཇོ་སྲས་ཤངས་ཅུང་ལས་ཞུས། དེ་ལ་བསྒོམ་པ་ཡེ་ཤེས་འབུམ་གྱིས་ཞུས། དེ་ལ་བདག་ལི་བཙུན་གྱིས་ཞུས་པ་ལགས་སྷོ། །དེ་ལ་རོང་དབུས་བླ་མས་ཞུས་པ་ལགས་སྷོ། །དེ་ལ་བསྒོམ་ཆེན་གྱིས་ཞུས་པ་ལགས་སོ། །ཨྠི་ ཐཱི། གྷུ་ཧྱ།།
ལེའུ་བཅུ་དགུ་པ། བརྟག་པ་གསལ་བའི་མེ་ལོང་གི་མཐའ་མ་བདུན་པའི་ཟིན་མ་ཟིན་དང་ཞེན་མ་ཞེན་གྱི་བརྟག་པ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀླུའི་རྒྱལ་པོས། བརྟག་པ་གསལ་བའི་མེ་ལོང་གི་མཐའ་མ་བདུན་པའི། ཟིན་ནམ་མ་ཟིན་ནམ་ཞེན་ནམ་མ་ཞེན་གྱི་བརྟག་པ་འདི་བལྟ་ན་ནི། དང་པོ་ཚིལ་གྱི་མཐའ་མ་དམིག་[མིག]ལ་བལྟ་བ་ནི། མིག་གི་སྦོ་མ་དམིག་[མིག]ཏུ་རིམ་གྱིས་འགྲོ་བའོ། །མིག་མཆིན་པ་ལ་ཟིན་པ་ཡིན་པས་གསོར་མི་རུང་། མིག་སྐམ་ཚག་དང་གཤེར་ཚག་དང་། ཐུང་གླེང་ཤ་བ་དང་། གསོ་སླ་བ་དང་། འཕྲལ་དུ་སླ་བ་དང་། སྙན་[གཉན]གྱིས་ཟིན་པ་རྟགས་[བརྟག]ལ་གསོ་བར་བྱའོ། །
ཁྲག་གི་མཐའ་མ་རྐང་ལ་ཟིན་པ་ལྟ་བ་ནི། རྐང་པ་ལྕི་ཞིང་བེམ་པ་དང་། རྐང་པའི་དཀྱིལ་དུ་ཀྱི་[ཁྱི]རྒན་གྱི་མིག་ལྟ་བུའི་རྨ་བྱུང་ནས། དེ་འཚོར་མའི་[འཚོ་མི]འདོད་པ་ནི། ཁྲག་ལ་ནད་སྨིན་པ་ཡིན་པས། གསོར་མི་འདོད་དོ། །ཤ་ཡི་མཐའ་མ་ཤ་རོ་ལ་ལྟ་བ་གཉིས་ཏེ། མཚོ་ལྟར་མས་ཆགས་པ་ནི། གདོང་[སྟེང]དུ་གདོལ་[བརྡོལ]ཞིང་ཤིན་ཏུ་བེམ་པ་སྟེ། སྟེང་དུ་གདོལ་[བརྡོལ]ཙམ་ན་དཀའ་བ་ཡིན་ཏེ་མི་གསོ་འོ། །སྤྲིན་ལྟར་ཡས་ཆགས་པ་ནི། ཀྱི་[སྐྱི]རོ་སྤགས་[པགས]རོ་ནས་གང་ངམ་དོ་ནས། སོ་གཅིག་སོ་ལ་སོགས་པ་ནི། བརྟག་ལ་གསོ་བར་བྱའོ།།
ཆུ་རྒྱུས་ཀྱི་མཐའ་མ་ཡན་ལག་ལྟ་བ་ནི། ཡན་ལག་ཞ་བ་དང་། རེངས་པ་དང་། འཁུམས་པ་དང་། འཕྲ་མོ་སོང་བ་དང་ཆགས་པ་དང་། དེ་རྣམས་ནི་མཐའ་ངན་པ་ལ་མ་ཟིན་ཅིང་། བཞིན་མ་ཉམས་ན་གསོ་བར་བྱའོ། །རེག་བྱའི་མཐའ་མ་སྤུ་ལ་ལྟ་བ་ནི། སྐྲ་དང་སྨིན་མ་ཁ་[བ]སྤུ་ལ་སོགས་བྱི་ནས། བྱ་ཡི་སྤུ་བྱི་བ་བཞིན་དུ་སོང་བ་ནི་འཚོ་བ་དཀའ་འོ། །རུས་པའི་ཐ་མ་སོ་ལ་བལྟའ་བ་ནི། སོ་སྐྱ་སེང་སོང་ནས་ན། དེ་ཡང་བཞིན་མ་ཉམས་ན་གསོ་སྟེ། བཞིན་ཉམས་པ་ནི་མི་གསོ་འོ། །དོན་སྙིང་གི་ཐ་མ་དབང་པོ་ལྔ་ལ་བལྟ་བ་ནི། མཆིན་པ་ལ་བབས་ན། མིག་ལ་མི་སྙུག་[སྡུག]པ་ཆེ་ཆུང་འོང་ངོ་། །མིག་སྦོ་མ་ལྟར་ཟླུམ་རིལ་གྱིས་འགྲོ་བ་འོང་། གློ་བ་ལ་བབས་ན། སྣ་ལ་མི་སྡུག་པ་ཆེ་ཆུང་འོང་། ཤ་སྣ་ལྷོད་སུས་ཀྱང་ཚོར་རོ། །སྙིང་ལ་བབས་ན། ལྕེ་ལ་མི་སྡུག་པ་ཆེ་ཆུང་དང་། ལྕེས་རོ་མི་ཚོར་བ་འོང་ངོ་། །མཁལ་མ་ལ་བབས་ན། རྣ་བ་ལ་མི་བདེ་ཆེ་ཆུང་འོང་ངོ་། །སྣ་[རྣ]ལ་དྲོད་སྐོག་བཞིན་དུ་མདོག་འཆོར་རོ། །མཆེར་མ་[པ]ལ་བབས་ན། མཆུ་ལ་མི་སྡུག་ཆེ་ཅུང་འོང་། མཆུའི་མདོག་འཆོར་ལ་རྩི་འཇུས་སོ། །དོན་སྙིང་ལྔ་ལ་ཟིན་ཅིང་ཞེན་ནས་དབང་པོ་ལྔ་ཉམས་པ་ནི། གསོ་མི་རུང་ངོ་། །དོན་ལྔ་ལ་ཟིན་ནས་དབང་པོ་མ་ཉམས་པ་ནི། བརྟག་ལ་གསོ་རུ་རུང་བས་གསོ་བར་བྱའོ།།
གནད་བཞིའི་ལྟ་བ་ནི། ཆུ་ཐམས་ཅད་འདུས་པའི་གནད་དམིག[མིག]རུས་པ་ཐམས་ཅད་འདུས་པའི་གནད་སྣ། ཆུ་རྒྱུས་ཐམས་ཅད་འདུས་པའི་གནད་བོ་[ཕོ]མོའི་མཚན་མ། ཤ་ཐམས་ཅད་འདུས་པའི་གནད་འཐེབ་[མཐེབ]སྙིང་བཞིའོ། །མཁར་རྣམ་པ་གསུམ་ནི། ལུས་ཀྱི་མཁར་སྨིན་མའི་བར། ངག་གི་མཁར་འདྲིན་[མགྲིན]པའི་ལྟོང་ལྟོང་པོ། སེམས་ཀྱི་མཁར་སྙིང་ཀ་དང་གསུམ་མོ། །གནད་ཟིན་པ་དང་མཁར་ལ་འཁྲས་[འདྲེས]པ་ནི། ཟིན་པ་ངན་པ་ཡིན་ནོ། །ངན་ཀྱང་གསོ་རུ་རུང་བ་ནི། མཐའ་ཀུན་ལ་མ་ཟིན་ཅིང་། བཞིན་གྱི་དཀྱིལ་འཁོར་མ་ཉམས་ན། དེ་ནི་གསོ་བར་བྱའོ། །མཐེབ་བོང་གི་གོང་ཤ་ཤོར་བ་དང་། སྣ་རྩེ་ཤ་ལྷོད་པ་ལུས་ཆུང་བ་དང་། སྐྲ་དང་བ་སྤུ་བྱི་ཡང་། བཞིན་གྱི་དཀྱིལ་འཁོར་གྱི་མདངས་མ་ཤོར་ན་གསོ་བར་བྱའོ། །མཐའ་མ་བདུན་པའི་ཟིན་དང་ཞེན་མ་ཞེན་བརྟག་པའི་གནད་བདུན་པའི་གདམས་ངག་རྫོགས་སོ།། །།
ལེའུ་ཉི་ཤུ་པ། དུག་མཚོ་ཆེན་མོའི་གསོ་རུང་མི་རུང་གི་གདམ་ངག
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་སྙིང་པོའི་དུག་མཚོ་ཆེན་པོའི་གདམས་ངག །སྤྱིར་འགྲོ་བ་ས་བདག་ནད་ཀྱིས་ཟིན་པ་ལས། གསོར་མི་རུང་བའི་གནས་ནི་འཁོར་ཆེན་པོ་བཞི་ཞེས་བྱ་སྟེ། རྐང་ལག་གི་མཐིལ་བཞི་ལ་ཞུགས་པའམ། རྒྱལ་པོའི་ཕོ་བྲང་བཏབ་པ་ཞེས་བྱ་སྟེ། མི་བདེ་བ་རྣམས་ས་བཟུང་བའམ། མཚོ་རློན་པ་ཞེས་བྱས་ཏེ། མིག་གི་མ་སྦྱིབས་[ལྕིབས]རྟག་ཏུ་འགུལ་བ་དང་། རུས་པའི་ཐང་ཤིང་ཆགས་པ་ཞེས་བྱ་སྟེ། སྣ་ནས་རྟག་ཏུ་ཁྲག་དང་ཆུ་སེར་འོང་བའམ། སའི་གོས་དང་བྲལ་བ་ཞེས་བྱ་སྟེ། སོ་དཀར་སེངས་པ་སོང་བ་དང་། སྲིད་པའི་བྱོ་བཟློག་བྱུང་བ་ཞེས་བྱ་སྟེ། ལུས་སྙེར་ཆུང་གིས་ཁེངས་པ་དང་། ས་བདག་གི་སྨེ་བ་ཆགས་པ་ཞེས་བྱ་སྟེ། ན་ཚ་ཆུང་བའི་རྨ་འཁྲོས་པ་ལྟ་བུ་དང་། དེ་རྣམས་ཀྱིས་ཟིན་པ་ནི་སྤངས་པར་བྱའོ།།
དེ་ལ་གསོ་རུ་རུང་བ་ནི། སྤྱིར་ནད་ཀྱིས་ས་མ་བཟུང་ན། རྨོངས་[དམངས]གྲོང་ཀ་ཡན་པ་ཞེས་བྱ་སྟེ་བཟང་། ནགས་མེ་ཤོར་བ་ཞེས་བྱ་སྟེ། སྐྲ་གསེབ་ན་རྩ་རྩི་མང་ན་བཟང་། ལུས་ཀྱི་མདུན་རྒྱབ་ཏུ་མི་བདེ་བ་ཅི་བྱུང་ཡང་གྲོལ་བར་སླའོ། །རྐང་ལག་གང་རུང་ཞིག་ལ་མི་བདེ་བ་བྱུང་ནས། ཕྱིས་བྱད་ལ་བྱུང་ན། གྲོལ་བས་[བ]དཀའ་སྟེ། དེ་ལས་བཟློག་པར་[ལྡོག་པ]བསླའོ[སླའོ]། །ཤ་རོ་རྣམས་ནི་ཁ་དོག་ཅན་དང་། ཉ་ཧྲེམས་མེད་པ་དང་། ཏིང་ཐུང་བ་དང་། སྦལ་པའི་རྒྱབ་ལྟ་བུ་དང་། གློག་པ་པུན་ནེ་བ་དང་། སྲབ་པ་རྒྱ་ཆེ་བ་དང་། ཤ་རོ་ལ་ཆུ་བུར་དང་། རྨ་རུ་སོང་བ་དང་། བྱད་ལ་རྨ་བྱུང་བ་དང་། དེ་རྣམས་འགྲོལ་བར་བསླའོ[སླའོ]། །དེ་ལས་བཟློག་[ལྡོག]པ་ནི་དཀའ་འོ། །རྨ་རྣམས་ནི་གཏིང་ཐུང་ལ། ཁ་དོག་དམར་བ་དང་། ན་ཚ་ཆེ་བ་བཟང་ངོ་། དེ་ལས་བཟློག་[ལྡོག]པ་གྲོལ་བར་དཀའ་འོ།།
སྙིང་མ་དགའ་བ་འཚམས་[མཚམས]བཅད་ཀུན་ལ་དུམ་རེ་འོང་བ་ཡིན་ཏེ། དེ་ལ་འཇིགས་པ་ཙམ་མེད་པ་ཡིན་ནོ། །ལག་པའི་གོང་ཤ་ཤོར་བ་ཀུན་དང་འཇིགས་པ་ཙམ་ཆུང་བ་ཡིན། སེར་ཀ་སོས་སུ་མ་འདོད་པ་ཀུན་ན་ཚ་ཆུང་བ་མི་དགེ། དེ་ལ་བཟློག་[ལས་ལྡོག]པ་བག་ཙམ་དགའ་འོ། །སྐྲ་དང་བ་སྤུ་བྱི་བ་ལ་སོགས་པ་གས་པ་འཇིགས་པ་ཆུང་། སྤྱིར་གསུས་པ་ལ་འཇུག་པ་ཉུང་། ཞུགས་ཀྱང་གྲོལ་བ་སླའོ། །བཙན་ཐབས་སུ་ཁ་ཡོ་བ་དང་། མིག་སླེ་བ་ལ་སོགས་པ་ལ་སྔགས་དང་ལྷ་དབོག་པར་བྱའོ། །སྤྱིར་སྔགས་ཚད་ཀྱིས་སྔགས་ལ་ཞི་བས་བྱ། དེ་ནས་གཟོད་ཡང་དྲག་སྔགས་ལ་འཇུག་པར་བྱའོ། །མདངས་ཉམས་པ་དང་། བཞིན་ཉམས་པ་དང་། ཤ་ཉམས་པ་དང་། བ་སྤུ་ཉམས་པ་དང་། རུས་པ་ཉམས་པ་དང་། ཆུ་བ་ཉམས་པ་འོང་བ་ཀུན་མི་དགེའོ། །དེ་ལས་བཟློག་[ལྡོག]པ་དགེ་བར་འདུག་གོ །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་ནས། གདུག་པའི་དབང་ཆེན་ཞེ་རིང་ཡང་། །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །ཐེ་ཚོམ་མེད་པར་བསྒྲུབ་འགྱུར་ན། །གདུག་པའི་ནད་ལས་གྲོལ་བར་ངེས་ཞེས་གསུང་ངོ་། །རྗེ་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། དུག་མཚོ་ཆེན་མོའི་གསོར་རུང་དང་མི་རུང་གི་གདམས་ངག་རྫོགས་སོ།། །།
ཨེ་མ་ཧོ། དང་པོ་ནཱ་ག་ཛུ[རྫུ]ན། དེས་སུ་པགས་པ་འགྱིང་ཏི། དེས་གསེར་གླིང་པ། དེས་ཇོ་བོ་རྗེ་གཅིག །དེས་ལོ་ཙ་[ཙཱ]བ་རྒྱ་བརྩོན་སེང་། དེས་འབལ་སྣ་བའོ་ཆེ་ལ། དེས་ལྟ་བསྒོམ་ཆེན་པོ་ལ། དེས་ལྟ་བསྒོམ་དཀོན་མཆོག་འབྱུང་གནས་ལ། དེས་གྲུ་གོ་ཆ་ལ། དེས་འཁམས་པ་ལ། དེས་ཇོ་སྲས་ལྷ་ཁང་པ་ལ། དེས་བསྒོམ་པ་ཡེ་ཤེས་འབུམ་ལ། དེས་ལི་བཙུན་ལ་གནང་བ་ལགས་སྷོ། །ཨྠི། ས་མ་ས་ཐའོ།། །།
ལེའུ་ཉེར་གཅིག་པ། དུས་བཞི་མཉམ་པར་སྦྱོར་བའི་གདུག་པའི་ནད་འཇུག་པའི་རྟགས་བསྟན་པ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི། དུས་བཞི་མཉམ་པར་སྦྱོར་བའི། གདུག་པའི་ནད་འཇུག་པའི་རྟགས་བསྟན་པའི་གདམས་ངག་ནི། རྒོངས་ཀ་སའི་དུས་སུ་རྨངས་[དམངས]རིགས་གནོད། དོན་སྙིང་ལ་རྟོགས་[བརྟག]ན་འཆེར་[མཆེར]པ་མི་བདེ། ཕྱི་ལ་རྟོགས་[བརྟག]ན་མཛུ་[མཛུབ]མི་བདེ། ལུས་ལ་རྟོག་[བརྟག]ན་ཤ་སྣག་མི་བདེ། བྱད་ལ་རྟོག་[བརྟན]ན་གཏིང་ཁྲག་ནག་ཏུ་འོང་། སྐྱེལ་ཆེན་པོ་གཉིས་ལོན་པ་ཡིན། སྙིང་མི་དགའ་བ་ཀུན་མཐུན་ནོ། །ཕྱེད་ཡོལ་ཆུའི་དུས་སུ་བྲམ་ཟེའི་རིགས་གནོད། དོན་སྙིང་ལ་རྟོགས་[བརྟག]ན་མཁལ་སྐྱེད་[སྐེད]ན། རྣ་བ་མི་བདེ་ལུས་ལ་རྟོགས་[བརྟག]ན་རྩ་མི་བདེ། རྩ་འཕྲིག་རླུང་འཕྲིག་དོན་[གདོན]འཕྲིག་གསུམ། འདྲ་བར་ཡོངས་[ཡོང]བས་ནོར་ར་རེ། རྩ་འཕྲིག་པ་ལ་གཞན་མ་ཅི་ཡང་མེད་ན་སྐྱོན་མེད་དོ། །རླུང་འཕྲིག་པ་ནི་རླུང་དང་མཐུན། གྲང་ཤུམ་བྱེད་ཅིང་འཕྲིག་པ་དང་། ཤིན་ཏུ་བརྩེ་ཞིང་འཕྲིག་པ་དང་། སྙིང་མི་བདེ་བར་འཕྲིག་པ་ནི། གདོན་འཕྲིག་ཡིན་ཏེ་གྲངས་ཅིག་གམ་གསུམ་ལོན་ནོ། །སྙིང་མི་དགའ་བ་ཀུན་མཐུན་ནོ། །དྲོས་ནས་ཕྱེད་དུས་མེའི་དུས་སུ་རྗེའུ་རིགས་གནོད། དོན་སྙིང་ལ་བརྟག་ན་མི་དགའ། ཕྱི་ལ་བརྟག་ན་ལྕེ་མི་བདེ། ནང་ལ་བརྟག་ན་རྒྱུ་མ་མི་བདེ། ཕྱིའི་སྐྱེ་[སྐེ]མི་བདེ་བ་དང་། འཁུར་[མཁུར]ཚོས་སྣ་གོང་མུར་གོངས་[གོང]མི་བདེ། དེས་ལོ་གཅིག་གམ་གསུམ་ལོན་ནོ། །སྔ་དྲོ་རླུང་གི་དུས་སུ་རྒྱལ་རིགས་གནོད། དོན་སྙིང་ལ་བརྟག་ན་གློ་བ་མི་བདེ། ཕྱིའི་སྣ་མི་བདེ་བ་ལ། སྣ་འུག་[བུག]ནང་དུ་ཤུ་བ་འོང་། ལུས་ཀྱི་ན་དབུགས་མི་བདེ། རོ་སྟོད་ན་དང་ཀ་མི་བདེ། ནང་གྲོལ་ན་ལོང་མི་བདེ་སྟེ། ལོ་གཅིག་གམ་གསུམ་ལོན་ནོ།།
གང་ལ་བརྟག་ཀྱང་དུས་མ་ནོར་བ་གལ་ཆེའོ། །དུས་ནོར་ན་ཐོག་ཏུ་ཕེབ་[ཕེབས]པ་དཀའ་འོ། །དུས་མ་ནོར་ན་མངོན་ཤེས་སུ་བཤད་པས། མི་ལ་གསང་བ་ལ་བཤད་དོ། །ཉིན་མོ་ལ་དུས་བཞི་བརྩི་བར་མཐུན་པར། ནུབ་མོའི་དུས་ལ་ཡང་བཞིར་བརྩེའོ། །སྔ་དྲོ་རླུང་དུས་སུ་བརྩིའོ། །དྲོས་ཐལ་ནས་ཕྱེད་ཚུན་ཆད་མེ་དུས་སུ་བརྩི། ཕྱེད་ཡོལ་ཆུའི་དུས་སུ་བརྩི། དགོངས་མོ་སའི་དུས་སུ་བརྩིའོ། །དགོངས་སྲོད་ལ་ཀ་རླུང་། ནམ་མ་ཕྱེད་ཚུན་ཆད་མེ། ཕྱེད་ཡོལ་ནས་ཆུ། ཐོ་རངས་སའི་དུས་སུ་བརྩིའོ། །འཕགས་པ་ཀླུ་སྒྲུབ་ཀྱི་དུས་བཞི་དང་སྦྱར་བའི་གདམ་ངག །ཇོ་སྲས་ཤངས་པ་ལ་དངོས་གྲུབ་ཏུ་བབས། སྒོམ་པ་ཡེ་ཤེས་འབུམ་གྱིས་ཞུས། དེ་ལ་བདག་ལི་བཙུན་གྱིས་ཞུས་པ་ལགས་སྷོ། །རྫོགས་སོ།། །།
ལེའུ་ཉེར་གཉིས་པ། སྣང་གསལ་འཕྲུལ་གྱི་མེ་ལོང་ལས་དུས་བཞི་མཉམ་སྦྱོར་གདམ་ངག
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་སྣང་གསལ་འཕྲུལ་གྱི་མེ་ལོང་ལས། དུས་བཞི་མཉམ་སྦྱོར་གདམས་ངག་ནི། །དང་པོ་རླུང་གི་དུས་འདི་ལྟར་འོང་། །ཆུ་དང་འདམ་ལ་བརྒལ་བ་དང་། །ཁྲག་དང་གཡང་ལས་ལྷུང་བ་དང་། །ཉ་དང་སྦྲུལ་གྱིས་འཚེ་བ་དང་། །སེམས་ཅན་ལུས་ལ་འཇུས་པ་དང་། །བདག་ཉིད་ཅིག་པུ་འཁྱམས་ཤིང་རྨི། །རླུང་གི་དུས་སུ་བཤད་པ་ཡིན་ནོ། །སྟེང་གདོན་རྟགས་ནི་འདི་ལྟར་འོང་། །ལྷ་ཁང་འབག་དང་སེང་གེ་དང་། །ཀླན་པོ་བན་དེ་བཙུན་པ་དང་། །དེ་དག་སྟེང་གདོན་མཚན་མར་བརྟག །དང་པོ་ཁ་ན་མི་ལུས་ལ། །གདོང་པ་མེ་ལོང་འདྲ་བས་གདོང་ལ་འཇུག །ལྷག་པར་མིག་ནི་ཟར་མའི་མེ་ཏོག་འདྲ། མིག་ལ་འཇུག །མིག་སྤྲིན་དམར་ཞིང་དམིག་[མིག]མདངས་ཞུ། །གདོང་ཚུགས་གཞན་མ་ལྟ་མི་བཟོད། །ཐིག་ལེར་[ལེ]དམར་ཞིང་ཀྱི་ཆུང་འོང་། །སྐྱ་འོར་ཁྱེ་མ་འབྱུང་བ་དང་། །བྱད་བཞིན་འོ་མའི་སྤྲིས་མ་འདྲ། །ཤ་མདོག་རྐྱང་ལུས་པོ་སྦྲིད། །མཁལ་རྐེད་མན་ཆོད་བཤལ་ཞིང་ན། །མེ་དང་ཉི་མ་སེར་རུ་[བུ]གསུམ། །གང་ལ་བལྟས་ཀྱང་མི་བཟོད་དེ། །དེ་ནི་ལུས་རྟགས་བཟང་པོ་མིན། །སྣ་ནས་སྣ་ཁྲག་འོང་འགྱུར་ཞིང་། །མགོ་དང་ལུས་འཐིབས་རྙེད་པ་ཆེ། །བྱིང་རྨུགས་ཚིག་ཟ་འཁྲོ་སྙིང་འདོད། །བྱ་བྱེད་མང་ཞིང་སྣ་གླུ་ལེན། །གདམ་[གཏམ]ནི་གཏན་ཚིག་སྨྲ། །ཤུ་བ་འབྲུམ་བུ་འཕྲ་མོ་འབྱུང་། །སྐར་སྐོར་ན་ཞིང་ཐིག་ལེར་ཚ། །བ་སྤུ་བྱི་ཞིང་གྲང་སྲན་ཆུང་། །རྨ་དང་སེར་ག་དོན་མེད་འབྱུང་། །ལོ་གསུམ་ཡན་ཆད་གསོ་རུ་རུང་། །དེ་ནི་རླུང་གི་མི་རིགས་ཏེ། ཉེན་ནི་དཀར་ཐབ་དག་ལས་ལངས། །གདོན་ཀྱང་རྒྱལ་རིགས་དཔེ་དཀར་གནོད། །སྙིང་མི་དགའ་ཞིང་རྒྱ་གླུ་ལེན། །སྐྲ་འཚམས་[མཚམས]དག་ཏུ་ཤ་བཀྲ་འོང་། །ཉེས་མེད་ཀུན་ལ་ཁྱབ་པར་སོང་། །ཇི་སྲིད་ནས་རྐང་མཐིལ་དག་ཏུ་འོང་། ཤའི་ཁ་ནི་གྱང་[གྱོང]པོར་འགྲོ། དེ་རྣམས་རྟགས་ནི་རླུང་གི་དུས་སུ་བཤད་པ་ཡིན་ནོ།།
སའི་དུས་སུ་འདི་ལྟར་འོང་ངོ་། །གདོན་རིགས་དུག་པའི་གདོན་ཡིན་པས། ཤ་དམར་གློག་དམར་དག་གིས་ཉེས་སློང་ནས། སྙིང་མི་དགའ་ལ་གཉིད་ཀྱང་ཆེ། །ཁ་ཟས་ཡི་གར་མི་འོང་ཞིང་། །ཤ་མདོག་གནག་ལ་འགྱུར་ལྡོག་ཆེ། །ཤ་བཀྲ་གླང་ཤུ་ཤ་རོ་ནི། །རོ་སྟོད་གཡས་པ་དག་ལ་འོང་། །སྙན་པ་སྙོག་ཅིང་གཟེར་བཏབ་འདྲ། །སེར་ཀ་རྨ་ཤུ་ཉེས་མེད་འོང་། །ཤ་ཁྲག་འཚད་[འཚག]ཤ་བཤས་བྱེད་པ་མཐོང་། སྙིང་པོ་བཟླས་པ་ཤོལ་[བཤོལ]སྙིང་འདོད། །གཏམ་ལ་དགའ་ཞིང་མི་དད་ཆེ། །ཤ་དང་ཁྲག་དང་འདོད། ལུས་རྫུད་དང་མིག་མདངས་ཉམས་པ་འོང་། སའི་དུས་སུ་བཤད་པ་ཡིན་ནོ།།
མེའི་དུས་སུ་འདི་ལྟར་རོ། །རྗེ་རིགས་རྒྱུག་པའི་གདོན་ཡིན་པས། །ཤ་མདོག་ཤིན་ཏུ་དམར་ལ་གདང་[དྭངས]། །ལུས་པོ་ཚ་ཞིང་གཉིད་མི་འོང་། །རེས་འགའ་ཟ་ལྕག་བྲབས་པ་སྙམས[སྙམ]། །རེས་འགའ་མེ་སྟག་འཕྲོས་པ་སྙམ། །གདོང་པའི་གྱིང་ཐུང་ཐུལ་ཐུལ་འོང་། །ལྟག་པར་ཤ་མཆན་རུལ་བའི་མདོག་འདྲ་བའི། མེ་ལྕེ་རིས་སུ་འོང་བ་ཡིན། །རོ་སྨད་མདུན་རྒྱབ་གཉིས་ནས་འོང་། །ནམ་མཁའ་ཞིང་པགས་བརྐྱངས་པ་འདྲ། །མེའི་དུས་སུ་བཤད་པ་ཡིན་ནོ། །ཆུའི་དུས་སུ་འདི་ལྟར་འོང་ངོ་། །བྲམ་ཟེ་གདུག་པའི་གདོན་ཡིན་པས། །སྐོར་ལྡོག་དྲག་པོ་བྱས་པས་ཉེ། །ཡན་ལག་ཞ་དང་མིག་མི་བདེ། །ཤ་ལུས་སྦྲིད་ཅིང་སྣ་ཁྲག་འོང་། །དེ་ལ་རྨི་ལམ་འདི་དག་འབྱུང་། །ཆུ་ཡིས་ཁྱེར་དང་མེ་ཡིས་དེད། །འདམ་ལ་བྱིང་དང་སྦས་པ་འབྱུང་། །གཡོན་ནས་ཞུགས་ནས་གདོང་པ་སྙོག །འཐེབ་[མཐེ]བོང་པུས་མོ་དག་ལ་འཇུག །ཆུའི་དུས་སུ་བཤད་པ་ཡིན་ནོ། །
ཞེན་པ་ཆེ་ཆུང་བརྟག་པ་ཡིན། །ལ་ལ་འབྱུང་བ་ལས་གྱུར་ཡོད། །དེ་ནི་སྨན་དང་སྤྱད་[དཔྱད]ཀྱིས་གསོ། །སྤྱིར་ན་སྔགས་ལ་ནན་ཏན་བསྐྱེད། །ཤ་བཀྲག་རྟིང་[གཏིང]ནས་གནག་པ་དང་། །བྱད་བཞིན་འགྱུར་ལྡོག་ཆེ་བ་དང་། །ཆོས་བྱེད་ཙམ་ལ་སྨོད་པ་དང་། །རྐང་པ་ནང་དུ་འཁོར་ཞིང་འགྲོ། །མ་དང་ཕྱི་མོར་བྱས་པ་དང་། །ཕ་དང་ཁོ་བོ་བྱས་པ་ཡིས། །རྨི་ལྟས་དག་ན་དུས་མེད་འོང་། །རྨི་ལམ་ཁྲག་མཚོ་རྒལ་བ་དང་། །གཡང་ས་ཆེན་པོར་ཕྱིན་པ་དང་། །རི་ཉིལ་ཅབ་ཀྱིས་ནོན་པ་དང་། །ལྷ་ཁང་ཆེན་པོར་བཅུག་པ་འོང་། །དེ་དག་གསོ་བར་མི་བྱ་བའི་དུས་ཡིན་ནོ། །དེ་ནས་བཟླས་པའི་དུས་སུ་འདི་ལྟར་འོང་། བསྙེན་པ་བཟླས་པ་སྒོམ་པ་ཡི། །རྟགས་ནི་སྐྲའི་མཚམས་སུ་འབྲུམ་བུ་དག །ཐོད་འཕྲིང་[འཕྲེང]བརྒྱུས་པ་ལྟ་བུ་འོང་། །མདུན་རྒྱབ་རྐང་པོ་མན་ཆད་དུ། །འབྲུམ་ཆུང་འཁྱག་འབྲུམ་འདྲ་བ་འོང་། །ཚར་བཅད་སྔས་ན་འདི་ལྟར་འོང་། །ཤ་མདོག་རྟིང་[གཏིང]ནས་མི་འགྱུར་ཞིང་། །སྒྱི་[སྐྱི]ཆུང་ལིང་འཇུས་པ་འོང་། །མིག་རྩ་དྲུང་[གྲུང]ལ་སེན་མོའི་མདོག་སེར་དང་། །ཆོ་འཕྲུལ་ཟ་ཟི་མང་ཞིང་བ་གླང་རྟ་པ་རྨི། སྒྱིད་པ་ལྕི་ཞིང་ལངས་པ་མཚེར། །དེ་ནི་ཚར་བཅད་སྔས་པ་ཡིན། །བཟླས་པ་དྲག་ཞན་ཚད་བསོགས་རྣམས། །ཉམས་དང་གཞུང་དང་སྤྱད་ལ་བྱའོ། །སྣང་གསལ་འཕྲུལ་གྱི་མེ་ལོང་། དུས་བཞི་མ་ཉམས་པར་སྦྱོངས་པའི་ཀླུ་སྒྲུབ་སྙིང་པོའི་གདམ་ངག་རྫོགས་སྷོ། །ཤངས་ཆུང་བ། ཡེ་ཤེས་འབུམ། ལི་བཙུན།། །།
ལེའུ་ཉེར་གསུམ་པ། རྒྱལ་མོ་མིག་གཅིག་གི་བརྟག་པ།
མཁའ་འགྲོ་མ་མིག་ཅིག་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་རྒྱལ་མོ་མིག་གཅིག་གི་བརྟག་པ་ནི། དང་པོ་རྩ་གསུམ་ཉམས་སམ་མ་ཉམས་ལྟ་བ་སྟེ། མིག་གི་ཟུར་གསུམ་ནང་ན་སྲོག་གི་རྩ། དེའི་གཡོན་བད་མཁྲིས་ཀྱི་རྩ། དེའི་གཡས་ན་འཕྲེད་སྙོམས་འདུས་པའི་རྩ་ཁྱོ་གའི་གཡོན་ལ་བརྟག །བུད་མེད་ཀྱི་གཡས་ལ་བརྟག །དེ་གསུམ་ལ་བརྟག་པའོ། །དེ་ནས་རིགས་བརྟག་པ་ནི། མིག་གི་རྒྱལ་མོའི་དཀར་ནག་འཚམས་[མཚམས]ལ། རྩ་མདུང་ཤིང་བསྐྲམ་[བཀྲམ]པ་འདྲ་བ་རྩེ་མོ་སོགས་ཀར་བྱུང་ན། རྒྱལ་རིགས་གནོད་པའི་རྟགས། རྩ་ལག་སོར་བཀྲམ་པ་འདྲ་བ་བྱུང་ན། རྨོངས་[དམངས]རིགས་གནོད་པའི་རྟགས། རྒྱལ་མོའི་དཀར་ནག་འཚམས་[མཚམས]སུ། གླད་ཁྲག་ཕོ་བ་འདྲ་བ་བྱུང་ན་རྗེ་རིགས་ཡིན། རྒྱལ་མོའི་དཀར་ནག་འཚམས་[མཚམས]སུ་སེར་མོའི་ཚེ་ཚེ་མང་ན་བྲམ་ཟེའི་རིགས། རྒྱལ་མོའི་དཀར་ནག་འཚམས་[མཚམས]སུ། ཡུར་ཆུ་བགྱིངས་[འགྱིངས]པ་འདྲ་ན་རྨོངས་[དམངས]རིགས་ཡིན། ནག་པོ་ཀུན་ཁྱབ་མིག་གི་གཞའ་རིས་ལས་ཤེས་པར་བྱའོ། །
མིག་སྤྲིན་དཀར་པོ་སྐྱ་སེང་སེང་པོ་སྦྲེ་ཀར་གདོལ་པ་སྦོད་བཏོང་[རྦོད་གཏོང]ཡིན་པར་ཤེས་པར་བྱའོ། །མིག་སྤྲིན་དཀར་པོ་ཐན་སྤྲིན་འགོའ་[འགོང]བོ་ཆེ་འདྲ་ན་བསོ་བ་ཀ་[དཀའ]བར་ཤེས་པར་བྱའོ། །དེ་རྣམས་མིག་རིས་ལ་བརྟག་པ་ཡིན་ནོ། །ལོ་དུ་ལོན་ཉ་འདྲ་བ་དང་ནག་ཐིག་ལ་ལྟ། མིག་ཡ་སྦྱིབས་[ལྕིབས]རློབ་པ་ལ་ལྟ། མིག་སྤྲིན་དཀར་པོ་གསེབ་ཏུ་ནག་ཐིལ་ལྟ། རྩ་ཞོན་ནས་ནག་ཐིག་བྱུང་ན། ནག་ཐིག་གི་ལོ་གྲངས་དང་སྦྱར། ནག་ལ་ཟླུམ་ལ་མཐའ་འཐུག་ན་གདོན་གྱི་བྱིངས་ཆེ་བ་ཡིན། ནག་པོ་སྲབ་ལ་རྒྱ་ཆེ་ན་ལོ་མང་བ་ཡིན། ནག་པོ་ཟལ་ཟེལ་མང་ལ་ཁ་འཕྲ་ན། གདོན་འཕྲན་[ཕྲན]ཡིན་པས་གསོ་བ་སླའོ། །བཞིར་ཡང་ནག་ཐིག་གི་འོང་ཕྱོགས་ལ་བལྟ། མས་ཆགས་ན་གསོ་བ་སླ། ཡས་ཆགས་ན་གསོ་བ་དཀའ་འོ། །མཁས་པས་དེ་རྣམས་ལོགས་པར་བརྟག་གོ །ནག་ཐིག་དང་རི་མོ་དེ་རྣམས་ཡས་ན་གསོར་རུང་། དེ་རྣམས་ཀྱི་སྐྱོན་གྱིས་མ་གོས་ན། ལུས་ལ་ཅི་འདྲ་ཡང་འཇིགས་པ་མེད་དོ། །མཁའ་འགྲོ་མ་མིག་ཅིག་གི་མའི་རྒྱལ་མོ་མིག་གི་མེ་ལོང་ཆུ་རྒྱུན། འཕགས་པ་ཀླུ་སྒྲུབ་ལ་བཀའི་རྒྱ་བཏབ་ནས་གནང་བའི་གདམ་ངག་རྫོགས་སོ།། །།
ལེའུ་ཉེར་བཞི་པ། རྒྱལ་མོ་མིག་གི་མེ་ལོང་གི་གདམ་ངག
མཁའ་འགྲོ་མིག་ཅིག་མ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་སྙིང་པོ་ལ་མཁའ་འགྲོ་མ་མིག་ཅིག་གིས་སྣང་[གནང་]བ་ཡི། རྒྱལ་མོ་མིག་གི་མེ་ལོང་གི་གདམ་ངག །ས་གདོན་ཞུགས་མ་ཞུགས་དང་། ཐུབ་མི་ཐུབ་དང་། ལོ་དུ་ལོན་བརྟག་པ་ནི། མིག་ལ་མིག་སྤྲིན་དཀར་པོ་རྒྱལ་མོ་གཉིས་སོ། །མིག་སྤྲིན་དཀར་པོའི་ནང་ན། སྤུ་རིས་གཉིས་སམ་གསུམ་ཡོད་དེ། ཞུགས་ནས་ལོ་དུ་ལོན་བལྟའོ། །སྤུ་རིས་དམར་པོ་དང་དཀར་པོ་དང་ནག་པོ་དང་གསུམ་མོ། །སྤུ་རིས་དམར་པོ་ཉ་འདྲ་ན་ལོ་གཅིག་ལོན་པ་ཡིན་ཏེ། དེ་དང་པོ་ཕྱི་ནས་ཞུགས་ནས་ནང་ན་ཕར་སོང་བ་ནི་དཀའ་འོ། །དཀར་པོ་ཉ་འདྲ་བ་འདུག་ན་ལོ་གསུམ་ལོན་པ་ཡིན་ནོ། །དེ་སྔ་ན་ནང་དུ་བྱུང་ཡང་བག་ཙམ་དྲག་གོ །སྤུ་རིས་ཕྱེད་ནག་པོར་འདུག་ན་ལོ་མ་ལོན་གདོན་ཀ་ལྟས་པ་ཡིན་ནོ། །དམག་[མིག]གི་རྒྱལ་མོའི་སྔོ་ནག་གི་འཚམས་[འཚམས]ན་སྤུ་རིས་སེར་པོར་འདུག་ན། དེ་ན་གདོན་ཞུགས་པ་ཡིན་ནོ། །དམིག་[མིག]གི་མ་སྦྱིབས་[ལྕིབས]རྟག་ཏུ་འགུལ་ན་ངན་ནོ། །མཁས་པས་བརྟག་ལ་དེ་ཚོ་དབྱེ་བའོ། །སྤུ་རིས་རྟར་མཁྲིས་པ་འདྲ་བར་བྱུང་ན། དེ་ནི་མི་ཐུབ་པ་ཡིན་ནོ། །སྤུ་རིས་སྣ་ཤར་བྱུང་ན་དེ་ནི་གསོར་བཏུབ་བོ། །སྤྱིར་ལུས་པོ་ལ་ཡོད་ནས་གདོང་ལ་བྱུང་ན་མི་དཀའ་འོ། །གདོང་པ་གཅིག་པུས་མི་བསྡིགས་སོ། །བསྙེན་པའི་དུས་སུ་རྩའི་ནག་ཐིག་རྩ་བ་ན་མར་བུད་བུད་འདྲ་ན། བསྙེན་པ་བསྐྱལ་ཞིང་ཆུ་གཏོར་གཏང་། དྲགས་[དྲག]སྔགས་མི་རྟགས་[གདགས]། བསྙེན་པའི་དུས་སུ་ནག་ཐིག་ཟླུམ་ཞིང་ཐུར་དུ་སོང་ན། དྲག་སྔགས་གདགས་རན་པ་ཡིན་ནོ། །
བསྙན་[བསྙེན]པའི་དུས་སུ་ནག་ཐིག་སྔར་མེད་པ་བྱུང་ན། སྙིང་པོ་གཞན་བཙལ་བ་ལ་ཞབས་སུ་གདགས་སོ། །ནག་ཐིག་རྩ་དང་འབྲལ་ནས་ཞི་ཞི་འདྲ་ན། དེ་དང་དྲག་སྔགས་བཤོལ་བས་ཆོག་གོ །དམིག་[མིག]གི་མདོག་ལ་ལྟ་བ་ནི། ཆུ་རྩའི་སྤྲིས་མ་འདྲ་ན་གསོ་བ་སླའོ། །ཟངས་གཡའ་ཆགས་པ་འདྲ་ན་བག་ཙམ་དཀའ། །ཤ་ཚོན་བཙོས་པའི་ཁུ་བ་འདྲན་སྤངས་པར་བྱའོ། །མིག་གི་རྒྱལ་མོའི་རི་ཐང་འཚམས་[མཚམས]སུ་ཁ་སྤྲིན་ནག་པོ་འདྲ་བ་ཆགས་ན། ཆུ་སེར་ནག་པོ་རྒྱས་པའི་རྟགས་ཡིན་ཏེ། ཉན་[ཉེན]མི་ལང་བ་དང་མཁོན་གྱིས་སླངས་[ལངས]པ་དང་ཡིན་ནོ། །རྩ་གསུམ་དར་དམར་པོ་ཕྱར་བ་འདྲ་བ་བྱུང་ན། ཐབས་[ཐབ]དང་གཞོབ་ཀྱིས་ཉན་སླངས་[ཉེན་ལངས]པ་ཡིན་ནོ། །མཁས་པ་རྣམས་ཀྱིས་དེ་ལྟར་བརྟག་པར་བྱའོ། །རྒྱལ་མོ་མིག་གི་མེ་ལོང་།། །།
དཔྱད་གཞིའི་ཡིག་ཆ།
[1] ཀླུ་གྲུབ་ཅེས་གསལ་བ་རྣམས་ཡོངས་གྲགས་ཀྱི་འབྲི་སྲོལ་ལྟར་ཀླུ་སྒྲུབ་ཅེས་པར་བཅོས་པའོ།།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།