༄༅། །དཔལ་མགོན་ཀླུ་སྒྲུབ་ཀྱི་མདོར་བསྡུས་གསང་ཏིག་སྒྲོན་མ་བཞུགས་སོ།།
རྒྱ་གར་སྐད་དུ། པན་ཙ་སྐན་དྷ་ཨ་མྲི་ཏ་རཏྣ་ཨ་ཏི་ན་སུ་སུརྱ་ཙན་དྲ་ཨརྱ་ན་མ། བོད་སྐད་དུ། ཕུང་པོ་ལྔའི་ནད་སེལ་བདུད་རྩིའི་སྨན། །རིན་ཆེན་གསང་བའི་ཏི་ཀ་[ཊཱིཀྐ]དེ། །ཉི་ཟླ་ལྟ་བུར་ཀུན་ལ་སྙོམས། །འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །ས་བརྒྱད་ནོན་པའི་ཀླུ་སྒྲུབ་ཀྱིས། །མདོར་བསྡུས་གསང་ཏིག་སྒྲོན་མ་བཤད།།
ལེའུ་དང་པོ། ཀླད་དོན་ལོ་རྒྱུས་བསྟན་པ།
དང་པོར་རང་བཞིན་ངོ་བོ་ཉིད། །ཅིའང་མ་ཡིན་ཅིར་ཡང་གསལ། །འདུས་མ་བྱས་ཤིང་ལྷུན་གྲུབ་ལས། །ཚད་མེད་ཐུགས་རྗེའི་རོལ་བ་ཤར། །ཐ་དད་མོས་པ་འདུལ་ཕྱིར་སྤྲུལ། །འགྲོ་མཆོག་མྱིའི་དོན་ཆེད་དུ། །མྱི་མཇེདའཇིག་རྟེན་སྤྱི་ཕུད་གླིང་། །ཉམས་དགའ་ཡིད་འོང་འཛམ་གླིང་འདིར། །རིན་ཆེན་སྤྲུལ་པའི་གཞལ་ཡས་ཁང་། །སྲིད་པའི་རྒྱལ་པོ་སེང་གེ་འགྲམས་[འགྲམ]། །སྐུ་བསྐྱེད་བཙུན་མོ་མའི་མདངས། །སྦྱོར་བའི་ཐུགས་རྗེས་སྲས་བཞི་ཤར། །གཙང་མ་འོད་དང་ཟས་དཀར་དང་། །བདུད་རྩི་རྒྱུན་དང་བྲེ་བོའི་ཟས། །དུག་གསུམ་འབྱུང་བ་ལྷ་དང་འདྲེ། །ནད་རྣམས་མ་ལུས་བཟློག་ཕྱིར་དུ། །ཆོས་སྨན་བོན་དང་གཏོའ་ལ་སོགས། །ཐ་དད་འདུལ་བ་བསམ་མི་ཁྱབ། །ཐུགས་རྗེས་འགྲོ་བའི་ནད་རྣམས་འདུལ་ཕྱིར་དུ། །ཟས་དཀར་རིན་ཆེན་གསོའ་དཔྱད་སྒྲོགས། །དེ་སོགས་བྷུདྡྷ་[བུདྡྷ]དྲང་སྲོང་སྟེ། །རིགས་གསུམ་མགོན་དང་བྷུདྡྷ་[བུདྡྷ]དང་། །རིམ་བཞིན་གསོའ་བའི་དཔྱད་འདི་གསུངས། །ཁྱད་པར་བདག་འདྲ་ཀླུ་སྒྲུབ་ཀྱིས། །གསོའ་བའི་བསྟན་བཅོས་བློ་སྦྱངས་བྱ། །ནད་རྣམས་གསོའ་བའི་བདུད་རྩི་རུ། །རིན་ཆེན་གསང་ཏིག་སྒྲོན་མ་བརྩམས། །འོ་མ་ལས་ནི་མར་ཕྱུང་བཞིན། །སྙིང་པོ་ལྟ་བུར་བསྡུས་པ་ཡིན། །གསེར་ལ་ནག་མཚུར་བཏབ་པ་བཞིན། །གོ་རྟོགས་སེམས་ཀྱི་དཀྱིལ་དུ་བཅངས། །ཁྱུང་ལྡིང་བྱ་བྲན་ཟིལ་གནོན་བཞིན། །བློ་བྱས་བསྟན་བཅོས་ཟིལ་གྱིས་གནོན། །སེང་གེ་མཆོང་ལ་མི་འཇིགས་བཞིན། །འདུ་བ་འཁྲུག་ཀྱང་ཉམ་ང་མེད། །རུ་[རུས]སྦལ་རྒྱ་མཚོར་བསྐུམ་པ་བཞིན། །ཐོས་པར་དཀའ་ལ་རྟོག་[རྟོགས]པ་ཉུངས། །ཁུ་བྱུགས་[བྱུག]གསུང་སྙན་སྒྲོགས་པ་བཞིན། །གང་གིས་ཐོས་པ་སྤྲོ་བ་སྐྱེ། །ནོར་བུ་ཆུ་མདང་[དྭངས]ཆུར་བཞག་བཞིན། །ནད་དང་ནད་དུ་དབྱེའ་བའི་མཆོག །ལོ་འདབ་དཀྱིལ་ན་འབྲས་བུ་བཞིན། །རྒྱུད་རྣམས་ཀུན་གྱི་སྙིང་པོ་ཡིན། །རྩི་མར་ཞུགས་པ་བསྟིམ་པ་བཞིན། །མན་ངག་ཀུན་གྱི་ཡང་སྙིང་ཡིན། །མདུང་གི་རྩེ་ལ་དར་བཏག་[བཏགས]བཞིན། །ལུང་རྣམས་ཀུན་གྱི་རྒྱལ་མཚན་ཡིན། །མདོར་བསྡུས་གསོ་རིག་སྒྲོན་མ་ཡིན། །རིན་ཆེན་གསང་བའི་ཏི་ཀ་ལས། །ཀླད་དོན་ལོ་རྒྱུས་བསྟན་པའི་ལེའུ་སྟེ་དང་པོ་འོ།། །།
ལེའུ་གཉིས་པ། རྩིས་འགོ་མདོ་རུ་བསྟན་པ།
གཞུང་ལ་སྤྱི་དོན་རྣམ་པ་དགུའ། །ཡུལ་དང་དཔོན་དང་རྒྱུད་སྡེ་གང་ནས་བཏུས། །ཕྱོགས་དང་དོན་ཆེད་ཡོན་ཏན་སྐྱོན། །གདོན་རྟགས་འགོའ་[མགོ]མཇུག་ལས་རིམས་གསོའ། །དེ་ལ་ཡུལ་ནི་ལྷོ་ཕྱོགས་བེ་ཏའི་རི། །དཔོན་ནི་འཕགས་པ་འཇམ་དཔལ་ལ། །གསོ་བའི་བསྟོན་[བསྟན]བཅོས་བློ་སྦྱང་ནས། །གསོའ་མཛད་ཀླུ་སྒྲུབ་སྙིང་པོས་མཛད། །གསོའ་བ་རིན་ཆེན་རྒྱུད་ནས་བཏུས། །ཕྱོགས་ནི་ཕྱིའི་ཡུལ་རིག་ནང་གི་དོན་རིག་པས། །མུ་སྟེགས་སངས་རྒྱས་གཉིས་ཀར་གཏོགས། །ཚད་མྱེད་ཐུགས་རྗེ་ལྡན་པས་ཐེག་པ་ཆེན་པོར་གཏོགས། །བཀའ་དང་བསྟན་བཅོས་གཉིས་ལས་བསྟན་ཆོས་ཡིན། །དོན་ཆེད་རྒྱུ་ལས་གྲུབ་པས་འདུ་བ་ནང་གི་ནད། །རྐྱེན་གྱིས་བསྐྱེད་པ་རུས་པོ་མཚོན་གྱི་ནད། །དེ་རྣམས་བཟློག་ཕྱིར་འགྲོ་བའི་དོན་དུ་བྱས། །ཡོན་ཏན་འགྲོ་བ་སེམས་ཅན་ནད་ལས་ཐར། །མ་མཛད་སྐྱོན་ནི་འགྲོའ་བ་སེམས་ཅན་ནད་ཀྱིས་སྦྱོངས། །སྣོད་ནི་གཞན་སྤངས་སྔོན་གྱི་ལས་འཕྲོའ་ཅན། །ཚད་མྱེད་ཐུགས་རྗེ་ལྡན་པ་འགའ་ལ་གཏད། །མགོ་མཇུག་ལས་ཀྱི་རིམ་པ་མདོར་བསྡུས་གསུམ། །རྩ་བ་མདོའ་དོན་བསྡུས་པའི་མདོའ་དགུའ་དང་། །ངེས་དོན་གསལ་བའི་ཡན་ལག་དགུའ། །མན་ངག་གནད་ཀྱི་སྒྲོན་མྱེ་དགུ། །དགུའ་གསུམ་ཉི་ཤུ་བདུན་གྱིས་བསྟན། །མདོར་བསྡུས་རིན་ཆེན་སྒྲོན་མ་ཡིན། །མདོའ་རིན་པོ་ཆེ་གསང་བའི་སྒྲོན་མ་ལས། །རྩིས་འགོ་མདོའ་རུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།
ལེའུ་གསུམ་པ། བརྒྱུད་པ་ཁུངས་ཀྱི་མདོ་བསྟན་པ།
རྩ་བ་བསྡུས་པའི་མདོའ་དགུའ་འདི། །བརྒྱུད་པ་ཁུངས་ཀྱི་མདོའ་དང་གཅིག །གྲུབ་པ་ལུས་ཀྱི་མདོའ་དང་གཉིས། །འཕེལ་འགྲིབ་ནད་ཀྱི་མདོའ་དང་གསུམ། །བྱ་ཞིང་བྱེད་པའི་མདོའ་དང་བཞི། །གསོའ་བ་སྨན་གྱི་མདོའ་དང་ལྔ། །ངོས་བཟང་[བཟུང]རྟགས་ཀྱི་མདོའ་དང་དྲུག །གསལ་བ་ཁ་དམར་མདོའ་དང་བདུན། །གསོའ་ཐབས་ཡན་ལག་མདོའ་དང་བརྒྱད། །མཐུན་པ་ཟས་ཀྱི་མདོའ་དང་དགུའོ། །བརྒྱུད་པ་ཁུངས་ཀྱི་མདོའ་ལ་གསུམ། །བདེར་གཤེགས་བྱིན་བརླབས་བརྒྱུད་པ་དང་། །དྲང་སྲོང་སྙན་གྱི་བརྒྱུད་པ་དང་། །གང་ཟག་རྣ་བའི་བརྒྱུད་པའོ། །
བདེར་གཤེགས་བྱིན་བརླབས་བརྒྱུད་ལ་གསུམ། །སྤྲུལ་སྐུ་སངས་རྒྱས་ཤག་ཐུབ་ཀྱིས། །སྤྱན་རས་གཟིགས་དང་མཐུའ་སྟོབས་ཅན། །འཇམ་དཔལ་མགོན་དང་རྣམ་པ་གསུམ། །དྲང་སྲོང་སྙན་གྱི་བརྒྱུད་པ་ནི། །ཚངས་པ་སྐྱེ་དགུའ་ཀུན་ཤེས་དང་། །ཐང་ལ་འབར་དང་མེ་བཞི་[བཞིན]འཇུགས[འཇུག]། ཕ་གོལ་མ་གོལ་ཀླུ་སྒྲུབ་བོ། །གང་ཟག་བརྒྱུད་པ་རྣམ་པ་དྲུག །མྱི་ཏྲ་མྱི་དབང་ཙན་ཏྲ་དང་། །ཧྭ་ཤང་དེ་བ་བོ་དྷེ་སོགས། །བརྒྱུད་པ་ཁུངས་ཀྱི་མདོའ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
ལེའུ་བཞི་པ། གྲུབ་པ་ལུས་ཀྱི་མདོ་བསྟན་པ།
གྲུབ་པ་ལུས་ཀྱི་མདོར་བསྟན་པ། །དེ་ལ་སྤྱི་དོན་རྣམ་པ་གསུམ། །བར་དོའི་ལུས་དང་མངལ་གྱི་ལུས། །ཚད་དུ་རྫོགས་པའི་ལུས་དང་གསུམ། །བར་རྡོའི་ལུས་ལ་དབྱེའ་ན་གསུམ། །ཀུན་གཞིའ་དངས་མ་དབང་པོ་འོ། །མངལ་གྱི་ལུས་ལ་དབྱེའ་ན་གསུམ། །འཇུག་ལུགས་འཕེལ་ལུགས་འབྱུང་ལུགས་སོ། །ཚད་རྫོགས་ལུས་ལ་དབྱེའ་ན་བཞི། །ཉེས་གསུམ་ཚད་དུ་རྫོགས་ལུགས་དང་། །འབྱུང་བཞི་ཚད་དུ་རྫོགས་ལུགས་དང་། །གཞལ་ཚད་ཚད་དུ་རྫོགས་ལུགས་དང་། །འདྲ་དཔེའ་ཚད་དུ་རྫོགས་ལུགས་སོ། །མདོར་བསྡུས་གསོ་རིག་སྒྲོན་མ་ལས། །གྲུབ་པ་ལུས་ཀྱི་མདོའ་བསྟན་པའི་ལེའུ་སྟེ་བཞི་པའོ།།
ལེའུ་ལྔ་པ། རྟེན་དང་ནད་ཀྱི་མདོ་བསྟན་པ།
རྟེན་པ་ནད་ཀྱི་མདོར་བསྟན་པ། །དེ་ལ་མདོའ་དོན་རྣམ་པ་གསུམ། །རྒྱུ་དང་རྐྱེན་དང་བརྟེན་པ་དང་། ཡུལ་དང་དུས་དང་ན་སོ་དང་། རྣམ་པ་དགུའམ་ཡང་ན་བཅོའ་ལྔ་སྟེ། །ཟད་འཕེལ་ལྡོག་རྒྱུ་སྲོག་གཅོད་ནད། །མདོའ་དོན་ངོ་བོ་མཚན་ཉིད་དང་། །དབྱེའ་བ་དང་ནི་འབྲས་བུའོ། །རྒྱུ་ལ་དབྱེའ་ན་རྣམ་པ་གསུམ། །ཉེ་བའི་རྒྱུ་དང་རིང་བའི་རྒྱུ། །ཐུན་མོངས་རྒྱུ་དང་རྣམ་པ་གསུམ། །རྐྱེན་ནི་ཁ་ཟས་སྤྱོད་ལམ་དང་། །གདོན་དང་ས་གཉན་མཚོན་རྩེ་དང་། །བརྟེན་པ་སྟོད་སྨད་བར་དང་གསུམ། །ཡུལ་གསུམ་དུས་གསུམ་ན་སོ་གསུམ། །ཟད་འཕེལ་ནད་གསུམ་ལུས་ཟུངས་དྲིལ། །ལྡོག་རྒྱུ་བཅུ་གཉིས་སྨད་ཟས་རྐྱེན། །སྲོག་གཅོད་ནད་དགུའ་ཐང་ལོགས་[ལོག]འདུས། །མདོའ་དོན་བསྡུས་པ་ཚ་གྲང་གཉིས། །མཚན་ཉིད་དགུའ་ནི་ཤ་མདོག་སེམས། །ཟས་སྐོམ་ཡུལ་དུས་ལྕི་ཡང་གཉིས། །གྲང་དྲོ་ཚིགས་དང་དགུའ་རུ་བསྟན། །ངོ་བོ་གསུམ་སྟེ་འབྱུང་བའི་ཁམས། །དབྱེའ་བ་གཉིས་ཏེ་ལུས་དང་སེམས། །སེམས་ནད་དུག་གསུམ་དུག་ལྔ་སྟེ། །ལུས་ཀྱི་ནད་ལ་སྤྱི་དང་སྒོས། །སྤྱི་རུ་བསྡུས་པ་སུམ་ཅུ་སྟེ། །དགོས་པའི་རླུང་ལྔ་མཁྲིས་པ་ལྔ། །བད་ཀན་ལྔ་རུ་བསྟན་པ་སྟེ། །མྱི་དགོས་རླུང་ལྔ་མཁྲིས་པ་ལྔ། །བད་ཀན་ལྔ་དང་སུམ་ཅུའོ། །
བྱེ་བྲག་ཕྱེ་བ་རྣམ་པ་གསུམ། །གནས་དང་དུས་དང་གློ་བུར་དང་། །གནད་ནི་ཕྱི་ནང་བར་དང་གསུམ། །ནང་གནས་དོན་དང་སྣོད་ཀྱི་གནད། །དབྱེའ་རྒྱས་འབྲིང་དང་བསྡུས་དང་གསུམ། །སྙིང་ནད་སྨྱོའ་བྱེད་བརྗེད་བྱེད་གཉིས། །བརྗེད་བྱེད་རླུང་མཁྲིས་བད་ཀན་དང་། །སྲིན་དང་ཆུ་སེར་བརྗེད་དང་གསུམ། །བསྡུས་པས་སྙིང་ནད་ཚ་གྲང་གཉིས། །གློ་ནད་དབྱེའ་བ་བཅུའ་གསུམ་སྟེ། །གློ་ཚད་རྒྱས་དང་གྲང་འོར་དང་། །འཐེང་པོ་བོང་[བུང]ཚང་ཟ་བྱེད་དང་། །ཁ་ཁྲག་རྨུགས་[སྨུག]རྣག་རྨུག་[སྨུག]པ་དང་། །ཆུ་ཤོར་འབྱམས་དང་སྐྱ་རྦབ་དང་། །གམ་འཁྲུག་དང་ནི་བཅུ་གསུམ་མོ། །དེ་ལས་བསྡུས་པས་ཚ་གྲང་གཉིས། །ཚ་བ་དྲུག་དང་གྲང་བ་གཉིས། །ཚ་གློ་གཟེར་བྱེད་ཁག་པ་དང་། །བོང་[བུར]ཚང་ཁྲག་རྨུག་[སྨུག]རྣག་རྨུག་[སྨུག]དང་། །ཆུ་ཤོར་དང་ནི་དྲུག་ཏུ་བསྟན། །གྲང་བ་དག་ལ་རྣམ་པ་གཉིས། །འོར་ལྷུང་གློ་རླུང་སྐྱ་རྦབ་བོ། །
བསྡུས་པས་ཚ་གྲང་རྣམ་པ་གཉིས། །མཆིན་ནད་དབྱེའ་བ་ཉི་ཤུ་གསུམ། །རྙིང་དང་གནད་དང་རྩ་བྱེར་དང་། །སུརྱ་གླང་སྒུར་དུག་ཐབས་དང་། ཚ་སྐྲན་འོར་ལྷུང་རྒྱས་པ་དང་། །རླན་གྲངས་[གྲང]གཞུང་ངེར་[རེངས]གྲངས་[གྲང]སྦོས་དང་། །ལྡེམ་བུ་ཆུ་ཤོར་རྒུད་པ་དང་། ཁ་ལུད་མཆིན་འདྲིལ་[དྲི]དཀའ་[དཀར]ནག་དང་། །ལེབ་རྒན་[ལེ་བརྒན]མཆིན་གྲུམ་ཧལ་གེག་[སྐེམ]དང་། །ཚ་གྲངས་[གྲང]རྣམ་པ་བཅོ་ལྔ་སྟེ། །ཚ་བ་བཅུ་གཉིས་གྲང་བ་གསུམ། །ཚ་བའི་ལེབ་རྒན་[ལེ་བརྒན]རྒྱས་པ་དང་། །ལྡེམ་བུ་ཆུ་ཤོར་རྐུན་བུ་དང་། །འོར་རླུང་[ལྷུང]གཞུང་མཆིན་གྲུམ་ནག་དང་། །ཧལ་གེག་[སྐེམ]མཆིན་དྲིལ་[དྲི]དཀར་ནག་དང་། །ནད་མཚན་[གནད་མཆིན]རྩ་བྱེར་བཅུ་གཉིས་སོ། །
དེ་ལ་གྲང་བ་གསུམ་པོ་ནི། །གླང་སྒུར་རྒུད་པ་གྲང་སྦོས་སོ། །དེ་ལ་བསྡུས་པ་ཚ་གྲང་གཉིས། །མཚེར་ནད་དབྱེའ་བ་རྣམ་པ་གསུམ། །མཚེར་ནད་ཚ་སྦོས་གྲང་སྐེམ་དང་། །གྲང་རླུང་དང་ནི་རྣམ་པ་གསུམ། །དེའང་ཚ་གྲང་རྣམ་པ་གཉིས། །མཁལ་ནད་ཚ་གྲམ་[འགྲམས]གྲང་གྲམ་[འགྲམས]དང་། །སུརྱ་དང་ནི་རྣམ་པ་གསུམ། །དེ་ཡང་ཚ་གྲང་རྣམ་པ་གཉིས། །མཁྲིས་ནད་དབྱེ་བ་རྣམ་པ་ལྔ། །གཤའ་[ཀྵ]ཡ་ཤ་སེར་མིག་སེར་དང་། །རྩ་རྒྱུག་རླུང་རྒྱུགས་བསྐྱེད་དང་ལྔ། །དེ་རྣམས་ཚ་བ་གཅིག་ཚུག་[ཚུགས]ཡིན། །ཕོ་བ་ནད་ཀྱི་གཞི་མ་ལ། །དེ་ལ་དབྱེའ་བ་རྣམ་པ་བརྒྱད། །མ་ཞུ་བ་དང་བད་ཀན་སྐྲན། །ཁྲག་ལྷགས་དམུའ་ཆུ་རྒུད་པ་དང་། །རྙོང་[སྙོང]བུ་དང་ནི་གླང་ཐབས་སོ། །
བསྡུས་པས་ཚ་གྲངས་[གྲང]གཉིས་སུ་འདུས། །ལུས་ལ་དབྱེའ་བ་དྲུག་ཏུ་བསྟན། །ཚ་ན་གཉིས་དང་གྲང་བ་བཞི། །ལོང་དུ་ཁྲག་ལྷུང་ཆེ་རྟུག་སྐམ་པོ་དང་། །གྲང་བ་ལོང་ལྷུང་གྱེན་ལོགས་[ལོག]དང་། །རྟུག་སྐམ་གྲང་བ་གཉིས་ཏེ་དྲུག །ཚ་གྲང་རྣམ་པ་གཉིས་སུ་འདུས། །རྒྱུ་མའི་ནད་ལ་དབྱེའ་བ་བདུན། །མཆིན་པའི་རྒུད་འཁྲུ་མཁྲིས་པས་འཁྲུའ། །ལྒང་ནད་ཆུ་ཤོར་རྡེའུ་འདྲིལ་གཉིས། །བསམ་སེའུ་ཕོ་དང་མོ་ཡིན་ཏེ། །ཕོ་ལ་ས་བོན་འཁྲེག་ཟད་རླུགས། །མོ་ལ་ནད་སྣ་སུམ་ཅུ་དྲུག །མངལ་གྲང་རྒུད་དང་རྩ་ནད་བཅོའ་ལྔ་དང་། །མངལ་སྲིན་བཞི་དང་མངལ་སྐྱོན་ལྔ། །རྩ་བ་གསུམ་དང་བཞི་ཡིན་ནོ། །བསྡུས་པས་སྟོད་སྨད་བར་གྱི་ཚབ་[ཚབས]། །དེ་ཡང་ཚ་གྲང་གཉིས་སུ་འདུས། །དོན་སྣོད་ཕྱི་རུ་ཁྱབ་པའི་ནད། །སྐྲན་དང་དམུའ་ཆུ་སུརྱ་དང་། །གཤའ་[ཀྵ]ཡ་དང་ནི་སྐྱ་རྦབ་ལྔ། །ནང་གི་ནད་གནས་དབྱེའ་བའོ། །
བར་གྱི་ནད་གནས་རུས་པ་ལ། །དྲག་[དྲེག]དང་གྲུམ་བུ་རྣམ་པ་གཉིས། །དྲེག་ལ་ཚ་དྲེག་གྲང་དྲེག་དང་། །ཆང་དྲེག་ཆུ་དྲེག་དབུལ་དྲེག་གོ །གྲུམ་བུ་ཀར་ནག་རྣམ་པ་གཉིས། །རུས་ནད་དབྱེའ་བ་བསྟན་པའོ། །ཕྱིའི་ནད་གནས་རྣམ་པ་དྲུག །ཤ་དང་པགས་པ་སོ་དང་མྱིག །རྣ་བ་སྣ་དང་ལྕེ་དང་གསུམ། །ཤ་ནད་རྩན་དང་སྦོས་པ་དང་། །ཆད་པ་དང་ནི་འཐེམ་པའོ། །པག་[པགས]ཟད་ཟ་ཕྲུག་བས་དག་[ལྡག]དང་། །རྒྱ་ཐོར་དང་ནི་རྣམ་པ་གསུམ། །སོ་ལ་རླུང་མཁྲིས་སྲིན་ནད་གསུམ། །མྱིག་གི་ནད་ལ་དབྱེའ་བ་བདུན། །རླུང་དང་མཁྲིས་པ་བད་ཀན་དང་། །ཤ་ཤུན་མྱིག་རུ་ལིང་ཏོག་གོ །སྣ་ནད་སྣ་གཟེར་ཁྲག་དང་རྣག །སྣ་ནད་སུབས་དང་ཆུ་དཀར་ཁྲག །ལྕེ་ནད་ལྐུགས་དང་ལྕེ་སྐངས་[སྐྲངས]དང་། །གནས་ས་ཕྱི་ནང་ཀུན་ཁྱབ་པ། །དེ་ལ་ནད་ཀྱི་དབྱེའ་བ་བརྒྱད། །འབྲས་དང་གག་ལྷོག་འབྲུམ་ནག་དང་། །ཤ་དུག་སྦྱར་དུག་སྲིནད་ནད་དང་། །རིམ་[རིམས]དང་ཆུ་སེར་རྣམ་པ་བརྒྱད། །བུ་ཆུང་ནད་ལ་དབྱེའ་བ་དྲུག །བྲང་མཆིན་ལྟེ་བ་འཁྲུ་བ་དང་། །གློའི་ནད་ལ་རྣམ་པ་དྲུག །ཀུན་ཁྱབ་བྲན་བུའི་དབྱེའ་བའོ། །
དུས་ཀྱི་རྩ་ནི་རྒས་པ་སྟེ། །འབྱུང་བ་ཉམས་སྟོབས་དབྲིའ་བ་ཡིན། །གློ་བུར་ནད་ནི་མཚོན་གྱིས་གཟེར། །འགོ་[མགོ]དང་ཡན་ལག་བྱང་ཁོག་གོ །འགོའི་[མགོའི]ནད་ལ་དབྱེའ་བ་བཞིའ། །ཤ་རྩ་རུས་གླད་པའོ། །ཤ་ལ་ནད་ཀྱི་དབྱེའ་བ་གསུམ། །ཚོགས་[མཚོགས]མ་རྟག་[ལྟག]ཁུང་རྣ་རྟག་[ལྟག]གོ །རྩ་ལ་སྤྱི་དངབྱེ་བྲག་གོ །དེ་ལ་སྤྱིའི་རྩ་གནད་ནི། །མདུན་ཕྱོགས་ཚོག་[མཚོགས]མ་མན་ཆད་ནས། །རྩ་གནད་བཅུ་གཉིས་ཡོད་པར་བསྟན། །སྤྱི་གཙུག་རྩའི་རྒྱལ་པོ་ལ། །རྩ་ཡི་བློན་པོ་བཞི་ཡིས་བསྐོར། །བྱེ་བྲག་རྩ་ཡི་གནས་ལུགས་ནི། །འགོ་[མགོ]རིགས་སྒོ་ནས་ཕྱེ་ནས་བསྟན། །རུས་རིགས་རུས་གནས་བཅུ་གཉིས་ལ། །དུམ་བུ་བརྒྱད་དུ་བསྟན་པ་ཡིན། །གླད་པ་དབྱེའ་བ་བརྒྱད་ཡོད་དེ། །བསྡུས་པ་རླུང་མཁྲིས་བད་ཀན་ནོ། །འགོ་[མགོ]ཡི་ནད་གནས་བསྟན་པའོ། །བྱང་ཁོག་ནང་[ནད]གནས་སྟོད་སྨད་གཉིས། །དབྱེའ་བས་ནད་རིགས་རྣམ་པ་བཞི། །དོན་སྣོད་རྩ་དང་རུས་པའོ། །ཉ་[ཉྭ]བཞི་ནད་གནས་དབྱེའ་བ་བརྒྱད། །ཆུ་རྒྱུས་ཞུན་བུ་ལྷ་བ་དང་། །ཉ་[ཉྭ]དང་རྨེན་བུ་རྩ་གནད་དང་། །རྩ་བྲན་རྨེན་ཕྲན་གཉིས་ཏེ་བརྒྱད། །ནད་ཀྱི་འབྲས་བུ་རྣམ་པ་གཉིས། །ཉ་[ཉྭ]དང་རྒྱས་[རྒྱུས]པས་སྲོག་འདོར་བའོ། །མདོར་བསྡུས་རིན་ཆེན་སྒྲོན་མ་ལས། །རྟེན་དང་ནད་ཀྱི་མདོའ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།
ལེའུ་དྲུག་པ། བྱ་ཞིང་བྱེད་པའི་མདོ་བསྟན་པ།
བྱ་ཞིང་བྱེད་པའི་མདོའ་བསྟན་པ། །གསོའ་བྱེད་གསོའ་མཁན་གསོའ་བྱའོ། །གསོའ་བྱ་ནད་པ་གསོའ་བྱེད་གཡོག །གསོ་མཁན་སྨན་པར་བསྟན་པ་ཡིན། །གསོའ་བྱ་ནད་པའི་བསྟན་བཅོས་དགུའ། །གསོའ་བྱེད་གཡོག་པོའི་བསྟན་བཅོས་དགུ། །གསོའ་མཁན་སྨན་པའི་བསྟན་བཅོས་དགུའ། །དགུའ་གསུམ་ཉི་ཤུ་བདུན་གྱིས་བསྟན། །མདོར་བསྡུས་རིན་ཆེན་སྒྲོན་མ་ལས། །བྱ་ཞིང་བྱེད་པ་མདོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།
ལེའུ་བདུན་པ། གསོ་བ་སྨན་གྱི་མདོ་བསྟན་པ།
གསོའ་བ་སྨན་གྱི་མདོའ་བསྟན་པ། །དེ་ལ་སྤྱི་དོན་རྣམ་པ་བདུན། །བསྐྱེད་པའི་རྒྱུ་དང་སྐྱེ་ས་དང་། །འདྲ་བའི་དཔེའ་དང་བཏུའ་དུས་དང་། །རོ་དང་ནུས་པ་དབྱེའ་བ་དང་། །སྦྱར་བའི་ཐབས་དང་རྣམ་པ་བདུན། །བསྐྱེད་པའི་རྒྱུ་ལྔ་སྐྱེ་ས་དགུའ། །བཏུའ་བའི་དུས་བཞི་འདྲ་བའི་མདོག །བཏུའ་བའི་དུས་ནི་རྣམ་པ་གསུམ། །རོ་ལ་དྲུག་སྟེ་ནུས་པ་བརྒྱད། །དབྱེའ་བ་བསྡུས་པའི་ཚུལ་གྱིས་དགུའ། །ས་རྡོ་ཤིང་དང་སྔོ་སྣ་དང་། །མྱེ་ཆུ་འབྲུའ་དང་རིན་པོ་ཆེ། །སྲོག་ཆགས་དེ་ལས་བྱུང་དང་དགུའ། །སྦྱར་ཐབས་ལྔ་རུ་བསྟན་པ་ཡིན། །མདོར་བསྡུས་རིན་ཆེན་སྒྲོན་མ་ལས། །སྨན་གྱི་མདོའ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།
ལེའུ་བརྒྱད་པ། ངོས་བཟུང་རྟགས་ཀྱི་མདོ་བསྟན་པ།
ངོས་བཟུང་རྟགས་ཀྱི་མདོར་བསྟན་པ། །དེ་ལ་སྤྱི་དོན་རྣམ་པ་གསུམ། །རེག་དང་བལྟ་དང་དྲི་བའོ། །རེག་པ་རྩ་ལ་བལྟའ་བ་སྟེ། །དེ་ལ་སྤྱི་དོན་བཅུ་གཅིག་སྟེ། །ནུབ་མོ་ཟས་དང་སྤྱོད་ལམ་དལ་བ་སྟེ། །ནང་པར་མ་འགུལ་རྩ་ལ་བལྟའ། །སོར་མོ་སྡེ་གསུམ་བཅད་པར་བྱ། །སོར་དྲུག་དོན་སྣོད་སོ་སོར་དབྱེའ། །དུས་བཞི་ཁམ་[ཁམས]ལྔ་ལོག་མ་ལོག །ཚ་གྲང་འཕར་བའི་གྲང་[གྲངས]ལ་བརྟགས། །ནད་ཀྱི་རྟགས་དང་གདོན་གྱི་རྟགས། །འཆིའ་བའི་རྟགས་དང་འཚོའ་བའི་རྟགས། །ལྷག་ཆད་དོན་སྣོད་ལེགས་པར་བརྟགས། །ལྟ་བ་ཁ་དོག་དབང་པོ་ཆུ། །ཁ་དོག་དཀར་དམར་སེར་དང་གསུམ། །ཉེས་གསུམ་ནད་དང་དེ་བསྐྱེད་རྟགས། །དབང་པོ་མྱིག་དང་རྣ་བ་སྣ་དང་ལྕེ། །དམར་སེར་དཀར་དང་སྐམ་རློན་རྩུབ། །ཉེས་གསུམ་ནད་དང་དེ་བསྐྱེད་རྟགས། །གདོན་དང་སོས་ཤི་བརྟག་པ་དང་། །དྲི་བ་ཁ་ལ་བརྟག་པ་སྟེ། །འཕྲ་སྦོམ་རིང་ཐུང་འདར་དང་ཞན། །གཅོད་དང་ན་ལུགས་དྲིས་ལ་བརྟགས། །མདོར་བསྡུས་རིན་ཆེན་སྒྲོན་མ་ལས། །ངོས་བཟུང་རྟགས་ཀྱི་མདོའ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།
ལེའུ་དགུ་པ། གསལ་བ་ཁ་དམར་གྱི་མདོ་བསྟན་པ།
གསལ་བ་ཁ་དམར་གྱི་མདོའ་ལ་གསུམ། །བརྟགས་དང་བལྟའ་དང་གདགས་པ་གསུམ། །བརྟག་པ་ལ་ཉེ་མོ་སོགས་བརྟགས། །ལྟ་བ་ཕྱི་གཡུལ་[ཡུལ]རྩ་ཆུ་དང་། །གདགས་པའི་ཁ་དམར་རྣམ་པ་གསུམ། །འཚོའ་ན་སྙན་པའི་ཁ་དམར་གདགས། །འཆིའ་ན་འབྲོས་རིངས་ཀྱི་ཁ་དམར་གདགས། །ཉམས་སུ་མ་ལོན་སྦྲུལ་ལྕེའི་ཁ་དམར་གདགས། །མདོར་བསྡུས་རིན་ཆེན་སྒྲོན་མ་ལས། །གསལ་བ་ཁ་དམར་གྱི་ལེའུ་སྟེ་དགུའ་པའོ།། །།
ལེའུ་བཅུ་པ། བཅོས་ཐབས་ཡན་ལག་བསྟན་པ།
གསོའ་ཐབས་ཡན་ལག་མདོའ་བསྟན་པ། དེ་ལ་སྤྱི་དོན་རྣམ་པ་གསུམ། །སྤྱི་རུ་བཅོས་དང་བྱེ་བྲག་བཅོས། །བསྡུས་ཏེ་བཅོས་དང་རྣམ་པ་གསུམ། །སྤྱི་རུ་བཅོས་པ་སྨན་དང་དཔྱད། །སྨན་ལ་ཞི་སྦྱངས་རྣམ་པ་གཉིས། །ཞི་བ་ཐང་དང་སྨན་མར་ཕྱེ་མ་དང་། །རི་ལུ་དང་ནི་འདེའུའོ[འདེ་གུའོ]། །སྦྱང་བ་ལས་ལྔ་རིམ་པ་དྲུག །ངོ་མཚར་རྩ་ཡི་ཁྲུས་དང་བདུན། །ལས་ལྔ་གྱེན་ཐུར་ལ་སྦྱངས་དང་། །འཇམ་རྩི་ནི་རུ་ཧ་དང་སྣ་བཤལ་ལོ། །རྩ་ཁྲུས་ཆུའི་ལམ་ནས་འདྲེན། །ངོ་མཚར་སྨན་དྲུག་དེ་ལྟར་ཤེས། །དཔྱད་ལ་གཏར་བསྲེགས་ཐུར་མ་དང་། །དུབ་[དུགས]དང་ལུམས་དང་བྱུགས་པའོ། །གཏར་བའི་དཔྱད་ལ་སྤྱི་དོན་དྲུག །ནད་གཞིའ་ཤེས་དང་རྩ་གནད་ཤེས། །བསྙལ་ཐབས་གཏར་བའི་ཁྲག་གི་མདོག །ལོག་ནོན་དང་ནི་དྲུག་ཏུ་བསྟན། །མྱེའི་དཔྱད་ལ་སྤྱི་དོན་བཞི། །བསྲེག་ཏུ་རུང་དང་མི་རུང་དང་། །བསྲེགས་པའི་དམྱིག་[དམིགས]དང་བསྲེག་ཚད་དོ། །
ཐུར་མའི་དཔྱད་ལ་སྤྱི་དོན་དྲུག །འཕང་དུ་རུང་དང་མི་རུངས་[རུང]དང་། །གསང་ལ་འཕང་ལུགས་ལག་ཚོད་དང་། །ལོག་ནོན་དང་ནི་དྲུག་ཏུ་བསྟན། །དུབ་[དུགས]ལ་སྤྱི་དོན་རྣམ་པ་གསུམ། །(དྲོད་དུགས་གྲང་དུགས་སྙོམས་དུགས་སོ།།) དྲོད་ལུམ་[ལུམས]གྲང་ལུམ་[ལུམས]སྙོམ་[སྙོམས]ལུམ་[ལུགས]སོ། །བྱུགས་པ་ལུམ་[ལུམས]བཞིན་ཤེས་པར་བྱ། །བྱེ་བྲག་བཅོས་པ་ཚད་དང་གྲངས[གྲང་]། །དོན་སྣོད་ཤ་ལྤགས་[པགས]རུས་པའི་སྒོ། །འགོ་[མགོ]དང་ཡན་ལག་བྱང་ཁོག་གོ །ངོས་བཟུང་རེག་དང་གསོའ་ཐབས་སོ། །མདོར་བསྡུས་རིན་ཆེན་གསང་བ་ལས། །བཅོས་ཐབས་ཡན་ལག་གི་ལེའུ་སྟེ་བཅུ་པའོ།། །།
ལེའུ་བཅུ་གཅིག་པ། ཁ་ཟས་སྤྱོད་ལམ་གྱི་མདོ་བསྟན་པ།
ཁ་ཟས་སྤྱོད་ལམ་མདོར་བསྟན་པ། །ཁ་ཟས་འཕྲོད་བསྟེན་མི་འཕྲོད་པས། །དེ་ཡང་ཤ་ཆང་བསིལ་དྲོད་དོ། །སྤྱོད་ལམ་མཐུན་བསྟེན་མི་མཐུན་ཡང་། །དེ་ཡང་དལ་དྲག་གྲང་དྲོ་གཉིས། །མདོར་བསྡུས་རིན་ཆེན་གསང་བ་ལས། །ཁ་ཟས་སྤྱོད་ལམ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།
ལེའུ་བཅུ་གཉིས་པ། གསལ་བ་མེ་ལོང་གི་མདོ་བསྟན་པ།
རིན་ཆེན་འདུས་པ་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །གསོའ་བ་མགོན་གྱི་གདམས་པ་འདི། །གསོའ་བའི་ཡན་ལག་དགུའ་བསྟན་པ། །བུ་བཞིན་མ་ཕྱིར་འབྲང་བ་བཞིན། །བརྒྱུད་པ་མུ་ཏིག་ཕྲེང་བ་བཤད། །དཔག་བསམ་ལྗོན་ཤིང་རྒྱས་པ་བཞིན། །ལུས་གནས་གཡུའ་ལོ་ལྗོན་ཤིང་བཤད། །སོ་མའི་དུག་གིས་བཤད་པ་བཞིན། །ནད་གནས་དུག་གི་ཨ་རུ་བཤད། །མཐའ་ཁོབ་[འཁོབ]ཡུལ་དུ་རྫས་འཕྲད་བཞིན། །བྱ་བྱེད་འཕྲུལ་གྱི་ལྡེའུ་མྱིག་བཤད། །མི་རོ་བདུད་རྩིས་གསོའ་བ་བཞིན། །སྨན་གནས་བདུད་རྩི་མ་གི་ཏ། །མུན་པའི་གླིང་དུ་སྒྲོན་བལྟན་[བསྟན]བཞིན། །ངོས་བཟུང་མུན་སེལ་སྒྲོན་མ་བཤད། །ལྷ་སྲིན་འཚམས་[མཚམས]ཀྱི་གཟུའ་བོ་བཞིན། །ཟས་བཅོས་དགྱེས་པའི་ཐིག་ལེ་བཤད། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །གསལ་བ་མྱེ་ལོང་གི་མདོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།
ལེའུ་བཅུ་གསུམ་པ། བརྒྱུད་པའི་ཁུངས་བསྟན་པ།
རིན་ཆེན་གསང་བའི་ཏི་ཀ་ལས། །བརྒྱུད་ཁུང་[ཁུངས]མུ་ཏིག་ཕྲེང་བ་བཤད། །བདེར་གཤེགས་ཐུགས་རྗེའི་བརྒྱུད་པ་ནི། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཡིས། །འགྲོ་བ་ནད་ཀྱིས་ཉེན་པ་ལ། །རིན་ཆེན་གསོའ་བའི་བསྟན་བཅོས་གསུངས། །དེ་ཡིས་རིགས་གསུམ་མགོན་ལ་བཤད། །དྲང་སྲོང་བྱིན་བརླབ་བརྒྱུད་པ་ནི། །ཚངས་པའི་རིག་བྱེད་དྲན་པ་དང་། །དེ་ཡིས་སྐྱེ་དགུའི་མཆོག་ལ་བཤད། །དེ་ཡིས་ཙ་ར་ཀ་ལ་བཤད། །དེ་ཡིས་ལྗང་སྔོན་དྲང་ལ་བཤད། །དེ་ཡིས་ཀུན་ཤེས་དྲང་ལ་བཤད། །དེ་ཡིས་ལྷ་སྨན་ཐ་སྐར་ལ། །དེ་ཡིས་དྲང་སྲོང་ཐང་ལ་འབར། །དེ་ཡིས་དྲང་སྲོང་མྱེ་བཞི་[བཞིན]འབར་ལ་བཤད། །དེ་ཡིས་ཀླུ་སྒྲུབ་སྙིང་པོ་ལ། །དེ་ཡིས་དྲང་སྲོང་མངོན་ཤེས་ལ། །གསོའ་དཔྱད་རྒྱས་འབྲིང་གསུམ་དུ་གསུངས། །འདི་ནི་བསྡུས་པའི་དོན་ཡིན་ནོ། །ཀླུ་སྒྲུབ་ཉིད་ཀྱིས་མཛད་པའོ། །དེ་ནས་བར་ནི་མ་ཆད་པར། །མཁའ་འགྲོ་མུ་ཤི་ལས་གསུངས་སོ། །དེ་ནས་གང་ཟག་བརྒྱུད་པ་ནི། །དེ་ཡིས་རྒྱ་གར་མི་ཏྲ་ལ། །དེ་ཡིས་རྒྱ་གར་མྱེ་སྦལ་ལ། །དེ་ཡིས་ལོ་ཙ་[ཙཱ]ཙན་ཏྲ་ལ། །དེ་ཡིས་རྒྱ་ནག་ཧྭ་ཤང་ལ། །དེ་ཡིས་རྒྱ་ནག་དེ་ཝ་ལ། །དེ་ཡིས་ཁ་ཆེའི་པུཎྜི་[པཎྜི]ཏ་ལས་བརྒྱུད་པའོ། །རིན་ཆེན་གསང་བའི་ཏི་ཀ་ལས། །བརྒྱུད་པའི་ཁུང་[ཁུངས]བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
ལེའུ་བཅུ་བཞི་པ། བར་དོ་མངལ་གྱི་གནས་ལུགས་བསྟན་པ།
ལུས་གནས་གཡུའ་ལོ་ལྗོན་ཤིང་བཤད། །དེ་ཡང་དང་པོ་བར་དོའི་དུས[ལུས]། །སྔར་གྱི་རྟེན་བོར་ཕྱི་མ་བླངས། །བག་ཆགས་ལུས་ལ་རྟེན་བཅས་ནས། །དབང་པོ་རབ་ལ་ཡུལ་དྲུག་ཚངས[ཚང]། །རྟེན་མེད་བག་ཆགས་འཕྱོར་འཕྱོར་པོ། །ལས་མཐུན་རྟེན་ཚོལ་[འཚོལ]མ་མངལ་ནི། །ཡིད་འོང་ཉམས་དགའི་གནས་སུ་མཐོང་། །མཐུན་ན་དེར་འཇུག་མེ་[མི]མཐུན་ལྡོགས[ལྡོག]། དེ་ནི་བར་དོའི་ལུས་ཡིན་ནོ། །དེ་ལ་མངལ་དུ་འཇུག་ལུགས་ནི། །འོད་དུ་གནས་པའི་རྣམ་ཤེས་དེ། །ཕ་ཡི་སྤྱི་བོར་བབ་ནས་ནི། །ཚིགས་པ་དུང་གི་སྒལ་དུ་བབ། །གཞུངས་[གཞུང]པའི་རྒྱུད་ལ་བབ་ནས་ལམ་དུ་ཞུགས། །གསང་བ་སྲིད་པའི་འཁོར་ལོར་བབ། །ལས་ཀྱི་རླུང་གིས་མངལ་དུ་འཕང་། །དེ་ལས་མངལ་དུ་འཕེལ་བ་ནི། །སེམས་དང་ལུས་ནི་གཉིས་སུ་འཕྲད། །ས་བོན་མངལ་དུ་འདྲེས་པར་ཞག་བདུན་དྲན་པ་ཉམས། །ལུས་ཀྱང་ནུར་ནུར་པོ་རུ་ཆགས། །བདུན་གཉིས་ལོན་ནས་དྲན་པ་ཉམས་པ་གསོའ། །འཕྲོས་པས་ནུར་ནུར་པོ་དག་བྱུང་། །ཕྱོགས་བཞི་དབུས་དང་ལྔ་རུ་གྲམ། །ལུས་དང་འདྲེས་ནས་ནལ་ནལ་པོ་རུ་ཆགས། །དེ་ལ་བད་ཀན་གཞིའ་མ་ཆག[ཆགས]། །བདུན་གསུམ་ལོན་ནས་སེམས་ཀྱང་འདར་འགུལ་བས། །རྩ་ཆེན་བཞི་ཡང་ཕྱོགས་བཞི་དབུས་ལྔར་གྱེས། །ལུས་ཀྱང་ལྟར་ལྟར་པོ་རུ་ཆགས། །བར་དེར་མཁྲིས་པའི་རྟེན་ཡང་ཆགས། །
དེ་ནས་བདུན་ཕྲག་བཞི་པ་ལ། །སེམས་ཀྱང་མྱོས་ཤིང་འཐིབ་པར་གྱུར། །ལུས་ཀྱང་ཁད་ཀྱིས་འགོ་[མགོ]བོ་ཆགས། །དེ་ནས་རླུང་གི་རྟེན་ཡང་ཆགས། །དེ་ནས་བདུན་ནས་པགས་པས་བཏུམ། །པགས་པའི་མདོག་བསྡུས་ལྟེ་བ་ཆགས། །རྒྱུ་རྐྱེན་རྟེན་འབྲེལ་ཡིན་པའི་ཕྱིར། །མ་ཡི་སྲོག་ཐགས་[ཐག]བུའི་ལྟེ་བར་འབྲེལ། །ལྟེ་བ་ལ་ནི་རྩ་གསུམ་གྱེས། །གོང་འོག་བར་དང་གསུམ་ལ་གྱེས། །རྩ་གཅིག་གྱེན་ལ་སོང་བས་གླད་པའི་མཚོའ་ཡང་ཆགས། །གཏིའ་མུག་ཀླད་པར་གནས་པ་སྟེ། །དེ་ལས་བད་ཀན་བསྐྱེད་པས་སྟོད་ན་གནས། །རྩ་གཅིག་བར་དུ་སོང་བས་ཁྲག་གི་རྒྱ་མཚོའ་ཆགས། །ཞེ་སྡང་ཁྲག་ལ་གནས་པ་ཡིན། །དེ་ལས་མཁྲིས་པ་བསྐྱེད་པས་གནས་པའོ། །རྩ་གཅིག་ཐུར་ལ་སོང་བས་ཆུའི་རྒྱ་མཚོ་ཆགས། །འདོད་ཆགས་གསང་བ་དག་ལ་གནས་། །དེ་ནི་རླུང་བསྐྱེད་སྨད་ན་གནས། །
དེ་ནས་ཟླ་དགུའ་ཚུན་འཇད་[ཆད]རིམ་གྱིས་ཆགས། །ལུས་ལ་སྔ་བ་ལྟེ་བ་ཆགས། །དེ་ལས་འབྲེལ་པས་ཆུ་རྒྱུས་ཆགས། །རུས་པ་སྔ་བ་ཚིགས་པ་ཆགས། །དེ་ལ་སོགས་[སོག]པའི་རུས་པ་རིམ་གྱིས་ཆགས། །དེ་ལས་འབྲེལ་པས་ཤ་རྒྱུས་ཆགས། །ཤ་ཆེན་ཤ་བྲན་རྒྱུས་པས་འབྲེལ། །རྒྱུས་ཕྲན་བརྒྱའ་དང་བཅུ་གཉིས་ཆགས། །རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུའོ། །མཚོན་རྩ་སུམ་བརྒྱའ་དྲུག་ཅུའོ། །ཕྱི་རྟེན་ལུས་ཀྱི་མཁར་དུ་ཆགས། །དོན་ལྔ་སྣོད་དྲུག་ལུས་ཀྱི་བཅུད་དུ་གསལ། །རྩ་བྲན་བདུན་བརྒྱའ་ཉི་ཤུས་ལུས་ཀྱི་སྐོས་ཀྱང་བཏབ། །ཤ་རུས་འབྲེལ་པས་དོན་སྙིང་དབུགས་ཀྱང་རྒྱུ། །རླུང་གིས་བསྐུལ་ནས་ཤལ་མའི་མདོལ་མོ་ཟ། །ཕོ་མོའི་མཚན་དོན་[དོད]རླུང་གིས་བཤང་ལྕི་[གཅི]འདོར། །ཡན་ལག་བཞི་རྒྱས་སྐྲ་དང་བ་སྤུ་སྐྱེས། །ཟླ་བ་དགུ་ནས་རླུང་གིས་བསྒྱུར་བྱས་ནས། །རིགས་དྲུག་སྤྱོད་ཡུལ་མཐོང་ཞིང་ཟླ་བཅུ་ན། །བཙས་པའི་དུས་ལ་བབ་ཅེས་བྱ་བ་ཡིན། །རིན་ཆེན་གསང་བའི་སྒྲོན་མ་ལས། ལུས་ཀྱི་གནས་ལུགས་ལས། བར་དོ་མངལ་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།
ལེའུ་བཅོ་ལྔ་པ། ལུས་ཀྱི་གནས་ལུགས་བསྟན་པ།
ཚད་དུ་རྫོགས་ལུས་འདྲ་སྣང་འདི་ལྟ་སྟེ། །འདུ་བ་ཚད་དུ་རྫོགས་པ་ནི། །མཁྲིས་པ་རང་གི་གསང་སྒོ་[སྒོ]གང་། །དེ་བསྐྱེད་ཁྲག་ནི་རང་གི་སྙིམ་པ་བདུན། །ཆུ་སེར་རང་གི་སྙིམ་པ་བཞི། །ཁྲག་བསྐྱེད་ཞགས་[ཞག]ཀྱང་སྙིམ་པ་དོ། །རླུང་ནི་རང་གི་ལྒང་ཝག་[ཕུག]དོ། །དེ་བསྐྱེད་རྩ་བྲན་རྩ་ཆེན་དགུ། །བད་ཀན་རང་གི་ཁྱོར་བ་གང་དུ་གནས། །དེ་བསྐྱེད་པག་[པགས]སོགས་ལུས་བསྟན་[རྟེན]ཤ ། འདུ་བ་སྤྱིས་བསྐྱེད་ཟུང་[ཟུངས]བདུན་དྲི་མ་བཞི། །སྲིན་གྱི་གྲོང་ཁྱེར་སུམ་བརྒྱའ་དྲུག་ཅུར་གནས། །ཚད་དུ་རྫོགས་པའི་གཞལ་བྱ་ནི། །རང་ལུས་འདོམ་གང་གྲུ་བཞིར་གནས། །གཟུགས་ངན་ཁྲུ་ནི་ཕྱེད་དང་བཞི་རུ་གནས། །མཐོའ་བརྒྱད་མཛུབ་བཅུའ་འཁྱུད་[མཁྱིད]བཅུ་གཉིས། །མདོར་ན་རང་ཁྲུ་བཞི་ཡིན་ནོ། །
གཞལ་བྱ་ཚད་རྫོགས་བསྟན་པའོ། །མི་ལུས་འདྲ་དཔེའ་འདི་ལྟ་སྟེ། །མི་ལུས་འདོམ་གང་རྒྱལ་པོའི་སྐུ་མཁར་འདྲ། །ཤ་ཁྲག་དབུགས་དྲོན་མཁར་གྱི་རྨིང་[རྨང]གཞི་འདྲ། །རླུང་མཁྲིས་བད་ཀན་རིན་ཆེན་བརྩིགས་པ་འདྲ། །ཚིགས་པ་དྲང་ཤིང་མཁར་གྱི་རྒྱ་རྐས་[སྐས]འདྲ། །སྲོག་རྩ་གཞུངས་པ་གསེར་གཡུའི་ཀ་བ་འདྲ། །རྩིབ་མ་གུར་ཁྱིམ་དུང་ཕྱམ་འདྲ། །སྒལ་པ་སྒལ་རུས་མཛེས་པའི་རིན་ཆེན་དྲལ་དང་འདྲ། །རྩ་བྲན་རྒྱུས་འབྲེལ་ཁེབ་ཆེན་དྲབ་དང་འདྲ། །རྩ་ཆེན་ཆུ་ཆེན་གཉིས་ནི་གསེར་གྱི་གདུང་མ་འདྲ། །རྩ་བྲན་ཆུ་བྲན་སྲ་ལེན་འཛིན་བུ་འདྲ། །བ་སྤུ་བྱེ་བ་ས་ཡ་མདའ་ཁོང་[ཁུང]འདྲ། །ཚངས་པའི་བུ་ག་སྒོ་ཕྱེད་གསལ་ཁུང་འདྲ། །དྲི་སྦུབ་རང་གསང་མཁར་གྱི་འོར་ཁུང་འདྲ། །ཡན་ལག་གཟུགས་[སུག]བཞི་སྒོ་རྒྱན་འདྲ། །གླད་པའི་གུར་ཁང་དུང་གི་བ་གམ་འདྲ། །དབང་པོ་སྒོ་ལྔ་མཁར་གྱི་གློ་སྐར་འདྲ། །མཆིན་རིས་[དྲི]ཡན་ཆད་མཁར་གྱི་ཡང་ཁང་འདྲ། །ལྟེ་བ་ཡན་ཆད་བར་ཁང་སྟེང་འོག་འདྲ། །ལྟེ་བ་མན་ཆད་ཤོད་ཁང་འདྲ། །རྣམ་ཤེས་ཚོགས་བརྒྱད་ཕྱོགས་བཞིའ་འཚམས་[མཚམས]བརྒྱད་འདྲ། །སྙིང་ནི་དབང་ཆེན་རྒྱལ་པོ་འདྲ། །དོན་བཞི་རྒྱལ་པོའི་ནང་བློན་འདྲ། །བསམ་སེའུ་ལྟོ་ཆེན་བཙུན་མོ་འདྲ། །གསང་བ་དགུ་ནི་ཆག་གསང་འདྲ། །གནད་རྣམས་རྒྱལ་བུ་མངའ་དབང་འདྲ། །སྣོད་དྲུག་བཀའ་བློན་ནང་བློན་འདྲ། །སོར་ཚིག་[ཚིགས]སོར་མོ་སྐུ་སྲུང་མཚོན་ཐོག་[ཐོགས]འདྲ། །འཕྲ་ལ་དྲག་རྒྱས་ལྗོན་ཤིང་འདྲ། །གཞལ་བྱ་འདྲ་སྣང་བསྟན་པ་ཡིན། །རིན་ཆེན་གསང་བའི་ཏི་ཀ་ལས། །ལུས་ཀྱི་གནས་ལུགས་གཡུའ་ལོ་ལྗོན་ཤིང་བསྟན་པའི་ལེའུ་སྟེ་བཅོའ་ལྔ་པའོ།། །།
ལེའུ་བཅུ་དྲུག་པ། ནད་དང་ནད་གནས་བསྟན་པ།
ནད་རྣམས་ཀུན་གྱི་ཨ་ཤུ་ཀ །ཉེ་བའི་རྒྱུ་ནི་རླུང་མཁྲིས་བད། །རིང་བ་གཏིའ་མུག་ཞེ་སྡང་འདོད་ཆགས་སོ། །ཐུན་མོང་རྒྱུ་ནི་གཡང་ལྷུང་དང་། །ཐུན་མོང་གདོན་དང་དྲག་ཤུལ་དང་། །ཉིན་གཉིད་སེམས་ལས་མྱ་ངན་དང་། །གཉན་སར་གནས་བཅས་རྒྱུན་ལམ་བཅད། །གཡལ་ཆེན་སྦྲིད་སྒྲགས་[སྒྲེག]བཤང་ལྕི་[གཅི]བསྡམ། །ནད་ཀྱི་རྒྱུར་ནི་བསྟན་པའོ། །ནད་ཀྱི་རྐྱེན་ནི་འདི་ལྟར་ཡིན། །ཁ་ཟས་མི་འཕྲོད་ཟོས་པ་དང་། །གདོན་གྱིས་བཏབ་དང་ས་རྟེན་བརྐོས། །མཚོན་རྩེ་ཟུགས་[ཟུག]པ་ལ་སོགས་སོ། །རྟེན་པ་སྟོད་སྨད་བར་དང་གསུམ། །སྟོད་བད་བར་མཁྲིས་སྨད་ན་རླུང་། །དེ་ལ་ནད་ཀྱི་ཡུལ་གསུམ་ནི། །གྲང་ས་ལྷག་[ལྷགས]རླུང་རླུང་གི་ཡུལ། །སྐམ་ས་ཚ་གདུང་མཁྲིས་པའི་ཡུལ། །རླན་ཅན་སྣུམ་བག་བད་ཀན་ཡུལ། །དེ་ལ་ན་སོ་རྣམ་གསུམ་ནི། །རྒན་རླུང་དར་མཁྲིས་བྱིས་པ་བད། །དུས་གསུམ་སྲོད་དང་སྔ་དྲོ་བད། །ཉིན་གུང་མཚན་གུང་མཁྲིས་པའི་དུས། །ཐོ་རང་[རངས]ཕྱི་དྲོད་[དྲོ]རླུང་གི་དུས། །ནད་ཀྱི་རྒྱུ་ལམ་བཅོའ་ལྔ་ནི། །རླུང་ནི་རྐེད་པ་སྤྱི་བོ་ལོང་། །རེག་དང་དབང་པོའི་སྒོ་ལ་རྒྱུ། །མཁྲིས་པ་དྭངས་མ་དབང་པོ་རྔུལ། །ཁྲག་དང་ཆུ་སེར་དག་ལ་རྒྱུ། །བད་ཀན་གློ་ལ་འགུལ་[མགུལ]བ་འགོ[མགོ]། །རུས་ཚིགས་མ་ཞུའི་སྐབས་ལ་རྒྱུ། །ཟད་འཕེལ་བསྟན་པ་འདི་ལྟ་སྟེ། །ནད་གསུམ་ཟུང་[ཟུངས]བདུན་དྲི་བཞི་འཕེལ། །རླུང་འཕེལ་རྟགས་ནི་སྐབ་[སྐེམ]དང་ནག །འདར་དང་སྟོང་རྦོས་དྲོད་ཆུང་དང་། །སྟོབས་མྱེད་གཉིད་ཆུང་བཤང་བ་བསྲི། །འགོ་[མགོ]འཁོར་སྨྲ་མང་དབང་པོ་ཉམ[ཉམས]། །མཁྲིས་པ་འཕེལ་རྟགས་པགས་མྱིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆེའོ། །
བད་ཀན་འཕེལ་རྟགས་མཆིལ་སྣབ་[སྣབས]མང་། །ཁོང་ལྕི་ལུས་གྲང་བྲང་ཚ་ལུས་དྲོད་ཆུང་། །དྭངས་མ་འཕེལ་བས་བད་ཀན་རྒྱས་པ་འདྲ། །ཝ་བ་ཤ་ཆེ་རྨེན་བུ་བརྩེན་པ་ལྷུངས། །ཁྲག་འཕེལ་མྱེ་དབལ་མཛེའ་དང་འབྲས་གཟེར་དྲེགས། །ཚིལ་འཕེལ་ངམ་ནག་འཕུལ་དང་གསུས་པ་ཆེ། །རྐང་འཕེལ་འབྲི་ཚུགས་ལྟ་དང་རྐང་ལྗིད་གཡུང་། །རུས་འཕེལ་རུས་ཚིགས་ཆེ་ལ་གསུའ། །ཁུ་བ་འཕེལ་བས་འབྲས་དང་རྡེའུ་བུར་འགྱུར། །བཤང་བ་འཕེལ་བས་རྦོས་ཤིང་ལྗིད་དང་སྡུད་པར་བྱེད། །དྲི་ཆུ་འཕེལ་བས་རྟག་ཏུ་ཟག་[ཟགས]གྱུར་འགྱུར། །རྔུལ་འཕེལ་དྲི་འཕེལ་ལུས་གས་ན་བ་འབྱུང་། །ལུད་པ་འཕེལ་བས་ཁ་སྣ་མྱིག་ནས་ལུད། །ཟད་པ་ནད་གཟུངས་[ཟུངས]དྲི་མ་སྟེ། །རླུང་ཟད་མཚན་མ་མེ་[མི]ལྡང་བར། །སྨྲ་བ་ཉུངས་དང་དབང་པོ་ཉམས། །མཁྲིས་མདོག་དང་དྲོད་ཤོར་གྲང་དང་རྣག །བད་ཀན་ཟད་པས་འགོ་[མགོ]འཁོར་རུས་ཚིགས་ལྷོད། །དྭངས་མ་ཟད་པས་ཁོང་རྩུབས་[རྩུབ]སྨྲ་ཞན་ལུས་མི་བདེའ། །ཁྲག་ཟད་ཁོང་རྩུབ་དྲོད་ཆུང་སྨྲ་ཁ་ལྷོད། །ཤ་ཟད་ཁུར་ཚོས་མྱིག་བྲོས་རྐང་ཚིགས་ན། །ཚིལ་ཟད་གཉིད་ཆེ་ལུས་སྐྱ་རུས་པ་གྱོངས[གྱོང]། །རུས་ཟད་རུས་ན་སོ་དཀར་སེན་མོ་འབྱུང་། །རྐང་ཟད་འགོ་[མགོ]འཁོར་མྱིག་མྱི་གསལ། །ཁུ་ཟད་འབྱུང་དཀའ་འབྱུང་ཡང་ཁྲག་ཏུ་འབྱུང་། །བཤང་ཟད་རྒྱུ་འཁྲོལ་རླུང་སྒྲ་ཆེ། རྔུལ་ཟད་མདོག་མྱེད་སྤུ་བྱི་པགས་པ་གས། །སྣབ་[སྣབས]ལུད་ཟད་པས་ཁ་སྣ་ཚ་སྐམ། །ལྡོག་རྒྱུ་བཅུ་གཅིག་འདི་ལྟ་སྟེ། །རླུང་ལ་སྣུམ་ལྕི་དྲག་[དྲགས]པས་བད་ཀན་ནད་དུ་ལྡོགས[ལྡོག]། རླུང་ལ་ཚ་སྐྱུར་དྲག་[དྲགས]པས་མཁྲིས་པའི་ནད་དུ་ལྡོགས[ལྡོག]། མཁྲིས་པ་བད་ཀན་གཉིས་ཀྱང་དེ་བཞིན་ཤེས་། །
སྲོག་གཅོད་ནད་དགུའ་འདི་ལྟེ་སྟེ། །རླུང་ནི་ཟ་བྱེད་འགོ་[མགོ]འཁྱོམ་དང་། །མཁྲིས་པ་ཁ་ཤོར་བད་ཀན་དུག་ཐབ་[ཐབས]དང་། །བད་ཀན་འཇུའ་སྐྲན་གློ་སྐྲན་འདམ་པ་དང་། །མ་ཟོས་ཟིན་པའི་གཤའ་[ཀྵ]ཡ་དང་། །སྨུག་པོ་མཚོའ་རྡེའུ་ལྡན་འདུས་དང་། །མདོ་དོན་ཚ་གྲང་གཉིས་པོ་ནི། །རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། །ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །སྲིན་དང་ཆུ་སེར་ཚ་གྲང་ཟུང་དུ་འཇུག །མཚན་ཉིད་དགུ་ནི་འདི་ལྟ་སྟེ། །ཤ་སྐེམས་པག་[པགས]རྩུབ་རླུང་གི་མདོག །དམར་སེར་མཁྲིས་པ་སྣུམ་བད་ཀན། །སེམས་དགོད་[རྒོད]རླུང་ཡིན་གཞུངས་མཁྲིས་པ། །དྲན་པ་ཉུང་བ་བད་ཀན་ནོ། །
མར་ཞོ་ཤ་དང་འོ་མ་ཆང་། །ཆང་རྒན་བཅུད་འཕྲོད་རླུང་ཡིན་ནོ། །ཀ་ར་བསིལ་ས་གྲང་བའི་ཟས་འཕྲོད་མཁྲིས། །ཤ་ཆང་ཚ་སྐྱུར་རྩུབ་དང་མཛོ་ཞོ་འཕྲོད། །བད་ཀན་ཚ་འཕྲོད་བཅུད་འཕྲོད་རླུང་ཡིན་བསིལ་འཕྲོད་མཁྲིས། །སྐམ་པའི་ཡུལ་འཕྲོད་བད་ཀན་ནོ། །ཟོས་དུས་ན་བ་བད་ཀན་ཏེ། །ཟོས་རྗེས་ན་བ་མཁྲིས་པའོ། །ཞུ་རྗེས་ན་བ་རླུང་ཡིན་ནོ། །བད་ཀན་དགུན་སོགས་དཔྱིད་ལྡང་དབྱར་ན་ཞི། །རླུང་ནི་དབྱར་སོགས་སྟོན་ལྡང་དགུན་ན་ཞི། །མཁྲིས་པ་སྟོན་སོགས་དགུན་ལྡང་དཔྱིད་ན་ཞི། །ལུས་ལ་རླུང་སྟེ་སྙོམ་མཁྲིས་ལྕི་བ་བད། །གཉིད་ཆུང་ཡིན་[ཡིད]སྙོམ་མཁྲིས་གཉིད་ཆེ་བ་དང་། །རྨྱི་ལམ་འཕུར་བ་རླུང་ཡིན་མྱེ་རྨི་མཁྲིས་ཆུ་རྨི་བ་བད། །དྲོད་འཕྲོད་རླུང་ཡིན་བསིལ་འཕྲོད་མཁྲིས་པ་རྩུབ་འཕྲོད་བད། །སྨྲ་འདོད་རླུང་ཡིན་སྨྲ་རྩུབ་མཁྲིས་པ་འཚེར་[འཛེར]པ་བད། །གླད་རླུང་ཅན་ནི་སྨྲ་བ་མང་། །འགྱེལ་ནུབ་མྱིག་སྤུ་འཁོར་བ་ཡིན། །གླད་བད་ཅན་ནི་མྱིག་རུས་དཔྲལ་བ་རྗིད[ལྗིད]། །མ་སྐྲངས་སྐྲངས་པ་འདྲ་བ་ཡིན། །
ནད་ཀྱི་བརྟགས་པ་འདི་ལྟ་སྟེ། །རུ་ཤིང་ན་ཞིང་སྐོམ་འདོད་ཚིག་པ་ཟ། །རྙོང་འདོད་ཤུགས་འབྱུང་འདར་དང་འགོ་[མགོ]བོ་འཁོར། །རྦོས་འཁྲོག་གཟེར་འཕོ་ཁོལ་མྱིག་ན། །མྱིག་བཟློག་[ལྡོག]སྟོང་སྐྱུག་བྱེད་པ་རླུང་། །འགོ་[མགོ]འཁྱོམ་མྱིག་ལྕེ་སེན་མོ་སེར། །གཉིད་ཆེ་ཆང་ཐུངས་[འཐུང]ན་བ་མཁྲིས་པ་ཡིན། །དང་ག་མི་བདེའ་འགོ་[མགོ]བོ་རྙོག་རྙོག་ན། །མཆོག་ཏུ་གཉིད་ཆེ་ཉམ་ཆུང་ཉལ་སྙིང་འདོད། །ལུས་ལྷོད་སྐོམ་དད་ཆུང་བ་བད་ཀན་ཡིན། །མཚན་ཉིད་མང་ཡང་གསུམ་པོ་འདི་རུ་འདུས། །རླུང་གི་ངོ་བོ་ཡང་ཞིང་གཡོ་བ་ཡིན། །མཁྲིས་པའི་ངོ་བོ་རླན་མདང་[མདངས]ཚ། །བད་ཀན་ངོ་བོ་གཤེར་ཞིང་འདམ། །དེ་ལ་ནད་ཀྱི་དབྱེའ་བ་ནི། །སེམས་ནད་དུག་གསུམ་དུག་ལྔ་སྟེ། །འཁོར་བའི་སེམས་ཅན་ཀུན་སྦྱོང་སྟེ། །སྨན་པས་གསོའ་བའི་ཐབས་མ་བཤད། །
ལུས་ནད་སྤྱི་རུ་དབྱེའ་བ་ལ། །དགོས་དང་མི་དགོས་སུམ་ཅུ་སྟེ། །དགོས་པའི་རླུང་ལྔ་ཞེས་བྱ་བ། །མཁའ་ལ་རྒྱུ་བའི་རླུང་ནི་ནམ་འཚང་[ཚོང]སྟོད་ན་གནས། །ལས་ནི་གླལ་སྦྲིད་མྱིག་འབྱེད་བཙུམ། །ཁ་ལུད་མཆིལ་སྣབས་གྱེན་འདྲེན་བྱེད། །སྦུ་གུ་སེལ་བའི་རླུང་ནི་གཞང་ན་གནས། །ལས་ནི་བཤང་ཁུ་བུ་འབྱིན་བྱེད། །ཟླ་མཚན་རྩ་བུག་དྲི་མ་སེལ། །དྭངས་སྙིགས་འབྱེད་པའི་རླུང་ནི་ཕོ་བར་གནས། །ལས་ནི་ཁ་ཟས་དྭངས་སྙིགས་འབྱེད། །ལུས་ཀྱི་ཟུངས་ཀྱང་བསྐྱེད་པར་བྱེད། །སྲོག་རྟེན་རླུང་ནི་སྲོག་རྩར་གནས། །ལས་ནི་སྲོག་འཛིན་ཡུལ་དུ་གནས། །འདེག་[འདེགས]པར་བྱེད་པའི་རླུང་ནི་སྙིང་སོགས་དོན་ལ་གནས། །ལས་ནི་ལུས་བསྐྱེད་འདེག་[འདེགས]པར་བྱེད། །ཁྱབ་བྱེད་རླུང་ནི་ལུས་སྤྱི་ཁྱབ། །ལུས་ཀུན་ཡང་བར་བྱེད་པ་ཡིན། །
དགོས་པའི་མཁྲིས་པ་ལྔ་ཞེས་བྱ་བ་ནི། །མཁྲིས་པ་འཇུ་བྱེད་ཟས་ཀུན་འཇུ། །མཁྲིས་པ་ལྟས་[བརྟས]བྱེད་ལུས་ལྟས་[བརྟས]བྱེད། །མཁྲིས་པ་རྟེན་བྱེད་ལུས་རྟེན་བྱེད། །མཁྲིས་པ་འབེབ་བྱེད་ལུས་དྲོད་འབེབ། །མཁྲིས་པ་གསལ་བྱེད་ལུས་གསལ་བློ་རྣོ་བྱེད། །དགོས་པའི་བད་ཀན་ལྔ་པ་ཡིན། །བད་ཀན་གསལ་བྱེད་དབང་པོ་ཀུན་གསལ་བྱེད། །བད་ཀན་འཇུ་བྱེད་ཟས་སྟོབ་[སྟོབས]འཇུ། །བད་ཀན་ལྟས་[བརྟས]བྱེད་ལུས་ལྟས་[བརྟས]བྱེད། །བད་ཀན་བརྟེན་[རྟེན]བྱེད་ལུས་བརྟེན་[རྟེན]བྱེད། །བད་ཀན་དྲོད་འབེབ་ལུས་དྲོད་འབེབ། །དེ་ལ་མེ་[མི]དགོས་རླུང་ལྔ་ནི། །སྨྱོ་བྱེད་འབོག་བྱེད་འཐོམ་བྱེད་དང་། །འབའ་ག་དྲོད་པོ་ཆེ་དང་སྨྲ་བྱེད་དོ། །མི་དགོས་མཁྲིས་པ་ལྔ་བསྟེན་པ། གཤའ་[གྵ]ཡ་མྱིག་སེར་རྩ་རྒྱུག་དང་། །ཟ་བྱེད་རྨོང་[རྨོངས]བུ་ལྔ་ཡིན་ནོ། །སྤྱིར་མི་དགོས་པའི་བད་ཀན་ནི། །དཀར་པོ་སེར་པོ་སྨུག་པོ་དང་། །ལྗང་ཁུ་ནག་པོ་ལྔ་ཡིན་ནོ། །གཅིག་སྐྱེས་ནད་ཡིན་གཉིས་སྐྱེས་ལྡན། །གསུམ་ནི་འདུས་པའི་སྲོག་ལ་དགོས། །དེ་ལ་ནད་ཀྱི་གནས་རྣམས་ནི། །ཡན་ལག་དབྱེའ་བའི་རྩ་བར་ལྟོས། །རིན་པོ་ཆེན་གསང་བའི་ཏི་ཀ་ལས། །ནད་དང་ནད་གནས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།
ལེའུ་བཅུ་བདུན་པ། བྱ་ཞིང་བྱེད་པའི་གནས་བསྟན་པ།
བྱ་བྱེད་འཕྲུལ་གྱི་ལྡེ་[སྡེ]མདོའ་བཤད། །གསོའ་བྱ་ནད་པ་བསྟན་པ་ནི། །ནད་པ་རྫས་ཕྱུགས་ཡོ་བྱད་ལྡན། །གདམས་པའི་བསྒོའ་བ་མཉན་པ་དང་། །རྨུག་[སྨུག]བྲལ་ཤེས་པ་ཆེ་བ་དང་། །ལུས་ཟུངས་སེམས་སྟོབས་བཟང་བ་དང་། །ཆེ་བཅོས་ང་རྒྱལ་སྦངས་[སྤངས]པ་དང་། །གཞན་འཁོར་བསྟེན་ལ་མཁས་པ་དང་། །འཛིན་ཆགས་སེར་སྣ་བྲལ་བ་དང་། །བསྟེན་སྒོས་སྲོག་ལ་ཆགས་པ་དང་། །དྲིས་པའི་རྟགས་རྣམས་ཟློ་མཁས་དགུའ། །གསོའ་བྱེད་བསྟན་བཅོས་དགུའ་བསྟན་པ། །རིགས་བཟང་ཁུངས་དང་ལྡན་པ་དང་། །གདུངས་པའི་སེམས་བརྩེའ་ཆེ་བ་དང་། །ཅི་སྤྱོད་གཙང་སྦྲར་ལྡན་པ་དང་། །མ་གལ་ཡང་དང་ཞི་དང་ལྡན། །ཉིན་མཚན་སྐྱོ་ངལ་མྱེད་པ་དང་། །དགའ་བའི་གཏམ་རྒྱུད་ཟློ་མཁས་དགུ། །གསོའ་མཁན་སྨན་པའི་བསྟན་ཆོས་དགུ། །སྨན་པ་མཁས་བསྟེན་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་སྦྲ་ལྡན། །རྟོག་དཔྱོད་བརྩོན་ལ་དབང་པོ་ཞི་ཞིང་དུལ། །ཐོས་ལྡན་ངང་བཟང་འགྲོ་ལ་སྙིང་བརྩེའ་དང་། །གཞན་དོན་ལྷུར་ལེན་སྐྱེས་བུ་དམ་པའི་མཆོག །དཔྱད་རྣམས་གང་ལ་ཐོག་རྡུགས་ཉམ་ང་མྱེད། །ནུས་མཐུའ་སྦྱོར་སྡེབ་བསིལ་དྲོད་སྦྱར་ལ་མཁས། །འདོད་པའི་སེམས་སྤངས་ཚད་མྱེད་དོན་དང་ལྡན། །འདི་དགུ་སྨན་པའི་བསྟན་བཅོས་ཡིན། །ཉི་ཤུ་རྩ་བདུན་ཚང་ན་ནད་པ་སོས། །མདོའ་རིན་པོ་ཆེ་གསང་བའི་ཏི་ཀ་ལས། །བྱ་ཞིང་བྱེད་པའི་གནས་བསྟན་པའི་ལེའུ་སྟེ་བཅུའ་བདུན་པའོ།། །།
ལེའུ་བཅོ་བརྒྱད་པ། རྩི་མཆོག་མ་གི་ཏ་སྤྱིར་བསྟན་པ།
སྨན་གནས་བདུད་རྩི་མ་གི་ཏ། །བསྐྱེད་པའི་རྒྱུ་ནི་འབྱུང་བ་ལྔ། །མྱེ་ཡིས་དྲོད་བསྐྱེད་ཆུ་ཡིས་རླན[བརླན]། །ས་ཡིས་བསྐྱེད་ཅིང་རླུང་གིས་སྤྱོད[བསྐྱོད]། །ནམ་མཁའ་ལོ་འབྲས་གོ་ཡང་འབྱེད། །དེ་ལས་སྐྱེས་པའི་ས་གཞིའི་ནི། །ཆུ་ཡི་གཞུང་དང་གལ་མཐོའ་དང་། །ཡིད་འོང་ཉམས་དགའ་ས་གཞིའ་བཟང་། །ལྷ་གཉན་ལྷ་སྨན་གནས་ས་དང་། །གཡའ་བྲག་ནག་འཚལ་[ནགས་ཚལ]འོང་བའོ། །བཏུའ་དུས་གསུམ་ནི་དབྱར་དཔྱིད་སྟོན། །དབྱར་ལོ་སྟོན་འབྲས་དཔྱིད་རྩ་བ། །རོ་དྲུག་ཁ་དང་མངར་བ་དང་། །སྐ་[བསྐ]དང་ཚ་དང་ལན་ཚྭ་སྐྱུར་དང་ངོ་། །ནུས་པ་བརྒྱད་ནི་ལྕི་དང་ཡང་བ་དང་། །ཚ་དང་བསིལ་དང་འཇམ་པ་དང་། །རྣོ་དང་སྣུམ་དང་རྩུབ་པའོ། །
ཚ་བ་གྲངས་ཀྱི་དབྱེའ་བ་ནི། །ས་རྡོའི་དབྱེའ་བ་ལྔ་ལྔའོ། །ཁ་དོག་སྨན་དུ་འགྲོ་བ་དང་། །གནས་དང་རོ་དང་ནུས་པ་དང་། །བཅུད་དང་སྨན་དུ་འགྲོ་བ་ལྔ། །ཤིང་སྨན་དབྱེའ་བ་རྣམ་པ་བདུན། །རྩ་བ་ལོ་མ་ཡན་ལག་གསུམ། །མེ་ཏོག་ཐང་ཆུ་པ་ཏྲ་དང་། །ལྕ་བ་དང་ནི་བདུན་བསྟན་ནོ། །སྔོ་ཡི་སྨན་ལ་དབྱེ་བ་དྲུག །མུ་[མཱུ]ལ་སུ་བུ་[ལུ]ཤུན་པ་དང་། །པ་ཏྲ་པུས་པ་[པུཥྤ]གེ་སར་དྲུག །མྱེའི་སྨན་ལ་དབྱེའ་བ་དྲུག །ཚ་དུབ་དྲོ་ས་གནས་ཀྱི་མྱེ། །སྟོན་དཔྱིད་གདུངས་པ་དུས་ཀྱི་མྱེ། །ལང་ཙོ་[ཚོ]དར་བ་ན་སོའི་མྱེ། །དྲོད་དགུ་སྦྱོར་བ་སྨན་གྱི་མྱེ། །སྤྲ་བ་རེག་བྱ་འབྱུང་བའི་མྱེ། །ཆུའི་སྨན་ལ་དབྱེའ་བ་ལྔ། །ངད་ཅན་གྲང་བ་གནས་ཀྱི་ཆུ། །དབྱར་དགུན་བསིལ་བ་དུས་ཀྱི་ཆུ། །རྒས་དང་བྱིས་པ་ན་སོའི་ཆུ། །བསིལ་དགུ་སྦྱོར་བ་སྨན་གྱི་ཆུ། །གཞུང་ཆུ་ལུ་མ་འབྱུང་བའི་ཆུ། །འབྲས་བུའི་སྨན་ལ་དབྱེའ་བ་བཞི། །འབྲུ་དང་འབྲུ་ཁུ་འབྲུ་མར་དང་། །འབྲུ་ཚོགས་ནང་ན་བཞི་རུ་བཤད། །རིན་པོ་ཆེ་ལ་དབྱེའ་བ་བརྒྱད། །གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུའ། །བྱུ་རུ་རིན་ཆེན་བསྡེབ་དང་བརྒྱད། །སྲོག་ཆགས་དབྱེའ་བ་འདི་ལྟ་སྟེ། །སྦལ་སྦྲུལ་པད་མོའི་བཅད་འབྱོར་ཡིན། །ན་བུན་བོ་[བུ]མོ་སྡིག་སྲིན་ཀ་ཀ་རུ། །སྲོག་ཆགས་སྤྱི་ལས་བྱུང་བའི་སྨན། །དེ་ལ་དབྱེའ་བ་བཅུ་གསུམ་སྟེ། །པགས་པ་ཤ་དང་རྐང་ཚིལ་ཁྲག །མཁྲིས་པ་གླད་པ་ཤ་དང་རྭ། །རུས་པ་སེན་མོ་སོ་དང་སྤུ། །སྦྱར་ཐབས་ལྔ་ནི་འདི་ལྟ་སྟེ། །ཐང་དང་ཕྱེ་མ་རུ་[རི]ལུ་དང་། །འདེའུ་[འདེ་གུ]སྨན་མར་དག་དང་སྦྱར། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །རྩི་མཆོག་མ་གི་ཏ་སྤྱིར་བསྟན་པའི་ལེའུ་སྟེ་བཅོའ་བརྒྱད་པའོ།། །།
ལེའུ་བཅུ་དགུ་པ། སྨན་གྱི་འདྲ་དཔེ་བསྟན་པ།
འདྲ་ཡིག་མྱེ་ལོངས་[ལོང]དཀར་པོ་བཤད། །ག་པུར་ཁྲག་པ་བཅགས་པ་འདྲ། །འཛ་ཏི་པ་[ཕ]ལ་མྱི་མགོ་སྐམ་པོ་འདྲ། །ཅུ་གང་བག་ཕྱེ་ཡོལ་མོ་འདྲ། །གུར་གུམ་གསེར་གྱི་ཕྱེ་མ་འདྲ། །ཀ་ཀོ་ལ་ནི་མྱི་རྒན་སེན་མོ་འདྲ། །སུག་སྨེ་[སྨེལ]བྲ་བོ་རུག་མ་འདྲ། །ལི་ཤི་ཟངས་ཀྱི་འཛེར་བུ་འདྲ། །བཟང་པོ་དྲུག་གི་འདྲ་ལུགས་ཡིན། །ཡུལ་བཟང་དྲུག་ན་སྐྱེ་བ་ཡིན། །དོན་སྣོད་དྲུག་གི་ཁ་འཛིན་ཡིན། །མོན་འཇ་[ཆ]ར་ནི་ཁྲག་སྐམ་འདྲ། །སླེ་ཏྲེས་བྲ་མའི་རྩ་བ་འདྲ། །སྤྱི་བཞུལ་[བཞུར]ལྗང་[ལྕང]མའི་སྐོག་[སྐོགས]པ་འདྲ། །འགའ་ན་[གནྡྷ]པ་ཏྲ་སྤྲ་བ་དྲིལ་བ་འདྲ། །འགྷ་དྷ་[གནྡྷ]པ་ཏྲ་ཡུངས་མ་གཤག་བུ་འདྲ། །ཨུཏྤལ་སྤང་རྒྱན་བེམ་པ་འདྲ། །གུ་གུལ་ནག་པོ་ཐང་ཆུ་བསྒོངས་པ་འདྲ། །གུ་གུལ་དཀར་པོ་ཐང་ཆུ་བསྐམ་པ་འདྲ། །གྷྲི་[གི]ཧང་རིལ་མ་ཆུས་ཁྱེར་འདྲ། །བ་ལི་[ལེ]ཀ་ནི་སྦུར་མོ་རྩ་བ་འདྲ། །ཀན་ཀ་[ཀཎྜ]ཀ་རི་སེ་བ་གཞོན་ནུ་འདྲ། །པུ་ཤལ་[ཤེལ]ཙེ་ནི་འཇག་མའི་རྩ་བ་འདྲ། །གསེར་གྱི་མེ་ཏོག་གསེར་ནི་[གྱི]བཙོའ་མ་འདྲ། །དྷན་དྷ་སྦུར་བུ་འགོ་[མགོ]བཅད་འདྲ། །ཤིང་ཚ་སྟག་མའི་ཤུན་པ་འདྲ། །འུ་སུ་གའུ་ཁ་སྦྱོར་འདྲ། །དརྱ་ཀན་ནི་དྲི་མ་དྲིལ་བ་འདྲ། །གླ་སྒང་ས་ནག་གྲོ་མ་འདྲ། །ལི་ག་ཏུར་[དུར]མོན་བུ་སྐམ་པོ་འདྲ། །ར་སྣ་མུ་[མཱུ]ལ་བསྲེགས་པ་འདྲ། །གསོའ་[སོ]མ་ར་ཙ་བྱི་བའི་མཁལ་མ་འདྲ། །ཟི་ར་ནག་པོ་སོལ་ཕྱེ་འདྲ། །ཙི་ཏྲ་ཀ་ནི་ཟ་[ཟྭ]ཤིང་སྐོམ་[སྐམ]པོ་འདྲ། །ན་ན་[གཱ་]པུས་པ་[པུཥྤ]ཉུང་ཤུན་སྐམ་པོ་འདྲ། །ནིམ་པ་ཟ་[ཟྭ]ཡི་ལོ་མ་འདྲ། །ག་[ཀ]པེད་བྱིས་པའི་གླད་ཕོར་འདྲ། །ཡ་བག་ཤ་[བཀྵ]ར་བག་ཟན་བསྐམ་པོ་འདྲ། །པི་[བྱི]ཏང་ཀ་ནི་སྲད་མ་སད་ཁྱེར་འདྲ། །མ་ནུ་རྟ་སྐམ་ནུ་མ་འདྲ། །གཙག་[བཙག]ནི་སྙུང་མ་གཤག་བུ་འདྲ། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །སྨན་གྱི་འདྲ་དཔེ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།
ལེའུ་ཉི་ཤུ་པ། རོ་དང་ནུས་པ་བསྟན་པ།
སྨན་གྱི་རོ་བཙལ་སྡེབ་མདོག་ཁྲ་བོ་བཤད། །སྨན་ལ་རོ་ཡོད་རོ་ལ་ནུས་པ་འབྱུང་། །རོ་ནི་ཁ་མངར་སྐ་[བསྐ]བས་མཁྲིས་པ་སེལ། །ཚ་སྐྱུར་ལན་ཚྭས་བད་ཀན་སེལ། །མངར་སྐྱུར་ལན་ཚྭས་རླུང་ནད་སེལ། །ཚ་བ་སེལ་བས་གྲང་རླུང་བསྐྱེད། །གྲང་བ་སེལ་བས་ཚ་བ་བསྐྱེད། །དྲག་[དྲགས]ན་ལྡོག་པའི་རྒྱུ་རུ་བཤད། །ནུས་པ་བརྒྱད་པར་དབྱེའ་བ་གསུམ། །བསིལ་དང་དྲོད་དང་སྙོམ་པའོ། །དེ་ཡང་བཏང་དང་སྤང་བའོ། །ནུས་པ་བསིལ་བ་འདི་རྣམས་སོ། །ག་ཕུར་[བུར]བསིལ་བ་ཡིན་ཏེ་ཇུ་[ཅུ]གང་མྱེ་དང་དུག་མཚོན་འདྲ། །ཙན་དྷན་[དན]གློ་སྙིང་ཚ་བ་སེལ། །འགི་[གི]ཝཾ་དུག་དང་འཁྲུག་པ་སེལ། །གསོའ་[སོ]མ་ར་ཙས་ཆུ་སེར་ཚ་བ་སེལ། །གུར་གུམ་མཆིན་པའི་ནད་རྣམས་སེལ། །ཇུ་[ཅུ]གང་གློ་བའི་ནད་རྣམས་སེལ། །བ་ཤ་ཀས་ནི་མཆིན་ཚད་རིམ་[རིམས]ནད་ཚད་རྙིང་སེལ། །སྤྱི་བཞུལ་[བཞུར]འདུས་པའི་ཚ་བ་སེལ། །ཏིག་ཏས་ཁྲག་དང་མཁྲིས་པ་སེལ། །ཧོང་ལེན་ཚ་འཁྲུའི་ཟུག་གཟེར་འཇོམ[འཇོམས]། །དུག་མོ་ཉུང་གིས་ཁྲག་མཁྲིས་སེལ། །འབྲས་བུ་གསུམ་གྱིས་ལྡན་དང་འདུས་པ་སེལ། །སྤང་རྩི་དོ་བོས་སྙིང་ཚད་དུག་ནད་སེལ། །གསེར་གྱི་མེ་ཏོག་མཁྲིས་པ་སྣོད་དུ་ལྷུང་བ་སེལ། །མཁྲིས་པ་རྣམས་ཀྱིས་སྐེམས་དང་རྩ་ཆད་མཐུད། །སྐྱེར་པས་དུག་དང་ཆུ་སེར་སེལ། །རྡོ་དྲག་[དྲེག]རྣག་དང་ཆུ་སེར་སྐེམ། །ལྡུམ་བུ་རེའུ་རལ་དུག་ནད་སེལ། །གུ་གུལ་དཀར་པོས་ཆུ་སེར་སེལ། །དུག་མོ་ཉུང་གིས་མཁྲིས་པའི་ཚ་བ་སེལ། །རྒུན་འབྲུམ་གློ་བའི་ནད་ལ་ཕན། །སྟར་བུས་གློ་ནད་འགོག་པར་བྱེད། །བོང་ང་དཀར་པོས་དུག་ནད་སེལ། །གླ་རྩིས་ཚ་བའི་ནད་རྣམས་འཇོམ[འཇོམས]། །པདྨ་གེ་སར་མཁྲིས་པ་སེལ། །སུམ་ཅུ་ཏིག་གིས་ཚ་བ་སེལ། །ལྷག་པར་མཚེར་པའི་ཚ་བ་སེལ། །མཚེ་ཡིས་རྣགས་[རྣག]དང་ཆུ་སེར་སྐེམ། །རྭས་སྐེམ་པར་བྱེད་པ་ཡིན། །ཁུར་མང་ཁྲག་མཁྲིས་ཚ་བ་འཁྲུའ། །རྒྱ་སྐག་བྱང་ཁོག་རྣག་འཚོའ་[མཚོ]འདྲེན། །སྤང་རྒྱན་ཀར་པོས་ཚ་འགག་སེལ། །ཙན་དན་དཀར་པོས་ཚ་བ་སེལ། །ཙན་དན་དམར་པོས་ཁྲག་ནད་སྐེམ། །གླ་སྒང་ལི་ག་ཏུར་[དུར]གྱིས་གློ་ནད་སེལ། །ཤིང་མངར་བུ་ཅུང་གློ་ནད་སེལ། །ཀ་རས་བསིལ་གྱི་སྣ་འདྲེན་བྱེད། །ར་[རྭ]ཡི་ནུས་པ་འདི་རྣམས་ཡིན། །
ཁ་རུ་ཚ་ཡིས་གྲང་བ་སེལ། །རྩབ་རུ་ཚ་ཡིས་བད་ཀན་སེལ། །རྒྱ་ཚས་བད་ཀན་མ་ཞུ་སེལ། །དོང་བས་རླུང་ནད་སེལ་བར་བྱེད། །ན་ལེ་ཞམ་[ཤམ]གྱིས་གྲང་རླུང་སེལ། །འཛ་ཏིས་སྙིང་ནད་དང་བསྡོང་རིམ་[རིམས]ནད་སེལ། །ཀ་ཀོ་ལས་མཚེར་པའི་གྲང་སྦོས་སེལ། །བཞི་མོས་ཚ་བས་ཚ་སྐྲན་སེལ་བར་བྱེད། །ལ་ལ་ཕུད་དང་མ་ནུས་བད་ཀན་གྲང་བ་སེལ། །ཤིང་ཀུན་རླུང་ནད་སེལ་བར་བྱེད། །ཆུ་དག་རུལ་བཅད་འཁྲུའ་བར་བྱེད། །པི་[བྱི]ཏང་ཀས་སྲིན་ནད་སེལ་བར་བྱེད། །ལི་ཤིས་འབྲུམ་ནག་རིམ་[རིམས]ནད་སེལ་བར་བྱེད། །རྩ་བས་རྩབ་དང་ཆུ་སེར་སེལ། །བཙན་དུག་བཏུལ་བས་སྐྲན་ནད་སེལ། །སྒོག་པས་རླུང་དང་ཆུ་སེར་སེལ། །ཐལ་བ་མུ་ཟིས་སྐེམ་པར་བྱེད། །ཤིང་ཁུན་[ཀུན]རྡོའི་ནུས་པ་གསོའ་བར་བྱེད། །བྱ་མ་བྱིའི་བུ་ནད་སེལ། །སྡིག་པས་ཆུ་འགག་ས་སེལ་བར་བྱེད། །ད་ལིས་སྙོམ་པས་ཚ་གྲང་ཀུན་ལ་ཤེིས། །བསེའ་ཡབ་སྙོམས་ཏེ་ཞུ་ནས་བསིལ། །སླེ་ཏྲེས་འདྲེས་པའི་ནད་རྣམས་འཇོམས། །གོ་སྙོད་བད་རླུང་འདྲེས་པ་སེལ། །རྒོ་བ་ཤས་མཁྲིས་ནད་སེལ་བར་བྱེད། །ལོང་[ལོ]བཙན་མེ་ཏོག་འཁྲུ་བ་གཅོད། །བྱི་ཚེར་མེའི་[མིས]རིམ་[རིམས]ནད་སེལ། །རྒུན་འབྲུམ་གློ་ནད་ཚ་གྲང་སེལ། །ཤིང་མངར་རླུང་སེལ་འཇུ་བར་བྱེད། །སེ་རྒོད་ཆུ་སེར་ཚ་བའི་ཚབ་[ཚབས]ནད་སེལ། །ཐ་སྐར་རྡོ་རྗེ་རྣག་སྐེམ་ཆུ་སེར་འཇོམས། །དན་དྷ་སྙོམས་ཏེ་འདུ་བ་འཁྲུ། །དུར་བྱིད་སྨད་ནད་སེལ་བར་བྱེད། །གསེར་གྱི་ལོ་མ་བྱ་ཀྲ་པད། །དེ་ཡང་དེ་བཞིན་འདྲེན་པའི་མཆོག །།རྒྱ་ཤུག་འབྲུ་གུས་མཁལ་ནད་སེལ། །ཞོ་ཤ་རྣམ་གཉིས་ནད་ལ་ཕན། །སྤང་རྩི་སྙོམ་པས་སྣ་འདྲེན་ནོ། །ནད་དང་དོན་ལ་སྦང་[སྤང]བ་ནི། །རྩབ་རུ་ཚ་ནི་རླུང་ལ་སྤངས། །སྤྱིར་ཡང་ཚ་[ཚྭ]སྣ་རྣམས་ནི་ཁྲག་དང་མཁྲིས། །བད་ཀན་སྨུག་པོ་དག་ལ་སྤང་། །ཁ་རུ་ཚ་ནི་སྙིང་རླུང་དག་ལ་སྤང་། །པི་པི་ལིང་ནི་བད་ཀན་སྨུག་ལ་སྤང་། །གཡེར་མ་སྙིང་རླུང་ཅན་ལ་སྤང་། །ལྕ་བ་བད་ཀན་སྨུག་ལ་གནོད། །དེ་རྣམས་སྤང་བ་བསྟན་པ་ཡིན། །
སྤྱིར་ན་བསིལ་བས་ཚ་བ་སེལ། །དྲག་[དྲགས]ན་རླུང་དུ་ལྡོག་པ་ཡིན། །དྲོ་བས་གྲང་བ་སེལ་བ་སྟེ། །དྲག་[དྲགས]ན་ཚ་བར་ལྡོག་པར་བྱེད། །ཡང་བས་བད་ཀན་སྨུག་པོ་སེལ། །དྲག་[དྲགས]ན་རླུང་དུ་ལྡོག་པ་ཡིན། །ལྕི་བས་རླུང་ནད་སེལ་བར་བྱེད། །དྲག་[དྲགས]ན་བད་ཀན་ནད་དུ་ལྡོགས[ལྡོག] །སྣུམ་པས་པག་[པགས]ནད་ཟ་ཕྲུག་སེལ། །དྲག་[དྲགས]ན་བད་ཀན་མཁྲིས་པར་ལྡོགས[ལྡོག] །འཇམ་པས་ལུས་ཟུངས་་འཛིན་པར་བྱེད། །ཞན་ན་ནད་མྱི་ཐོན་པར་བྱེད། །རྩུབ་པས་ཀུ་ལོག་གཡབ་ཀྱིས་འདེབ[འདེབས]། །དྲག་[དྲགས]ན་སྲོག་ལ་རྒོལ་བ་ཡིན། །རྣོ་བས་འདྲེན་ཅིང་སྐེམ་པར་བྱེད། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །སྨན་གནས་རིན་ཆེན་མྱེ་ལོང་ལས། །རོ་དང་ནུས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།
ལེའུ་ཉེར་གཅིག་པ། ངོས་བཟུང་རྟགས་བསྟན་པ།
ངོས་བཟུང་རིན་ཆེན་སྒྲོན་མ་ནི། །དང་པོ་རེག་པ་རྩ་ལ་བལྟའ། །ཟས་སྐོམ་སྤྱོད་ལམ་གདམས་པ་ནི། །ཉུང་མི་བསྡམ་མང་མི་སྨྲ་ཆང་མི་བཏུང་། །འགྲངས་པ་མི་བྱ་ལྟོག་[ལྟོགས]མི་བྱ། །གྲང་བ་མ་ཡིན་དྲོ་མི་བྱ། །འཛིང་འབུར་ཉལ་པོ་སྤང་བར་བྱ། །མ་འགུལ་རྩ་ལ་བརྟག་པ་ནི། །ཕྱིའི་རླུང་ཡང་ནང་མ་ཞུགས། །ནང་གི་དབུགས་ཀྱང་ཕྱིར་མ་བུད། །དྲག་དལ་གྲང་དྲོ་སྤང་བྱས་ལ། །ཉི་མ་རི་རྩེར་ཤར་ནས་བརྟགས། །སོར་མོ་སྡེ་གསུམ་བཅད་པ་ནི། །མཛུབ་མོ་ཚོན་ལ་གུང་མོ་ཀན། །སྲིན་ལག་ཅག་[ཆག]ཏུ་ཤེས་པར་བྱ། །ཙོན་[ཚོན]གྱིས་སྟོད་ལ་ཀན་གྱིས་བར། །ཅག་[ཆག]གིས་སྨད་དུ་ཤེས་པར་བྱ། །སོར་དྲུག་དོན་སྣོད་དབྱེའ་བ་ནི། །སྨན་པའི་ལག་གཡས་ནད་པའི་གཡོན། །ཚོན་གྱི་ཡ་ཟུར་སྙིང་རྩ་རྒྱུ། །མ་ཟུར་རྒྱུ་མར་ཤེས་པར་བྱ། །དེ་བཞིན་ཀན་ལ་མཆིན་པ་མཁྲིས། །ཅག་[ཆག]ལ་མཁལ་མ་གཡོན་བསམ་སེའུ། །སྨན་པའི་ལག་གཡོན་ནད་པའི་གཡས། །ཚོན་ལ་གློ་དང་ལོང་ཁ་སྟེ། །ཀན་ལ་མཚེར་པ་ཕོ་བའོ། །ཅག་[ཆག]ལ་མཁལ་གཡས་ལྒང་པའོ།།
ཕོ་སྙིང་གཡོན་ལ་མོའི་གཡས། །དོན་སྣོད་གཞན་པ་མཐུན་པའོ། །སོར་མོ་ཡ་ཟུར་དོན་ཡིན་ཏེ། །མ་ཟུར་སྣོད་དུ་ཤེས་པར་བྱ། །དུས་བཞིའི་ཁམ་ལ་[ཁམས་ལྔ]བརྩིའ་བ་དང་། །དབྱར་གསུམ་སྙིང་རྒྱུ་མྱེ་ཡི་ཁམས། །ཆེ་ཞིང་སྦོམ་པར་བསྟན་པ་ཡིན། །མནན་ན་མི་ནོན་བཏེག་[བཏེགས]ན་གང་། །སྟོན་གསུམ་གློ་བ་ལྕགས་ཀྱི་ཁམས། །ཐུང་ཞིང་རྩུབ་པར་བསྟན་པ་ཡིན། །དྲག་ཅིང་མྱུར་བ་དག་ལ་ཟེར། །དགུན་གསུམ་མཁལ་མ་ཆུའི་ཁམས། །དལ་ཞིང་གཡུང་བར་བསྟན་པ་ཡིན། །ཐ་ཅུང་ལ་བཅུ་གསུམ་མན་ཆད། །མཚེར་པ་སའི་ཁམས་སུ་གཏོགས། །དལ་ཞིང་ནུལ་བར་བསྟན་པ་ཡིན། །ཁམས་ལྔ་ལོག་དང་མ་ལོག་ནི། །མྱེ་དུས་ཆུ་འབྱུང་ཆུ་ལས་ས། །ས་ལས་ཤིང་འབྱུང་ཤིང་ལས་ལྕགས། །ལྕགས་མྱེ་གཉིས་ནི་དགྲ་རུ་བཤད། །དེ་ནི་ལོག་སྟེ་དགྲ་ཁམས་དར། །ཡང་ན་དུག་རྒྱུགས་ཡང་ན་འཆི། །མྱེ་ལས་ཤིང་འབྱུང་ཤིང་ལས་ཆུ། །ཆུ་ལས་ལྕགས་འབྱུང་ལྕགས་ལས་ས། །ས་ལས་མྱེ་འབྱུང་མྱེ་དུས་ལྕགས། །ལྕགས་ལས་ཆུ་འབྱུང་ཆུ་དུས་ཤིང་། །ཤིང་དུས་མྱེ་འབྱུང་དེ་དག་ནི། །གདོན་པ་བྱུང་ཞིང་ནད་གཞིའ་ཆེ། །མྱེ་ལས་ལྕགས་འབྱུང་ལྕགས་དུས་ཤིང་། །ཤིང་དུས་ས་འབྱུང་ས་དུས་ཆུ། །ཆུ་དུས་མྱེ་འབྱུང་གྲོགས་དང་འཕྲད། །ནད་གཞིའ་ཆུང་ཞེས་བསྟན་པའོ།།
ཚ་གྲང་ཕར་[འཕར]གྲངས་བསྟན་པ་ནི། །སྨན་པའི་དབུགས་ནི་ཐ་མལ་ལོ། །ཕྱི་རུ་རྒྱུ་དུས་རྩ་གཉིས་འཕར། །བར་དུ་གཅིག་སྟེ་ལྔ་འཕར་ན། །ནད་མེད་བདེའ་བའི་ཆ་ལ་གནས། །དྲུག་བདུན་འཕར་ན་ཚ་བ་སྟེ། །བཞི་གསུམ་གཉིས་འཕར་གྲང་བའོ། །དེ་ལ་ནད་ཀྱི་རྟགས་བསྟན་པ། །སྟོང་ཞིང་རྐྱལ་ན་རླུང་གི་རྩ། །འཕྲ་ལ་གྲིམ་ན་མཁྲིས་པའི་རྩ། །དལ་ཞིང་བུལ་ན་བད་ཀན་ནོ། །དལ་མཁྲངས་[མཁྲང]ན་བ་བད་ཀན་སྨུགས[སྨུག] །འབུར་ཞིང་འདྲིལ་བ་ཁྲག་གི་རྩ། །ཞར་ཞིང་འདྲིལ་བ་ཁྲག་གི་རྩ། །ཞར་ཞིང་ཞན་པ་སྐྲན་གྱི་རྩ། །འདར་ཞིང་འཁྱིག་པ་སྲིན་གྱི་རྩ། །འདར་ཞིང་རྒྱུ་དཀའ་ཆུ་སེར་རྩ། །ཁ་ཆུ་འཁྱིལ་ནུལ་ལྡན་དང་འདུས། །ནད་རྟགས་དེ་རྣམས་དོན་དང་སྣོད། །གར་བྱུང་བ་དེས་ནད་དེར་བཟུངས[བཟུང]། །དེ་ལ་གདོན་གྱི་རྩ་བསྟན་པ། །དོན་དང་སྣོད་ཀྱི་རྩ་རྣམས་དང་། །ཆེ་ཆུང་དྲག་དལ་བྱེད་ན་གདོན། །སྙིང་རྩ་དེ་བཞིན་བྱེད་ན་ལྷ་གདོན་གདོན། །མཆིན་རྩ་དེ་བཞིན་བྱེད་ན་དྲི་བོ་གདོན། །གློ་རྩ་དེ་བཞིན་བྱེད་ན་མོ་འདྲེ་གདོན། །མཁལ་རྩ་དེ་བཞིན་བྱེད་ན་མཚོའ་སྨན་ཀླུ་བདུད་གདོན། །ཚོན་རྩ་དེ་བཞིན་བྱེད་ན་རྒྱལ་པོ་བཀོར་[དཀོར]འདྲེ་གདོན། །མཚེར་རྩ་དེ་བཞིན་བྱེད་ན་ས་བདག་ས་སྲིན་གནོད། །
ལྷག་ཆད་ལྷག་པ་འདྲ་སྟེ། །ལྷག་ཅེས་བྱ་བ་གང་འབུར་ཞན། །དོན་སྣོད་གང་ལ་གང་ལྷག་པ། །བུད་མེད་མཁལ་རྩ་ལྷག་ན་ལྷག་པར་སྲིད་ཀྱི་རྩ། །ཡང་ན་མདང་སུམ་ཉལ་པོ་བྱས། །ཆད་ཅེས་བྱ་བ་མ་ཚངས་[ཚང]བ་ལ་བྱ། །མ་ཚང་བ་ནི་འཆི་བ་སྟེ། །གདོན་བཅོས་བྱས་ན་འཚོའ་ཡང་སྲེད[སྲིད]། །འཆི་བའི་ཞག་དུས་བསྟན་པ་ནི། །གློ་རྩ་མ་ཚངས་[ཚང]སྣ་འབུད་ཞག་གསུམ་ཐུབ། །མཆིན་རྩ་མ་ཚང་ཞག་གསུམ་མམ་བརྒྱད་ཐུབ། །ལྕེ་ལྐུག་སྙིང་རྩ་མ་ཚངས་[ཚང]ན། །འཆི་བདག་བདུད་ཀྱི་ཞགས་པ་ཡིན། །མཁལ་རྩ་མ་ཚངས་[ཚང]བཞིའམ་བདུན། །མཚེར་རྩ་མ་ཚངས་[ཚང]ལྟོ་དྲོས་དག་ན་འཆི། །སྤྱིར་ཡང་མཁལ་རྩ་མ་ཚངས་[ཚང]ན། །འཆི་བདག་བདུད་ཀྱི་ཞགས་པ་ཡིན། །མྱི་ན་ན་ཡང་འཆི་བར་བྱེད། །སྡོད་པར་བྱེད་པ་རྣམས་ལ་ནི། །ན་སྡོད་འཆི་སྡོད་གདོན་གྱི་སྡོད། །ཁ་ཅིག་རང་བཞིན་སྡོད་པ་ཡོད། །ཐེང་[ཐེངས]ཅིག་སྡོད་ན་ན་སྡོད་ཡིན། །ངེས་ཅན་སྡོད་ན་འཆི་སྡོད་ཡིན། །གཅིག་འཕར་སྡོད་ན་གསུམ་ན་འཆི། །གསུམ་འཕར་སྡོད་ན་ལྔ་ན་འཆི། །ལྔ་འཕར་སྡོད་ན་བཅུ་ན་འཆི། །སྦྲུལ་དང་སྦལ་པ་ན་ལ་ཟིན་པ་འདྲ་ན་འཆིའ། །རྩ་བདེའ་ནད་མ་བདེའ་ན་འཆི། །བཅུའ་འཕར་སྡོད་ན་མྱུར་དུ་འཆི། །ཉི་ཤུ་འཕར་སྡོད་མོད་ལ་འཆི། །ངེས་མེད་སྡོད་ན་འདྲེ་གདོན་ཡིན། །རང་བཞིན་སྡོད་པ་ཉེ་རིང་སྡོད། །ཁ་དོག་དཀར་དམར་སེར་དང་གསུམ། །བྱེ་བྲག་གཉིས་སུ་བརྟག་པའོ།།
དཀར་བ་བད་ཀན་རླུང་ཡིན་ཏེ། །སེར་ན་མཁྲིས་པ་དམར་ན་ཁྲག །བྱེ་བྲག་བརྟག་པ་འདི་ལྟ་སྟེ། །སྣ་རྩེར་དྲག་[དྲེག]ཆགས་ཕོ་བའི་ནད། །དྲག་[དྲེག]སྨུག་བྱད་ཁྱབ་སྲོག་རྩའི་ནད། །སྨུག་ལ་སྦམ་[སྦོམ]ན་བད་ཀན་སྨུག །བྱད་སྐྲ་[སྐྲངས]མྱིག་སྐྲངས་གློ་བའི་ནད། །སྐྲ་འཚམ་[མཚམས]དྲག་[དྲེག]ཆགས་སྙིང་གི་ནད། །གདོང་པ་གྲོ་སྐམ་བྱུང་ན་མཚེར་པའི་ནད། །གྱེན་ལྡོག་པ་ནི་སྙིང་གི་ནད། །མྱིག་སྤྲིན་སེར་བ་མཁྲིས་པ་ཡིན། །མྱིག་བཟློག་[ལྡོག]འབྲི་ཚུགས་ལྟ་བ་མཁྲིས་པ་ཡིན། །སྣ་སྒོ་སྐམ་པ་ཁྲག་མཁྲིས་ནད། །སྣ་ཆུ་མང་བ་གྲང་རླུང་བད། །ལྕེ་ལ་བརྟག་པ་འདི་ལྟ་སྟེ། །སྐམ་ལ་ཐུང་བ་ཁྲག་མཁྲིས་ཆེ། །དཀར་རློན་རིང་བ་བད་རླུང་གྲང་། །ཆུ་ལ་བརྟག་པ་འདི་ལྟ་སྟེ། །ནུབ་མོ་ཟས་སྐོམ་སྤྱོད་ལམ་དལ། །ནད་པར་ཉི་མ་རི་རྐེད་དུས། །ལྕགས་དང་དངུལ་གཞུང་དྲི་རུལ་གསལ། །མ་གསལ་ཀུ་ཡ་མདོག་མི་འོང་། །ཆུ་མདོག་ནད་ཡོད་ནད་མེད་གཉིས། །ནད་མེད་ཆུ་མདོག་བལྟའ་བ་ན། །མྱི་རྒན་དཀར་ལ་དངས་པར་བཞེད། །དར་མ་དམར་སེར་དངས་པར་བཞེད། །བྱིས་པ་སྔོ་ལ་དངས་པར་བཞེད། །རླངས་པ་ཡོད་མེད་ཙམ་དུ་བཞེད། །ལྡོག་པ་རླངས་པ་ཙམ་དུ་བཞེད། །ནད་ཡོད་ཆུ་མདོག་འདི་ལྟ་སྟེ། །དམར་ཞིང་རླུང་[རླངས]ཆེ་ཚ་བའི་ཆུ། །དཀར་ཞིང་རླངས་ཆུང་བད་ཀན་ཆུ། །སྨུག་ཅིང་དམར་བ་རིམ་[རིམས]ཀྱི་ཆུ། །སྨུག་ཅིང་གཏིང་སེར་དམུའ་ཆུའི་ཆུ། །རླང་[རླངས]ཆེ་རྣག་བག་རུལ་དྲི་བུ་རོ་ལུས། །ཀུ་ཡ་ཟས་ཀྱི་སྙིགས་མ་དེ། །ཀུ་ཡ་སྐྱ་སེར་རླུང་གི་ནད། །སྨུག་ན་བད་ཀན་སྨུག་པོ་ཡིན།།
ཀུ་ཡ་སྟེང་དུ་བྱུང་ན་བད་ཀན་འགོ་[མགོ]བོ་སྟོད་ཀྱི་ནད། །བར་དུ་སྙིག་ན་ཕོ་མཆིན་བར་གྱི་ནད། །སྨད་དུ་སྙིག་ན་ཆུ་སོ་མཁལ་མའི་ནད། །འཐུག་ནས་ཡུན་རིངས་ཐོག་ན་གནུར་ལྕི་དང་། །ཆུ་དང་ཀུ་ཡ་ཞག་ཆགས་མ་ཞུ་བ། །གདོན་ནི་ལྡོག་པའི་དུས་སུ་བརྟག །དར་ཆེན་འཕྱར་བ་འདྲ་བ་བཙན། །ཤ་རུ་འདྲ་བ་དྲི་བོ་ཡིན། །བ་དན་འཕྱར་འདྲ་བཀོར་[དཀོར]འདྲེ་ཡིན། །པད་མ་ཟླ་གམ་བྱད་འདྲེ་ཡིན། །སྦྲུལ་ལ་འདྲ་བ་བདུད་འདྲེ་ཡིན། །ཉ་འདྲ་གཉན་དང་ཕུག་བདག་ཡིན། །སྡིག་པ་འདྲ་ན་ས་བདག་ཡིན། །སྦྲ་ནག་འདྲ་ན་མ་བདུད་ཡིན། །ཕ་བོང་འདྲ་ན་འགོང་པོ་ཡིན། །འོད་འདྲ་རྒྱུ་བ་རྒྱལ་པོ་ཡིན། །རོ་ཚ་དྲི་རླང་[རླངས]ཆེ་ན་ཚ། །དྲི་ཆུང་དྲི་རླངས་ཆུང་ན་གྲངས[གྲང་]། །ལྡོག་ཀྱང་ཚ་བ་མྱུར་དུ་ལྡོགས[ལྡོག]། །སྙོམ་ལྡོག་གོང་བཞིན་ལྡོག་པ་ཡིན། །གྲངས་ལྡོགས་[གྲང་ལྡོག]གྲང་ནས་ལྡོག་པ་ཡིན། །ནད་དང་ཆུ་མདོག་མ་བྲལ་འཚོའ། །རུལ་དྲི་བྲོ་ན་ཀུ་ཡ་སངས། །བྲོ་བླགས་[གླགས]མྱེད་ནས་ལྡོག་མ་ནུས། །འཆི་བདག་བདུད་ཀྱི་ཞགས་པས་ཟིན། །དྲི་བ་སྐད་ལ་བརྟག་པ་སྟེ། །འཕྲ་ཞིང་འདར་བ་རླུང་གི་སྐད། །མྱུར་ལ་མཁྲངས་[མཁྲང]པ་མཁྲིས་པའི་སྐད། །འཛེར་ཆེ་ཐག་[ཐོག]ཆད་བད་ཀན་སྐད། །སྦོམ་ཞིང་ཐུང་བ་ཁྲག་གི་སྐད། །རིང་ན་ནད་གཞིའ་ཆེ་བ་ཡིན། །ཡང་ན་དོན་ལ་ཟིན་པ་ཡིན། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །བརྟགས་པ་རིན་ཆེན་སྒྲོན་མའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།
ལེའུ་ཉེར་གཉིས་པ། ཁ་དམར་ལྕགས་བྱང་བསྟན་པ།
ཁ་དམར་ལྕགས་བྱང་དཀར་པོ་བཤད། །སྙན་པ་འཚོའ་བའི་ཁ་དམར་ནི། །ནད་ལས་སྨན་པའི་གང་གཉན་དང་། །གདོན་གྱིས་མ་བརླབས་ལུས་ཟུངས་བཟང་། །ནད་དང་རྩ་ཆུ་གོ་མ་ལོག །སྨན་དང་དཔྱད་ལ་གསོའ་བསྐྱེད་འབྱུང་། །ཟ་ལེན་བྱང་ཁ་མ་ལྟས་དང་། །མོ་དང་སྒོས་གཏོ་བཟང་བ་དང་། །ནད་ཉམས་ཐེབ་[ཐེབས]ལ་འཁོར་བ་དང་། །འཚོའ་ཞེས་སྙན་པའི་ཁ་དམར་གདགས། །མེ་[མི]འཚོ་འབྲོས་རིངས་ཀྱི་ཁ་དམར་ནི། །ནད་པས་སྨན་པའི་ངག་མི་ཉན། །གདོན་གྱིས་བརླབས་དང་ལུས་ཟུངས་ཟད། །ནད་དང་རྩ་ཆུ་ཕྱི་ཡུལ་འགལ། །སྨན་དང་དཔྱད་ལ་གསོའ་བསྐྱེད་མྱེད། །ཟས་མི་ལེན་དང་བྱད་ཁ་ཟུག །གཉེན་དྲུང་འོང་ནས་སྨྲེ་སྔགས་འདོན། །མཁལ་རྩ་མ་ཚངས་[ཚང]སྣ་རྡོགས་[རྡོག]སྐྲངས། །འབྲོས་རིང་ཚིགས་[ཚིག]བསྟན་ཐབས་ཀྱིས་སྤངས། །ཉམས་སུ་མ་ལོན་སྦྲུལ་ལྕེ་ནི། །སོ་བ་བཏང་ཞིང་དམག་ཕྲན་དྲངས། །གསོའ་ཐབས་ཡོད་དེ་དཀའ་བོ་ཞེས། །མཁས་པས་སྦྲུལ་ལྕེ་སྨྲ་ཞིང་གསོའ། །རིན་ཆེན་གསང་བའི་ཏི་ཀ་ལས། །ཁ་དམར་ལྕགས་བྱང་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།
ལེའུ་ཉེར་གསུམ་པ། ཞི་བྱེད་ཉི་ཟླའི་འཁོར་ལོ་བསྟན་པ།
གསོའ་ཐབས་བདུད་རྩི་ཐིག་[ཐིགས]པ་བསྟན། །དེ་ལ་སྤྱི་དང་བྱེ་བྲག་གཉིས། །ཞི་སྐོར་[བྱེད]ཉི་ཟླའི་འཁོར་ལོར་བཤད། །སྦྱང་བ་གསེར་གྱི་འདར་བུ་བཤད། །དཔྱད་ལྡེ་[སྡེ]འཕྲུལ་གྱི་འཁོར་ལོ་བཤད། །འདུ་བ་ཉི་ཟེར་ཞགས་པ་བཤད། །བྱེ་བྲག་གསོ་བ་རྣམ་ལྔ་བཤད། །དོན་སྣོད་རིན་ཆེན་ཕྲེང་བ་བཤད། །ཕྲན་བུ་གསེར་གྱི་བ་དན་བཤད། །འགོ་[མགོ]བོ་རིན་ཆེན་མྱེ་ལོང་བཤད། །བྱང་ཁོག་འཕྲུལ་ལྡེ་[སྡེ]ནག་པོ་བཤད། །ཉ་[ཉྭ]བཞི་རིན་ཆེན་གཟེར་བུ་བཤད། །འདུ་བ་ཡང་ཏིག་གསང་བ་བཤད། །ཟས་བཅོས་དགྱེས་པའི་ཐིག་ལེ་བཤད། །ཁ་བྱང་དང་བཅས་པའོ།།
ཐང་གི་སྡེ་ཚན་འདི་ལྟ་སྟེ། །ཐང་གིས་མ་སྨྱིན་སྨྱིན་པར་བྱེད། །དྭངས་སྙིགས་འབྱེད་ཅིང་རྩ་སྦུབ་སེལ་བས་སྨན་གཞན་ཕན། །ཐང་ལ་རྐྱང་ཐངས་[ཐང]སྦག་པའི་ཐང་དང་གཉིས། །རྐྱང་ཐངས་[ཐང]བསྟན་པ་འདི་ལྟ་སྟེ། །ཨ་བར་ཐང་གིས་འདུས་པ་སེལ། །སྐྱུ་རུའི་ཐང་གིས་བད་ཀན་སེལ། །རྩ་[རྩབས]རུ་ཚའི་ཐང་གིས་གྲང་ནད་སེལ། །ཨ་ཤོ་གདྷའི་[གནྡྷ]ཐང་གིས་སྨད་ཀྱི་གྲང་ནད་སེལ། །སྐྱེར་པའི་ཐང་གིས་མྱིག་ནད་སེལ། །སྤྱི་བཞུལ་[བཞུར]ཐང་གིས་རུས་ནད་སེལ། །རུས་རྙིང་ཐང་གིས་ཤུ་བ་སེལ། །བྲག་ཞུན་ཐང་གིས་དྲགས་[དྲེག]དང་ཚ་བས་ཆུ་བསྲི་སེལ། །རྒྱ་ཚའི་ཐང་གིས་རྡེའུའི་ཆུ་བསྲིའ་སེལ། །ཨ་བར་ཐང་གིས་ཕོ་བའི་རླུང་མཁྲིས་སེལ། །བ་རུ་རའི་ཐང་གིས་ཆུ་སེར་སྐེམ། །བ་ཤ་ཀ་ཡིས་ཁྲག་ནད་སེལ། །སྒོག་སྐྱའི་ཐང་གིས་རླུང་ནད་སེལ། །སོ་ཕག་ཐང་གིས་མཆིན་ནད་སེལ། །ལྕག་[ལྕགས]ཁུའི་ཐང་གིས་གློ་མཆིན་ཚ་བ་དུག་ཐབ་[ཐབས]སེལ། །རུ་རྟའི་ཐང་གིས་སྨད་ཀྱི་ཚ་བ་སེལ། །འུ་སུ་ཐང་གིས་སྐོམ་པ་སེལ། །གློ་མཆིན་ཚ་བ་དུག་ནད་སྲད་མ་དཀར་པོའི་ཐང་གིས་སེལ། །ནིམ་པ་ཐང་གིས་རླུང་ནད་སེལ། །ཏིག་ཏའི་ཐང་གིས་དངས་[དང]ཁ་འབྱེད། །གླ་སྒང་ཐང་གིས་གློ་ནད་སེལ། །རེའུ་ར་[རལ]འོམ་བུའི་ཐང་གིས་དུག་ནད་སེལ། །ཁྲོམ་ཁྲོམ་ཐང་བརྡུང་རྐྱང་དུ་གདུ། །སྤགས་མར་བཏང་བ་འདི་ལྟ་སྟེ། །འབྲས་བུ་གསུམ་དང་སླེ་ཏྲེས་པར་པ་ཐང་། །གདུས་ཏེ་བཏང་བས་ཚ་བ་སྨིན་པར་བྱེད། །མ་ནུ་ཀན་ཏ་[ཀཎྜ]ཀ་རི་དང་། །སླེ་ཏྲེས་བོང་པ་ལུམ་བུ་ཡིས། །དང་ཁ་འབྱེད་ཅིང་ཁྲག་ནད་སེལ། །དུག་མོ་ཉུངས་དང་ཏིག་ཏ་པུ་ཙེ་ཤེལ། །ལི་ག་དུར་དང་སྐྱུ་རུ་ར། །སྦང་ནས་བཏང་བས་ཚ་བ་འབྱིན་ཅིང་སེལ། །བ་ཤ་ཀ་དང་བ་ལི་[ལེ]སྤང་རྩི་དོ་བོ་དང་། །པར་པ་ཏ་དང་ཁྱི་ལྕེ་དཀར། །བསྐོལ་གྲང་བཏང་ན་ཁྲག་ནད་སེལ། །ཨ་བར་ལྕིམ་རྩ་པི་པི་ལིང་། །སྤང་རྩི་དོ་བོ་ལྕག་དྲག་[ལྕགས་དྲེག]གིས། །གདུས་བཏང་བྱིབ་[བྱིབས]ལ་དངུལ་[རྔུལ]བཏོན་བྱ། །ཚ་བས་བསིལ་དང་འཐིབ་པ་སེལ། །སྤང་རྒྱན་དང་ནི་བ་ལི་[ལེ]ཀ །ཤིང་མངར་ཁ་ར་བཏབ་བཏང་བས། །གྲང་བའི་ནད་རྣམས་སེལ་བར་བྱེད། །ཙི་ཏྲ་དབྱིའ་མོངས་[མོང]པི་པི་ལིང་། །ཚ་[ཚྭ]སྣ་བཏབ་བཏང་སྐྲན་ནད་སེལ། །སྒ་སྤོད་ཐང་གིས་བད་ཀན་སེལ། །ཐང་མ་ཞུ་བར་ཟས་སྐོམ་བསྡམས། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །ཞི་བྱེད་ཉི་ཟླའི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།
ལེའུ་ཉེར་བཞི་པ། ཕྱེ་མ་བསྟན་པ།
ཕྱེ་མ་སྦྱར་ལུགས་རྣམ་པ་བཞི། །རྒྱལ་པོ་ག་བུར་སྦྱར་བ་དང་། །བློན་པོ་གུར་གུམ་སྦྱར་བ་དང་། །རྗེའུ་སེའུ་འབྲུ་སྦྱར་བ་དང་། །ཕལ་བ་འབངས་ཀྱི་སྦྱར་བའོ། །སྦྱོར་ལུགས་རྣམ་བཞི་ངོ་མཚར་ཅན། །རྒྱལ་པོ་ག་པུར་སྦྱར་བ་ལ། །ག་བུར་སྣ་དྲངས་བཟང་པོ་དྲུག །ཚ་བ་གསུམ་དང་ཤིང་ཚ་གཉིས། །གླ་སྒང་སྤང་སྤོས་ལྕགས་ཕྱེ་དང་། །ཙན་དན་དཀར་དམར་རྡོ་དྲག་[དྲེག]དང་། །ཟི་ར་དཀར་ནག་ཨ་ག་རུ། །གེ་སར་རྣམ་གཉིས་བ་ལི་[ལེ]ཀ །ཨུཏྤལ་སྔོན་པོ་འབུ་སུ་ཧང་། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །ཀ་ར་དྲུག་འགྱུར་སྦྱར་ལ་བཏང་། །ལུ་དང་སྐད་འགགས་དབུགས་མི་བདེའ། །ཁྲག་གིས་སྔོན་དང་སྐྱུག་པའི་ནད། །ཕོ་བ་གྲང་དང་ཡི་ག་འཆུས། །རིམ་[རིམས]དང་གཤའ་[ཀྵ]ཡ་ཁྲག་མཁྲིས་རྒྱས། །སྙིང་ནད་མྱི་དྲན་ཚ་བས་མྱོས། །མཆིན་ནད་མཚེར་ནད་ཚ་བས་མྱོས། །གཟེར་དང་བཤང་བ་ཁྲག་ཏུ་འཁྲུ། །ཚ་བའི་ནད་རྣམས་ཐམས་ཅད་སེལ། །ག་བུར་ལི་ཤི་ཅུ་གང་ལི་ག་དུར། །བ་ལི་[ལེ]ཨུཏྤལ་སྤང་སྤོས་དང་། །པུ་ཙེ་ཤེལ་དང་ཤིང་མངར་ཚ་ལ་དང་། །སྦྲང་རྩི་བུ་རམ་ཀ་ར་རྣམས། །དྲུག་འགྱུར་སྦྱར་བ་ཆུ་གྲངས་[གྲང]ཕུལ། །ཁྲག་དང་མཁྲིས་པ་སྟོད་ཀྱི་ནད། །ཚ་བ་མ་ལུས་སེལ་བར་བྱེད།།
ག་བུར་ཅུ་གང་གུར་གུམ་དང་། །ཙན་དན་ཏིག་ཏ་བ་ཤ་ཀ །གསེར་གྱི་མེ་ཏོག་དུག་མོ་ཉུང་། །ཀ་ར་དྲུག་འགྱུར་སྦྱར་བཏང་བས། །ཚ་བ་མ་ལུས་ཀུན་ལ་ཕན། །མཆིན་མཁྲིས་ནད་རྣམས་སེལ་བར་བྱེད། །ག་བུར་ཅུ་གང་སྙིང་ཞོ་ཤ །ཨ་བར་སྒོག་པ་ལི་ག་དུར། །ཀ་ར་གཅིག་འགྱུར་སྦྱར་བ་ཡིས། །ཚ་བའི་ནད་རྣམས་སེལ་བ་སྟེ། །མཆོག་ཏུ་སྙིང་གི་ཚ་བ་སེལ། །ག་བུར་རྒུན་འབྲུམ་ཅུ་གང་དང་། །གུར་གུམ་གླ་སྒང་ཤིང་མངར་དང་། །ལྕགས་ཕྱེ་ཤིང་མངར་བདུན་འགྱུར་སྦྱར། །ཚ་བ་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་གློ་བའི་ཚ་བ་སེལ། །ག་པུར་ཅུ་གང་ཏིག་ཏ་ཨ་རུ་ར། །མཁལ་མ་ཞོ་ཤ་ཨ་བར་ཤུག་གུ་[པ]ཚེར་མ་ཅན། །ཀ་ར་སྦྱར་བས་སྨད་ཚད་སེལ། །མཆོག་ཏུ་མཁལ་མའི་ཚ་བ་སེལ། །ག་བུར་ཅུ་གང་གུར་གུམ་སུག་སྨེ་[སྨེལ]དང་། །ཛ་ཏི་ལི་ཤི་ཏིག་ཏ་སྦྱར། །སྣོད་ཀྱི་ནད་རྣམས་སེལ་བ་སྟེ། །མཆོག་ཏུ་ཕོ་བའི་ཚ་བ་སེལ། །ག་བུར་གུར་གུམ་ཅུ་གང་དང་། །མ་ནུ་ཏིག་ཏ་འུ་སུ་རྣམས། །ཀ་ར་བདུན་འགྱུར་དག་དང་སྦྱར། །ལྕི་བའི་ནད་རྣམས་སེལ་བ་སྟེ། །མཆོག་ཏུ་བད་ཀན་སྨུག་པོ་སེལ། །ག་བུར་ཅུ་གང་ཙན་དན་ཨ་རུ་ར། །གུར་གུམ་སེའུ་འབྲུའ་ཨུཏྤལ་སྔོ། །ཀ་ར་དྲུག་འགྱུར་སྦྱར་བྱས་ལ། །རྨ་ཡི་ཚ་བ་སེལ་བར་བྱེད། །ལྷག་པར་བྱང་ཁོག་རྣག་ཆུ་སྐེམ། །ག་བུར་ཅུ་གང་གུར་གུམ་གསུམ། །ཚ་བ་ཚབ་[ཚབས]ཆེན་ཀུན་ལ་ཕན། །ལྷག་པར་དུག་གི་ཚ་བ་སེལ། །ག་པུར་ཅུ་གང་ཀ་ར་སྦྱར། །རྒྱས་པའི་ཚ་བ་ཐམས་ཅད་སེལ།།
དེ་ལྟར་ག་བུར་སྦྱོར་སྡེ་བཅུ་གཅིག་བསྟན། །ད་ནི་བློན་པོ་གུར་གུམ་ནི། །གུར་གུམ་ཅུ་གང་ལི་ཤི་ཨུཏྤལ་སྔོ། །བ་ལི་[ལེ]ཏིག་ཏ་སྐྱུ་རུ་ར། །མཆིན་ཁྲག་ཕོ་བར་ལྷུང་བ་དང་། །བད་ཀན་སྨུག་པོ་སེལ་བར་བྱེད། །གུར་གུམ་ཅུ་གང་སུག་སྨེ་[སྨེལ]པི་པི་ལིང་། །མཚུར་དཀར་ཏིག་ཏ་བྲག་ཞུན་ཨ་རུ་ར། །མཆིན་པའི་ཚ་བ་སེལ་བར་བྱེད། །གུར་གུམ་ལི་ཤི་བཟང་དྲུག་དང་། །ཤིང་ཚ་ག་པུར་མཆིན་རྒོད་[རྒུད]སེལ། །ཀུན་ལ་ཀ་ར་དྲུག་འགྱུར་སྦྱར། །གུར་གུམ་སྦྱོར་བ་བཅོའ་ལྔ་ཡོད། །རྗེའུ་ནི་སེའུ་འབྲུའི་སྦྱོར་བ་ལ། །ཞུ་རྗེས་བདེ་ཞིང་དང་ཁ་འབྱེད། །སེའུ་འབྲུ་ཤིང་ཚ་སུག་སྨེ་[སྨེལ]དང་། །ཤུ་དག་འུ་སུ་པི་པི་ལིང་། །དབྱིའ་མོ་སྒ་དང་ན་ལི་ཞམ[ལེ་ཤམ]། །མ་ནུ་འུ་སུ་ཁ་རུ་ཚ། །རྒྱམ་ཚ་ཡ་བག་ཤ་[བཀྵ]ར་ཙི་ཏྲ་ཀ །སྐྲན་དང་མ་ཞུ་ལྕགས་དྲག་[དྲེག]བད་ཀན་ལྷན་[ལྷེན]། །མྱེ་དྲོད་ཉམས་དང་ཕོ་བ་མྱེ་དྲོད་ཤོར་བ་དང་། །འཁྲུའ་སྐྱུགས་ཟས་མི་ལེན་པ་དང་། །མཁལ་ནད་ལོང་དུ་རྟུག་སྐམ་ཆུ་བསྲི་དང་། །གྲང་ནད་དམུ་ཆུ་རྐེད་པ་བཤལ། །རྦོས་དང་འཁྲོག་པ་སྣོད་ཀྱི་ནད། །གྲང་བའི་ནད་རྣམས་ཐམས་ཅད་སེལ། །བུ་རམ་སྦྲང་གཡུང་རྟ་ལ་བསྐྱོན། །སེའུ་འབྲུ་སུམ་སྨེ་[སྨེལ]ཤིང་ཚ་ཙི་ཏྲ་ཀ །རྒྱམ་ཚ་ཅུ་གང་འུ་སུ་གེ་སར་ཟི་ར་ནག །བུ་རམ་སྦྱར་བས་མ་ཞུ་བད་ཀན་གྲང་རྒྱས་སེལ། །སེའུ་འབྲུ་ཤིང་ཚ་ཚ་བ་གསུམ། །གེ་སར་ཀ་ར་བརྒྱད་འགྱུར་སྦྱར། །བད་ཀན་གྲང་སྐྲན་སྙིང་རླུང་སེལ། །སེའུ་འབྲུ་བརྒྱད་དང་ཚ་བ་གསུམ། །ཨར་[ཨ]བར་རྒྱམ་ཚ་འུ་སུ་དང་། །མ་ནུ་ད་ཏྲིག་མེ་རུ་ཙེ། །པི་[བྱི]ཏང་བུ་རམ་སྦྲང་གཡུང་གིས། །བད་རླུང་ལྷིང་[ལྷེན]སྐྲན་འཇོམས་པར་བྱེད།།
སེའུ་འབྲུ་སུག་སྨེལ་ཤིང་ཚ་པི་པི་ལིང་། །ཤིང་ཀུན་རྣམས་ཀྱིས་མ་ཞུ་སེལ། །སྤྱིར་ན་སེའུ་འབྲུའི་སྦྱོར་བ་ལ། །བུ་རམ་སྦྲང་གཡུང་རྟ་ལ་བསྐྱོན། །སེའུ་འབྲུའི་སྦྱོར་སྡེ་བརྒྱད་བསྟན་པའོ། །འབངས་ཀྱི་སྦྱོར་སྡེ་བསྟན་པ་ནི། །ད་ལི་[ལིས]ཤིང་ཚ་སུག་སྨེ་[སྨེལ]ཟི་ར་དཀར་ནག་དང་། །བུ་རམ་ཀ་ར་སྦྱར་བས་གྲང་ནད་སེལ། །ད་ལི་[ལིས]ཤིང་ཚ་ན་ལེ་ཞམ་[ཤམ]། །ཛ་ཏི་གུར་གུམ་རྩབ་རུ་ཚ། །ཀ་ཀོ་ལ་རྣམས་ཀ་རས་སྦྱར། །ཚ་གྲང་འདུས་པའི་ནད་རྣམས་སེལ། །ཅུ་གང་གུར་གུམ་ཤིང་མངར་དང་། །གླ་སྒང་ཤིང་དང་སེའུ་འབྲུ་དང་། །རྒུན་འབྲུམ་ཤིང་མངར་ཀ་ར་བཞི་འགྱུར་སྦྱར། །གློ་གཅོང་ཟ་བྱེད་དབུགས་མི་བདེ་བ་སེལ། །ཁྱུང་སྡེར་བོང་ང་ལྡུམ་བུ་དང་། །གླ་རྩི་ཏིག་ཏ་གྲི་ཧང་[གི་ཝང]དང་། །མུ་ཏིག་ག་པུར་སེའུ་འབྲུ་རྣམས། །ཀ་ར་བརྒྱད་འགྱུར་སྦྱར་བ་ཡིས། །དུག་རིགས་ཐམས་ཅད་འཇོམས་པར་བྱེད། །ཙན་དན་དཀར་དམར་བཅའ་སྒ་དང་། །པུ་ཙེ་སྤང་སྤོས་བ་ལི་[ལེ]ཀ །པདྨ་གེ་སར་ན་[ནཱ]ག་པུས། །གསེར་གྱི་མེ་ཏོག་དུག་མོ་ཉུངས། །བིལ་བ་འབྲི་ཏ་ཛ་ཏི་དང་། །ཨ་འབྲས་སྲ་འབྲས་སུག་སྨེ་[སྨེལ]དང་། །ཀ་ར་སྦྱར་བས་སྦྲུམ་མའི་རིམ་[རིམས]ནད་སེལ། །མོ་ནད་རིམ་གྱིས་སེལ་བ་སྟེ། །མཆོག་ཏུ་སྦྲུམ་མའི་ནད་རྣམས་སེལ། །ཡ་བག་ཤ་[བཀྵ]ར་ཙེ་[ཙི]ཏྲ་ཀ །དབྱི་བར་ལི་[དབྱི་མོང]ཏོང་ར་[དོང་གྲ]བསེའུ་[བསེ]སྦུར་རྣམས། །ཀ་རར་སྦྱར་བས་དམུའ་རྫིངས་[རྫིང]སྐྲན་ནད་སེལ། །རུ་རྟ་ཤུ་དག་རྒྱམ་ཚ་ཅུ་གང་གིས། །ཀ་རར་སྦྱར་བས་ལིང་ཏོག་སེལ། །རྔུལ་ཐབ་རུ་རྟ་བྱང་བ་རྒྱ་ཚ་སྦྱར། །ཤ་རྩ་རུས་པའི་འབྲས་རྣམས་བསལ་བ་ཡིན།།
ཤིང་ཀུན་ཆུ་དག་ཚ་བ་ལྔ། །ཤུ་ཏི་བསེའ་ཡབ་འུ་སུ་དང་། །ཤིང་མངར་མ་ནུ་མུ་ཏིག་སག་རམ་ཟི་ར་དཀར་ནག་དང་། །ཨ་བར་རྒྱམ་ཚ་ལ་ལ་ཕུད། །ལྕེ་མྱང་ཁ་རུ་ཚ་དང་ནི། །བུ་རམ་སྦྲང་བརྒྱད་སྦྱར་བས་ནི། །ཤིང་ཀུན་ཅུ་[ཅུར]ནིས་ཞེས་བྱ་སྟེ། །ལུས་གྲང་རོ་སྟོད་གྲང་བའི་སྐྲན་ནད་དང་། །མཆིན་ནད་སྟོང་རྦོས་རླུང་ནད་རྩིབ་ལོག་[ལོགས]གཟེར། །ལུད་པ་ལུ་དང་དབུགས་མི་བདེའ། །ཕོ་བའི་ནད་དང་ཡི་ག་འཆུག[འཆུས]། །ཁ་ཟས་མི་འཇུ་བད་ཀན་རྒྱས། །སྙིང་ནད་དམུ་རྫིངས་[རྫིང]སྐྱ་རྦབ་དང་། །མཁལ་ནད་ད་རྒན་ཆུ་བསྲི་དང་། །སྐྱུག་བྲོ་ཁ་གདོང་སྐྲངས་པ་དང་། །རྐང་ལག་གྲང་བ་སེལ་བར་བྱེད། །ཟང[ཟངས]ཐལ་དངུལ་ཐལ་ལྕགས་ཐལ་དང་། །ཡ་བག་ཤ་[བཀྵ]ར་གསེར་མུ་ཟི། །བྱ་ཐབས་བླ་མའི་ཞལ་ལ་དྲིས། །ག་བུར་ཅུ་གང་ཛ་ཏི་དང་། །ལི་ཤི་གྷྲི་[གི]ཝང་ཙན་དན་དང་། །ཤིང་ཚ་ད་ལི་[ལིས]ལི་ག་དུར། །སེའུ་འབྲུ་ཤོ་མང་པྲ་[སྤ]འབྲས་ཟ། །མཚལ་རྣམས་ཞིབ་བཏགས་ཀ་ར་ལྔ་འགྱུར་སྦྱར། །ཀྲི་ཏ་ཧ་[ཀྲི་ཀ་ཧན]ཞེས་བྱ་བ་སྟེ། །བུ་ཆུང་ཚ་བའི་རིམ་[རིམས]ནད་སེལ། །གྲང་བ་གཅིག་ཚུགས་དག་ལ་གནོད། །རྒྱ་ཚ་སྡིག་སྲིན་སུག་སྨེ་[སྨེལ]བཞི། །བུ་རམ་སྦྱར་བས་ཆུ་འགག་སེལ། །སྡིག་པ་གླ་རྩི་སྲིན་བུ་དང་། །ལྕམ་པ་དོམ་མཁྲིས་པི་པི་ལིང་། །རྒྱ་ཚ་བུ་རམ་སྦྱར་བ་ཡིས། །རྩ་ནད་ཚ་འདམ་མཁལ་མ་འདྲིས། །ཆུ་བསྲི་ཟ་གུའི་ནད་རྣམས་སེལ། །ད་དྲེག་[ཏྲིག]ཐ་རམ་རྨག་[སྨག]དང་སྤོད། །ལོ་བརྩན་[བཙན]གཙོས་[བཙོད]ཁྲག་ལུག་མུར་བདུན། །རྟ་ནི་ཚ་གྲང་ཤེས་པར་བྱ། །འཁྲུ་བ་གཅོད་པའི་མཆོག་ཡིན་ནོ། །
ཤིང་མངར་འབྲས་དང་པི་[བྱི]ཏང་ཀ །བསེའ་ཡབ་གོ་སྙོད་འུ་སུ་དང་། །རྟ་ནི་ཚ་གྲང་ཤེས་པ་སྟེ། །སྐྱུག་པ་གཅོད་པའི་མཆོག་ཡིན་ནོ། །པི་[བྱི]ཏང་ཕུར་མོང་སྒོག་སྐྱ་མེ་རུ་ཙེ། །གསོའ་[སོ]མ་ར་ཙ་གྲེས་སྨ་[མ]གླ་རྩི་སྦྲང་རྩི་བདུན། །རྟ་ནི་ཚ་གྲང་འཇུག་སྒོས་ཤེས། །འགོ་[མགོ]སྲིན་སྣ་ནས་བཏང་ཞིང་སོ་སྲིན་བདུག །པགས་སྲིན་བྱུག་པ་བྱ་ཞིང་ལྟོ་སྲིན་ཁོང་དུ་བསད། །འཆོལ་པ་མང་ཞིང་སྦྱོར་བ་བསྟན། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །ཞི་སྐོར་ཉི་ཟླའི་འཁོར་ལོ་ལས། །ཕྱེ་མ་བསྟན་པའི་ལེའུ་སྟེ་ཉེར་བཞིའ་པའོ།། །།
ལེའུ་ཉེར་ལྔ་པ། སྨན་མར་བསྟན་པ།
ནད་སེལ་ལུས་ཟུངས་འཛིན་པ་ཡི། །གསོའ་བ་སྨན་མར་བསྟན་པ་ནི། །སྦྱར་ལུགས་རྣམ་གྲངས་མང་ན་ཡང་། །འོ་མས་སྣ་བསྲི་ཆུ་ཡིས་འཚོས། །མར་གྱིས་བཅུད་འཕེལ་བསྐྲུག་[དཀྲུགས]སྣ་རིང་། །ལྕོག་སྐད་ཐང་[ཐེངས]གསུམ་བར་མེད་ན། །སྨན་རྩིགས་པགས་པ་མ་འགོས་དྲིལ། །གང་ལ་འགོ་[མཁོ]བའི་སྨན་རྣམས་ལ། །དོན་སྣོད་ཁ་འཛིན་ཁ་ཚར་གདབས[གདབ]། །དེ་ལྟར་སྦྱོར་བ་ཤེས་པ་ཡི། །སྨན་མར་བསིལ་དྲོད་སྙོམ་དང་གསུམ། །རླུང་དང་བད་ཀན་སྐྲན་རྣམས་ལ། །དྲོད་ཀྱི་སྨན་མར་འདི་ལྟར་བྱ། །བོང་ཟི་[ཅོང་ཞི]བཟང་པོ་ཞིབ་པར་བཏགས། །དར་གྱི་ཚག་[ཚགས]ནས་བཏོན་ནས་ནི། །འོ་མ་བྲེ་དོའི་ནང་དུ་བཙོའ། །ལུག་ཞོ་ཙམ་དུ་སོང་བ་དང་། །ཆུ་སྲང་ཉི་ཤུ་མར་ཁལ་གཅིག །བསྐྲུག་[དཀྲུགས]ནས་གོང་བཞིན་ཕོག་བྱས་ནས། །ཁོལ་[ཁྱེའུ]སུས་དག་ལ་ཁེབ་[ཁེམ]རེ་ཟ། །གསང་གནོན་འོ་མ་ཕུལ་རེ་གཏངས[གཏང]། །མིན་ན་ཆང་འཇམ་བཏང་བར་བྱ། །ཟན་དྲོན་དག་དང་ཚོག་གུ་གཏང་། །ཟས་ཀྱང་གཞུག་ལ་ཆུང་དུ་གཏང་། །བཅུད་ལེན་ཡིན་པས་ཤིན་ཏུ་ཤིས། །སྨན་མཆོག་དེ་ཡི་ཡོན་ཏན་གྱིས། །ཚེ་རིང་རྒས་དཀའ་འདྲེའེ་མི་ཚུག[ཚུགས]། །བདག་གཞན་ནད་རྣམས་ཐམས་ཅད་སེལ། །སྒོག་སྐྱ་རུས་ཁུ་སྲང་བརྒྱད་དང་། །ཨ་བ་བུ་རམ་ཁོ་སྤོད་གདབས[གདབ]། །ཚེ་རིང་རླུང་ནད་ཐམས་ཅད་སེལ། །མདོག་བཟང་ནད་རྣམས་ཐམས་ཅད་སེལ། །རྒྱ་ཤུག་སྤ་མ་དབྱིའ་མོ་དང་། །གོ་སྙོད་ལ་ལ་ཕུད་དང་ནི། །རྒྱ་ཤུག་རྣམས་ནི་ཁ་སྤོད་གདབ། །རླུང་གཟེར་རྔུལ་སྐམ་རླུང་གི་ནད། །རྒྱུ་ཞབ་[ཞབས]མཁལ་རྐེད་ན་བ་དང་། །དྲོད་ཆུང་ཟས་མི་འཇུ་བ་སེལ། །ཙི་ཏྲ་ཀ་དང་པུ་ཙེ་ཤེལ། །ཨ་རུ་ར་དང་ཚ་བ་གསུམ། །ཆུ་དག་པི་[བྱི]ཏང་ཀ་རྣམས་ལ། །ཡ་བག་ཤ་[བཀྵ]ར་ཁ་སྤོད་གདབ། །བུ་རམ་སྦྱར་བས་རླུང་སྐྲན། །ལོག་ན་རླུང་མཁྲིས་བད་ཀན་ནི། །ཚ་གྲང་གང་བྱུང་བརྟག་ཅིང་དཔྱད། །ལས་ལྔ་གསེར་གྱི་གདར་བུ་ལས། །སྐྱུགས་ཀྱི་སྦྱོར་བ་བསྟན་པའོ།།
བཤལ་ལ་སྤྱི་དོན་རྣམ་པ་ལྔ། །གཏང་དུ་རུང་དང་མི་རུང་དང་། །གཏང་ཐབས་འབུར་འཇོམ་[འཇོམས]ལོག་གནོན་དང་། །བཤལ་མི་བཏང་བ་འདི་རྣམས་ཏེ། །ལུས་ལ་རྨ་ཡོད་སྦྲུམ་མ་དང་། །རྒས་ཆེས་པ་དང་ཟུང་[ཟུངས]ཟད་དང་། །བྱད་ཟུག་ཤི་རྟགས་བྱུང་བ་རྣམས་ལ་སྤང་། །གཏང་དུ་རུང་བ་འདི་རྣམས་ཏེ། །ལྟེ་བ་མན་ཆད་འདྲིལ་བའི་ནད། །ཚ་བ་ཁྲག་མཁྲིས་སྣོད་དུ་སོང་བ་དང་། །འོར་ནད་སྐྲན་རྒྱས་དུག་གིས་ཟིན། །ཚད་རྙིང་སྨུག་པོ་གག་ལྷོག་དང་། །འབྲས་དང་དམུ་ཆུ་དབང་པོ་འགྲིབ་ལ་གཏང་། །གཏང་ལུགས་དུག་ལུམ་[དུགས་ལུམས]གཏང་བ་རྣམས། །རང་གི་རིགས་པའི་མདའ་ཡིས་བསྣུན། །ཁོང་དུ་བསྣུན་ཞིང་ཐང་ཕྲན་གཏང་། །ནུབ་མོ་ལྟོ་བཅག་བདེའ་བར་ཉལ། ནང་པར་བྱ་གྲགས་གཏང་བར་བྱ། །དུར་བྱེད་[བྱིད]ཁྱོར་གང་གཏང་བའོ། །གཏང་ཐབས་སྨན་གྱི་སྦྱོར་བ་ནི། །དཔུང་ཕུལ་གཙོའ་བོ་དྲུག་ཡིན་ཏེ། །ལས་མཁན་འཁོར་ལ་ཉི་ཤུ་ལྔ། །གཙོ་བོ་དྲུག་པོ་འདི་ལྟ་སྟེ། །དུར་བྱིད་དོང་ཀ་ཀ་མོ་ཉ། །གསེར་གྱི་འོ་མ་མཆུའ་རིང་དང་། །གཙོའ་བོ་དྲུག་གིས་དཔུང་ཕུལ་བྱེད། །ནག་པོ་ཙན་ཏེས་ཟུག་རྔུ་སེལ། །གཙོའ་བོ་གསུམ་དང་ལྔ་དང་དྲུག་བདུན་བརྒྱད། །མང་ཉུང་ཐུན་ཚད་ཆེ་ཆུང་ནི། །རྒན་གཞོན་ནད་གཞིའ་ལུས་ཟུངས་ཤེས། །འཁོར་གྱིས་ལས་མཁན་བྱེད་པ་སྟེ། །ཉི་རྒས་[དགས]སྟོད་ཀྱི་རྩ་ནད་འཁྲུའ། །རྒྱ་ཚས་སྨད་ཀྱི་རྩ་ནད་འཁྲུ། །ཡ་བག་ཤ་[བཀྵ]ར་འོལ་མ་སེ། །བུ་སྣོད་ནད་རྣམས་སྦྱོང་བར་བྱེད། །ཙན་དན་གི་ཝཾ་ག་བུར་གྱིས། །ཚ་བའི་ནད་རྣམས་འཁྲུ་བར་བྱེད། །རྒྱམ་ཚ་སྤོད་ནག་ཕོ་བ་རིས། །གྲང་བའི་ནད་རྣམས་འཁྲུ་བར་བྱེད། །ཨ་རུ་ར་དང་སྐྱུ་རུ་རས། །འདྲེས་པའི་ནད་རྣམས་སེལ་བར་བྱེད། །སྙིང་འདྲ་ཙན་དན་ཨ་ག་རུས། །སྙིང་གི་ནད་རྣམས་འཁྲུ་བར་བྱེད། །དུག་ཡོང་[ཉུང]ཏིག་ཏ་པ་ཏོ་ལས། །མཁྲིས་པའི་ནད་རྣམས་འཁྲུ་བར་བྱེད། །རྩི་བུ་བྲག་ཞུན་བ་ཤ་ཀས། །མཆིན་པའི་ནད་རྣམས་འཁྲུ་བར་བྱེད། །ལྕམ་པ་སུམ་སྨེ་[སྨེལ]དབྱིའ་མོང་གིས། །མཁལ་མའི་ནད་རྣམས་སྦྱོང་བར་བྱེད། །མཚལ་ཚ་ཡ་བག་ཤ་[བཀྵ]ར་ཡིས། །མཚེར་པའི་ནད་རྣམས་སྦྱོང་བར་བྱེད། །མ་ནུ་རྒྱམ་ཚ་པི་པི་ལིང་། །བད་ཀན་ནད་རྣམས་འཁྲུ་བར་བྱེད། །ཙན་དན་སུག་སྨེ་[སྨེལ]ཁ་རུ་ཚས། །རྒྱུ་ལོང་ནད་རྣམས་འཁྲུ་བར་བྱེད། །ཐལ་ཀར་སིང་ལྡིང་[སེང་ལྡེང]ག་གུལ་དཀར། །ཆུ་སེར་ནད་རྣམས་སྦྱོང་བར་བྱེད། །དབྱི་མོང་བ་ཀ་ཆུ་དག་གིས། །སྐྲན་གྱི་ནད་རྣམས་སྦྱོང་བར་བྱེད། །ནིམ་པ་རྒྱ་ཚ་འཛ་ཏི་ཡིས། །སྐྱུག་པའི་ནད་རྣམས་སྦྱོང་བར་བྱེད། །བྱང་བ་སྔོན་བུ་ཟླ་འོར་[གོར]ཞོ་ཤ་ཡིས། །དམུ་ཆུ་ནད་རྣམས་སྦྱོང་བར་བྱེད། །སིང་ལྡིང་[སེང་ལྡེང]སེ་གོད་[རྒོད]དབྱི་མོངས་[མོང]ལ་སོགས་ཀྱིས། །པགས་པའི་ནད་རྣམས་སྦྱོང་བར་བྱེད། །ཟུར་བ་ཤུ་ཟུར་སོ་རྩི་ཀ་ར་ཡིས། །ལྦོས་པའི་ནད་རྣམས་སྦྱོང་བར་བྱེད། །ཛཱ་ཏི་ཕོ་རིས་པི་པི་ལིང་། །ཁོང་ཁྲོག་རླུང་ལོགས་[ལོག]སེལ་བར་བྱེད། །མི་རུ་[རུས]ཕུར་མོང་པི་[བྱི]ཏང་ཀས། །སྲིན་གྱི་ནད་རྣམས་སེལ་བར་བྱེད། །ཨ་བ་ལྕགས་དྲག་[དྲེག]ཨ་རུ་རས། །དབང་པོ་མྱིག་ནད་སྦྱོང་བར་བྱེད། །མི་རུ་[རུས]ཕུར་མོང་པི་[བྱི]ཏང་ཀས། །སྲིན་གྱི་གླང་ཐབ་[ཐབས]སྦྱོང་བར་བྱེད། །ཁྱུང་སྡེར་བོང་ང་རེ་རལ་གྱིས། །དུག་གི་ནད་རྣམས་སྦྱོང་བར་བྱེད། །བསེའ་རུ་མ་ནུ་འུ་སུ་ཡིས། །བད་ཀན་སྨུག་པོ་སྦྱོང་བར་བྱེད། །རུ་རྟ་མུ་ཟི་རྒྱ་ཚ་ཡིས། །འབྲས་ཀྱི་ནད་རྣམས་སྦྱོང་བར་བྱེད། །ཚ་བ་ཆེ་ན་གཙོའ་བོ་བསྒྲུང་ལ་གྲང་ཐང་གཏང་། །གྲང་བ་ཆེ་ན་རྒྱལ་པོ་རིལ་བུ་བྱ། །ལྡན་དང་་་་་་་་། །མཚེར་ནད་སྐེད་[སྐིགས]བུ་དབུགས་མི་བདེའ། །མཆིན་ནད་མཁལ་ནད་སྐྲན་ནད་སེལ། །ཏང་ཀུ་སེའུ་འབྲུ་ཙི་ཏྲ་ཀ །ཡ་བག་ཤ་[བཀྵ]ར་པི་པི་ལིང་། །རླུང་སྐྲན་གཞང་འབྲུམ་དྲོད་རྣམས་བསྐྱེད། །མུ་[མཱུ]ལ་སི་ལི་[སུ་ལུ]དབྱི་མོང་སྒ། །ཡ་བག་ཤ་[བཀྵ]ར་སྦྱར་བའི་མར། །བད་ཀན་སྐྲན་དང་སྐྱ་རྦབ་དང་། །ལུ་དང་དབུགས་མི་བདེའ་བ་དང་། །མཚེར་ནད་ཕོ་འབྲུམ་རྔུལ་སྐེམ་སེལ། །འབྲས་བུ་གསུམ་དང་པི་པི་ལིང་། །སྒ་དང་སུམ་སྨེ་[སྨེལ]སླེ་ཏྲེས་དང་། །འགོ་[མགོ]རུས་ཁུ་བ་ཁ་རུ་ཚ། །འགོ་[མགོ]འཁོར་སྙིང་རླུང་དབུགས་མི་བདེའ། །རྦོས་འཁྲུ་རྐང་ལག་ཟུགས་[ཟུག]པ་སེལ། །གྲང་བ་སེལ་བའི་བདུད་རྩིའོ། །
སྲིན་དང་ཆུ་སེར་ཟུང་འཇུག་དང་། །ཕལ་ཆེར་གྲང་བའི་ཕྱོགས་སུ་གཏོགས། །སྒོག་སྐྱ་ཕུར་མོང་པི་[བྱི]ཏང་ཀ །སྲིན་བུ་མེ་[མི]རུས་སྲིན་ནད་སེལ། །འབྲས་བུ་གསུམ་དང་ཨ་བ་དང་། །ལྕགས་ཕྱེ་སྦྲུལ་དཀར་ཤ་རྣམས་ཀྱིས། །མྱིག་གི་ནད་རྣམས་སེལ་བར་བྱེད། །སིང་ལྡིང་[སེང་ལྡེང]གསོ་[སོ]མ་ར་ཙ་དང་། །ཐང་ཤིང་ཐལ་དཀར་[ཀ]གུ་གུལ་དཀར། །གླ་སྒང་བཅོད་[བཙོད]དང་སྐྱེར་བ་ཡིས། །ཆུ་སེར་ནད་རྣམས་སེལ་བར་བྱེད། །ལྷག་པར་ཤུ་འབྲས་མཛེ་འབྲས་འཇོམ[འཇོམས]། །ལུག་སྒོག་ཁུ་བ་གདུས་པ་ལ། །ནིམ་པ་ཐལ་དཀར་[ཀ]ཁ་སྤོད་གདབ། །མཁལ་ནད་ཆུ་སེར་ཚབ་[ཚབས]ནད་སེལ། །ཚ་གྲང་ཟུང་འཇུག་སྨན་མར་རོ། །བསིལ་མར་སྦྱར་བར་བྱ་བ་ནི། །ཙན་དན་དཀར་དམར་སླེ་ཏྲེས་དང་། །གླ་སྒང་ཀན་ཏ་[ཀཎྜ]ཀ་རི་དང་། །དུག་མོ་ཉུངས་དང་ཟང་[ཟངས]རྩི་བ། །ཁྱི་ལྕེ་དཀར་དང་སུག་སྨེ་[སྨེལ]སྤང་སྤོས་ཤུག་སྐྱེར་དང་། །སྐྱུ་རུ་ར་དང་ཆུར་གདུས་དང་། །ལི་ཤི་གུར་གུམ་ཁ་སྤོད་གདབ། །གློ་སྙིང་མཆིན་པའི་ནད་རྣམས་དང་། །རིམ་[རིམས]དང་བླ་བཅོལ་སྨྱོ་བ་དང་། །རླུང་ནད་སྟོང་སྐྱུགས་རྒྱས་པ་དང་། །ཚིགས་བཞི་སྐྲངས་དང་ཚ་བ་སེལ། །ཏིག་ཏ་སིང་ལྡིང་[སེང་ལྡེང]ར་མཉེའ་བ། །ཐལ་དཀར་[ཀ]དང་ནི་པ་ཏོ་ལ། །གསོའ་[སོ]མ་ར་ཙ་གུ་གུལ་དཀར། །ཨ་རུ་རའི་ཕྱེ་མ་གཏབས[གདབ]། །རྣག་མ་ཆོད་དང་ཆུ་སེར་དང་། །པགས་ནད་མཛེའ་ནད་ཞི་བར་བྱེད། །ཏིག་ཏ་དུག་མོ་ཉུང་དང་འབྲས་བུ་གསུམ། །ཤེལ་ཙེ་སྐྱེར་ཞུན་མ་ལ་ཡ། །གླ་སྒང་ཤིང་མངར་ཁ་སྤོད་གདབ། །ཁྲག་མཁྲིས་འཐབ་དང་ཁྲག་རོ་དང་། །མྱིག་གི་རབ་རིབ་མཁྲིས་པའི་ནད་རྣམས་སེལ། །སྲེ་ལོང་གདུས་པའི་ཁུ་བ་ལ། །ཇུ་[ཅུ]གང་ལི་ག་དུར་ཁ་སྤོད་གདབ། །གློ་བའི་ནད་རྣམས་སེལ་བར་བྱེད། །སེ་རྒོད་རེའུ་རལ་ཨ་བར་གདུའ། །ཁ་རུ་ཚ་ནི་ཁ་སྤོད་གདབ། །དུག་རོ་ཀུན་ལས་ཐར་བར་བྱེད། །སིང་ལྡིང་[སེང་ལྡེང]གདུས་པའི་མར་ནང་དུ། །བྲག་ཞུན་ཅུ་གང་བ་ཤ་ཀ །ཁ་སྤོད་བཏབ་པས་མཆིན་ཚད་སེལ། །ཏིག་ཏ་ཀན་ཏ་[ཀཎྜ]ཀ་རི་དང་། །སླེ་ཏྲེ་[ཏྲེས]གདུས་པའི་མར་ལ་ཡང་། །དུག་མོ་ཉུང་དང་སེའུ་འབྲུ་པི་པི་ལིང་། །རྨག་[སྨག]དང་བྲ་[བྲེ]ག་བཏབ་པ་ཡིས། །འཁྲུ་དང་ཕོ་མོའི་མཚན་མ་སྐྲངས། །ཕོ་རླུང་ཚད་རྙིང་འཁྲུའ་བ་སེལ། །
འབྲི་མོག་རྒྱ་སྐག་བཙོད་རྣམས་ལ། །བཟང་དྲུག་མུ་ཟི་ཁ་སྤོད་གདབ། །བྱང་ཁོག་རྣག་ནི་སྐེམ་པར་བྱེད། །དེ་རྣམས་ཚ་བའི་བདུད་རྩི་ཡིན། །འབྲས་བུ་གསུམ་དང་ཙན་དན་བཙོད། །གུར་གུམ་གདུས་པའི་མར་ལ་ཡང་། །ཨ་བ་ཏིག་ཏའི་ཁ་སྤོད་གདབ། །ཁྲག་མཁྲིས་བད་ཀན་འདུས་པ་དང་། །མྱིག་ནད་གཞང་འབྲུམ་སེལ་བར་བྱེད། །རུ་རྟ་མ་ནུ་ཙི་ཏྲ་ཀ །སོན་ཆ་བིལ་བ་སྒྲོན་ཤིང་དང་། །ཉོ་ཏི་ཉོལ་ཤིང་གཟེའ་མ་ཡིས། །མར་མ་ཞུ་དང་རྦོས་པ་ཐམས་ཅད་སེལ། །དེ་རྣམས་སྙོམ་པར་སྦྱར་བའོ། །གོ་མར་སོ་མ་གོང་སྐྱའོ། །རིན་པོ་ཆེ་གསང་བའི་ཏི་ག་[ཀ]ལས། །ཉི་ཟླའི་འཁོར་ལོ་ལས། སྨན་མར་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།
ལེའུ་ཉེར་དྲུག་པ། རིལ་བུ་བསྟན་པ།
ད་ནི་རི་ལུའི་མདོར་བསྡུས་བསྟན། །དེ་ཡང་བསིལ་དྲོད་སྙོམ་པའོ། །ཚ་བ་གསུམ་དང་དབྱིའ་མོང་དང་། །ན་[ནཱ]ག་པུས་པ་[པུཥྤ]གེ་སར་དང་། །གྷན་ད་[གནྡྷ]བྷ་ཏྲ་ནས་ཚིག་ཐལ། །ཨུར་ཤིང་ནས་ཚིགས་[ཚིག]ཐལ་དང་ཚ། །སུམ་སྨེ་[སྨེལ]ཀ་ཀོ་ལ་རྣམས་ནི། །བུ་རམ་རིལ་བུ་ཆང་གིས་ཕུལ། །གྲང་བ་མ་ཞུའི་སྐྲན་རྣམས་འཇོམས། །ཚ་བ་གསུམ་དང་ད་ལི་[ལིས]དང་། །ཙི་ཏྲ་ཀ་དང་པི་པི་ལིང་། །རིལ་བུ་སྒ་ཡི་ཆུ་ཡིས་ཕུལ། །མྱེ་དྲོད་ཉམས་དང་ཡི་ག་འཆུག[འཆུས]། །རླུང་འདར་རྩིབ་གཟེར་ལུད་པ་མྱི་འགོག་སེལ། །ཚ་བ་གསུམ་དང་ད་ལིས་དང་། །སེའུ་འབྲུ་སུག་སྨེའི་[སྨེལ]རིལ་བུ་ཡིས། །མྱེ་དྲོད་ཉམས་དང་བད་ཀན་རྒྱས་པ་སེལ། །རྭ་ཚ་རྒྱ་ཚ་པི་པི་ལིང་། །ཤིང་ཚ་དོང་ག་ཙི་ཏྲ་ཀ། །བད་ཀན་གྲང་བ་མ་ཞུའི་སྐྲན། །དམིའ་རྫིང་ནད་རྣམས་སེལ་བར་བྱེད། །ཚ་བ་གསུམ་དང་འཛ་ཏི་དང་། །ཚྭ་སྣ་གསུམ་དང་ཙི་ཏྲ་ཀ །གོ་སྙོད་བུ་རམ་རིལ་བུ་ཡིས། །གྲང་རླུང་ཐམས་ཅད་སེལ་བར་བྱེད། །དེ་རྣམས་གྲང་བའི་བདུད་རྩི་ཡིན། །བཟང་དྲུག་རྒུན་འབྲུམ་ཤིང་མངར་དང་། །བ་ལི་[ལེ]ཀ་དང་ཨ་རུ་ར། །བྱུར་[བུར]རྙིང་ཀ་ར་རིལ་བུ་བྱས། །ཚ་བའི་ནད་རྣམས་སེལ་བར་བྱེད། །ལྷག་པར་སྟོད་ཀྱི་ཚ་བ་སེལ། །འབྲས་བུ་གསུམ་དང་རྒྱམ་ཚ་དང་། །བཟང་དྲུག་སེའུ་འབྲུ་ཐལ་ཀར་[ཀ]དང་། །ཤིང་ཀུན་སྦྲང་ལས་རིལ་བུ་བྱ། །གཉིས་ལྡན་ཚ་གྲང་འཐབ་པ་སེལ། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །ཞི་བྱེད་ཉི་ཟླའི་འཁོར་ལོ་ལས། །རིལ་བུའི་ལེའུ་སྟེ་ཉེར་དྲུག་པའོ།། །།
ལེའུ་ཉེར་བདུན་པ། འདེ་གུ་བསྟན་པ།
འདེ་འུའི་[གུའི]སྦྱོར་བ་བསྟན་པ་ནི། །སྲེ་ལོང་གདུས་པའི་ཁུ་བ་ལ། །ཅུ་གང་འཛ་ཏི་སྟར་བུ་དང་། །ལྕགས་ཕྱེ་ཆུ་ལོ་མྱུ་གུ་དང་། །སྦྲང་གཡུངས་[གཡུང]སྦྱར་བའི་འདེའུ་[འདེ་གུ]ཡིས། །གློ་བའི་ནད་རྣམས་སེལ་བར་བྱེད། །ཙན་དན་དཀར་དམར་ཨ་ཀ་རུ། །ཤིང་མངར་སྦྲང་ལ་སྦྱར་ལ་བཏང་། །ཁྲག་མཁྲིས་གློ་དབུགས་མི་བདེའ་སེལ། །མཚལ་དང་ཡོང་[ཡུང]བ་རྒྱ་སྐག་ཤིང་། །ཙི་ཏྲ་ཤིང་མངར་གྷྲི་ཧང་རྣམས། །ཞིབ་བཏགས་མར་དཀར་སྦྲང་དང་སྦྱར། །བུད་མེད་བུ་བཙས་ཁྲག་བོར་དང་། །ཁྱོ་[ཁྱོར]གང་ཁྲག་གིས་བོར་བ་དང་། །ཁྲག་ཟད་པ་རྣམས་གསོའ་བར་བྱེད། །ཅུ་གང་ལི་ཤི་སུག་སྨེ་[སྨེལ]དང་། །ཙན་དན་དཀར་དམར་རུ་རྟ་རྣམས། །སྦྲང་དང་མར་སར་འདེ་གུ་བྱ། །བྱིས་སྦའི་[པའི]གློ་དང་མཁྲིས་པ་དང་། །ཚད་པའི་གློ་ནད་ཐམས་ཅད་སེལ། །སྔོན་བུ་ནིམ་པ་པར་པ་ཐ[ཏ]། །ཤ་ལྡ་[ལ]ཡུ་རིང་ཙི་ཏྲ་ཀ །དོང་ཁ་[གྲ]པི་པི་ལིང་དང་ནི། །མངར་སུམ་མར་སར་འདེའུ་[འདེ་གུ]ཡིས། །ཆུ་སེར་འོར་ལྷུང་ཚ་ནད་དང་། །མཁལ་རྐེད་ཆུ་སེར་ནད་རྣམས་སེལ། །མ་རུལ་མཆིན་པ་སྣ་ཚོགས་དང་། །གུར་གུམ་དཀར་དམར་འདེ་གུ་བྱ། །མཆིན་ནད་ཚ་གྲང་འཐབ་པ་དང་། །མྱིག་གི་ནད་རྣམས་སེལ་བར་བྱེད། །འབྲས་བུ་གསུམ་དང་མུ་ཟི་དང་། །སྦྲང་དང་འདེ་(གུ)བྱས་པ་ཡིས། །འདུ་བའི་ནད་རྣམས་སེལ་བར་བྱེད། །འབྲས་བུ་གསུམ་དང་པ་ཏོ་ལ། །བྲག་ཞུན་དང་ནི་ཁ་རུ་ཚ། །པི་པི་ལིང་དང་རྒྱམ་ཚ་དང་། །གསོའ་[སོ]མ་ར་ཙ་ཤིང་ཚ་དང་། །གུ་གུལ་དཀར་པོའི་འདེ་གུ་བྱས། །དེ་རྣམས་སྦྲང་ལ་བསྲེ་བྱས་ན། །ཆུ་རྣག་སྐེམ་པའི་མཆོག་ཡིན་ནོ། །བྲག་ཞུན་ཨ་བ་པི་པི་ལིང་། །བུ་རམ་འདེ་གུར་སྦྱར་བ་ཡིས། །བུད་མེད་ཁྲག་སྐྲན་ཞི་བར་བྱེད། །སུག་སྨེ་[སྨེལ]ཨ་འབྲས་ཀ་ཀ་རུ། །ཟི་ར་ཀར་ནག་ཀ་ཀོ་ལ། །རྭ་ཚ་ལྕེ་མྱང་ཚ་དང་རྒྱམ་ཚ་དང་། །ལྕམ་པ་གང་རུངས་[རུང]འདེ་གུ་ཡིས། །ཆུ་སེར་ནད་རྣམས་སེལ་བར་བྱེད། །སྡིག་པ་སྲིན་བུ་གླ་རྩི་དང་། །བསིལ་དྲོད་གང་འཕྲོད་རྟ་ལ་བསྐྱོན། །ཆུ་འགག་པ་ཡི་ནད་རྣམས་སེལ། །ལ་ཕུག་རྡོ་དྲག་[དྲེག]དམར་པོ་དང་། །པི་[བྱི]ཏང་ཀ་དང་ཤིང་ཀུན་དང་། །མངར་གསུམ་གང་རུང་འདེ་གུ་སྦྱར། །སྲིན་ནད་ཐམས་ཅད་སེལ་བར་བྱེད། །སྲིན་ཐོར་ལ་ཡང་ཕན་པ་ཡིན། །རོ་དང་ནུས་པ་ཞུ་རྗེས་དང་། །ཁ་འཛིན་ཤེས་ན་ཆིར་[ཆེར]ཡང་འགྱུར། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །ཞི་བྱེད་ཉི་ཟླའི་འཁོར་ལོ་ལས། །འདེའུའི་[འདེ་གུའི]ལེའུ་སྟེ་ཉེར་བདུན་པའོ།། །།
ལེའུ་ཉེར་བརྒྱད་པ། སྦྱོངས་ཀྱི་ལས་བསྟན་པ།
ལས་ལྔ་གསེར་གྱི་གདར་བུ་བཤད། །སྐྱུག་ལ་རྣམ་པ་བཞི་རུ་བསྟན། །གཏང་དུ་རུང་དང་མི་རུང་དང་། །གཏང་བའི་ཐབས་དང་ལོག་ནོན་ནོ། །མཆིན་རིས་ [དྲི]ཡན་ཆད་ནམ་ཙོང་[ཚོང]བར། །བད་ཀན་ལྡན་དང་མ་ཞུ་བ། །གནས་འཕོ་ལྡན་དང་འདུས་ལ་གཏང་། །སྟོད་ཀྱི་རླུང་ཤས་ཆེ་ལ་སྤངས། །སྔོན་འགྲོ་གཏང་ཐབས་འབུར་འཇོམས་དང་། །སྔོན་འགྲོ་དུག་ལུམ་ [དུགས་ལུམས]བྱུགས་པ་བྱ། །གང་འོས་རིགས་པས་བསྟུན་[བསྣུན]ལ་གཏང་། །ཨག་ནེ་སྐྱུ་རུས་བད་ཀན་འདྲེན། །གསེར་ཕུད་སྒ་དང་རྒྱམ་ཚས་མཁྲིས་པ་འདྲེན། །སོ་པོ་ན་[པོ་སོན]པི་པི་ལིང་གིས་འདུས་པ་འདྲེན། །ཨག་ནེ་སོན་ཆ་རྒྱམ་ཚ་ཡིས། །ལྡན་དང་མ་ཞུ་གྲང་ནད་འདྲེན། །རྟ་ནི་འོ་མ་ཆུར་[ཕྱུར]ཁུས་བྱ། །ཐེང་[ཐེངས]གཅིག་བཟློག་[ལྷོག]ནད་སྐྱུགས་སུ་བཅུགས[བཅུག]། ཐོག་ན་སྤུ་དྲངས་འགོ་[མགོ]དཔྱད་གཏང་། །ལག་འགོ་འམ་ནི་འབྲིང་པས་འདྲེན། །སྟོར་ན་སྨན་སྦྱར་སོག་སྲུབ་[སྲུབས]གཏུན། །ན་བའི་སར་ནི་དུབ་[དུགས]བྱའོ། །
བཅད་དུས་མཁྲིས་སྐྱུགས་རླུང་རྟགས་པ། །ནད་དང་སྨན་འདུས་སྟོབས་དང་སྦྱར། །ཤ་སར་ཚོག་བུ་གཏང་བས་ཆོད། །སྐྱུག་ནི་ཁ་བཤལ་སྦྱར་ལ་སྦྱིན། །འདུས་ལ་ཐང་དུ་བྱ། །ཁམ་ངན་ཟས་དང་བསྲེའ་ལ་གཏང་། །ཐང་དང་ཁུ་བ་འཁོར་རྣམས་ཁ་ཚར་གདབ། །འབུར་འཇོམས་བྱ་བའི་ཐབས་ལ་ནི། །སྐྱུག་ན་ཆུ་ལྕགས་[ལྕག]གདོང་དུ་བརྡེགས། །འཁྱིམ་ན་དུད་པ་བུལ་ཏོག་ཚ། །དུད་པའི་རིལ་བུ་བྱས་ལ་གཏང་། །སྟོར་ན་སྨན་བསྐྱར་བསྐུའ་མྱེ་[མཉེ]བྱ། །མས་ཀྱང་ནི་རུ་ཧ་ཡི་བསྡུའ། །རྦོས་ན་དུབ་[དུགས]བྱ་དྲོ་བར་བྱེད། །འབྱང་ན་རླུང་འབྱང་བཅད་དུས་ཡིན། །ཡར་གྱི་བད་ཀན་བོལ་སྣབ་[བེ་སྣབས]བྱུང་ན་བཅད། །ཚོག་གུ་ཟན་དྲོན་བྱས་ལ་གཏང་། །ཆོད་ན་ཞོ་བཙོས་སྨན་་བཏབ་གཏང་། །བདུན་གཅིག་པ་ལ་ཟས་བཅོས་གདབ། །བདུན་གཉིས་པ་ལ་དྲོ་པའི་ས་རུ་བཅག །བདུན་གསུམ་པ་སྨན་དང་དཔྱད་དུ་སྤུག[སྤྲུག] །ཁ་ཟས་བག་[བགས]ཀྱིས་ཆེ་བ་བསླབ། །མ་བདེའ་འཇམ་བཤལ་བསྐྱར་ལ་གཏང་། །གུ་གུལ་དཀར་པོའི་ཆུ་འཐུང་བྱ། །སྦྱོངས་ཀྱི་ལྡོག་རྟགས་ཚ་དང་གྲངས[གྲང]། །རླུང་མཁྲིས་བད་ཀན་གང་བྱུང་བའི། །སྨན་དང་དཔྱད་ཀྱིས་ལྡོག་པ་གནན། །རིན་པོ་ཆེ་གསང་བའི་ཏི་ཀ་ལས། །ལས་ལྔ་གསེར་གྱི་གདར་བུ་ལས། །གྱེན་ཐུར་དྲོང་[དྲང]བ་སྦྱོངས་ཀྱི་ལེའུ་སྟེ་ཉེར་བརྒྱད་པའོ།། །།
ལེའུ་ཉེར་དགུ་པ། ནི་རུ་ཧའི་ལས་བསྟན་པ།
ནི་རུ་ཧའི་ལས་བསྟན་པ། གཏང་དུ་རུང་དང་མི་རུང་དང་། །གཏང་ཐབས་འུར་འཇོམ་[འབུར་འཇོམས]ལོག་ནོན་ལྔ། །ཆུ་སྡོམ་ལྟོ་རྦོས་[སྦོས]བེའུ་སྣབ་[སྣབས]མ་ཞུ་སྲིན། །གླང་ཐབ་[ཐབས]སྐྱ་རྦབ་དུག་ཐབ་[ཐབས]དང་། །ལྟེ་བ་མན་ཆད་ནད་ལ་བྱ་བ་ཡིན། །གཏང་དུ་མི་རུང་གློ་རྡེའུ་ཁྲག་ཏུ་འཁྲུ། །མཛེ་དང་ཆམ་པ་དབུགས་མི་བདེའ། །སྙིང་ནད་རླུང་དང་འཁྲུག་འདྲམ་[འགྲམས]དང་། །སྨད་[མེ]དྲོད་ཉམས་དང་སྦྲུམ་མ་དང་། །གཞང་འབྲུམ་ཚ་བ་གསར་ལ་ཡངས[ཡང་]། །སྔོན་འགྲོ་སྤྱི་དང་མཐུན་པ་ལ། །གཏང་ཐབས་ཟས་སྐོམ་ཞུ་རྗེས་ལ། །ལྕོའུ་[གཅེའུ]སོར་ནི་བཅུ་གཉིས་པ། །སོར་བཞིའི་འཚམས་སུ་འཁོར་ལོ་བཅའ། །རྦུབས་[སྦུབས]སུ་ཐེལ་[མཐེབ]ཅུང་ཤོང་བར་བྱ། །རྩེ་མོར་སྲན་མ་འདྲིལ་ཤིང་[འབྲུ་ཤོང]ཙམ། །ལྒང་ཕུགས་[ཕུག]སླུད་[གྲོད]པུ་ཅི་རིགས་བྱ། །
སྨན་གྱི་སྦྱོར་ལུགས་འདི་ལྟ་སྟེ། །པོ་སོན་རྒྱམ་ཚ་ཨ་བ་དུར་བྱིད་ཁྲོན་བུ་དང་། །དུ་བ་བུལ་ཏོག་ཚ་སུག་པ། །རླུང་ལ་སྤོད་ནག་བད་ཀན་བཞིའ་མོན་དང་། །མཁྲིས་པ་ཨ་བ་སྲིན་ལ་སྒོག་སྐྱ་དང་། །རྟ་ནི་སིངས་པོ་ཆུར་ཁུའམ། །དེ་ལྟར་ཆ་སྤྱད་[བྱད]འཛོམ་པས་ལུམ་[ལུམས]བྱས་པས། །བཞི་ཕུལ་གང་ཙམ་སྔས་སྨད་འཕོང་བསྟོད་[སྟོད]དེ། །མདུན་རྒྱབ་རྟིང་ལ་གང་བབ་ནད་གཞིར་སྦྱར། །ནད་ནི་ཡོད་ས་ལ་དབབ། །མྱི་འགྲོ་འདྲ་ན་ནུར་ཅིག་ཐེན[འཐེན]། །བཅིར་[བཙིར]བས་འགྲོ་བར་ཐེ་ཚོམ་མྱེད། །ལྕོའུ་[གཅེའུ]རྟེན་ཨ་ལོང་ཐེ་[མཐེ]མོས་བཀག །ལྒང་པ་འབུར་འཇོམ་[འཇོམས]བྱུང་ཡང་དར་གཅིག་བསྲན། །དེ་ནས་འཁྲུའ་རུ་གཞུགས[གཞུག]། །བཏང་བས་འོང་དུ་མ་འདོད་ན། །སྨད་ཀྱི་རྟུག་སྐམ་དུག་ཐབ་[ཐབས]བསལ་བ་ནི། །ལོག་ནོན་བསྐྱར་ལ་གཏང་བ་དང་། །འཇམ་རྩི་གཏང་བར་བྱ་བ་ཡིན། །ལས་ལྔ་གསེར་གྱི་གདར་བུ་ལས། །ནི་རུ་ཧའི་ལེའུ་སྟེ་ཉེར་དགུ་པའོ།། །།
ལེའུ་སུམ་ཅུ་པ། འཇམ་རྩིའི་ལས་བསྟན་པ།
འཇམ་རྩི་ལ་ཡང་རྣམ་པ་ལྔ། །གཏང་དུ་རུང་དང་མི་རུང་དང་། །གཏང་ཐབས་འབུར་འཇོམ་[འཇོམས]ལོག་ནོན་ནོ། །ཁྲག་དང་མཁྲིས་པ་སྨུག་པོ་རིམ་[རིམས]། །སྨད་དུ་མཁྲིས་པ་ལྷུང་བ་དང་། །དུག་དང་རྒྱུ་གཟེར་ཚ་བ་དག་ལ་ཡང་། །གཏང་དུ་རུང་བ་འདི་ལྟ་སྟེ། །རེངས་དང་མཁལ་རྐེད་ཉམས་ཆུང་དང་། །རྒས་དང་ཁུ་བ་གདོག་ཤོར་ཉམས། །དབང་པོ་གླང་ཐབ་[ཐབས]མཁལ་རྐེད་གྲང་། །ཤ་ལྤགས་[པགས]རླུང་ཞུགས་དག་ལ་བྱ། །གཏང་བའི་ཐབ་[ཐབས]ནི་འདི་ལྟ་སྟེ། །སྔོན་དུ་དུབ་[དུགས]དང་བྱུགས་པ་བྱ། །སྤྱད་[སྤྱོད]ལམ་དལ་དང་དྲོ་བར་བྱ། །ཞུ་རྗེས་དྲོ་བའི་དུས་སུ་གཏང་། །སྨན་གྱི་སྦྱོར་བ་འདི་ལྟ་སྟེ། །ཚ་བ་གསུམ་དང་ཤིང་ཀུན་རྣམས། །སྨན་ནི་ཁྱོར་གང་ཚད་དུ་གཏང་། །ལྡེ་གུའི་ཚད་ནི་ནི་རུ་ཧ་དང་མཐུན། །ཉལ་ཐབས་གཞོག་[གཞོགས]གཡོན་ཕབ་བྱས་ལ། །རྣམ་པ་ཐེབ་མཛུབ་བར་དུ་གཞུགས་[གཞུག]། རྐང་པ་གཡོན་བརྐྱང་གཡས་པ་བསྐུམ། །ལག་གཡས་པུས་མོ་གཡས་པ་འཇུ། །ལེགས་པར་བཏང་ཞིང་རས་མས་[རེས་མོས]བཀག །མ་ལོག་འཕྲོད་ན་ཞག་བཅུའོ། །ལོག་ན་ཕོ་བ་ལྡིང་པ་དང་། །ངར་གདོང་མྱིག་ཕུག་སྐྲངས་པ་ན། །དྲོད་སྨན་སྣ་འགའ་ཞིབ་བཏག་[བཏགས]ལ། །བསྣན་ལ་ཞག་འགའ་ཐུན་ཡང་ཉོ། །འབུར་འཇོམས་ན་སར་དུབ་[དུགས]ཀྱང་བྱ། །རླན་ལ་མེ་ཉལ་[ཉི]ཚ་བ་སྤང་། །(ལེའུ་སོ་གཅིག་པ་དང་སོ་གཉིས་པ་མ་ཡིག་ཏུ་ཆད།)
ལེའུ་སོ་གཅིག་པ། གཏར་ཁའི་ལས་བསྟན་པ།
དཔྱད་སྡེ་དགྱེས་པའི་ཐིག་ལེ་བཤད། །དེ་ལ་གཏར་བའི་མན་ངག་དྲུག །དང་པོ་ནད་གཞིའ་ཤེས་པ་ནི། །རེག་དང་བལྟ་དང་དྲི་བ་དང་། །ཕྱི་ཡུལ་དབང་པོ་སྒོ་རྣམས་ལ། །ཚ་བའི་ནད་རྟགས་ཚང་བ་དང་། །འཁྲུག་དྲགས་ཚ་བ་རྒྱས་པ་དང་། །གཟེར་མྱི་འཕོ་ཞིང་དྲོས་ན་ལྕི། །བསིལ་སྦྱོར་བྱས་པས་བདེའ་བར་ཚོར། །བལྟ་རྩ་འདྲིལ་ཞིང་ཁྲག་རྩ་རྒྱས། །དེ་ལ་གཏར་བའི་ལས་བྱས་ཏེ། །དེ་ལས་ལོག་ན་གྲང་བ་ཡིན། །དེ་ལ་གཏར་བར་མ་གསུངས་ཏེ། །གཏར་ན་སྐྲན་དང་དམུའ་ཆུ་དང་། །འཐིབ་དང་སྙིང་འདར་མྱིག་མི་མཐོང་། །སྐེད་མཆེད་[ཆད]འཚོ་བ་དཀའ་བ་ཡིན། །གཏར་ནས་གཉིད་ལོགས་[ལོག]རིམས་སུ་འགྲོ། །རིམས་ནད་ཅན་ལ་རྨོང་[རྨོངས]བུར་འགྲོ། །གཏར་མ་ཐག་ཏུ་ལས་བྱས་འཁྲུགས། །མ་སྨྱིན་གཏར་ན་ལུས་ཟུང་[ཟུངས]ཟད། །རྩ་ཡི་གནས་ལུགས་ཤེས་པ་ཡིན། །
སྙིང་རྩ་འཕར་རྩ་འགུལ་བ་དང་། །ལས་བྱེད་ཤ་དང་ཉེ་བ་དང་། །རྨེན་གནད་ཚིག་[ཚིགས]ལ་གནས་པ་དང་། །གཏར་དུ་རུང་བ་མ་ཡིན་ནོ། །སྦྱི་སྦ་རྩོལ་[རྩེ]ཅུང་རྩ་བོ་ཆེ། །སྙིང་ལ་ཁུག་པ་ཨ་སོ་ལི་ཀ་དང་། །ཨོལ་ཀོར་[གོང]རྨྱིད་[མིད]པའི་བར་དང་གསུམ། །གློ་རྩ་དྲུག་སྟེ་དཔུང་རྩ་གཉིས། །ལག་ངར་ལྒང་[སྒང]རྩ་དྲུག་འདུས་གཉིས། །མཆིན་རི་[དྲི]དག་གི་རྩ་དྲུག་ནི། །ལག་ངར་ཁྲིག་[མཁྲིག]མའི་འགོ་གཉིས་མཆན་ཁུང་གཉིས། །དྲུག་འགོ་གཉིས་སུ་བསྟན་པ་ཡིན། །མཆིན་པའི་རྩ་ལ་གདབ་རྩ་དྲུག །འགབ་[སྒབ]ཁུང་དང་ནི་ལོང་རྩ་གཉིས། །ལྡིང་པོར་ཁྱུད་[མཁྱུད]གང་འཇལ་བ་བྱིན་མཇུག་གཉིས། །མཁྲིས་པའི་གདབ་རྩ་ལག་པའི་ཁྲིག་[མཁྲིག]མའི་འགོ་[མགོ]། །སྣ་མྱིག་བར་དང་ལྕེ་འོག་རྩ། །མཚེར་པའི་གདབ་རྩ་ངར་གདོང་གཉིས། །དཔྱིའ་མྱིག་གཉིས་དང་ཕོ་བའི་རྭཱ[རྭ]། །སྟ་ཟུར་གཉིས་དང་སྲིན་ལག་ཐེའུ་[མཐེབ]ཅུང་གཉིས། །གཉིས་ནི་མཚན་མའི་ཟུར་ན་གནས། །ཕོ་མོའི་དེ་རྣམས་བཏབ་པའི་ཡོན་ཏན་གྱིས། །དྲག་[དྲེག]དང་འཁྲུ་དང་མཁྲིས་པ་ཡི། །ཚ་བའི་ནད་རྣམས་སེལ་བ་ཡིན། །དེ་ནི་རྩ་ཡི་གནས་ལུགས་སོ། །བསྙལ་ཐབ་[ཐབས]གསེར་མདོང་[མདུང]ཤིང་གིས་བཅུད[གཅུད]། །མགོ་བོའི་བྱིན་དུ་སྐེ་ལ་གཅུད། །རྩོལ་[རྩེ]ཅུང་སེ་རལ་ཁ་རུ་བསྙལ། །སྟ་ཟུར་གོང་འོག་གཉིས་སུ་བསྟན། །བརླ་ཡི་རྩ་ཆེན་ཤིང་ཐེམས་བྱ། །
བྱིན་མཇུག་རྩིག་པར་གྲང་བཀལ་མ། །རྒྱབ་ཏུ་ཞོ་གཅིག་ཁུར་བྱས་ལ། །རྡོ་ལེབ་ཅོང་པར་མཐིལ་གཏད་ལ། །བྱིན་པ་གཏར་བའི་སོར་གཉིས་པར། །ལྕི་བ་དང་ཤ་མ་འཆུས་པར་བསྙལ། །མདུད་པ་རྒྱབ་ཏུ་བོར་བར་བྱ། །འགོ་[མགོ]བོའི་བསྙལ་ནི་ལྷོད་མི་བྱ། །ཡན་ལག་བག་ཙམ་ལྷོད་པ་ཡིན། །གཏར་ཐབ་[ཐབས]གང་རྒྱས་རྩ་ལ་གདབ། །ནད་ཡུན་རིང་བས་ཟུང་[ཟུངས]ཆུང་ལ། །རྩ་བྲན་རིམ་འཛག་[འཛེག]གཏར་བར་བྱ། །ཟུང་[ཟུངས]བཟང་གཟེར་བ་དྲག་པོ་ལ། །རྩ་ཆེན་ཡས་བབ་དག་ཏུ་གཏར། །མཚོན་ཕོག་རྨ་དང་ཉེ་བར་གདབ། །གླང་ཐབས་རྒྱུ་འདྲིལ་ལོངས་[ལོང]རྩ་གདབ། །རྐེད་པ་འཕྲེད་ལ་མཁལ་ཁུང་མཁྲིས། །བྱིན་མཇུག་བྱིན་རྐོག་[ཀྱོག]གཏར་བར་བྱ། །ཡོབ་གོང་མ་ཐུབ་རྩ་ཆེན་གདབས་[གདབ]། །དང་ཁ་འགག་ན་སྣོད་ཁ་གདབས[གདབ]། །གློ་གཟེར་ལུད་གཟེར་ཨ་སོ་མཁྲིས། །སྐད་འགགས་མཛུབ་མོ་གོང་དུ་གཏར། །མཁྲིས་ནད་ཁ་ཁག་གཤལ་རིང་[གཤའ་རིངས]གཏར། །བད་མཁྲིས་མཆིན་པའི་དྲུག་འགོ་འོ། །ལོང་ཏོགས་[ཏོག]ཅན་ལ་སྣ་རྩེ་གཏར། །འགོ་[མགོ]བོ་ལྕི་ན་ཚོགས་[མཚོགས]མ་དབྱེའ། །སྟོད་དུ་ཚ་བ་རྒྱས་ན་རྩོལ་[རྩེ]ཅུང་གཏར། །བར་དུ་ལག་པ་སྨད་དུ་ལོང་རྩའོ། །རྣོ་ངར་ལྡན་པའི་རྩག་[བཙགས]བུ་ཡིས། །རྩོལ་[རྩེ]ལ་ནི་གཉིས་ལེན་གཤགས། །གཞན་མ་ལག་འདྲིས་གང་ཆེ་བྱ། །ཆེ་གཤེགས་ཆུང་བཅད་འབྲིང་པོ་དབུགས། །འགོ་[མགོ]རྩ་རྐང་རྩ་བཅད་པའོ། །དེ་ལ་མང་ཉུངས་ཁྲག་གི་མདོག །དམར་འཇམ་མཚལ་འདྲ་མྱུར་དུ་བཅད། །རྣག་བརྩེགས་དམར་སྔོ་མང་དུ་འདོན་པར་བྱ། །ལོག་ནོན་རྡོ་གྲངས་[གྲང]ཀླན་[གླན]པ་དང་། །ཞག་ལོན་ཙ་ན་རྩ་ཁ་འབྱེའ། །དེ་ལ་སྣུམ་རྩི་གཏང་བར་བྱ། །ཁྲག་འཚམས་[མཚམས]དམར་པོ་བྱ་ཁྲག་འདྲ་བ་ཡིན། །དཔྱད་སྡེ་འཕྲུལ་གྱི་འཁོར་ལོ་ལས། །གཏར་ཁའི་ལེའུ་སྟེ་སོ་གསུམ་པའོ།། །།
ལེའུ་སོ་གཉིས་པ། མེ་བཙའི་ལས་བསྟན་པ།
ནད་ཕྱེད་མྱེའི་གསོའ་བ་ལ། །མཇུག་ཀྱང་མྱེ་ཡིས་བཅད་པར་བྱ། །བསྲེག་རུ་[རུང]མི་རུང་ཁྲག་མཁྲིས་སྨུག །བསྲེག་པ་བད་རླུང་ཆུ་སེར་གྲང་། །མྱེའི་གསང་ལ་རྣམ་པ་གཉིས། །སྨན་པས་བཙལ་དང་ནད་ཀྱིས་བཙལ། །སྨན་པས་བཙལ་བ་མདུན་རྒྱབ་བོ། །ཡན་ལག་བཞི་ཡི་མྱེ་དམིགས་རྣམས། །རྒྱས་པར་འདུ་བའི་ཏི་དཀར་[ཀར]ལྟོས། །གསལ་བ་དྲང་སྲོང་སྒྲོན་མར་ལྟོས། །བསྡུས་པ་གར་གདབ་ངེས་པ་མྱེད། །ཨ་ན་ཚུགས་སུ་གདབ་པར་བྱ། །དེ་ལ་སྤྱི་དོན་རྣམ་པ་ལྔ། །བརྫིས་པས་ལྡང་[ལྷང]གིས་བྱུང་བ་དང་། །བེམ་དང་སྦྲིད་དང་བེམ་ཚོར་དང་། །འཁུམ་གྱིས་སོང་དང་སྙི་སངས་ཁྱེར། །ནད་མྱིག་སྟེང་དུ་གདབ་པར་བྱ། །བསྲེག་ལུགས་བཙོའ་བསྲེགས་བསྲོའ་བ་དང་། །བསྡིག་པ་དང་ནི་རྣམ་པ་བཞི། །གྲང་བའི་སྐྲན་འབྲས་བཙོའ་བ་སྟེ། །བཅུ་བདུན་མན་ཆད་གདབ་པར་བྱ། །བད་ཀན་ཆུ་སེར་སྙིང་རླུང་བསྲེག །བཅོའ་ལྔ་མན་ཆད་གདབ་པར་བྱ། །འཐོར་བུའི་རླུང་དང་གྲང་སྲིན་དང་། །རྩ་སྒོ་ཤ་ཆུང་གཉེན་པར་བསྲོའ། །ལྔའམ་གསུམ་ཙམ་གདབ་པར་བྱ། །རྩ་འཕྲེས་[འཁྲོས]ཆུ་རྒྱུས་བར་གྱི་རླུང་། །ཚ་རྗེས་རླུང་དང་བུ་ཆུང་བསྡིགས། །སྤྲ་བ་རེ་རེས་ཆོག་པ་ལགས། །མདོར་ན་གྲང་བའི་ནད་ལའོ། །འཕྲུལ་གྱི་འཁོར་ལོ་ལས། །མྱེ་བཙའི་ལེའུ་སྟེ་སོ་བཞི་པའོ།། །།
ལེའུ་སོ་གསུམ་པ། ཐུར་མའི་ལས་བསྟན་པ།
ད་ནི་ཐུར་མའི་དཔྱད་བསྟན་པ། རྒྱས་པར་འདུ་བའི་ཏི་དཀར་[ཀར]ལྟོས། །མདོར་དུ་བསྟན་པ་འདི་ལྟ་སྟེ། །ཐུར་མ་གདབ་ཏུ་རུང་མི་རུང་། །བྱད་ཁ་བལྟས་དང་ཤི་རྟག་[རྟགས]བྱུང་དང་གདོན་གྱིས་བརླབས། །ཟུངས་ཟད་ཁྲག་མཁྲིས་སྨུག་པོ་ཚད་རོ་ཡོད། །རིམས་དང་སྦྲུམ་མ་ལུས་ལ་རྨ་ཡོད་དང་། །ཁོང་དུ་མཚོན་ལུས་མཁྲིས་པའི་འཚོའ། །དོན་སྣོད་ཚ་བ་ཞུག་[ཞུགས]པ་དང་། །དེ་རྣམས་སྤང་བར་བྱ་བ་ཡིན། །གདབ་ཏུ་རུང་བ་བསྟན་པ་ནི། །དོན་སྣོད་ཆུ་རྒྱུས་རླུང་ཞུགས་དང་། །རླུང་འཁྱིམས་མྱེ་དྲོད་ཉམས་པ་དང་། །འགོ་[མགོ]བོ་ཡན་ལག་ཤ་སུལ་དང་། །རླུང་དང་ཆུ་སེར་ཞུགས་པ་དང་། །དམུའ་ཆུ་རླུང་དང་སྐྲན་ནད་ལ། །མདོར་ན་གྲང་བའི་ནད་ལ་སྨན། །དབྱིབས་དང་ཐུར་ཚོད་ལག་ཚོད་ནི། །འཕང་ལུགས་ཐིག་སྐོར་ལོག་ནོན་ནི། །དོན་སྣོད་སོ་སོའི་སྐྲན་རྣམས་དང་། །རྗེས་བསྲུང་བ་དང་རྣམ་པ་བདུན། །ཐུར་མའི་དབྱིབ་[དབྱིབས]ལ་རྣམ་པ་བརྒྱད། །རིང་ཐུང་ཚད་ལ་རྣམ་པ་དྲུག །འཕྲ་སྦོམ་ཚད་ལ་རྣམ་པ་གསུམ། །འཕང་བའི་ཚད་ལ་སྤྱི་དོན་དྲུག །ལག་ཚོད་ལ་ཡང་རྣམ་པ་ལྔ། །ཐིག་ལ་སྤྱི་དོན་རྣམ་པ་གསུམ། །ཡུལ་ཐིག་རྩ་ཐིགས་[ཐིག]གསང་ཐིག་གོ །སྐྲན་སོ་དོན་སྣོད་སོ་སོ་འོ། །དེ་དོན་ལོག་ནོན་སྤྱི་དོན་སྒོས། །དེ་ཡང་ཡང་ཏིག་སྒྲོན་མའམ། །དོན་སྐོར་དགུའ་བའི་ནང་དུ་ལྟོས། །དཔྱད་སྡེ་འཕྲུལ་གྱི་འཁོར་ལོ་ལས། །ཐུར་མའི་ལེའུ་སྟེ་སོ་ལྔ་པའོ།།
ལེའུ་སོ་བཞི་པ། དུགས་ཀྱི་ལས་བསྟན་པ།
ད་ནི་དུབ་[དུགས]ཀྱི་རིམ་པ་བསྟན། །དུབ་[དུགས]པ་བྱ་བའི་ནད་རིགས་ནི། །མཁལ་རྐེད་ན་དང་རྦོས་པ་དང་། །དྲི་ཆུ་འགག་དང་རླུང་ལོག་དང་། །གླང་ཐབ་[ཐབས]དག་དང་ཚབ་[ཚབས]ནད་དང་། །སྐྲང་[སྐྲངས]དང་ཀོར་ལིང་[ཀོ་ལེར]དག་ལ་བྱ། །དེ་ལ་ཚབ་[ཚབས]དུབ་[དུགས]བྱ་བ་ནི། །ཚབ་རྔོས་སྣམ་བུ་སྲབ་མང་བཏུམས། །འདྲེན་ནི་སྟོད་སྨད་མ་བྱུང་བ་དག་དང་། །སྨན་དང་ལྷག་མ་ལུས་པ་དང་། །ལྦོས་དང་རིམས་དང་ཀུན་ལ་ཕན། །བྱ་བྲུན་ས་རྡོ་ཤིང་གང་རུངས[རུང་]། །ཆང་ངམ་གུ་གུལ་སྐུར་གྱིས་བྲན། །དེས་ནི་སྔོན་རྒྱབ་མདུན་ན་བཅུག །རྡུལ་དག་མངོན་པར་འབྱུང་བ་ཡིན། །ཁོང་པ་ལྟེམ་པ་ཀུན་ལ་ཕན། །ལྷག་པར་བུད་མེད་ནད་ལའོ། །ལྦོས་དུབ་[དུགས]འཐོར་བུའི་རླུང་ལ་ཕན། །འོལ་ཀོན་[སྐོམ]དུབ་[དུགས]ཀྱིས་དེ་བཞིན་ཤེས། །རྫ་མ་མྱེས་བཀང་ས་འོག་བཅུག །ཨ་ལོང་ཁ་གཏུགས་སྲིན་ནད་སེལ། །མདོར་ན་ཚ་བའི་དུབ་[དུགས]ནི་གྲང་ལ་ཕན། །བསིལ་དུབ་[དུགས]ཆུ་རྡོ་རྡོ་བ་ལ། །ཆུ་གྲོད་ལྕགས་དྲག་[དྲེག]ལ་སོགས་ཀྱིས། །ཚ་སྲིན་གླང་ཐབ་[ཐབས]ཁྲག་མཁྲིས་དང་། །ཁྲག་མ་ཆོད་དང་ཚིག་འདྲོག་དང་། །ཁྲག་མཁྲིས་རྩ་ལ་ཞུགས་པ་དང་། །མདོར་ན་ཚ་བའི་ནད་ནའོ། །བདུད་རྩི་ལ་སོགས་རྫ་མར་བཙོའ། །ཁ་བཅད་གདུས་ནས་རླངས་པ་འདྲའ། །གྲང་རླུང་ཆུ་སེར་ན་སར་བདུགས། །གཉིས་ལྡན་འདྲེས་པའི་ནད་རྣམས་སེལ། །རུས་པ་གདུས་པའི་ཁུ་བ་ཡིས། །བདུག་པས་རླུང་གི་ནད་རྣམས་སེལ། །རུས་ཁུ་ཁོང་དུ་གཏང་བར་བྱ། །དཔྱད་སྡེ་འཕྲུལ་གྱི་འཁོར་ལོ་ལས། །དུབ་[དུབས]ཀྱི་སྦྱོར་བའི་ལེའུ་སྟེ་སོ་དྲུག་པའོ།། །།
ལེའུ་སོ་ལྔ་པ། ལུམས་ཀྱི་ལས་བསྟན་པ།
ད་ནི་ལུམ་[ལུམས]ཀྱི་རིམ་པ་བསྟན། །ལུམ་[ལུམས]སུ་བྱ་བའི་ནད་རིགས་ནི། །གོང་གི་དུབ་[དུགས]བཞིན་ཤེས་པར་བྱ། །བདུད་རྩི་ལྔའམ་གསུམ་གྱིས་ལུམས་སུ་བྱ། །མཁན་ཤུགས་[ཤུག]མཚོའ་དང་འོམ་བུ་སྲོ་ལོ་རྣམས། །ཚོས་པར་བྱས་ལ་སྒྱེའུ་བུར་བླུགས། །ཡང་ན་དོང་ཐབ་རླངས་པསབདུགས། །ཡོན་ཏན་སྲིན་རྙིང་དམུ་ཆུ་དང་། །དྲོད་ཆུང་བུད་མེད་ཁྱོ་ག་གྲང་ལྦོས་འཁྲོག་པ་དང་། །སྐྲང་འབུར་ཀུན་ལ་ཕན་པའོ། །
མཁར་གོང་རྡོ་བརྔོས་འོ་མས་བྲན། །སྲིན་ནད་འགོ་[མགོ]བོའི་སྲིན་ལའོ། །ཞུན་ཀན་སྐྱུར་བསྲེས་རྗེའུར་[སྒྱེའུར]བླུགས། །མཁར་གོང་བསྲེག་བཅུག་རླུངས་[རླངས]པས་བདུག །རྨ་རྙིང་རྣག་དང་ཆུ་སེར་འདྲེན་པའི་མཆོག །རུས་པ་གསར་རྙིང་བརྡུང་པ་ཡི། །ཆང་གི་ནང་དུ་གདུའ་བར་བྱ། །རུས་པས་ཡན་ལག་ཚིག་[ཚིགས]རུས་བདུག །ཁུ་བ་ཁོང་དུ་གཏང་བར་བྱ། །གྲུམ་བུའི་ནད་ལ་ཤིན་ཏུ་བསྔགས། །ལུག་ཚོན་ནང་ཆ་སྤོད་བཏབས་[བཏབ]བརྒྱངས། །གཏང་ཐབས་བལ་བུས་ཁ་བཅད་ལ། །རླངས་པས་ན་སར་ལུམ་[ལུམས]སུ་གཞུག །མཁལ་རྐེད་ནད་དང་རླུང་གི་གཟེར། །སྐྲན་དང་འོག་རླུང་དམར་འོམ་བྱེད། །རྩ་བྱེར་གཞུགས་[གཞུག]པ་རིང་[རེངས]དང་བྱེར། །ཞ་རིངས་[རེངས]སྐྲངས་པ་ཀུན་ལ་ཕན། །ལྷག་པར་ཚབ་[ཚབས]ཀྱི་ནད་ལའོ། །
བྱིབ་[བྱིབས]ལ་དངུལ་[རྔུལ]དབྱུངས་[དབྱུང]ཕྱེ་ཡིས་ཕྱི་བར་བྱ། །དོང་ཐབ་བྱས་ལ་ཆུ་ཚན་རླང་[རླངས]ཁོལ་གྱིས། །ལུམ་[ལུམས]བྱས་རུས་པའི་ནད་དང་སྐྲངས་པ་དང་། །ཚིག་[ཚིགས]པར་ན་དང་གདོང་འཁྲུག་དང་། །ཕོ་བའི་འུར་སྒྲ་ཆུ་སོ་ན། །ཤ་བེམས་[བེམ]ཀུན་ལ་ཕན་པ་ཡིན། །བྱ་བ་སྣ་ཚོགས་སྐུར་[ཆུ]ཡིས་བྲན། །སྒྱེའུ་བླུགས་ཁ་ཚོས་ལེགས་པ་ཡིས། །སྲིན་དང་སྐྲན་དང་སྐྲང་རྙིང་འཇོམས། །འཕྲུལ་གྱི་འཁོར་ལོ་ལས། །ལུམ་[ལུམས]ཀྱི་ལེའུ་སྟེ་སོ་བདུན་པའོ།། །།
ལེའུ་སོ་དྲུག་པ། བྱུགས་པའི་ལས་བསྟན་པ།
བྱུགས་པ་བྱ་བའི་ནད་རིགས་ནི། །ལུས་ཀྱི་དྲོད་ཆུང་འདར་བ་དང་། །རེང་[རེངས]དང་ཀོར་ལིང་[ཀོ་ལེར]ན་བ་དང་། །དེ་ལ་ལུས་ནད་གང་ལ་ཡོད་པ་དང་། །རླུང་དང་ཆུ་སེར་ལ་སོགས་པའོ། །བྱུག་པའི་སྔོན་དུ་བཀྲུའ་བ་གཅེས། །བད་རླུང་གྲང་བ་ཆང་གིས་བཀྲུ། །སྦང་མའམ་ཁུ་བ་ཁྲག་མཁྲིས་ལ། །མྱེད་ན་གསར་འཇམ་གཏང་བར་བྱ། །རྐང་མར་དག་ལ་ཚིལ་བུའོ། །བཞུའ་ཚད་འཕྲོད་དུ་གཏང་བའི་སྨན། །བསེའ་བ་གྲང་བ་དྲོད་ལ་ཚ་བ་བསིལ། །གང་འགྲོ་ནད་ཀྱིས་ཤེས་ཏེ་ཕལ་ཆེར་ཚ་བ་གསུམ། །དེའང་ཕལ་ཆེར་དྲོད་དུ་འོང་། །སྐྱང་[རྐྱང]པར་བྱུག་དང་སྦག་ཏུ་བྱུགས། །སྨན་ཅན་བྱུག་དང་སྨན་མེད་བྱུགས། །ཉི་མ་དྲོ་བའི་དུས་སུ་བྱ། །བསྐུའ་རྗེས་སྣུམ་བསྐུའ་ཡུན་རིང་ཞགས་[ཞག]པར་མཉེའ། །གོང་མ་རྒོས་[དགོས]པའི་སྨན་རྣམས་འཇུ། །ལུས་ཀྱི་མྱེ་དྲོད་ཆུང་བ་ལའོ། །ཁྱད་པར་སྦྱོང་སྐྱུགས་སྔོན་ལའོ། །འཕྲུལ་གྱི་འཁོར་ལོ་ལས། །དཔྱད་སྡེ་བྱུགས་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།
ལེའུ་སོ་བདུན་པ། དུས་ཀྱིས་བཅོས་པ་བསྟན་པ།
བྱེ་བྲག་བཅོས་པའི་ཐབས་ལ་ཡང་། །སྤྱིའི་ཚ་གྲང་རྣམ་གཉིས་ལས། །དེ་ལ་ཚ་བའི་བཅོས་ཐབས་ནི། །རྒྱུ་རྐྱེན་ངོས་བཟུང་བཅོས་ཐབས་དང་། །ལོག་ནོན་དང་ནི་ལྔ་རུ་བསྟན། །རྒྱུ་ནི་རླུང་མཁྲིས་བད་ཀན་དང་། །རྐྱེན་ནི་མཚོན་རྒྱབ་[བརྒྱབ]སེམས་ལས་ཆེ། །ཁུར་དང་གཡང་ལྷུང་འཕུར་འཛིངས་དང་། །སྨན་པས་བཅོས་ཉེས་ཉལ་པོས་དུབ། །མདོར་ན་དྲག་ཤུལ་ལས་ཀྱིས་བསྐྱེད། །དེ་ལ་ཚ་བ་ངོས་བཟུང་བ། །འདར་དང་རིམས་ཀྱིས་ཕྲུམ་སེར་ཁྱེར། །དབུགས་རྒོད་རྩ་འཕར་སྙིང་མི་དགའ། །དང་ཁ་མི་བདེའ་སྐོམ་དད་ཆེ། །ཁ་ཁ་ལུས་ཚ་ཤེས་པ་བྱིང་ཞིང་རྨི་ལམ་ཟང་ཟིང་མང་། །མྱིག་སྔར་མྱེ་འབར་སྙམ་པ་ཚ་བའི་རྟགས། །བཅོས་པའི་ཐབས་ལ་རྣམ་པ་བཞི། །མ་སྨིན་སྨིན་པར་བྱ་བ་དང་། །མདོར་ན་ནད་ཁྲག་སྐྱེས་པ་དང་། །ལང་ཚོ་དར་དང་ས་ཡུལ་དྲོ། །སྟོན་དཔྱིད་ཁ་ཟས་བཅུད་ཀྱིས་རྐྱེན། །ཞག་གྲངས་ངེས་པ་མེད་པ་ཡིན། །དེ་ལ་སྨིན་རྟགས་བྱུང་ན་ལོང་མེད་གཏར། །རྩ་འཕངས་[དཔངས]དམའ་བ་སྨད་གྲིམ་རྒྱུགས། །ལུས་ལ་དྲི་འབྱུང་ཆུ་མདོག་དམར། །བསིལ་འདོད་སྔར་གྱི་གྲངས་[གྲང]ཤུམ་ཆད། །ཉིན་གཉིད་མི་ཐུབ་ནུབ་མོ་ཡར[ཡེར]། །གསུས་ཆེ་མཆུའ་ལ་ཐོར་བུ་འོངས། །ལུས་མདོག་དམར་སེར་ཁམས་དང་ནག །སྨིན་པའི་རྟགས་སུ་ཤེས་པར་བྱ། །སྨིན་ནས་ནད་གཞིའ་ཆེ་བ་ཡང་། །ལྡན་དང་འདུས་པ་མཁས་པས་དཔྱད། །མ་ནུ་བཞི་པའི་ཐང་གིས་དབྱེའ། །དེ་ལ་སོགས་པའི་སྦྱོར་བ་ནི། །བྱེ་བྲག་བཅོས་ཐབས་རྣམ་པ་གཉིས། །གསར་རྙིང་དུས་ཀྱིས་བཅོས་པ་དང་། །རྒན་གཞོན་ན་སོས་བཅོས་པའོ། །
གསར་རྙིང་དུས་ཀྱིས་བཅོས་པ་ནི། །མ་སྨིན་གསར་པ་ཆུ་ལྟར་རྙོགས། །རྒྱས་པའི་ཚ་བ་མྱེ་ལྟར་འབར། །གབ་པའི་ཚ་བ་མུན་ལྟར་གཏིབས། །རྙིང་པའི་ཚ་བ་ཙི་[རྩི]ལྟར་ཞེན། །སྟོང་པའི་ཚ་བ་མདའ་ལྟར་གཟེར། །དེ་ལྔ་བཅོས་པར་བྱ་བ་ནི། །གསར་པ་ཆུ་ལྟར་རྙོགས་པ་ནི། །བད་ཀན་གྲང་བས་སྦས་[སྦོས]པས་ན། །ནོར་བུ་ཆུ་དྭངས་བཞིན་དུ་བཅོས། །བཟང་པོ་དྲུག་གིས་སྨིན་པར་བྱ། །སྐྱུ་རུ་ར་དང་སླེ་ཏྲེས་དྭངས་སྙིགས་ཕྱེ་བར་བྱེད། །འདྲེས་པ་ཕྱེ་ལ་ཚ་བ་སྤུར། །སྐྱུ་རུ་ར་དང་ཏིག་ཏ་དང་། །ཨ་རུ་ར་དང་ཧོང་ལེན་དང་། །དབང་པོ་ལག་པ་བ་ཤ་ཀ །ཆུ་ལ་གདུས་ནས་དྲོན་མོ་ངར་[ངད]ཡལ་གཏང་བར་བྱ། །ཟན་གཅིག་ཟ་རིན་ཙོག་བུར་བསྡད། །
དེ་ནས་གོས་ཀྱིས་བྱིབ་[བྱིབས]པར་བྱ། །རྐང་པའི་མཐིལ་དུ་རྔུལ་བྱུང་ན། །དེ་ནས་ཕྱེ་ཡིས་ཕྱི་བར་བྱ། །ཡང་ཡང་བྱས་པས་ཚ་བ་ཐོན། །གལ་ཏེ་རྙིང་ནས་རྔུལ་མེད་ན། །ཕོ་བ་ཅུང་ཟད་རྔུལ་བ་སྲིད། །རྔུལ་ན་བསྐྱར་ནས་འབྱིན་པ་ཡིན། །དེས་ཀྱང་མ་ཕྱིན་རྔུལ་མེད་ན། །ཁོང་དུ་བུར་ཆང་ཕུལ་གང་བཏང་། །དེས་ནི་ཚ་བ་གབ་རྙིང་སློང་། །དེ་ནས་གང་[གོང]བཞིན་བསུའ་བར་བྱ། །དེའི་ཕྱིན་འགྱུར་ཐེ་ཚོམ་མེད། །དེ་ནི་རྙིང་ཚད་བཅོས་ཐབས་ཡིན། །རྒྱས་ཚད་མྱེ་ལྟར་འབར་བ་ནི། །ཟླ་བ་ལྟ་བུའི་སྦྱོར་བས་གསོའ། །ངོས་བཟུང་མུན་སེལ་སྒྲོན་མ་བཤད། །
ཁྱད་པར་རྒྱས་ཚད་ན་ལུགས་ནི། །གཟེར་མིག་ཕུར་པ་བཏབ་པ་འདྲ། །དབུགས་རྒོད་དྲོད་ཆེ་ཁྱི་ལྟར་ཟུགས[ཟུག]། །སྐོམ་པས་རྒྱ་མཚོའ་འཐུང་སྙམས་[སྙམ]བྱེད། །དུག་འཁྲུགས་དྲག་ཤུལ་དག་ལས་བྱུངས[བྱུང]། །དེ་ལ་གཏར་དང་སྨན་སྦྱར་ཏེ། །སྟོད་གཟེར་རྩོལ་[རྩེ]ཅུང་དཔུང་རྩ་གཏར། །སྨད་ཀྱི་ལོང་རྩ་བྱིན་མཇུག་གཏར། །བར་རྒྱས་སྣོད་ཁ་རུ་ཐུང་གཏར། །གར་བབ་ས་རུ་གཏར་བྱར་[བར]བྱ། །སྨད་ནད་སྟོད་དུ་གཏར་གྱུར་ན། །ལུས་ཀྱི་ཟུངས་ཟད་གསོའ་བར་དཀའ། །སྟོད་ཁྲག་སྨད་དུ་དྲོངས་པ་ན། །ཁྲག་གཟེར་སྤྱི་བླུགས་ཞེས་བྱ་འཆིའ། །ཚ་བ་ཆེ་འབྲིང་ཐ་མ་གསུམ། །ཆེ་ལ་རྩོལ་[རྩེ]ཅུང་བསྣོལ་ལ་གདབ། །ག་བུར་སྦྱོར་བས་གསད་པར་བྱ། །འབྲིང་ལ་སྣོད་ཁ་རུ་ཏུང་[ཐུང]གཏར། །གུར་གུམ་བརྒྱད་པ་སྦྱོར་ལ་གསད། །ཐ་མ་མཁྲིས་རྩ་རྩ་བྲན་གཏར། །བསིལ་སྨན་ཅི་རིགས་སྦྱར་ལ་གསད། །སྤྱིར་ན་ནད་ཀྱི་རབ་འབྲིང་གིས། །སྨན་ཡང་དེ་དང་འཚམ་པར་བྱ། །ཁྲག་ཀྱང་དེ་དང་འཚམ་པར་བྱ། །ཐང་མ་བཏང་བར་གཏར་བར་ཡང་། །ཚ་བའི་ཕྱག་བརྙེན་[བརྙན]གློ་ཡིན་པས། །གམ་འཁྲུགས་གར་བྱུངས་[བྱུང]ལུད་པ་ནི། །རྣག་ཏུ་འོང་ན་གློ་འཁྲུག་ཡིན། །ག་བུར་བསེའ་རུ་གོ་ཏོར་[དོར]བསྣན་ལ་གཏང་། །སྐྱ་ལ་སོབ་ན་སྙིང་འཁྲུག་ཡིན། །ག་བུར་སྟེང་དུ་གླ་རྩི་ཤིང་མངར་བསྣན་ལ་གཏང་། །ཁ་བ་བྱུང་ན་མཆིན་པ་འཁྲུགས། །ག་བུར་སྟེང་དུ་ཙན་དན་གླ་རྩི་བསྣན་ལ་གཏངས་[གཏང]། །དུད་ཁུ་བྱུང་ན་མཚེར་པ་འཁྲུགས། །ག་བུར་སྟེང་དུ་གླ་རྩི་ལི་ག་དུར་བསྣན་ལ་གཏང་། །འགོག་པ་རྐ་[དཀའ]ན་སྟ་རུ་[སྟར་བུ]བསྣན། །སྤྱིར་ན་གློ་ཚད་འཁྲུག་པ་ལ། །ཤིང་མངར་རྒུན་འབྲུམ་སྟ་རུ་[སྟར་བུ]དང་། །ཙན་དན་དཀར་དམར་པུ་ཙེ་ཤེལ། །ཅུ་གང་གླ་སྒང་ལི་ག་དུར། །ཀ་ར་དྲུག་འགྱུར་སྦྱར་ལ་བཏང་། །ལུད་པ་རྣག་ཏུ་བྱུང་བ་ལ། །གཏར་བ་མ་ཡིན་སྨན་སྦྱོར་བྱ། །སྲོ་ལོའི་ཆང་དང་འབྲི་རྐང་དང་། །སྐམ་པའི་སྦྱོར་བ་ཅི་རིགས་བྱ། །དེ་ལ་རྒྱས་པའི་སྨན་དང་དཔྱད། །དོན་སྣོད་གློ་ཚད་གམ་འཁྲུག་ལྟོས། །རྒྱས་ཚད་བཅོས་ཐབས་བསྟན་པའོ།།
གབ་པའི་ཚ་བ་བཅོས་པ་ནི། །རྐུན་མ་གཉེན་དང་འབྲེལ་བཞིན་བཅོས། །ཚ་བ་གྲང་བས་སྦས་པས་གབ། །བརྟག་པར་དཀའ་བས་མུན་ལྟར་འཐིབ། །སྙིང་གི་ཚ་བ་རླུང་གིས་སྦས། །སེམས་རྒོད་གཉིད་ཡར་[ཡེར]སེན་མོ་དཀར། །ཆང་ཞིམས་[ཞིམ]བཏང་བས་གབ་པ་སློངས། །མཁལ་མའི་ཚ་བ་གྲང་བས་སྦས། །ཁྲག་བཏོན་བཞག་པས་རྣག་ཏུ་འོངས། །མཁལ་རྩ་གང་ན་ཡོད་པར་ན། །ཆང་འཐུང་རོ་སྨད་ལྕི་རུ་འགྲོ། །ངོས་བཟུང་དཀའ་བས་ལོང་རྩ་གཏར། །རྣག་ཏུ་འདུག་ན་གབ་པ་སློང་། །སྣོད་དུ་ཚད་ཞུགས་འཁྲུ་སྐྱུགས་བྱེད། །བསིལ་དྲོད་གང་བཏང་གནོད་སྙམ་བྱེད། །ངོས་བཟུང་དཀའ་ན་རུ་ཐུང་གཏར། །ཁྲག་མདོག་སྔོ་བཀྲ་གབ་པ་སློངས། །སྤྱིར་ན་གབ་པའི་ཚ་བ་ནི། །རྩ་བྱིངས་[བྱིང]རྟ་རྔ་ཙམ་དུ་གནས། །ཕྱི་གྲང་ནང་ཚ་ནུབ་མོ་གཉིད་མི་འོངས། །དེ་ལས་འཁྲུལ་ནས་གྲང་བར་འཛིན་པ་མང་། །དེའི་བཅོས་ཐབས་ག་བུར་བཅུ་བདུན་སྦྱར། །དོན་སྣོད་གར་བབ་སོ་སོའི་སྨན་སྦྱོར་གང་འགྲོ་བྱ། །ཞག་ལྔ་བར་དུ་གཏར་མི་བྱ། །སྨིན་ནས་གང་བབས་ས་ལ་གཏར། །སྣོད་དུ་བབ་ན་བཤལ་གྱིས་འདོན། །གཏར་ཀ་མང་ཉུང་ཁྲག་མདོག་ཤེས། །སྙིང་ལ་བབ་ན་ག་བུར་གཏང་། །མཁལ་མཆིན་གུར་གུམ་བྲག་ཞུན་གཏང་། །སྤྱིར་ན་ཚད་རྙིང་གབ་པ་ནི། །འཇམ་པའི་བཤལ་གྱིས་འདོན་པ་ཡིན། །གབ་ཚད་གསོའ་བ་བསྟན་པའོ།།
རྙིང་པའི་ཚ་བ་གསོའ་བ་ནི། །མ་སྨིན་གཏར་སྔས་ཚད་རོ་ལུས། །ལྕགས་ལ་བཙའ་ཞེན་ལྟ་བུའོ། །བཅོས་ཉེས་རྙིང་པ་རྩི་ལྟར་ཞེན། །ཆུ་སེར་ཕྱི་རུ་གྲམ་པས་འབྲས་དང་ཤུ། །ཤ་དང་རྩ་དང་ལྤགས་[པགས]པ་ལ། །ནད་[ནང]དུ་ལྷུང་བས་དོན་དང་སྣོད་ལ་ཞེན། །རྟགས་ནི་རྩ་འཕྲ་རྒྱུད་རིང་གཏིང་ན་གྲིམ། །རྔུལ་ཁ་སྙི་ཞིང་གྲིམ་ལ་སྙོག །མྱེ་དང་ཉི་མས་ཤེས་པ་ལྕི། །རྩོལ་[རྩེ]ཅུང་དྲག་[དྲེག]ཆགས་དང་ཁ་འགག །རྣ་བ་ངུ་[འུར]ཞིང་གར་བབ་རྩ་ཡང་ངན། །སྙིལ་[རྙིལ]དཀར་ལྕེ་བཀྲ་ལུས་པོ་བྱིན་དུ་གཟེར། །གློ་ལ་བབ་ན་གདོང་སྐྲང་དབུགས་ཀྱིས་བརྫངས། །མཆིན་པར་བབ་ན་ལུས་ཀྱི་མྱིག་ཀྱང་སེར། །སྙིང་དང་སྲོག་རྩར་བབ་ན་དྲན་(པ་)ཉམས། །ཤེས་པ་བྱིང་ཞིང་ཉིན་མཚན་གོང་མལ་[བོར]ལྕི། །བཅོས་ཐབས་ཐང་དང་བསིལ་སྦྱོར་བྱ། །གཟེར་ཆེ་སྨིན་རྟགས་ཤར་ནས་གང་རྒྱས་རྩ་གཏར། །ག་བུར་ལྔ་པའི་ཕྱེ་མ་རྒྱུན་དུ་བསྲེལ[བསྲེས]། །སྐབས་སུ་འཇམ་བཤལ་བྱ་ཞིང་རྔུལ་ཡང་དབྱུངས་[དབྱུང]། །ལུས་ཟུང་[ཟུངས]གསོའ་བའི་ཐབས་ལ་འབད། །རླུང་དང་འདོམ་དང་བསིལ་བའི་སྨན་མར་སྦྱར་བར་བྱ། །དུབ་[དུགས]བྱ་རྔུལ་དབྱུངས་[དབྱུང]བསིལ་གྱི་བྱུགས་པ་བྱ། །རྩུབ་སྨན་སྦྱར་ན་ལུས་ཟུང་[ཟུངས]གསོད། །དེ་བས་འཇམ་པས་བཅོས་པར་བྱ། །རྙིང་ཚད་བཅོས་པ་བསྟན་པའོ། །
སྟོང་པའི་ཚ་བ་བཅོས་པ་ནི། །གྲང་འདར་ཅན་ལ་གོས་བསྐོན་བཞིན། །རྣལ་དུ་བབ་པའི་སྦྱོར་བ་བྱ། །དེ་ཡི་རྟགས་ནི་འདི་ལྟར་རོ། །རྒྱུ་ནི་ཚ་བ་བཅོས་དྲག་[དྲགས]དང་། །རླུང་ཤས་ཆེ་དང་རིམ་[རིམས]དང་འཁྲུགས། །རྩུབ་སྨན་དྲག་[དྲགས]པ་དག་ལས་བྱུང་། །མདོར་ན་གཏར་དྲག་[དྲགས]རླུང་སྐྱེས་ཡིན། །དེ་རྟགས་རྩ་སྟོང་རྩ་སྟོད་རྒྱུགས། །ཕྱི་ཚ་ཁ་སྐོམས་ཟུག་གཟེར་ཆེ། །བྱུགས་པ་གསུར་དུད་བྱས་ན་བདེའ། །ཉི་གྲིབ་འཚམས་[མཚམས]སུ་གཉིད་ལོག་གཞུགས[གཞུག]། བྱུགས་པ་མྱེ་བཙའ་ཚོད་བླངས་བྱ། །དེ་ཡང་གཅིག་ཏུ་མ་ངེས་ཏེ། །རླུང་སྟོང་མཁྲིས་སྟོང་བད་ཀན་སྟོང་། །ཁྲག་དང་ཆུ་སེར་སྟོང་དང་སྙིང་སྟོང་དང་། །རིམ་[རིམས]སྟོང་རྣམས་སུ་ཤེས་པར་བྱ། །རྩ་དུས་ཉེ་འཕར་སྟོང་པ་དང་། །དྲོ་ཆེ་དབུགས་ཐུང་འདར་བར་གཟོའ[བཟོ]། །སྨྲ་འདོད་གཉིད་ཡར་[ཡེར]རླུངས་[རླུང]སྟོང་ཡིན། །ཤ་ཆང་བརྟེན་[བསྟེན]ལ་རླུང་གསང་བསྲེགས། །འོལ་ཀོན་[སྐོམ]སྦང་སྐེམས་དུབ་[དུགས]ཀྱང་བྱ། །མཁྲིས་སྟོང་གཉིད་ཆུང་ལུས་དབལ་སྐྱ། །ལྕེ་དང་མྱིག་སྤྲིན་སེར་བ་ཡིན། །དེ་ལ་ཆང་དྲོད་སྨན་ཡང་བསྡམས། །བསིལ་ཐང་གཏང་ཞིང་བསྐུའ་མྱེ་[མཉེ]བྱ། །
བསིལ་སར་གཉིད་ཀྱང་ལོག་ཏུ་གཞུགས[གཞུག]། བད་སྟོང་གཉིད་ལོག་ཟང་ཟིང་མངས། །ཉིན་མོ་མི་བདེའ་རྔུལ་ཡང་འོངས། །དེ་ལ་སྐུའ་མྱེ་[མཉེ]བྱ་ཞིང་རྔུལ་ཡང་ཕྱི། །འབྲས་བུ་གསུམ་གྱི་ཐང་བཏང་བྱ། །ཁྲག་སྟོང་གཉིད་སད་བླ་བཅོལ་སྨྲ། །ཉིན་མཚན་གཉིས་ཀ་གཉིད་མི་ཐུབ། །ཤ་གཏང་ཆང་སྤང་བསྐུའ་མྱེ་[མཉེ]བྱ། །འཇམ་ཐང་གཏང་ཞིང་གཉིད་མི་བསྲུངས། །མྱེ་དང་གཏར་བ་བསྲུང་བར་བྱ། །ཆུ་སེར་སྟོང་པ་གཉིད་མི་ཁུགས། །དབང་པོ་འཁྲུལ་ཞིང་སྨྱོ་བ་དང་། །མྱིག་སྔར་ཟང་ཟིང་མང་པོ་མཐོང་བ་འོང་། །ཤ་མར་རྙིང་པ་གཏང་བར་བྱ། །འབྲས་བུ་གསུམ་པའི་སྨན་མར་བཏངས[བཏང་]། །གཉིད་མི་བསྲུང་བར་ལོག་ཏུ་གཞུགས[གཞུག]། ཚིགས་པ་བདུན་ལྔའི་སྲང་[གསང]ལ་བསྲེགས། །གློ་སྙིང་སྟོང་པའི་རྟགས་བསྟེན་[བསྟན]པ། །ལུས་རིང་[རེངས]སོ་འཐམས་སྨྲ་མི་ཤེས། །གཉིད་ཆུང་སྐབས་སུ་བླ་བཅོལ་སྨྲ། །དེ་ལ་རུས་པ་གསར་བའི་ཁུ་བ་བཏངས[བཏང]། །གཉིད་མི་བསྲུང་བར་ལོག་ཏུ་གཞུགས་[གཞུག]། ཀུ་ཙུར་བཅང་[ཁུ་ཚུར་བཅིང]ཞིང་སྙིང་ཁར་ཀླན[གླན]། །རིལ་མྱིག་བལྟའ་ཁ་ཤུ་འདེབས། །གསོའ་རུ་མི་བཏུབ་ཁ་ཤུ་འདེབས། །སྟོང་ཚད་བཅོས་ཐབས་བསྟན་པའོ།།
ཤོར་བའི་རྟག་[རྟགས]ནི་འདི་ལྟ་སྟེ། །གློ་ལ་ཤོར་ན་དབུགས་ཀྱང་ཐུང་། །སྙིང་བརྡུང་གློ་རྩ་འབུར་ལ་འདྲིལ། །བྲང་རྒྱབ་གཟེར་ལ་ཁ་གདོངས་[གདོང]སྐྲངས། །ཤ་ལུས་ན་ཞིང་སྐད་ཀྱང་འགགས། །སྙིང་ལ་ཤོར་ན་དྲོད་ཀྱང་ཉམས། །ནུ་མཇིང་ཕུར་པ་བཙུག་སྙམས་[བཙུགས་སྙམ]བྱེད། །སྲོག་རྩར་ཤོར་ན་ཀུ་[ཤུ]ཡིས་འདེབས། །མྱིག་དམར་ཤེས་འཁྲུལ་རིལ་བལྟའ། །གོས་ལ་བཏོག་ཅིང་སྨྲེ་སྔགས་འདོན། །གསོའ་རུ་མི་རུང་ཚེ་ཡི་དུས། །མཚེར་པར་ཤོར་ན་ཁོང་པ་སྦོས། །གཡོན་གྱི་རྩིབ་ཐུང་སྣ་ན་གཟེར། །མཁྲིས་ཤོར་ཁ་ཁ་མྱིག་སྤྲིན་སེར། །ཕོ་བར་ཤོར་ན་ཕོ་སྟོད་གཟེར། །ལྟག་མྱིག་ལྟ་ཞིང་གླང་ཐབ་[ཐབས]ལྡང་། །མཁལ་མར་ཤོར་ན་ཆུ་ཡང་བསྲི། །མཁལ་རྐེད་གཟེར་ལ་སྒྱིད་པ་འཁུམ། །ཆུ་དམར་རྐང་པ་བཤལ་བའོ། །
དེ་ལ་གསོའ་བའི་ཐབས་བསྟན་པ། །འབྲས་བུ་གསུམ་མམ་མ་ནུ་ཡི། །ཐང་གིས་ཁྲག་ངན་ཕྱེ་ལ་གཏར། །ག་བུར་རྩ་ལྔ་རྩ་བདུན་དགུ་གསུམ་རྣམས། །ནད་ཀྱི་ཐབས་དང་སྦྱར་ལ་གཏངས[གཏང་]། །གུར་གུམ་བདུན་པ་ལ་སོགས་ཅི་རིག་[རིགས]སྦྱར། །སྙིང་ལ་ཤོར་ན་ག་བུར་བདུན། །སྙིང་རྩ་ཨ་སོ་གཏར་བར་བྱ། །གློ་ལ་ཤོར་ན་ཤིང་མངར་བརྒྱད། །སྒང་རྩ་ཞབས་སུ་གཏར་བར་བྱ། །མཆིན་པར་ཤོར་ན་གུར་གུམ་བདུན། །སྣོད་ཁ་རུ་ཐུང་གཏར་བར་བྱ། །མཚེར་པར་ཤོར་ན་སུག་སྨེ་[སྨེལ]བདུན། །ངར་གདོང་སྲིན་ལག་གཏར་བར་བྱ། །མཁལ་མར་ཤོར་ན་ཀ་ཀ་རུ། །བཅུ་གཅིག་བདུན་པ་གང་འོས་གཏང་། །ལྕེ་ན་བྱིན་མཇུག་གཏར་བར་བྱ། །རི་ཐང་འཚམས་[མཚམས]སུ་ཐང་དྲག་[དྲགས]ནས། །ཚ་བར་ལོག་ན་གོང་བཞིན་བཅོས། །འདུའ་བ་ཉི་ཟེར་ཞགས་པ་ལས། །དུས་ཀྱིས་བཅོས་པའི་ལེའུ་སྟེ་སོ་དགུའ་པའོ།། །།
ལེའུ་སོ་བརྒྱད་པ། ན་སོ་ཡུལ་དང་སྦྱར་བའི་བཅོས་པ་བསྟན་པ།
ན་སོ་དང་སྦྱར་བཅོས་པ་ནི། །ལྔ་བཅུ་ཡན་ཆད་རྒས་པ་ལ། །ཚ་བ་ཅི་ལྟར་ཆེ་འགྱུར་ཡང་། །ཁ་ཟས་ཁྲོལ་ནུས་ལུས་ཟུངས་གསོའ། །དེ་ལྟར་ཚ་བ་གསོ་བར་བྱ། །འབྲས་བུ་གསུམ་གྱིས་རླུང་ནད་སེལ། །ཁ་འཛིན་དྲུག་གིས་དོན་ཚད་སེལ། །པི་པི་ལིང་གིས་སྣོད་ཚད་སེལ། །སླེ་ཏྲེས་ཐང་དང་མ་ནུའི་ཐང་། །དང་པོ་གཏང་བས་ཁྲག་ངན་ཕྱེ། །མང་དུ་གཏང་ཞིང་ཉུང་ངུ་དབྱུངས[དབྱུང་]། །འབྲས་གསུམ་ལ་སོགས་སྨན་རྣམས་ནི། །བུ་རམ་དག་གིས་རྟ་བྱས་གཏངས[གཏང་]། །ཡོས་ཆང་གྲོ་ཆང་འཇམ་པ་གཏངས[གཏང་]། །ཟས་དང་སྨན་གཉིས་སྤེལ་བ་ནི། །སྨན་བསིལ་ཁ་ཟས་དྲོད་དུ་བྱས། །མདོར་ན་རྒས་པའི་ཚ་བ་ལ། །ག་བུར་ལ་སོགས་རྩུབ་སྨན་གྱིས། །ཕོ་བའི་དྲོད་ཤོར་ཟུངས་དང་བྲལ། །གཏར་དྲག་[དྲགས]རླུང་སྐྱེས་སྲོག་དང་བྲལ། །གཏར་བ་རྩ་ཁ་འབྱེད་ཙམ་བྱ། །གཞུག་ལ་ཆུ་ལྕགས་[ལྕག]བག་ཙམ་བྱ། །ཚ་བ་འདོན་ལ་ལུས་ཟུང་[ཟུངས]གསོའ། །ལྔ་བཅུ་མན་ཆད་དར་མ་ལ། །ཚ་བ་བྱུང་ན་མྱུར་དུ་བསད། །སྨིན་པར་བྱ་བ་ཐང་གིས་དབྱེའ། །གར་བབ་རྒྱས་པའི་རྩ་ལ་གཏར། །ག་བུར་རྩ་ལྔ་ལ་སོགས་སྦྱར། །ཚ་ཚབ་[ཚབས]ཆེ་ན་ག་བུར་གསུམ་སོགས་གཏངས[གཏང་]། །རྩོལ་[རྩེ]ཅུང་ལ་སོགས་གབ་[གར]བབ་གཏར། །བསིལ་སར་བསྡད་ཅིང་ཡན་ལག་གཏད། །རྔུལ་ཕྲམ་འདོན་ཅིང་ཆུ་ཆག་བྱ། །
དོན་སྣོད་གང་ལ་བབ་པ་ཡི། །གཏར་དང་སྨན་ཡང་དེ་བཞིན་བྱ། །འཐོར་བུའི་རླུང་ལ་བྱ་ར་བསྒྲིལ[བསྒྲིམ]། །ལོ་བརྒྱད་མན་ཆད་བྱིས་པ་ལ། །དེ་ལ་ཚ་བ་བྱུང་འགྱུར་ན། །གཏར་ཁ་བྱས་ན་ལུས་སྐྱེད་ཆད། །བསིལ་རྩུབ་དྲག་[དྲགས]ན་འཇུ་སྟོབས་ཆུང་། །བསིལ་ལ་འཇམ་པ་འདི་ལྟར་བྱ། །རླུང་མཁྲིས་བད་ཀན་གློ་མཆིན་སྣོད། །སྤྱི་བཞུར་ཏིག་ཏ་འུ་སུ་དང་། །ཅུ་གང་གུར་གུམ་སུག་སྨེ་[སྨེལ]གྱིས། །གོ་རིམ་བཞིན་དུ་ཚ་བ་སེལ། །ཀ་ར་དྲུག་འགྱུར་སྦྱར་བྱས་ནས། །འཇུ་བའི་སྟོབས་དང་སྦྱར་ལ་བཏང་། །འདུའ་བ་ཉི་ཟེར་ཞགས་པ་ལས། །ན་སོ་ཡུལ་དང་སྦྱར་ལ་བཅོས་པའི་ལེའུ་སྟེ་བཞི་བཅུ་ཐམ་པའོ།། །།
ལེའུ་སོ་དགུ་པ། ཚ་བ་རི་ཐང་མཚམས་བཅོས་པ་བསྟན་པ།
ཚ་བ་བཅོས་པའི་སྨན་པའི་སྨན་པ་ཡི། །འཐོར་བུའི་རླུང་བྱུང་མ་ཚོར་ན། །ལོང་བས་སོ་བ་བྱས་དང་འདྲ། །ཚ་བའི་རི་ཐང་མ་ཤེས་ན། །ལོག་ནོན་དཔའ་བོ་མདའ་ཟད་འདྲ། །དེས་ན་རི་ཐང་འཚམས་[མཚམས]ལ་གཟབ། །ཞུ་འཁྱག་འཚམས་[མཚམས]སུ་ཕེབ་[ཕེབས]པའི་རྟགས། །མདོར་ན་ཚ་གྲང་འཚམས་[མཚམས]སུ་གཟེར་བ་ཡིན། །འདར་དང་གླལ་མང་སྟོང་སྐྱུགས་བྱེད། །ལུས་ཡང་འཁྲུ་དང་ཁོང་པ་ལྟེམས[ལྟེམ]། །རྩ་སྟོངས་[སྟོང]དྲོད་ཆུང་མྱིག་རྩ་རྒོད། །ཚིགས་པ་དྲུག་བདུན་བརྫིས་ན་ན། །གཉིད་དང་སྐོམ་དད་ཆུང་བ་ན། །སྔར་གྱི་གོས་ཀྱིས་མི་དྲོས་དང་། །དེ་ལས་ཐལ་ནས་མྱིག་རྩུབ་གཡོའ། །རླུང་ཚད་ངོ་མ་ཤེས་ནས་ནི། །གཞུག་ཏུ་ཚོགས་ནུས་ཚ་བ་གསད། །ཡང་ན་ཆང་འབྲིང་བུར་བཏབ་གཏངས[གཏང་]། །གླ་ལྒོ་[དགོ]རྔ་བྲན་ཤ་དང་ནི། །མར་སར་མཐུད་[ཐུད]སར་ཚོད་བླང་ལ། །ངེས་པ་སྐྱེས་ན་ལྷུ་ཚིགས་ཐིལ་[མཐིལ]བཞི་བྱུགས། །ཤ་ཆང་ཀློད་ལ་རླུང་གསར་བསྲེགས། །བཅད་ཀྱིས་ཚ་བར་ལོག་པ་ན། །བསིལ་བཏང་གཏར་བ་རིག་པས་དཔྱད། །ཚ་བའི་རྗེས་གཅོད་ཏིག་ཏའི་སྨན་མར་སྦྱར། །དེ་ལྟར་གཞུང་བཞིན་བྱས་གྱུར་ན། །ཚ་བ་གང་ཡང་བདུད་རྩིར་འགྱུར། །འདུ་བ་ཉི་ཟེར་ཞགས་པ་ལས། །ཚ་བ་རི་ཐང་འཚམས་[མཚམས]ཀྱི་ལེའུ་སྟེ་ཞེ་གཅིག་པའོ།། །།
ལེའུ་བཞི་བཅུ་པ། བད་རླུང་གྲང་བའི་གསོ་ཐབས་བསྟན་པ།
བད་རླུང་གྲང་བའི་གསོ་ཐབས་ནི། །གྲང་བ་རླུང་དང་བད་ཀན་གྱི། །ངོ་བོ་ངེས་ཚིགས་[ཚིག]དབྱེའ་བ་རྣམས། །ནད་ཀྱི་གནས་སུ་གསལ་བར་བསྟན། །དང་པོ་རླུང་ནད་གསོའ་བ་ནི། །ལྔའམ་བདུན་དུ་བསྡུས་མོད་ཀྱང་། །བསྡུས་པས་གསུམ་དུ་འདུས་མོད་ཀྱི། །འགྷོ་[མགོ]རླུང་དང་ནི་སྙིང་རླུང་དང་། །ཀུན་ཁྱབ་རླུང་དང་གསུམ་དུ་འདུས། །འགོ་[མགོ]རླུང་སྨྲ་མང་མྱིག་སྤུ་འཁོར། །ལག་འདར་མྱིག་བསྒྲིབ་འགྲེལ་བར་གཟོ་འོ[བཟོ་འོ]། །རྣ་བ་འུར་ཞིང་སྒྲ་མི་ཐོས། །མཛོའ་མར་དྲོད་སྨན་བཏབ་པ་ཡིས། །འགོ་[མགོ]ལ་བསྐུས་ལ་དྲོ་བར་བྱིབ[བྱིབས]། །ཡང་ན་པི་པི་ལིང་གིས་ཕྱི། །ཏིལ་མར་ནང་བསྐོལ་སྣ་ནང་བླུགས། །རྟག་པར་འོལ་ཀོན་[སྐོམ]ཡོས་དུབ་[དུགས]བྱ། །ལྟག་པ་འགོག་འཚམས་[མཚམས]ཁ་གསུམ་བསྲེགས། །དྲོ་སར་ཉལ་ལ་བཅུད་ཅན་གཏངས་[གཏང་]། །ཡང་ན་སྒོག་མར་འགོ་[མགོ]ལ་བྱུགས། །འགོ་[མགོ]ལ་བྱུར་སྒོར་སྣུམ་ནན་བྱ། །སྙིང་རླུང་འདར་འགྱེལ་འབྲི་ཚུགས་ལྟ། །གཏམ་འཁྲུལ་འགོ་[མགོ]འཁོར་འབོག་པར་གཟོའ[བཟོ]། །དབུགས་རྔམས་[རྔམ]མྱིག་འགྲིབ་སྙིང་རླུང་རྟགས། །ཞོ་ཤ་གསུམ་གྱི་སྨན་མར་དང་། །འབྲས་བུ་གསུམ་གྱི་སྨན་མར་རུས་ཁུ་བཏང་། །དགའ་བའི་གཏམ་སྨྲ་དྲོ་སར་བསྙལ། །ལྔ་བདུན་བྱ་མྱིག་དཀར་ནག་འཚམས[མཚམས]། །བརྒྱད་པ་ལ་སོགས་དཔྱད་ཅིང་བསྲེགས། །སྤྱིར་ན་རླུང་གི་མཚན་ཉིད་དང་། །ངོས་བཟུང་གོང་དུ་བསྟན་པས་ཤེས། །བྱེ་བྲག་འགོ་[མགོ]རླུང་སྣ་སུབ་ལུས། །སྐྱ་སོབ་ལྷག་པར་ནམ་སྨད་ལུ། །ཚིགས་པ་བཞི་པར་ཐུར་མ་བྱ། །སྒྲོག་རུས་འགོ་[མགོ]དང་བྱ་རོགས་[རོག]མྱིག་བསྲེག་བྱ། །དོན་ལ་རླུང་ཞུགས་མྱེ་ཐུར་གཉིས། །རང་རང་གསང་དུ་མཁས་པས་བྱ། །དུབ་[དུགས]དང་བྱུགས་པ་ཚོད་བླང་བྱ། །དྲོད་ཀྱི་ཕྱེ་མ་ཅི་རིགས་བྱ། །སྣོད་དུ་རླུང་ཞུགས་སྨན་མར་བྱ། །གཏར་དང་བསྲེགས་པ་གོང་བཞིན་ཤེས། །ཐིལ་[མཐིལ]བཞི་ཀུན་ཏུ་བྱུགས་པ་བྱ། །ཟས་སུ་ལུག་ཤ་མར་རྙིང་གཏངས[གཏང་]། །ཆང་དཀར་བུ་རམ་རུས་ཞུན་གཏངས[གཏང་]། །ཤ་ལྤགས་[པགས]ཟའམ་ཀོར་ལིངས་[ཀོ་ལེར]ཟ། །མར་རྙིང་རྐང་མར་བྱུགས་པ་ཤིས། །ཚ་བར་ལོག་ན་བསིལ་ལ་བརྟེན[བསྟེན]། །མ་ལོག་སྒོག་པའི་སྨན་མར་བཏང་། །རྗེས་སུ་གང་གཟེར་མྱེ་ཡིས་བསྲེགས། །རླུང་ནད་གསོའ་བའི་ལེའུ་སྟེ་ཞེ་གཉིས་པའོ།། །།
ལེའུ་ཞེ་གཅིག་པ། བད་ཀན་དཀར་པོ་བཅོས་པ་བསྟན་པ།
བད་ཀན་བཅོས་པ་བསྟན་པ་ནི། །རྒྱུ་ནི་དལ་སྣུམ་རླན་གྲང་ཡིན། །བད་ཀན་ལྔ་བདུན་གང་ཡོད་ཀྱང་། །བསྡུས་ན་དཀར་སྨུག་འཇུ་སྐེམ་གསུམ། །དེ་ལ་དཀར་པོའི་བབ་པ་གསུམ། །དང་ཁ་མི་བདེའ་ལྕེ་དབལ་སྐྱ། །བྲང་ཚ་ལྷེན་སྣར་དྲག་[དྲེག]པ་ཆགས། །སྟོད་རྒྱས་ཆར་དུས་འགོ་[མགོ]བོ་འཁོར། །འབྲས་བུ་གསུམ་པའི་ཐང་བཏང་ཞིང་། །ཛ་ཏི་སུག་སྨེ་[སྨེལ]ཅུ་གང་དང་། །ཤིང་ཚ་ཤིང་མངར་སྦྲང་གཡུང་དང་། །འདེའུ་[འདེ་གུ]བྱས་ལ་གཏང་བར་བྱ། །གློ་གསང་བསྲེག་ཅིང་ཟས་དྲོད་གཏངས[གཏང་]། །དང་ཁ་འགག་ན་སེའུ་འབྲུ་བཞི་པ་གཏངས[གཏང་]། །དཀར་པོ་ཕོ་བར་བབ་པའི་རྟགས། །གྲང་ན་ན་ཞིང་དྲོས་ན་བདེའ། །སྐབས་སུ་ཆུ་དྲོན་སྐྱུགས་པའོ། །སྒ་དང་ཨ་བར་རྒྱམ་ཚ་དང་། །པི་པི་ལིང་གི་གདུས་ཐང་གཏང་། །དེ་ལ་མ་ནུའི་ཐང་བཤལ་ནི། །མ་ནུ་ཨ་བར་སླེ་ཏྲེ་[ཏྲེས]དང་། །དོང་ཁ་[ག]ཀན་ཏ་[ཀཎྜ]ཀ་རི་སྒ། །ལྕམ་[ལྕུམ]རྩ་དུར་བྱིད་ཐང་བཤལ་བྱ། །
སེའུ་འབྲུ་བརྒྱད་པའི་ཕྱེ་མ་སྦྱར། །ཆང་དང་དྲོད་ཤས་རྗེས་བསྲུངས་བྱ། །ཕོ་གསང་ན་སར་མྱེ་བཙའ་བྱ། །སྐྲན་དུ་འདྲིལ་ན་མྱེ་ཐུར་སུག །དཀར་པོ་ཕོ་བར་བབ་པའི་རྟག[རྟགས]། །ལྡེའུ་[ལྷེན]སྣར་དྲེགས་ཆག་[དྲེག་ཆགས]ཟས་མི་ཞིམ། །བྲང་ཚ་མྱིག་རུས་བསྲེ་བ་དང་། །ཕོ་མཆིན་གར་ན་ཆ་ཡང་མྱེད། །དོག་[དོགས]པ་བཅའ་འདྲ་འབུ་སྲིན་འབྱུང་། །བར་དུ་འཁྲུའ་སྐྱུགས་མྱིག་མི་གསལ། །དབྱིའ་མོ་ཨ་བར་རྒྱམ་ཚ་ཐང་དུ་གཏངས[གཏང་]། །སེའུ་འབྲུ་དང་ནི་ཚ་བ་གསུམ། །ཨ་བར་རྒྱམ་ཚ་མ་ནུ་དང་། །འུ་སུ་ད་ཏྲིག་མེ་རུ་ཙེ། །བུ་རམ་སྦྲངས་གཡུངས་[སྦྲང་གཡུང]སྦྱར་ལ་གཏངས[གཏང་]། །རྡོའི་དུབ་[དུགས]སམ་རིལ་ལུམ་[ལུམས]བྱ། །ན་བའི་དམྱིགས་སུ་མྱེ་བཙའ་བྱ། །དྲོ་ཞིང་སྐམ་ས་ཆེ་བར་བཅགས། །འདུ་བ་བད་ཀན་དཀར་པོ་བཅོས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།
ལེའུ་ཞེ་གཉིས་པ། བད་ཀན་སྨུག་པོ་བཅོས་པ་བསྟན་པ།
བད་ཀན་སྨུག་པོ་བཅོས་པ་ནི། །རྒྱུ་ནིས་ཟས་སྐོམ་བཅུད་ཅན་ཟོས། །རྐྱེན་ནི་ངལ་དུབ་རླན་གྲངས་[གྲང]སྟེ། །ངོ་བོ་ཁྲག་མཁྲིས་རྩིག་མ་དང་། །བད་ཀན་དཀར་པོ་གསུམ་དུ་འདྲེས། །དེ་གསུམ་མ་ཞུ་སྨུག་པོར་འགྱུར། །དེ་ལ་སྨུག་པོའི་ནད་རྟགས་ནི། །ཤིན་ཏུ་དུབ་པས་ངོས་བཟུང་དཀའ། །ཐོས་པ་གོམ་[གོམས]པ་མྱེད་པ་ཡི། །ཁྲག་མཁྲིས་རྟགས་ཚངས་[ཚང]བད་ཀན་གྲངས་[གྲང་]། །ཕོ་མཆིན་ཁ་འཁོར་དུག་ཏུ་འཛིན། །ཁ་གཡེལ་བས་ན་རླུང་དུ་འཛིན། །འཁྱིལ་བས་དམུའ་ཆུར་འཛིན་པའོ། །རྩ་ལ་བྱེར་བས་གདོན་དུ་འཛིན། །རེས་ན་རེས་བདེའ་བརྟགས་པར་དཀའ། །དེས་ན་སྨུག་པོ་ངོས་བཟུང་དཀའ། །རྩ་ཤེད་སྦོམ་ལ་གྲིམ་པ་སྟེ། །བྲང་ནི་ཚ་ལ་ཆུ་སྐྱུར་སྐྱུགས། །ཆུ་མདོག་དམར་སེར་གཏིང་ནག་འདུག །རེས་འགའ་གླང་ཐབ་[ཐབས]བཞིན་དུ་འོང་། །
གཉིད་ལོག་ཁ་ལྕེ་གྲེ་བ་སྐམ། །ལྟོ་ཟོས་རྗེས་ལ་མཆིན་པ་ན། །རེས་འགའ་མཁྲིས་པ་རྒྱ་བཤལ་སྐྱུགས། །མཆིན་རི་[དྲི]མཁྲིས་ཤིང་རོ་སྟོད་རྒྱས། །བྲང་དང་ལྷེན་སྣ་རྩིབ་ལོགས་གཟེར། །སྒོག་སྐྱ་ཆང་སྐྱུར་ཤ་རུལ་དང་། །ཕྱེ་སམ་མར་རྙིང་ལོ་བཞུར་[ཤུར]གནོད། །ལ་ཏར་དྲོས་ན་ཕོ་བ་ལྕི། །དེ་ལ་སྡོང་ཟླ་ཕོ་བ་ལྕི། །སྡོང་ཟླ་གསུམ་ལ་བབ་ས་དགུ། །སྨུག་པོ་བཅོས་དུས་རྣམ་པ་གསུམ། །དེ་ལ་བཅོས་ལུགས་རྣམ་པ་གསུམ། །བཅོས་དུས་གསུམ་ནི་འདི་ལྟ་སྟེ། །དང་པོ་མྱེ་ལྟར་འབར་བའི་དུས། །བར་དུ་རླུང་ལྟར་འཚུབ་པའི་དུས། །ཐ་མ་ཆུ་ལྟར་བསིལ་བའི་དུས། །དེ་ལ་ཐང་དང་གཏར་གྱིས་བཅོས། །བར་དུ་སྦྱོང་སྐྱུགས་ཕྱེ་མས་བཅོས། །ཐ་མ་ཤ་ཆང་མྱེ་ཡིས་བཅོས། །དེ་ཡང་གཅིག་ཏུ་མ་ངེས་ཏེ། །ན་སོ་རྒན་དང་གཞོན་པ་དང་། །ནད་གཞིའ་གསར་རྙིང་ཚོད་སྦྱར་བཅོས། །དང་པོ་འུ་སུའི་གཅིག་ཐང་གཏང་། །དེ་ནས་མ་ནུ་སླེ་ཏྲེས་དང་། །གུར་གུམ་བཞི་པའི་ཐང་བཏང་ལ། །རྩེའུ་[རྩེ]ཅུང་རྩ་ཆེན་ཡས་བབ་གཏར། །ག་བུར་ཅུ་གང་གུར་གུམ་དང་། །ཏིག་ཏ་མ་ནུ་སུམ་ཅུ་ཏིག །སུ་གུ་ཀ་ར་སྦྱར་ལ་བཏངས་[བཏང་]། །དང་པོ་མྱེ་ལྟར་འབར་བ་སེལ།།
བར་དུ་ཚ་གྲང་རུང་[རླུང་]ལྟར་འཚུབ། །དེ་ལ་ད་ལིས་ཤིང་ཚ་དང་། །སུག་སྨེ་[སྨེལ]ཟི་ར་ཚ་བ་གསུམ། །ཀ་ར་དྲུག་འགྱུར་སྦྱར་ལ་བཏངས[བཏང་]། །མ་ནུ་སུ་གུ་ཏིག་ཏ་དང་། །ཅུ་གང་ཏིག་ཏ་གུར་གུམ་བ་ལི་[ལེ]ཤིང་མངར་དང་། །ཀ་ར་བདུན་འགྱུར་སྦྱར་བས་སྨུག་པོ་སེལ། །སུ་གུ་སླེ་ཏྲེས་རྒྱམ་ཚ་འབྲས་བུ་གསུམ། །གུར་གུམ་སྟར་བུ་པི་པི་ལིངས[ལིང་]། །དོང་ཁ་[ག]དབྱིའ་མོ་ཙི་ཏྲ་ཀ །གོ་སྙོད་སེའུ་འབྲུའ་ལ་ལ་ཕུད། །ཏིག་ཏ་མ་ནུ་ཤིང་ཚ་རྣམས། །སྦྲང་གཡུངས་[གཡུང]ཀ་ར་གང་རུང་སྦྱར། །སྨུག་པོ་ཚ་གྲང་འཐབ་ལ་ཕན། །དེ་ཡིས་སེལ་བར་མ་གྱུར་ན། །སྟོད་དུ་རྡེང་[ལྡིང]ན་སྐྱུགས་ཀྱིས་འདོན། །མ་ནུ་ཨ་བར་སྐྱུ་རུ་ར། །བྱ་ཁྲ་པད་རྣམས་ཐང་དུ་གདུས་ལ་བཏངས[བཏང་]། །ཁུ་བ་འོ་རློན་སྦྱར་ལ་བཏང་། །དེ་ཡིས་བད་ཀན་སྨུག་པོ་འདྲེན། །དེ་ཡིས་དྲོངས་པར་མ་གྱུར་ན། །སྦ་སྨྱོག་ཡང་ཏིག་ནང་དུ་ལྟོས། །སྣོད་དུ་ལྷུང་ངམ་མ་དྲོང་[དྲོངས]ན། །དེ་ལ་སྦྱོངས་ཀྱི་ལས་བྱ་སྟེ། །འབྲས་བུ་གསུམ་དང་བ་ལི་[ལེ]ཀ །ཏིག་ཏ་སླེ་ཏྲེས་དུག་མོ་ཉུངས། །གླ་སྒང་རྒུན་འབྲུམ་བོང་ང་དཀར། །དོང་ཁྲ་[གྲ]དང་ནི་པི་པི་ལིང་། །ལྕིམ་རྩ་དན་དྷ་དུར་བྱིད་རྣམས། །གདུའ་བའི་ཁུ་བ་གཏང་བར་བྱ། །གཞན་མ་གོང་དུ་བཤད་པའོ། །ཞག་གཅིག་ཆང་གི་རྗེས་བསྲུང་བྱ། །མ་བྱང་ལུས་ཟུངས་གསོའ་ལ་བསྐྱར། །བར་དུ་རླུང་ལྟར་འཚུབ་པའི་གསོའ་ཐབས་སོ།།
ཐ་མ་ཆུ་ལྟར་བསིལ་བ་ནི། །སྨུག་པོ་བྱང་ནས་རླུང་སྐྱེས་ནས། །ཐང་ལ་ཕེབ་[ཕེབས]པའི་རྟགས་བྱུང་ན། །གསར་འཇམ་ཉམས་ཚད་གཏང་བར་བྱ། །བདེའ་བར་བྱུང་ན་དྲག་ཏུ་ཡུག[གཡུག] །མྱེ་བཙའ་གར་བབ་གསང་ལ་བསྲེག །དེ་ལ་སྨུག་པོའི་སྡོང་ཟླ་གསུམ། །ཁ་ཅིག་མཁྲིས་པ་དག་དང་བསྡོང་། །ཁ་ཅིག་མཚེར་པའི་ཁྲག་དང་བསྡོང་། །དེ་ཡང་བབ་ས་དགུའ་པོ་ནི། །མཁྲིས་པ་དང་བསྡོང་ཕོ་བ་རྒྱུ་ལོངས་[ལོང]བབ། །སྲོག་རྩའི་ཁྲག་བསྡོངས་ཕོ་བ་མཚེར་བར་བབ། །མཚེར་པའི་ཁྲག་བསྡོངས་མཁལ་རྐེད་སྲོག་རྩ་གློ་ལ་བབ། །མཁྲིས་པའི་སྡོང་ས་བབ་ས་གསུམ་པོ་ནི། །ཕོ་བར་བབ་ན་ཤ་མདོག་སེར། །ཚ་བ་ཉམས་ཀྱིས་མྱི་ཚེ་[ཆེ]ལ། །ཤེད་ཆུང་ཁ་ཟས་འཇུའ་བ་དཀའ། །ཟས་ཆེས་ན་ཞིང་གྲང་དང་འཐབ། །དེ་ལ་ཨ་བར་རྒྱམ་ཚ་ཤིང་ཀུན་དང་། །སྤོད་ནག་ཁ་རུ་ཚ་དང་ནི། །ཐང་དུ་གདུས་ལ་གཏང་བར་བྱ། །སྒྱུ་[རྒྱུ]མར་བབ་ན་ཁྲག་ཏུ་འཁྲུ། །མ་ནུ་མེ་ཏོག་བྱ་རྐང་དང་། །ཏ་ཏྲིགས་[ད་ཏྲིག]ཞོ་བསྐོལ་བཏབ་ལ་གཏང་། །ལོང་དུ་བབ་པ་ལྦོས་ཤིང་འཁྲོགས[འཁྲོག]། ཟས་ལ་འདི་ཕན་འདི་གནོད་མྱེད། །ཉམས་ཆུང་ལོང་ཆུ་སེར་པོ་སྐྱུགས། །འབྲས་བུ་གསུམ་ནི་ཆུར་གདུས་ལ། །ཞུན་དམར་ཞོ་གཅིག་བཏབ་ལ་བསྐྲུགས[དཀྲུགས]། ཁུ་བ་དྲོན་མོ་དགོང་བདུན་བཏང་། །ནུབ་མོ་ལྟོ་ཡང་མི་བཟའ་འོ། །ཏིག་ཏའི་མར་གྱི་འཇམ་རྩི་གཏང་། །སྲོག་རྩའི་ཁྲག་དང་བསྡོངས་པ་ནི། །ཕོ་བ་མཚེར་པར་བབ་པ་ནི། །གཉིད་ཆེ་ཡིད་སྐྱུར་ཉ་ [ཉྭ]བཞི་ན། །ཁོང་པ་སྦོས་ཤིང་འགྲོ་མི་ནུས། །བཤང་བའི་སྦུབ་ཏུ་ཁྲག་ངན་འོང་། །ཁ་རུ་ཚ་དང་ཤིང་ཀུན་སྒ །ཐང་དུ་གདུས་ལ་གཏང་བར་བྱ། །འབྲས་བུ་གསུམ་དང་ཁ་རུ་ཚ། །བུ་རམ་དྲེ་[ཏྲེས]སམ་སྦྱར་ལ་གཏང་། །མཚེར་པའི་ཁྲག་དང་བསྡོངས་པ་ན། །མཁལ་མ་རྐེད་པར་བབ་གྱུར་ན། །དཔྱིའ་མྱིག་རྐེད་པར་འཁྲི་ཤིང་ན། །ཤ་ཆུངས་ཉམས་ཆུང་འཁྲུ་བར་དམར། །ཆུ་ཡང་དམར་རམ་བསྲི་བར་བྱེད། །ཨ་བར་ཤུ་གུ་[ཤུག་པ]ཚེར་མ་ཅན། །མཁལ་མ་ཞོ་ཤ་ཐང་དུ་གཏངས[གཏང་]། །ཆུ་བསྲི་སྲིན་བུ་རྒྱ་ཚ་དང་། །ཤུ་གུ་[ཤུག་པ]ཚེར་མ་ཅན་གྱི་ཐང་ཡང་གཏངས[གཏང་]། །ཀ་ཀ་རུ་ནི་བདུན་པ་གཏངས[གཏང་]། །རྩ་བ་ལྔའི་སྨན་མར་ལ། །ཅོང་ཟི་[ཞི]སྤོད་བཏབ་སུག་སྨེ་[སྨེལ]དང་། །ཞིབ་བཏག་[བཏགས]སྦྲང་རྩིས་རླང་[རླངས]པ་གཏངས་[གཏང་]། །མཁལ་མ་ཚ་ན་བྱིན་མཇུག་བསྲེག །གྲང་ན་མཁལ་སྲང་[གསང]ན་སར་བསྲེགས།།
དེ་ལ་སྲོག་རྩར་བབ་པ་ནི། །སྙིང་འདེགས་སྲོག་རྩ་གཅུའ་བ་དང་། །དྲུག་པའི་གསང་དང་རྔམ་པ་ཐེག །སླེ་ཏྲེས་དག་དངས་[དང]འབྲས་བུ་གསུམ། །གདུས་ནས་སྨན་མར་ཚུལ་བཞིན་བྱ། །བཟང་དྲུག་རྒྱམ་ཚ་ལྕེ་མྱང་ཚ། །ཞིབ་བཏགས་ཀ་ར་ཁ་བླངས་བཏངས[བཏང]། །འབྲས་བུ་གསུམ་གྱི་ཐང་ཡང་བཏངས[བཏང]། །གློ་ལ་བབ་ན་རོ་སྟོད་རྒྱས། །ཆུའང་དམར་ཞིང་ཁྲག་ཏུ་ལུད། །སྣ་སྒོ་དམར་ཞིང་སྐམ་པ་ཡིན། །གླ་སྒང་ཤིང་མངར་རྒྱ་སྐག་ཐང་དུ་བཏངས[བཏང]། །གུར་གུམ་ཤིང་མངར་ཀ་ར་གསུམ། །སྦྲང་དང་སྦྱར་ལ་གཏང་བར་བྱ། །དམར་པོ་བདུན་གྱི་སྨན་མར་ལ། །འབྲས་བུ་གསུམ་དང་གློ་སྨན་གསུམ། །ཅུ་གང་གུར་གུམ་ཤིང་མངར་དང་། །ཞིབ་བཏགས་སྦྲང་གཡུངས་[གཡུང]ཁ་བླང་གཏངས[གཏང་]། །ཚ་ན་རྩོལ་[རྩེ]ཅུང་གོང་རྩ་གཏར། །གྲང་ན་གར་བབ་གསང་ལ་བསྲེགས། །དོན་སྣོད་ཁ་འཛིན་རིགས་པས་དཔྱད། །སྨུག་པོ་དོན་སྣོད་གང་ལ་བབ། །ཐང་ཡང་གོང་བཞིན་བཏང་བར་བྱ། །གཏར་ཁ་རང་རང་རྩ་ལ་གདབ། །བཅོས་ལུགས་གསུམ་པོ་གོང་བཞིན་ཤེས། །ཁམ་ནག་རྒྱ་བཤལ་སྐྱུགས་ན་བཟང་། །དམར་པོ་འབྱུང་ན་འཆི་ཁྲག་ཡིན། །མཚོ་རྡོའུ་[རྡོལ]ཕལ་དུ་འཆི་ཉེན་ཡོད། སྨུག་པོ་དྲུག་[དྲག]ཏུ་སྐྱུག་པ་ལ། །གསོན་ཁྲག་འུ་སུ་བཏབ་བསྐོལ་ལ། །ཡང་ན་འབྲས་བུ་གསུམ་གྱི་ཐང་བཤལ་བྱ། །སྤྱིར་ན་བད་ཀན་སྨུག་པོ་ལ། །གྲང་བའི་ཐང་ལ་མ་ཕེབ་[ཕེབས]པར། །མྱེ་བཙའ་སྔ་ན་མི་རུང་ངོ་། །གཉུགས་བསྲིང་མན་ངག་ལྡན་ན་འཚོའ། །སྨུག་པོ་བཅོས་ཐབས་བསྟན་པ་ཡིན། །བད་ཀན་འཇུ་སྐེམས་[སྐེམ]ན་ལུགས་ནི། །ཡིད་འགྱུར་ཉམས་ཆུང་ལུས་ཟུངས་འབྲོས། །ཤ་ཆུང་གསུས་ཆེ་བྱིན་པ་འདར། །གསོའ་བ་ཤིན་ཏུ་དཀའ་བ་ཡིན། །དེ་ལ་མཁས་པས་གསོའ་འདོད་ན། །འབྲས་བུ་གསུམ་དང་སོ་ཆང་[ཆ]དང་། །བྱ་ཁྲ་པད་ཀྱིས་སྐྱུགས་ཀྱང་བྱ། །ཕོ་བར་བབ་ན་མྱི་[མེ]ཡིས་གསོའ། །འདུའ་བ་ཉི་ཟེར་ཞགས་པ་ལས། །བད་ཀན་སྨུག་པོ་བཅོས་པའི་ལེའུ་སྟེ་ཞེ་བཞི་པའོ།། །།
ལེའུ་ཞེ་གསུམ་པ། སྙིང་ནད་བཅོས་པ་བསྟན་པ།
རིན་ཆེན་གསང་བའི་ཡང་ཏིག་ལས། །དོན་སྣོད་རིན་ཆེན་ཕྲེང་བ་བཤད། །དེ་ལ་དོན་ལྔ་སྣོད་དྲུག་ལ། །སྤྱི་དོན་རྣམ་པ་ལྔ་ལྔ་སྟེ། །རྒྱུ་རྐྱེན་དབྱེའ་བ་ངོས་བཟུང་དང་། །གསོའ་བའི་ཐབས་དང་རྣམ་པ་ལྔ། །དེ་ལ་སྙིང་ནད་གསོ་བ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་དྲག་ཤུལ་སེམས་ལས་སོ། །དབྱེ་བ་སྨྱོ་བྱེད་བརྗེད་བྱེད་གཉིས། །སྙིང་གི་ནད་ཀྱི་ངོས་བཟུང་བ། །སྟོད་གཟེར་སྙིང་ཆུ་མྱོས་ཤིང་འཐིབ། །མྱིག་རྩེ་[རྩ]དམར་ཞིང་སྦྲིད་པ་ཆགས། །མྱིག་ཚེ་[རྩ]བྲང་དང་སོག་པ་གཟེར། །སྣ་སྒོ་སྐམ་ཞིང་སྣ་བུག་ཚ། །བྱད་དང་མྱིག་པོར་[སོར]ལྕི་བ་དང་། །ལུས་ཚ་ལག་པས་ཁ་སྣ་བྱུགས། །བརྡའ་མི་འཕྲོད་ཅིང་ལྕེ་མཆུའ་སྐམས། །རྩ་དྲག་ལྕེ་ཐུང་མྱིག་རྩ་དམར། །སྙིང་ལ་ཚ་བ་ཡོད་པ་ཡིན། །
ཆུ་སེར་འོར་ལ་བབ་པས་འོར་འདྲ་སྟེ། །སྙིང་རླུང་སྙིང་ཆུ་གླལ་འདོད་དང་། །སྨྲ་འདོད་རྒོད་[དགོད]འདོད་གླུ་ལ་དགའ། །དེ་ནི་གྲང་བའི་མཚན་ཉིད་ཡིན། །ཟས་ཆགས་ཡན་ལག་རག་པས་ནི། །སྙིང་ལ་རླུང་གིས་གང་བའོ། །དབུགས་རྔམས་[རྔམ]འབྲི་ཚུག་[ཚུགས]ལྟ་བ་ནི། །ལུས་དང་ཡན་ལག་ཀུན་འདར་བ། །དེ་རྗེས་འགྱེལ་ཞིང་འབོག་པ་དང་། །གཏམ་ཡང་འཆོལ་ཞིང་སྨྲ་བ་མང་། །འགོ་[མགོ]འཁོར་ཤེས་འཁྲུལ་མྱིག་མི་གསལ། །སྙིང་རླུང་ནད་ཀྱི་མཚན་ཉིད་དོ། །འབྲི་ཚུགས་ལྟ་ཞིང་དྲན་པ་ཉམས། །ཁ་ལེ་ནག་པོའི་མཚན་ཉིད་དོ། །འཆོལ་གཏམ་སྨྲ་ཞིང་མྱིག་རྩ་རྒོད། །ནོར་ལ་འཇིག་པས་གདོན་སྨྱོ་ཡིན། །རྩ་སྟོང་ཆུ་མདོག་སྔོ་བ་དང་། །འབྲི་ཚུགས་ལྟ་ཞིང་འགྲོ་ན་འབོག །སྟོད་གཟེར་མྱིག་ནི་དམར་རམ་སེར། །གཉིད་ཆེ་ལྕེ་ཐུང་ཚ་བའོ།།
ཁོང་འདར་རྒོད་[དགོད]འདོད་གླུ་ལ་དགའ། །ལག་པ་བྱ་བྱེད་མང་བ་དང་། །ཚ་གྲང་བརྟགས་ལ་བཅོས་པར་བྱ། །སྤྲོ་ཐུང་རྟོག་འདོད་འབྲིའ་ཚུགས་ལྟ། །ཁ་འཐམས་སྨྲ་ཐུང་གཞོག་[གཞོགས]ཕྱེད་ན། །འགོ་[མགོ]ན་གཡོན་གྱི་ཕྱོགས་སུ་ཡོ། །ཚ་བ་ཆེ་ལ་ན་ཚ་སྟོར། །སྙིང་རླུང་ཆེན་པོ་ཞེས་བྱ་མི་འཚོའ་སྤངས། །སྙིང་ནད་སྨྱོ་བྱེད་བཅོས་ཐབས་ལ། །ཞོ་ཤ་གསུམ་གྱི་སྨན་མར་བྱ། །རུས་མར་འབྲས་བུ་གསུམ་གྱི་མར། །ཟས་ཀྱང་བཅུད་ལ་བརྟེན་[བསྟེན]པར་བྱ། །ཚིགས་པ་བདུན་པ་ལྔ་གསུམ་བསྲེགས། །བྱ་རོག་མྱིག་གཉིས་དཀར་ནག་འཚམས[མཚམས]། །བཅོ་བརྒྱད་པ་རྣམས་བསྲེག་པར་བྱ། །ཕོ་ཐུར་ཕོ་ལ་སོར་བཞི་གཡས། །མོ་ལ་སོར་བཞི་གཡོན་དུ་གདབ། །ཚིགས་པ་དང་པོ་གདབ་པར་བྱ། །སྙིང་ནད་ཚ་བ་སྨྱོ་བྱེད་ལ། །དེ་ལ་བསིལ་གྱིས་བཅོས་པ་སྟེ། །ག་བུར་བདུན་པ་ཉི་ཤུ་ལྔ། །ཛ་ཏི་གུར་གུམ་ཅུ་གང་དང་། །སུག་སྨེ་[སྨེལ]ཞོ་ཤའི་ཕྱེ་མ་དང་། །རྩེ་ཆུང་དཔུང་རྩ་རུ་ཐུང་གཏར། །ཤ་སྨུགས་[སྨུག]མདོག་རྗེས་དྲི་མི་ཞིམ། །ཅལ་ཅོལ་སྨྲ་ཞིང་ན་བ་སྟེ། །མི་བདེ་སོས་པར་དཀའ་བ་ཡིན། །གྲང་བ་ཆུ་སེར་བསྡོངས་པ་ལ། །མུ་ཟི་སེའུ་འབྲུའི་ཕྱེ་མ་གཏངས[གཏང་]། །རྒྱམ་ཚ་ཁ་རུ་ཚ་དང་ལྕེ་མྱང་ཚ། །པི་པི་ལིང་དང་ཨ་རུ་རའི་ཕྱེ་མ་གཏང་། །འབྲས་བུ་གསུམ་བད་ཀན་ལ། །རྐྱེན་ནི་ངལ་དུབ་དྲག་ཤུལ་དང་། །ཚ་འདྲམ་[འགྲམས]མ་ཞུ་གློ་རྩ་འདྲམས[འགྲམས]། །རིམས་འཁྲུགས་དག་ལས་བྱུང་བ་ཡིན། །གློ་ནད་རིན་ཆེན་མདོའ་རྩར་ལྟོས། །ཚ་འདྲམ་[འགྲམས]རྣམ་པ་བརྒྱད་དུ་འདུས། །དེ་ལ་ཚ་བ་དྲུག་པོ་རྣམས། །ཚ་གློ་ཁེག་[ཁེགས]པ་གཟེར་བྱེད་དང་། །ཅོང་[བུང]ཚང་ཅན་དང་གློ་རྨུགས་དང་། །རྣག་རྨུག་དང་ནི་ཆུ་ཤོར་དྲུག །གྲང་བ་གཉིས་ནི་གློ་རླུང་དང་། །གྲང་བ་འབའ་ཞིག་སྐྱ་ལྦབ་[རྦབ]བོ།།
དེ་ཡི་ངོས་བཟུང་བསྟན་པ་ནི། །གློ་ཚ་ཟ་བྱེད་ན་ལུགས་ནི། །བྲང་དང་ནུ་མའི་འོག་ཏུ་གཟེར། །བུག་པ་བརྫས་[བརྫིས]ཤིང་སྙིང་ཡང་འཕར། །ལུད་པ་སྐྱ་སོབ་ཚ་[ཚྭ]ཡང་བྲོ། །རེས་འགའ་སྲན་ཏེ་རྡོག་པོ་འོང་། །ཚ་གློ་གཟེར་བྱེད་བཅོས་པ་ནི། །སྲོ་ལོ་དཀར་པོ་ལི་ག་དུར། །ཐང་དུ་གདུས་པ་གཏང་བར་བྱ། །ཀ་ར་ཅུ་གང་བཏབ་ལ་གཏང་། །གློ་བའི་སྒང་རྩ་ལ་སོགས་གཏར། །ག་བུར་བཟང་དྲུག་སྐྱུར་རུ་ར། །ཙན་དན་དཀར་དམར་ལི་ག་ཏུར[དུར]། །པུ་ཤེལ་སྲོ་ལོ་ཀ་ར་གམ་ཕྱེར་གཏང་། །བྱང་བར་དཀའ་ན་ཨ་རུ་ར། །བ་ལི་[ལེ]ཏིག་ཏ་པུ་ཤེལ་ཙེ། །རྒུན་འབྲུམ་ད་[དན]དྷ་དུར་བྱིད་དང་། །ཐང་དུ་གདུས་པ་ཁྲུ་དུ་གཏང་། །རྗེས་ལ་གླ་སྒང་ལུག་ཤ་གཏང་། །གྲོ་ཆང་ཡོས་ཆང་གསར་འཇམ་གཏང་། །ཚ་བ་བྲི་ནས་བྱ་རོག་མྱིག་ལྔ་དང་། །གསང་དང་བད་ཀན་བརྗེད་བྱེད་བཅོས་པ་ནི། །རྒྱམ་ཚ་རྭ་ཚ་ཐལ་ཚ་མཛེ་ཚ་དང་། །སེའུ་འབྲུ་ད་ལིས་སྦྱར་ལ་གཏང་། །དྲོད་བཤལ་གཤང་[གཏང]བར་བྱ་བ་ཡིན། །
མཁྲིས་པ་བརྗེད་བྱེད་བཅོས་པ་ལ། །ཏིག་ཏ་གསེར་གྱི་མེ་ཏོག་དང་། །དུག་མོ་ཉུངས་དང་ཐལ་དཀར་[ཀ]དང་། །རྔུལ་[དངུལ]ཆུ་ལ་སོགས་བསིལ་སྨན་བྱ། །བཤལ་དང་ག་བུར་གཏང་བར་བྱ། །ཆུ་སེར་བརྗེད་བྱེད་བཅོས་པ་ནི། །ཐར་མས་གསང་གི་ཁ་ཕྱེ་ལ། །གུ་གུལ་བ་ཤ་ཁ་[ཀ]དང་མུ་ཟི་དང་། །སིང་ལྡིང་[སེང་ལྡེང]སྐྱེར་པའི་བར་ཤུན་གཏང་། །སྦུབས་རྣམས་སྐྲངས་ཤིང་སྟོད་གཟེར་དང་། །རྩ་འཁྱིག་འགོ་[མགོ]ལག་འདར་བ་ལས[ལ]། །རྟ་བོང་དང་ནི་མྱི་ཤ་གཏང་། །སྲིན་གྱི་བརྗེད་བྱེད་བཅོས་པ་ནི། །ཞག་གསུམ་སྦྲང་གཡུང་འོ་མ་གཏང་། །དེ་ནས་སྒོག་སྐྱ་རུ་རྟ་དང་། །ཕུར་མོང་ཐལ་བ་མེ་རུ་ཙེ། །པྱི་ཏ་[བྱི་ཏང]ཀ་རྣམས་གཏང་བར་བྱ། །གྲང་བའི་སྨྱོ་འབོག་དག་ལ་ནི། །དྲོད་དང་ཐུར་མ་ཤིས་པ་ཡིན། །སྙིང་སྤགས་[ལྤགས]སྙིང་སྐྲན་ཆུ་ཡིས་འཁེངས[ཁེངས]། །དེ་ལ་ཐུར་མ་ཤིས་པ་སྟེ། །དེ་ལ་ཐུར་མ་བཅུར་ལྟོས་ཡིན། །དོན་སྣོད་རིན་པོ་ཆེ་འཕྲེང་བ་ལས། །སྙིང་ནད་བཅོས་པའི་ལེའུ་ཞེས་བྱ་སྟེ་ཞེ་ལྔ་པའོ།། །།
ལེའུ་ཞེ་བཞི་པ། གློ་ནད་བཅོས་པ་བསྟན་པ།
ད་ནི་གློ་བ་བཅོས་པ་ལ། །རྒྱུ་ནི་རླུང་མཁྲིས་མམ་སྒོག་སྐྱ་ཡི། །སྨན་དམར་ [མར]དག་ནི་ཤིས་པ་ཡིན། །ནུ་མའི་བར་དང་ཨན་དོང་[སྟོང]དང་། །ཐེབ་མཛུབ་བར་གྱི་སྙིང་རྩ་བསྲེགས། །བུར་ཆང་རྒོད་ཀྱི་ཏོང་ཏོང་གཏངས་[གཏང་]། །གཅན་གཟན་རུས་པའི་སྨན་མར་དང་། །བཙན་དུག་རུ་[རི]ལུའི་སྨན་དམར་གཏངས[གཏང]། །དམྱིགས་སུ་ཐུར་མ་བརྡེག་པར་བྱ། །གསང་བ་ཐུར་མའི་ལེའུར་ལྟོས། །ཁ་ལེ་ནག་པོ་ཚ་གྲང་འདྲེས། །ཚ་གྲང་འདྲེས་མར་བཅོས་པར་བྱ། །གདོན་སྨྱོ་ཡིན་ན་གདོན་བཅོས་བྱ། །སྨྱོ་བྱེད་བཅོས་ཐབས་བསྟན་པའོ། །སྙིང་ནད་བརྗེད་བྱེད་ན་ལུགས་ནི། །སྙིང་འདར་བརྗེད་ངས་རོ་སྟོད་གཟེར། །བད་ཀན་བརྗེད་བྱེད་ལུས་ཚ་ཞིང་། །དང་ཀ་མི་བདེའ་སེམས་མི་གསལ། །དྲོད་དང་ཟས་བཅུད་གནོད་པ་དང་། །ལུས་པོ་ཚ་ཞིང་ཆེར་བིམ་[བེམ]ན། །ཆུ་སེར་བརྗེད་བྱེད་ཟ་ཞིང་འགོ་[མགོ]འཁོར་ལྕི། །ཆོལ་དང་བརྗེད་ངས་ཆེ་བ་ཡིན། །སྲིན་གྱི་བརྗེད་བྱེད་རྩ་སྦུབས་འཁྲུགས། །མྱིག་མི་གྲང་ཞིང་ཆུ་སོ་གྲང་། །བརྗེད་བྱེད་བཅོས་ཐབས་བསྟན་པ་ནི། རླུང་གི་བརྗེད་བྱེད་བཅོས་པ་ནི། །འབྲུ་མར་རུས་ཚིལ་མར་གྱིས་ནི། །བསྡེབས་སུ་མུ་ཟིལ་[ཟི]བཙན་དུག་གཏང་། །འབྲས་བུ་གསུམ་གྱི་སྨན་དམར་[མར]གཏང་། །ཨན་དོང་[སྟོང]ལ་སོགས་རླུང་གསང་བསྲེག །ལོང་འབུར་བཅུད་སྙིང་གཏོང་བས་ཆོག །ཀུན་ཏུ་བསྲེག་པར་བྱ། །ཚྭ་དང་སྒོག་པ་སྤང་བར་བྱ། །
གློ་ནད་ཟ་བྱེད་ན་ལུགས་ནི། །རྔུལ་ཁ་སྙི་ཞིང་ལུ་བ་དང་། །ཤ་ཆུང་རེས་འགག་ཤོལ་རུལ་འོང་། །སྲན་ཏེ་རྡོལ་ཞིང་འོང་བའོ། །གློ་ནད་ཟ་བྱེད་བཅོས་ཐབས་ནི། །ཁྱི་ལྕེ་དཀར་པོ་ཨ་བི་ཤ[ཨ་བྷི་ཥ]། །ཨ་རུ་ར་དང་ལི་ག་དུར། །བ་ལི་[ལེ]ཀ་དང་དུག་མོ་ཉུང་། །རྒུན་འབྲུམ་རྣམས་ནི་ཆ་བསྙམས་ལ། །ཆུ་བྲེ་ཕྱེད་ལ་སུམ་གཉིས་གདུའ། །ཁོལ་དུ་བཏང་ལ་རྔུལ་འདོན་བྱ། །ཨ་རུ་ར་ཡི་འབྲིས་སྐང་[འབྲི་རྐང]སྦྱར། །རྫ་འགྲམ་སྦེན་མ་ཆུས་བཤལ་བའི། །ཐལ་བ་ཐབ་ཏུ་གདུས་ལ་གཏང་། །རྟ་བོང་འོ་མ་ཉི་མས་བསྲུལ་ལ་གཏང་། །རི་བོང་སྲོག་ཁྲག་གཏང་བར་བྱ། །གླ་སྒང་བ་དང་ར་ཡི་ཤ །རྩི་གློ་སྒེག་པ་མྱིད་པ་བཏང་། །རྟ་རྐང་ཝ་ཤ་གསར་པ་གཏང་། །དཔྱད་བྱས་རྣག་མང་སླ་ན་ངན། །རྣག་དཀའ་སྐ་ཞིང་དྲི་མ་མྱེད་ན་བཟང་། །ཅུ་གང་ཤིང་མངར་སུག་སྨེལ་དང་། །ཡོད་[སྤོད]ནག་མར་དུ་གདུས་པ་གཏང་། །ཤིང་ཚ་འཛ་ཏི་ཀར་རྣམས། །སྦྲང་ལ་སྦྱར་ལ་འདེ་གུ་གཏང་། །ཁྱི་ལྕེ་སྲོ་ལོ་རྒུན་འབྲུའི་ཐང་ཡང་གཏང་། །དེ་ཡིས་ཐུབ་པར་མ་གྱུར་ན། །ག་བུར་བཅུ་གསུམ་སྦྱར་ལ་གཏང་། །ག་བུར་དང་ནི་བཟང་དྲུག་མཚལ། །སྟར་བུ་ཤིང་མངར་གླ་སྒང་དང་། །སྲོ་ལོ་དཀར་པོ་རྒུན་འབྲུམ་དང་། །ཀ་ར་དག་དང་སྦྱར་ལ་གཏང་། །གཏར་ཀ་རྩ་ཡི་ཟོ་དང་སྦྱར། །ཁྲག་ནི་མང་དུ་མི་རུང་ངོ་།།
ལྔ་གསང་གཟེར་སར་བསྲེག་པར་བྱ། །ཡོས་ཆང་གྲོ་ཆང་གསར་འཇམ་ཚད། །རྐང་པས་འགྲོའམ་རྟ་ཆགས་བྱ། །གློ་ནད་གེག་པའི་ན་ལུགས་ནི། །ལུ་ཞིང་སྟོར་[སྟོད]གཟེར་ལུད་པ་སྲ། །སྐོམ་དད་ཆེ་ལ་ཆུ་ཡང་འགག །གློ་ནད་གག་པའི་བཅོས་ཐབས་ལ། གླང་མ་བརྔོས་པ་ཞིབ་པར་བཏག[བཏགས]། །ཁྱིའུའི་ནུར་[ནུ]ཞོར་སྦྱར་ལ་བླུད། །ཚ་ཡོད་གཏར་ཀ་བྱ་མི་རུང་། །གྲོ་ཆང་སྲོ་ལོས་བསེངས་[བསིངས]པ་གཏང་། །ཅུ་གང་འདེ་གུ་གཏང་བར་བྱ། །ཁ་རླངས་མི་ཞིམ་ཟུག་གཟེར་ཆེ། །རྩ་ཚ་ཀློ་[གློ]ཡང་རྡོལ་ཉེན་ཡོད། །སྐུར་འཕྲོ་བཅད་ལ་བསིལ་ཤས་གསོའ། །རྡོལ་ན་འབྲི་མོག་སྨན་མར་གཏང་། །དམར་སུམ་ཨ་བར་སྐྱུ་རུ་ར། །ཚུལ་བཞིན་གདུས་ལ་གཏང་བར་བྱ། །
འདམ་བུ་གུར་གུམ་ཅུ་གང་དང་། །ཤིང་མངར་ལི་ཤུ་དག་དང་ནི། །སུག་སྨུག་[སྨེལ]སླེ་ཏྲེས་ཞིབ་པར་བཏགས། །ཀ་ར་སྦྲང་དང་སྦྱར་བྱས་ལ། །འཇུ་བའི་ཚོད་དང་སྦྱར་ལ་གཏང་། །དྲོད་ཀྱི་དྭངས་མ་ཡང་[སྤང]བར་བྱ། །ཚ་བ་ཆོག་[ཆོགས]ནས་གློ་སྲང་[གསང]བསྲེག །ཡང་བའི་བཅུད་རྣམས་ཁད་ཀྱིས་ཀློད། །གློ་ནད་བོང་[བུང]ཚང་ནང་[ནད]ཞུགས་ནི། །ལུད་པ་ལུ་ཞིང་མདོའ་མདོར་ནི། །རྗེས་ལ་རྣག་དང་ཤེའུ་[ཤེ]རུལ་སླ་མོར་འོང་། །བྱད་ཀྱང་རེས་སེར་རེས་དཀར་རེས་ལ་དམར། །གློ་ནད་གཞན་པས་ཁྱད་པར་གཟེར། །སྐེག་[སྐིགས]བུ་འོང་ཞིང་སྐོམ་དད་ཆེ། །ལུས་རྔུལ་གསུས་ཆེ་ཟས་མི་འདོད། །ལག་པ་གཉིས་ལ་དྲགས་[དྲེག]པ་ཆགས། །གློའི་སྐོག་བུར་འོང་བ་ཡིན། །གློ་ནད་བོང་ཚངས་[བུང་ཚང]བཅོས་ཐབས་ནི། །ཙན་དན་ཏིག་ཏ་སྐྱུ་རུ་ར། །བ་ལི་[ལེ]ཀ་དང་ལི་ག་དུར། །ཆུ་བྲེ་ཕྱེད་ལ་གདུས་ལ་གཏང་། །རྩོའུ་[རྩེ]ཆུང་ཨ་སོ་སྒང་རྩ་གཏར། །དྲོད་བཅུད་བསྡོམ་ལ་ཅུ་གང་འདེའུ་[འདེ་གུ]གཏང་། །ཚ་བ་བྲི་ན་རྣ་བ་རུ། །ལྔ་པ་ཁ་གསུམ་བསྲེག་པར་བྱ། །འབྲི་མོག་སྨན་མར་གོང་བཞིན་བཏང་། །རྣག་འཕྲོ་ཆད་ནས་གཟེར་ན་གཏར། །ར་ཤ་ར་ཞོ་གཏང་བར་བྱ། །ཤ་སར་གཏང་ལ་སྲེག་པ་དང་། །བཅོས་ཤིང་རྣག་མང་ཟུག་གཟེར་ཆེ་བ་ན། །ཨ་རུ་ར་ཡི་འབྲི་རྐང་དང་། །ཅུ་གང་འདེའུ་[འདེ་གུ]གཏང་བར་བྱ། །གློ་སྨུག་ན་ལུགས་འདི་ལྟར་ཏེ། །ཁྲག་སྨུག་འགོ་[མགོ]ན་རྩེའུ་ཆུང་འགྲེང་། །གདུང་[གདོང]ནག་ཕོ་རུལ་ཁྲག་ཀྱང་འོང་། །སྟོད་གཟེར་གློ་ལུ་གཉིད་མཁུན་བྱེད། །མིག་དམར་སྐད་འགག་ཁོང་པ་ལྕི། །རྣག་སྨུག་ན་ལུགས་འདི་ལྟ་སྟེ། །བཅོས་ཤིང་གཟེར་ལ་ཁྲག་མདོག་སྣུམ། །དེ་ལ་མེ་བཙའ་བཞག་པར་བྱ། །རྣག་རྨུག་[སྨུག]བཅོས་ཐབས་འབྲས་བུ་གསུམ། །ཏིག་ཏ་རྒུན་འབྲུམ་དུར་བྱིད་དང་། །པུ་ཙེ་ཤེ་[ཤེལ]དང་བ་ལི་[ལེ]ཀ །དན་དྷ་རྣམས་ཀྱི་ཐང་བཤལ་བྱ། །རྗེས་ལ་གླ་སྒང་བ་ཤ་གཏར[གཏང]། །གྲོ་ཆང་ཡོས་ཆང་འཇམ་པས་བཅད། །ཨ་སོ་ལི་ཀ་གཏར་བར་བྱ། །དམར་པོ་གསུམ་གྱི་སྨན་མར་གཏང་། །ཉི་ཤུ་རྩ་ལྔའི་ཕྱེ་མ་གཏང་། །ཚ་བ་དབྲི་ནས་ན་ས་བསྲོ། །ལྦོས་ན་མཚེར་པའི་གསང་ས་བསྲོ། །གློ་ནད་འཐེང་པོའི་ན་ལུགས་ནི། །ཉིན་མཚན་མེད་པར་ལུ་བ་དང་། །ལུད་པ་སྣ་ཚོགས་དྲུག་དུ་བསྲེ། །སྣ་ཚོགས་ལུ་ཕང་འགོག་ཏུ་མི་བཏུབ་བོ།།
ཤེད་ཆུང་ཁ་ཁྲ་[ཁ]ཚིག་པ་ཟ། །ཤ་ཚ་མཆིལ་སྣབ་[སྣབས]ཚ་[ཚྭ]ཡང་བྲོ། །སོག་འདབ་[འདབས]གཡས་སུ་ཟུག་ནས་དཔུང་པ་ན། །ལག་པ་འདིག་[འདེགས]པ་མི་ཤེས་སོ། །ཚ་འཐེང་བཅོས་པ་འདི་ལྟ་སྟེ། །འབྲས་བུ་གསུམ་གྱི་ཐང་བཏང་ལ། །གློ་རྩ་དག་ལ་གཏར་བར་བྱ། །མ་ནུའི་ཐང་བཤལ་གཏང་བར་བྱ། །ཨ་སོ་གློའི་ཨ་སོ་གཏར་བར་བྱ། །ཙན་དན་ཤིང་མངར་ཅུ་གང་དང་། །གུར་གུམ་འཛ་ཏི་ཏིག་ཏ་དང་། །བ་ལི་[ལེ]ཀ་དང་ཀ་ར་སྦྱར་ལ་གཏང་། །རྒུན་འབྲུམ་སླེ་ཏྲེས་ཐང་རྣམས་རེས་མོས་བྱ། །འདི་ལ་སྟར་བུ་བསྔགས་པས་བཏང་། །ཟས་ནི་ཡིན་[ཡུན]དང་[བཏང]ཁྲོལ་འུར་བྱ། །གློ་ནད་ཆུ་ཤོར་ན་ལུགས་ནི། །སྟོད་གཟེར་ཁོང་དམ་གློ་མི་ལུ། །ཁ་ཁ་གདོང་རྔུལ་ཟས་མི་འཇུ། །ལག་པ་མི་ཐེག་སྣ་ཁྲག་འཛག །མཁལ་མ་གཟེར་ཞིང་ལུ་མི་ཤེས། །ཆུ་ཤོར་བཅོས་ཐབས་འདི་ལྟར་བྱ། །འབྲས་བུ་གསུམ་གྱི་ཐང་བཏང་ལ། །གློ་བའི་སྒང་རྩ་གཡོན་ན་གཏར། །ཅུ་གང་འདེའུ་[འདེ་གུ]སྦྱར་ལ་ལྔ་པ་ཁ་གསུམ་བསྲེག །རྟ་རྐྱང་གླ་བ་ར་ཤ་དང་། །ལྒོ་[དགོ]བ་གྲོ་ཆང་གཏང་བར་བྱ། །གྲང་བ་འོར་ལྷུང་ན་ལུགས་ནི། །སྐད་འགག་ལུད་པར་རྨེན་འདྲར་འོང་། །ལག་པ་སྦྲིད་ལ་ལྔ་པ་གཟེར། །ཐེས་པོ་ཆུ་སེར་ལྡན་པས་ན། །ལུས་སྐྲངས་ལུད་པ་སེར་པོ་འོང་ལ་ལྕེའང་སེར། །གྲང་འཐེང་བཅོས་ཐབས་མ་ནུ་བཞི་ཐང་གཏང་། །ད་ལིས་ཕྱེ་མ་གཏང་བར་བྱ། །ལྔ་པ་མེ་ཡིས་བསྲེག་པར་བྱ། །ཚབས་ནི་ཆེ་བར་གྱུར་པ་ན། །ལག་མགོ་ནས་ནི་སེན་ཙམ་གཏར་བར་བྱ། །དེ་ལ་ཆུ་དང་དོན་བཀྲ་སྨན་བཀོལ་དྲོ་ཐང་གཏང་། །ཐང་བཀྲུས་བྱ་རུ་མི་རུང་ངོ་།།
པི་པི་ལིང་གི་དྷེ་[ལྡེ]གུ་གཏང་། །ཅུ་གང་འདེ་གུ་གཏང་བར་བྱ། །སྦྱར་ལུགས་སྨན་སྦྱར་འདེའུར་[འདེ་གུར]ལྟོས། །ཆུ་སེར་སྐམ་པའི་སྨན་སྦྱོར་གཏང་། །གློ་ནད་སྐྱ་ལྦབ་[རྦབ]ན་ལུགས་ནི། །གྲང་བ་ཅིག་ཚུག་[ཚུགས]དག་ཡིན་ནོ། །ཉིན་མཚན་མེད་པར་ལུ་བ་དང་། །སེར་ནག་སེར་སྐྱ་རུལ་དྲི་བྲོ། །ཡང་ན་དམར་པོ་ཙིག་གི་[གེ]འོང་། །ལག་པ་སྦྲིད་ལ་རོ་སྟོད་གྲང་། །རྙིལ་དང་ལྕེ་དང་ཁ་གདོང་སྐྲངས། །སྐྱ་ཝབ་[རྦབ]བཅོས་ཐབས་འདི་ལྟར་ཏེ། །བྱ་རོག་མིག་དང་ལྔ་པ་ཁ་གསུམ་བསྲེག །ཚ་བ་གསུམ་དང་པུ་ཤེལ་ཙེ། །ཨ་བར་ཡ་བཀ་ཤ་[བཀྵ]ར་དང་། །ཙི་ཏྲ་ཀ་དང་ཁ་རུ་ཚ། །བྱི་ཏང་ཀ་དང་ཆུ་དགས་[དག]རྣམས། །ཆུ་བྲེ་དོ་ལ་གདུས་པ་དང་། །མར་དང་འོ་མ་ཚུལ་བཞིན་སྦྱར། །མངར་གསུམ་ཁ་བླང་གཏང་བར་བྱ། །པི་པི་ལིང་གི་འདེའུ་[འདེ་གུ]ནི། །སྤོད་ནག་སྲ་[སྲང]བཅུ་མར་དུ་བརྔོས། །ཞིབ་བཏག་[བཏགས]སྦྲང་དང་སྦྱར་ལ་བཏང་། །སྐྱེད་ཆུང་བ་དང་སྐྲངས་གསོའ་ན། །ཆང་འཇམ་ལུག་ཤ་གཏང་བར་བྱ། །ཟས་ཀློད་མ་བདེ་ཅུ་གང་འདེའུ་[འདེ་གུ]གཏང་བར་བྱ། །དེ་ཡིས་མ་བདེའ་དྲག་པ་དཀའ། །གམ་འཁྲུགས་དྲག་པོ་མ་ཡིན་པ། །གློ་ལ་གཏར་ཀ་དྲག་[དྲགས]མི་རུང་། །རླུང་གློ་སྐྱ་ཝབ་[རྦབ]མ་ཡིན་པ། །གློ་ལ་མེ་བཅུད་སྔ་མི་རུང་། །མདོར་ན་གློ་ནད་ཆེ་བ་ལ། །ག་བུར་རྩ་ལྔ་བསྔགས་པ་ཡིན། །ལི་ཤི་མ་གཏོག་[གཏོགས]བཟང་པོ་དྲུག །ག་བུར་མཚལ་དང་ལི་ག་དུར། །ན་[ནཱ]ག་གེ་སར་ཙན་དན་རྣམས། །སྦྲང་དང་ཀ་ར་སྦྱར་ལ་གཏོང་། །བོང་[བུང]ཚང་རྣག་དང་རུལ་བ་ལ། །སྟར་བུ་མི་གཏང་གནོད་པ་ཡིན། །གློ་རྩ་རྩོའུ་[རྩེ]ཅུང་གཏར་བར་བྱ། །དེ་རྣམས་ཚ་བའི་གློ་དཔྱད་ཡིན། །མདོར་ན་གློ་ནད་གྲང་བ་ལ། །ད་ལི་[ལིས]དང་ནི་ཕོ་བ་རིས། །ཏོང་ཁྲ་[དོང་གྲ]ཤོང་ཚ་པི་པི་ལིང་། །སུག་སྨེལ་ཀ་ར་སྦྲང་བཞི་སྦྱར། །ཡང་ན་གུར་གུམ་མར་སར་དག་ཀྱང་སྦྱར། སྐྱ་ཝབ་[རྦབ]ལ་སོགས་གྲང་གློ་སེལ། །གློ་ནད་ཚ་གྲང་འཐབ་པ་ལ། །ཚ་རིམ་[རིམས]ར་མར་ཕག་པའི་མར། །ར་འོ་རྣམས་ནི་ཆུ་བྲེ་གང་གི་ནང་དུ་བསྐོལ། །ཆུ་བསྐོལ་ཞུན་ནེ་ལུས་པོ་ཚེ། །ཅུ་གང་འཛ་ཏི་གུར་གུམ་དང་། །ཤིང་ཚ་ཀ་ར་སྲང་གསུམ་དང་། །སྦྲང་དང་སྦྱར་ལ་གཏང་བར་བྱ།།
གློ་ལུ་རྣག་འཛག་དབུགས་མི་བདེ། །གློ་རྡོལ་བ་ལ་འདི་ལྟ་སྟེ། །འབྲི་མོག་སྟར་བུ་རྒུན་འབྲུམ་དང་། །སྤོད་ནག་འོ་མར་བརྔོས་པ་དང་། །མཚེ་ཡི་ཁ་དྷ་[ཁཎྜ]ར་མར་དང་། །སྨན་མར་ཚུལ་བཞིན་སྦྱར་བ་ལ། །ཀ་ར་སྦྲང་རྩིའི་ཁ་བླངས་ལ། །ཁོལ་[ཁྱེའུ]སུས་དག་ལ་གཏང་བར་བྱ། །མདུན་གྱི་བྲ་རོག་མིག་གཉིས་དང་། །གསུམ་པ་ལྔ་པ་དྲུག་པ་དང་། །མཆན་ཁུང་གཉིས་ཀྱི་གློ་སྲང་[གསང]ཆུང་རྒྱུན་དང་། །ཚིགས་པ་བཅུ་དྲུག་པ་རྣམས་བསྲེག །གློ་སྐྲན་དང་ནི་བད་གློ་ལ། །སྟར་བུ་རྒུན་འབྲུམ་ཨ་རུ་ར། །ཆུ་གདུས་མར་དང་འོ་མར་བསྐོལ། །ཆུ་སྐམ་མར་རྙིང་ལུས་པ་ལ། །ཅུ་གང་འཛ་ཏི་གུར་གུམ་དང་། །བུར་[བུ]རམ་སྦྲང་རྩི་ཀ་ར་སྦྱར། །ཁོལ་[ཁྱེའུ]སུས་གཏང་བས་གློ་སྐྲན་དང་། །བད་ཀན་ལས་གྱུར་གློ་ནད་དང་། །སྤྱིར་ན་གློ་ནད་ཀུན་ལ་ཕན། །གསོའ་ཐབས་དོན་སྣོད་ལས་གློ་ནད་བཅོས་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།
ལེའུ་ཞེ་ལྔ་པ། མཆིན་ནད་བཅོས་པ་བསྟན་པ།
ད་ནི་མཆིན་ནད་བཅོས་པ་ནི། །རྒྱུ་རྐྱེན་དང་ནི་དབྱེའ་བ་ངོས་བཟུང་བའོ། །རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རྐྱེན་ནི་ཁ་ཟས་སྤྱོད་ལམ་སོགས། །ཚ་སྐྱུར་བཅུད་མེད་རླན་གྲང་ཡིན། །དབྱེའ་བ་རྒྱས་པ་མདོའ་རྩར་བཤད། །དེ་ཡང་བཅོ་ལྔར་འདུས་པ་ཡིན། །ཚ་བ་བཅུ་གཉིས་གྲང་བ་གསུམ། །དེ་ལ་ཚ་བ་བཅུ་གཉིས་ནི། །ལྷེན་སྐྲེན་[སྐྲན]རྒྱས་དང་ལྷེན་[ལྡེན]བུ་ནི། །ཆུ་སེར་རྒྱུན་དུ་འོར་ལྷུང་དང་། །གཞུང་རེངས་དང་ནི་མཆིན་ནག་གོ ། ཧལ་གེག་[སྐེམ]མཆིན་རི་[དྲི]དཀར་ནག་དང་། །སྣད་མཚན་[གནད་མཆིན]རྩ་བྱེར་བཅུ་གཉིས་སོ། །དེ་ལ་གྲང་བ་གསུམ་པོ་ནི། །གླང་སྒུར་རྒུད་པ་གྲང་ལྦོས་སོ། ལེབ་རྒན་[ལེ་བརྒན]རྒྱས་པའི་ན་ལུགས་ནི། །མཆིན་ངོས་གཡས་གཡོན་གཉིས་ཀ་གཟེར། །ལུས་པོ་ལྕི་ཞིང་རོ་སྟོད་གཟེར། །མུར་འགྲམ་ན་ཞིང་ཚོགས་[མཚོགས]མ་ལྕི། །དཔུང་མགོ་གཡས་གཡོན་གྲུ་མོ་ན། །གཡས་ཕྱོགས་སྟེང་དུ་བཏོན་ན་འཐིབས་པ་སྙམས[སྙམ]། །འོག་ཏུ་བཅུག་ན་བུག་སྙམས་[སྙམ]བྱེད། །བཙོག་[ཙོག]པོར་བསྡད་ན་ཐུར་ལ་ཐེན་[འཐེན]པ་སྙམས[སྙམ]། །ཁ་དོག་ནག་དང་སེར་བ་དང་། །མཁལ་རྐེད་དང་ནི་ཕོ་མཚེར་དང་། །རྐང་པ་རྩི་ལ་འཁུམ་པ་དང་། །ལེབ་རྒན་[ལེ་བརྒན]རྒྱས་པ་བཅོས་པ་ནི། །འགི་[གི]ཝང་དག་གི་བཤལ་བཏང་ངོ་། །ཟས་སུ་འོ་ཐུག་ཅག་ཙེ་[ཆག་ཚེ]བཏང་། །བསིལ་བའི་ཤ་སར་བག་རེ་བཏང་། །ཞོ་སྐྲུག་[དཀྲུག]དར་བ་ཆུ་གྲང་བཏང་། །མཆིན་ཚད་སེལ་བའི་ག་བུར་བརྒྱད་པ་བཏང་། །རུ་ཐུང་གཏར་ལ་ཁྲག་མདོག་ལྟ། །ནག་ན་བསྣོལ་ཞིང་ཟོ་དང་སྦྱར། །ཚ་བ་དབྲི་ནས་གསར་འཇམ་གཏང་། །བྲག་ཞུན་དོམ་མཁྲིས་མཁྲིས་ཆེན་གཏང་། །དྲི་ཆུར་སྦྱར་བཏང་མཁྲིས་ཚད་སེལ། །རྔུལ་ཡང་དྲག་ཏུ་འདོན་པར་བྱ། །
མཆིན་ནད་གཏིང་ནས་སྦྱངས་ཐབས་ནི། །སྟོན་ཀ་མེ་ཏོག་རྒྱས་ཙམ་ན། །ཨར་[ཨ]བར་རྡོག་མ་ཐང་དུ་གདུས། །གཏང་ལ་རྔུལ་ཡང་དྲག་ཏུ་དབྱུང་། །མཁྲིས་ཆེན་དོམ་མཁྲིས་བྲག་ཞུན་བཏུལ། །མར་སར་སྦྱར་ལ་རྒུན་འབྲུམ་ཆུ་ཡིས་ཕུལ། །ཉལ་སྔས་སྨད་པ་སྤྱོད་ལམ་དམ། །སྨན་རྫོགས་རྟིང་མ་དུམ་བུ་རེ་རེས་ཆོག །ཐུབ་བམ་མི་ཐུབ་ཁྲག་ལ་བལྟའ། །དམར་ལ་སྐ་བས་བཟང་བ་སྟེ། །ཡེན་དང་བཅུད་ཅན་བརྡེག་པར་བྱ། །ངལ་དུབ་དྲག་ཤུལ་སྤང་བར་བྱེད། །ཁྲག་ནི་སེར་སླ་མཆིན་པ་འཕྱོས་པས་ན། །སྙན་ཤ་འབྲེང་དང་གསར་འཇམ་གཏང་། །བྲག་ཞུན་ཅུརྣིས་[ཅུར་ནིས]གཏང་བར་བྱ། །ཁྲག་རྣག་རྔོའམ་རྣག་ཆེ་ན། །མཆིན་པ་ཁྲག་གིས་བཅོས་པ་ཡིན། །བྱ་ཐབས་གོང་བཞིན་ཤེས་པར་བྱ། །ཤ་ཆང་ལོ་རུ་བསྡམ་པར་བྱ། །མཆིན་ནད་ལྷེན་[ལྡེམ]བུའི་ན་ལུགས་ནི། །ན་བ་མི་ཚོར་ཟས་མི་འདོད། །ལུས་ལྕི་གཉིད་མྱེད་ཁོང་པ་ལྕི། །ཤ་འབྲོས་རུས་པ་ཀད་ཀྱིས་སྐེམས། །བཅོས་པས་མི་ཐུབ་ཁད་ཀྱིས་ཡང་། །མཆིན་པ་ཆུ་ཤོར་ན་ལུགས་ནི། །ཁོང་ལྦོས་སྟོད་གཟེར་བརྫིས་ན་ཕན། །རེས་འགའ་མཆིན་འཕྱོངས་གླལ་མི་ཤེས། །སྐོམ་དད་ཆེ་ལ་སྐམ་རྔུལ་རེངས། །ཕོ་མཆིན་ན་ཞིང་འགྱུ་བ་རྐ[དཀའ]། །ཤོམ་ཤུམ་དྲག་ན་མགོ་བོ་ན། །མཆིན་པ་ཆུ་ཤོར་བཅོས་ཐབས་ནི། །བ་ལི་[ལེ]ཀའི་ཐང་གཏང་རུ་ཐུང་གཏར། །འབྲས་བུ་གསུམ་གྱི་ཐང་བཏང་རུ་ཐུང་གཏར། །རྩ་དང་ཁྲག་མདོག་སྦྱར་ལ་བཅོས། །ཚ་བ་དབྲི་ནས་གསར་འཇམ་གཏང་། །ལུ་ན་ཅུ་གང་འདེ་གུ་གཏང་།།
མཆིན་ནད་རྒུན་[རྐུན]བུ་བཅོས་པ་ནི། །རྐང་པ་གྲང་ལ་རོ་སྟོད་གཟེར། །ལྡང་ལྡུམ་བྱེད་པ་མྱིག་གི་[མི]ཐིག[ཐེག] །ཉམས་ཆུང་བརྙལ་[སྙ]ཞིང་སྐོམ་དད་ཆེ། །འགུལ་ན་གཟེར་ཞིང་སྐེ་རྩ་རེངས། །དཔུང་པ་ཆེ་ལ་རོ་སྟོད་གང་། །བ་ལི་[ལེ]ཀའི་ཐང་བཏང་ཨ་སོ་གཏར། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་། །གློ་མཆིན་འཁྲན་[ཕྲན]བུ་གཉིས་ཀ་བསྣོལ། །བཅོས་ཐབས་ཕལ་ཆེར་ཆུ་ཤོར་སྐབས་དང་མཐུན། །ཚ་བ་ཆོག་[ཆོགས]ནས་ད་ལིས་གཏང་། །དེ་ནས་གསར་འཇམ་གཏང་བར་བྱ། །མཆིན་ནད་འོར་ལྷུང་ན་ལུགས་ནི། །རྐེད་པར་མཆིན་ཁྲག་ལྷུང་བ་ཡིན། །རྐང་པར་རྡོ་བ་བཏག་[བཏགས]འདྲར་ལྕི། །ཚ་ཞིང་ར་སྦྲིད་རེངས་པ་འདྲ། །རྐེད་པ་སྐམ་ཁོལ་བྱེད་པ་ཡིན། །མཆིན་ནད་འོར་ལྷུང་བཅོས་པ་ནི། །རྐེད་པར་ལྷུང་ན་ཁ་ཟས་ཡན་[ཡེན]ལ་གཏད། །ཕོ་བ་ན་ན་བཅུ་གསུམ་བསྲེག །ཐེབ་མོ་གོང་གི་རྩ་ལ་གཏར། །རྐང་པ་འོར་དུ་ལྷུང་བ་ལ། །བ་ལི་[ལེ]ཀ་གཏར་བྱིན་མཇུག་གཏར། །ཁྱི་ལྕེའི་གྲང་ཐང་ག་བུར་ལྕགས་[ལྕག]མདའ་གཏང་། །བྲག་ཞུན་དོམ་མཁྲིས་མཁྲིས་ཆེན་གཏང་། །སོ་ཕག་མ་སྤྱད་པ་ཡི་རྫ། །མེར་བསྲེག་ཆུ་གྲང་ནང་དུ་བླུག །དེའི་ཁུ་བས་མཆིན་ནད་ཐམས་ཅད་སེལ། །བྱང་བ་དཀའ་ན་འབྲས་བུ་གསུམ་གྱི་ཐང་བཤལ་བཏང་།།
མཆིན་པ་ཁ་ལུད་ན་ལུགས་ནི། །གློ་རུ་ལུད་དང་ཕོ་བར་ལུད། །གློ་ལུད་སྟོད་གཟེར་མཆིན་པ་གཟེར། །ཁྲག་ཏུ་ལུ་ཞིང་རྣག་ཁྲག་འཛག །རྐང་པ་སྡུད་མི་ཤེས་པ་དང་། །ལུ་ན་སོག་པ་རྡོལ་སྙམ་བྱེད། །ཕོ་བར་ལུད་ན་མྱིག་དམར་ཕོ་བར་ལྟེམ། །ཕོ་བ་གཟེར་ལ་མྱིག་རྩ་རྒོད། །གཡེའ་[དགྱེ]རྒུ་མི་ཤེས་བརྩི་[བརྩེ]ཞིང་སྐྲག །གསུས་པ་ཚའམ་སྐམ་ལམ་བརྩེ། །རེས་འགའ་ན་ནི་རེངས་རེངས་བྱེད། །ལྡང་དུབ་བྱེད་ཅིང་སྐོམ་དད་ཆེ། །དེ་ལ་ཁ་ལུད་བཅོས་ཐབས་ནི། །གློ་ལུད་ཐང་བཏང་གོང་བཞིན་བཅོས། །ཐང་ཁྲུས་བསིལ་བཏང་གོང་དང་འདྲ། །ཕོ་བར་ལུད་ན་རུ་ཐུང་གཏར། །བ་ལི་[ལེ]ཀའི་ཐང་བཏང་ལ། །མཆིན་མཁྲིས་དག་ལ་ཨ་སོ་གཏར། །འབྲས་བུ་གསུམ་གྱི་ཐང་བཤལ་བཏང་། །
དེ་ནས་ཚིགས་པ་བཅུ་གསུམ་བསྲེག །ཟས་ཀྱང་བབས་[བགས]ཀྱིས་ཀློད་པར་བྱ། །མཆིན་པ་གཞུང་རེངས་ན་ལུགས་ནི། །ལུས་སྒུར་བཀུག་ན་སྐད་ངན་ཤོར། །ཁ་སྐམ་དྲོད་ཆེ་རྐྱང་རྙིང་[བརྐྱང་སྙིང]འདོད། །རྐ་ལག་བཤལ་ཞིང་ལྷུ་ཚིག་[ཚིགས]ན། །མཆིན་པ་གཞུང་རེངས་བཅོས་པ་ནི། །བ་ལི་[ལེ]ཀ་ཡི་ཐང་ཡང་བཏང་། །རུ་ཐུང་དྲུག་མདོའི་[མགོ]གཏར་བར་བྱ། །བྲག་ཞུན་ཅུར་ནིས་སྦྱར་ལ་བཏང་། །བང་སྐམ་བརྔོས་པས་གཤུལ་[བཤུལ]ནས་བདུག །དུར་ལྕགས་ལ་སོགས་ལྕགས་རྣམས་ནི། །རྫ་མར་གདུས་ལ་ཁུ་བ་བཏང་། །མཆིན་པའི་ནད་རྣམས་བསལ་བའོ། །ཨ་བར་སྤང་རྩི་ལྕགས་ཁུ་བྱིན། །གྲོ་ཆང་རི་དག་[དྭགས]ཤ་སར་གཏང་། །དང་ཀ་མི་བདེའ་ཤེད་ཉམས་ཆུང་། །གསུས་པའི་རྩ་རེངས་ཁྱིམ་ན་གསལ། །ཤེད་ཆུང་སྐོམ་དད་ཆེ་ན་ཡང་། །མཆིན་གྲུམ་ནག་པོའི་ན་ལུགས་ནི། །སྟོད་གྲང་ཕོ་བ་གྲང་ལ་ལྦོས། །གདོང་པ་ནག་ལ་སྦོས་པའོ།།
འབྲས་བུ་གསུམ་གྱི་ཐང་བཏང་ལ། །རྩེའུ་ཅུང་གཏར་ལ་ཁྲག་ལ་བལྟའ། །བཟང་ན་བཅད་ལ་ངན་ན་གཏར། །ཤེད་ཆུང་གཏར་ཀ་བྱར་མི་རུང་། །གསར་འཇམ་དགོངས་ཀ་གཏང་བར་བྱ། །སྔོན་བུའི་བཤལ་ཡང་གཏང་བར་བྱ། །དོང་ལུམས་བྱ་ལ་རྔུལ་ཡང་དབྱུང་། །ཆང་འཇམ་ཕུལ་གང་ཚད་པར་བྱ། །ཤ་སར་ཚག་བུ་གཏང་བར་བྱ། །ཆུ་ནི་བཏང་བ་མ་ཡིན་ནོ། །མར་སར་ཆུ་ནི་ཆོད་པ་ལ། །གསོའ་[སོ]མ་ར་ཙ་ཨ་རུ་ར། །ཅུ་གང་འདེའུ་[འདེ་གུ]གུར་གུམ་དང་། །སུག་སྨེ་[སྨེལ]ཤིང་མངར་ལྕགས་ཕྱེ་དང་། །ཞིབ་བཏག་[བཏགས]ཀ་རར་སྦྱར་ལ་གཏང་། །མཆིན་པའི་ནད་ཀུན་སེལ་བར་བྱེད། །མཆིན་ནད་ཧལ་གེག་[སྐེམ]ན་ལུགས་ནི། །ལུས་པོ་ཟ་ཞིང་མེ་ལ་དགའ། །གཡས་ཕྱོགས་ལྕི་ཞིང་འདར་བར་བྱེད། །སྐོམ་དད་ཆེ་ཞིང་མྱེ་དད་ཆུང་། །པར་པ་ཏ་དང་ཁྱི་ལྕེ་དཀར། །ཨ་བི་ཤ་[ཨབྷི་ཥ]རྣམས་ཐང་དུ་གཏང་། །རུ་ཐུང་ཁྲེན་[ཕྲན]བུ་གཏར་ལ་བལྟའ། །རྣག་ཆགས་སྔོ་ལ་བསྣོལ་ལ་གཏབ། །དམར་རམ་སླ་ན་འཕྲོ་བཅད་ལ། །སྨན་མར་གོང་བཞིན་གཏང་བར་བྱ། །དེ་ལ་གྲང་བའི་རྟགས་བྱུང་ན། །དགུ་པའི་གསང་ལ་བསྲེག་པར་བྱ། །
མཆིན་རི་[དྲི]དཀར་པོའི་ན་ལུགས་ནི། །ལྷེའུ་[ལྷེན]སྣ་རྩིབ་ལོག་[ལོགས]གཟེར་བ་དང་། །གཉིད་ཆེ་ཁ་སྐམ་སྐོམ་དད་ཆེ། །བ་ལི་[ལེ]པར་པ་ཏ་གསུམ་བསྐོལ་ལ་གཏང་། །མཆིན་མཁྲིས་འདོམ་རྩ་གཉིས་ཀ་གཏར། །ཁྱི་ལྕེ་བྲག་ཞུན་གྲང་ཐང་གཏང་། །ཞོ་དང་ཅག་ཙེའི་[ཆག་ཚེའི]ཐུག་པ་གཏང་། །ཚ་བ་བྲི་ན་གསར་འཇམ་གཏང་། །བཅུད་ཀློད་བརྒྱད་དགུའི་གསང་ལ་བསྲེག །ཚ་བ་སྐྱེས་ན་མགོ་ན་སྐོམ་དད་ཆེ། །རྩེའུ་ཅུང་གཏར་ལ་ཁྲག་མདོག་ལྟ། །ནག་གམ་སྔོ་ན་མཁྲིས་བག་ཕྱེས་བརྒྱང་ལ་གཏང་། ཆང་དང་ཅུར་ནིས་ད་ལིས་རྩ་གཏར། །བསིལ་དྲོད་སྙམ་ [སྙོམས]ལ་རིགས་པས་དཔྱད། །གུར་གུམ་དང་ནིད་བྱིད་དང་། །ལི་ཤི་སྤང་སྤོས་སུག་སྨེལ་དང་། །ཀ་ཀོ་ལ་དང་པར་པ་ཏ། །ཤུ་མོ་ཟ་དང་ཞོ་ཕྱེད་ཚ། །ཞིབ་བཏག་[བཏགས]བྲང་ལ་འདེ་གུ་བྱ། །གཏང་བསམ་ཆིན་ནད་ཐམས་ཅད་སེལ། །འཁྲུ་ན་མི་གཏང་སྨན་འཕྲོ་བཅད། །ལྦུ་བ་བེའུ་སྣབ་[སྣབས]བྱུང་ན་བཅད། །མཆིན་ནད་ཀུན་ལ་ཕན་པ་ཡིན། །མཆིན་རི་[དྲི]ནག་པོའི་ན་ལུགས་ནི། །སྙིང་དང་སྲོག་རྩ་མི་བདེའ་སྟེ། །ཁོང་ལ་སྟོང་ལྦོས་དག་ཏུ་ལོ[འོ]།།
ལྷོའུ་[ལྷེན]སྣ་དྲིལ་ནས་ན་བའོ། །དེའི་བཅོས་ཐབས་བསྟན་པ་ནི། །ཏིག་ཏ་བྲག་ཞུན་ཉེའུ་ཤིང་པ། །རམ་ཉེ་སྤང་སྤོས་རྡོའི་དྲག[དྲེག]། ཆུ་མདོག་དམ་[དམར]ན་ཐང་དུ་གཏང་། །རུ་ཐུང་གཉིས་པོ་གཏར་བར་བྱ། །ཚ་བ་མ་ཆོག་[ཆོགས]ནས་བརྒྱད་པོ་དང་། །ནུ་ལྐོག་བད་ཀན་བགེགས་ཐག་བསྲེག །སྣོད་[གནད]མཆིན་རྩ་བྱེར་ན་ལུགས་ནི། །སྟོད་གཟེར་ཐལ་གོང་ན་བ་དང་། །རྩེའུ་ཅུང་དག་ཀྱང་རེངས་[རིམ]བཞིན་ན། །ལག་པ་ལྕི་ལ་རྣག་ཁྲག་འཛག །ཕོ་མཆིན་ན་ལ་ལུ་མི་ཤེས། །ལུ་ན་མཆིན་པ་འཕྱོངས་ཤིང་ན། །ཅི་ཟོས་མཆིན་པའི་ནད་ལ་ཕོག །དང་ཀ་མི་བདེའ་བྱད་སྨུག་རྟུལ། །སྣོད་[གནད]མཆིན་རྩ་བྱེར་བཅོས་ཐབས་ནི། །བྲག་ཞུན་ཁྱི་ལྕེ་པར་པ་ཏ། །རུ་ཐུང་རྩེའུ་ཆུང་གཡས་གཡོན་གཏར། །ཁྲག་མདོག་ནག་ན་ག་ཕུར་བཏང་། །ཅུ་གང་གུར་གུམ་སུག་སྨེལ་དང་། །བྲག་ཞུན་ཏིག་ཏ་པི་པི་ལིང་། །ཀ་ར་དྲུག་འགྱུར་སྦྱར་ལ་བཏང་། །གཡོན་གྱི་རུ་ཐུང་རྩེའུ་ཅུད་གཏར། །བྱ་རོག་མེ་ཏོག་རིལ་ལུམ་[ལུམས]བྱ། །ཚ་བ་པྲི་ན་གསར་འཇམ་གཏང་། །བརྒྱད་པའམ་ནི་ཨ་ན་ཚུགས་སུ་བསྲེག །མཆིན་པ་གྲང་བའི་བཅོས་ཐབས་ནི། །གྲང་བ་གླང་སྒུར་ན་ལགས་[ལུགས]ནི། །ལུས་སྐྲངས་སྐྲ་དང་སྨིན་མ་བྱིད[བྱི]། །མཆུ་ལྕེ་རྙིལ་དཀར་ལྕེ་སྐམ་ནས། །མ་སངས་བར་དུ་སྨྲ་མི་ཤེས། །གློ་སྐམ་ལུ་ཞིང་སྣ་བུག་ཤུ་བ་འོང་། །མགོ་འཁོར་ན་ཆང་ཕན་སྙམས[སྙམ]། །གླང་སྒུར་བཅོས་ཐབས་གཏར་ཀ་སྤངས། །ཊ་མོ་ཕག་དང་གླང་ཤ་བ་ཏང་། །དེ་ནས་ཤེད་ཉམས་སྐྱེས་པ་ན། །ཆང་དང་བུར་དཀར་བསྲེས་པ་གཏང་། །ཚིག་[ཚིགས]པ་དྲུག་པ་བསྲེག་པར་བྱ། །ལྔ་པ་ཁ་གསུམ་བསྲག་ན་ཕན། །མཆིན་པ་རྒུད་པའི་ན་ལུགས་ནི། །ཟོས་རྗེས་མཆིན་པ་མཚོགས་མན། །ཁོང་ཉམས་ཆུང་ལ་ཆུ་དྲོན་སྐྱུགས། །གཡའ་ཆག་བཀྲག་མེད་ཙྭ་[ཚ]ལ་ལྕི། །མཆིན་པ་རྒུད་པ་བཅོས་པ་ནི། །ལུག་རྙིང་མཆིན་པ་སྣར་ཙམ་བཙོ། །དྲོད་སྨན་སྦྱར་ལ་སྨན་མར་བྱ། །གཡེར་ཆུས་སྤག་ལ་གཏང་བར་བྱ། །མཆིན་པ་དང་ནི་མཚེར་པ་དག །ཆང་དང་ཅུར་ནིས་ད་ལིས་གཏང་། །ལུག་གླད་འོ་མར་བཅོས་[བཙོས]པ་གཏང་། །རྩ་བ་ལྔའི་སྨན་མར་གཏང་། །ཨ་རུ་རའི་འབྲི་རྐང་གཏང་། །མཆིན་ནད་གྲང་ལྦོས་ན་ལུགས་ནི། །རྐང་ལག་རེངས་ཤིང་ལྟག་པ་དགྱེའ། །དགྱེ་དགུ་མི་ཤེས་རོ་སྟོད་གཟེར། །ལུས་པོ་བྱིན་དུ་རེངས་པའོ། །
གྲང་སྦོས་བཅོས་པར་བྱ་བ་ནི། །སེའུ་འབྲུ་སྦྱར་ཞིང་བུར་ཆང་གཏང་། །ལྔ་པ་དྲུག་པ་བསྲེག་པ་དང་། །ལྟེ་བ་ཁ་གསུམ་བསྲེག་པ་དང་། །ཁ་ཟས་བཅུད་ལ་བརྟེན་[བསྟེན]པ་དང་། །ཆང་དང་འོ་མར་དྲོད་སྨན་གཏང་། །མདོར་ན་མཆིན་པའི་ཚ་བ་ལ། །གུར་གུམ་དུག་ཉུངས་ཀ་ཀོ་ལ་དང་པི་[བྱི]ཏང་ཀ ། སུག་སྨེལ་ལི་ག་དུ་[དུར]དངལྕེ་མྱང་ཚ། །ཨར་[ཨ]བར་ར་མར་ཚུལ་བཞིན་སྦྱར་བའི་སྨན། །བཏངས་[བཏང]ན་མཆིན་ནད་འགྲམས་པ་སེལ། །གུར་གུམ་ཅུ་གང་སུག་སྨེལ་སྤོད། །ཏིག་ཏ་ཨར་[ཨ]བར་བྲག་ཞུན་མཚལ། །ཀ་ར་དྲུག་འགྱུར་སྦྱར་བཏང་བས། །མཆིན་ནད་ཁྲག་ཚད་ཐམས་ཅད་སེལ། །བྲག་ཞུན་ཐང་ཡང་དེ་བཞིན་ནོ། །སྦྲང་དང་གུར་གུམ་མ་ནུ་དང་། །བསིལ་བའི་ཐང་མང་ཞིབ་པར་བཏག[བཏགས]། །རིལ་བུ་ཞོ་རེ་ཙམ་དུ་བྱ། །མཆིན་ནད་སྟོང་པ་སྐྱ་ལྦབ་[རྦབ]དང་། །མཆིན་ནད་ཀུན་ལ་ཕན་པ་སྟེ། །མཆོག་ཏུ་མཆིན་ནད་གྲང་ལའོ། །བྲག་ཞུན་གུར་གུམ་བ་ལི་[ལེ]ཀ ། ཨར་[ཨ]བར་མཆིན་སྨན་རྩེའུ་ཅུང་རྣམས། །མཆིན་པ་སྤྱིའི་སྨན་ཡིན་ནོ། །སྨན་རྟ་ཀ་ར་བུ་རམ་རྣམས། །ཚ་གྲང་ཟོ་དང་སྦྱར་ལ་གཏང་། །ལྡན་དང་འདུས་ལ་གྲང་ཐང་གཏང་། །ཤེད་ཉམས་ཆུང་དང་རྒན་པ་ལ། །སྨན་མར་བྱས་ཤིང་གཏང་བའོ། །མ་ཕྱེད་པ་ལ་ཐང་དུ་བྱས་པ་གཏང་། །ཚ་བའི་སྐབས་སུ་ཅུ་གང་གཏང་། །པར་པ་ཏ་ཡི་ཐང་བཏང་ཞིང་། །སྣོད་ཁ་རུ་ཐུང་གཏར་བར་བྱ། །གྲང་བའི་སྐབས་སུ་སུག་སྨེལ་དང་། །པི་པི་ལིང་ཡང་གཏང་བར་བྱ། །བརྒྱད་དང་བཅུ་གསུམ་བསྲེག་པར་བྱ། །དོན་སྣོད་རིན་པོ་ཆེ་ལས། །མཆིན་ནད་བཅོས་པའི་ལེའུ་སྟེ་ཞེ་བདུན་པའོ།། །།
ལེའུ་ཞེ་དྲུག་པ། མཚེར་ནད་བཅོས་པ་བསྟན་པ།
ད་ནི་མཚེར་ནད་བཅོས་པ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ལ། །རྐྱེན་ནི་ཁ་ཟས་སྤྱོད་ལམ་ལོག །དབྱེ་ན་ལྦོས་དང་ན་ལུགས་ཀྱང་། །ཚ་གྲང་གཉིས་སུ་འདུས་པ་ཡིན། །མཚེར་པའི་ཚ་བའི་མཚན་ཉིད་ནི། །སོག་འདབ་[འདབས]གཡོན་དུ་ཟུག་པ་དང་། །ལྦོས་ཏེ་ཕོ་བར་ཟུག་པ་ཚ་འགྲམས་ཡིན། །གསུས་སྒྲག་[སྒྲེག]མང་ཞིང་རུལ་བྲོ་བ། །མཚེར་ལམ་ཕོ་བར་དོད་པ་ཡིན། །གཡོན་ནས་འཁྲིལ་ཞིང་ཕོ་བ་ན། །ཟས་ཟོས་རྟེང་[རྟིང]ལ་ལྷག་པར་ན། །ཁ་དོག་བཟང་ལ་རོ་སྟོད་གཟེར། །སྨུག་པོ་མཚེར་པར་ལྷག་[ལྷགས]པ་ཡིན། །ཁོང་པ་ལྦོས་ཤིང་མི་འཁྲོགས་[འཁྲོག]པ། །ལུས་གྲང་ཤ་ལ་འཁྲེན་པ་ཡིན། །ཤིག་ཏིག་འདྲ་བ་མང་པོ་འབྱུང་། །གྲང་ན་ན་ཞིང་དྲོས་ན་བདེའ། །དེ་ཡི་བཅོས་ཐབས་བསྟན་པ་ནི། །མཚེར་པ་ཁྲག་གིས་ཧྲེམ་པ་ལ། །བྲག་ཞུན་ཨ་རུ་མ་ནུ་ཐང་། །སྨུག་པོ་མཚེར་པར་ལྷུང་བ་ལ། །མ་ནུ་སླེ་ཏྲེས་ཨ་རུ་ར། །སྒ་དང་འུ་སུའི་ཐང་ཡང་གཏང་། །སྨིན་ནས་གཏར་དང་ཁྲུས་ཀྱང་བྱ། །མཚེར་པའི་མདོང་རྩ་རུ་ཐུང་གཏར། །གློ་རྩ་གཉིས་ཀྱང་ཟོ་བླང་གཏར། །འདི་ལ་དྲོད་སྦྱངས་བསྔགས་པ་ཡིན། །དུར་བྱིད་ཨར་[ཨ]བར་པི་[བྱི]ཏང་ཀ ། སྤོད་ལྡུམ་ཆུ་རྩ་ལྕགས་ཕྱེ་དང་། །མ་ནུ་སུག་སྨེལ་སྒ་ཚོད་དང་། །ལི་ཤི་ཁ་ར་གཏང་བར་བྱ། །གྲང་སྨུག་བཅོས་པ་འདི་ལྟ་སྟེ། །སྨ་ནི་ཏྲ་སེམས་དཀར་ནག་དང་། །སེའུ་འབྲུའི་སྨན་མར་དག་ཀྱང་གཏང་། །རྩིབ་ཐུང་ཞེ་གཉིས་གོ་བར་དུ། །མྱེ་བཙའ་སྦྲེང་ལ་གདབ་པར་བྱ། །ཐུར་མ་ཡུན་བསྲིང་ཙམ་དུ་འཕང་། །ཆང་དང་གནག་ཤ་རྒྱུན་དུ་གཏང་། །དོན་སྣོད་རིན་པོ་ཆེ་ལས་མཚེར་ནད་བཅོས་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།
ལེའུ་ཞེ་བདུན་པ། མཁལ་ནད་བཅོས་པ་བསྟན་པ།
མཁལ་ནད་བཅོས་པར་བྱ་བ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རྐྱེན་ནི་ངལ་དུབ་དྲག་ཤུལ་གྲང་བ་དང་། །ཁྱིམ་པར་ཉལ་པོས་དུབ་པའོ། །དབྱེའ་བ་ཚ་གྲང་གཉིས་སུ་འདུས། །མཁལ་མ་ཚ་འགྲམས་ན་ལུགས་ནི། རྟ་རྒྱུག་དང་ནི་ཁུར་ཆེན་ཁུར། །སྟོབས་འགྱེད་པ་དང་བམ་བཏེག་པ། །དེས་བསྐྱེད་ཚ་བ་ཟུག་གཟེར་ལྡན། །སྐོམ་དད་ཆེ་ལ་གྲང་ཤུམས་[ཤུམ]བྱེད། །ཤིན་ཏུ་ཚ་དང་འཁྲུགས་པར་ན། །དེ་ལ་མཁལ་ཐག་ཆད་ན་འཆི། །བཅོས་མ་ལེགས་ན་སུརྱ་འགྲོ །སུརྱ་སྐྲངས་ན་རྣག་ཏུ་འགྲོ། །རྩ་མྱིག་ཆུ་སེར་རྣག་གིས་འཁེངས[ཁེངས]། །རྣག་དེ་ཆད་དུ་མི་བཏུབ་བོ། །མཁལ་ནད་ཚ་བ་འགྲམས་པ་ནི། །བྱི་[བྱིན]མཇུག་གཉིས་པོ་གཏར་བར་བྱ། །བྱི་ཏྲ་འཁྱུད་མོ་གཉིས་ཀྱང་གཏར། །ཡོབ་གོང་གཉིས་དང་འགབ་[སྒབ]རྩ་གཏར། །རྒྱུ་ཞབས་ན་ན་ལོང་རྩ་གཏར། །དེ་ནི་དཔྱད་ཀྱི་བྱ་ཐབས་སོ། །ཏིག་ཏ་ཙན་དན་ཐང་དུ་གཏང་། །ག་བུར་ཅུ་གང་ཨ་རུ་ར། །མཁལ་མ་ཞོ་ཤ་ཏིག་ཏ་དང་། །རྒྱ་ཤུག་ཤུག་གུ་[པ]ཚེར་མ་ཅན། །བསིལ་བའི་ཐང་ནི་ཅི་རིགས་གཏང་། །སྙིང་ན་མེ་བཙའ་གདབ་པར་བྱ། །ཕལ་ཆེར་ཚ་བའི་ནད་རྣམས་ལ། །ཚ་འཁྲུས་རབ་ཏུ་བསྔགས་པ་ཡིན། །མདོར་ན་མཁལ་ནད་ཚ་བ་ལ། །གང་དུབ་[དུགས]བྱ་ཞིང་གཏར་བ་ཤིས། །མཁལ་མ་གྲང་འཁྱག་ན་ལུགས་ནི། །བད་ཀན་སྐྱ་བོ་མཁལ་མར་སོང་། །མཁལ་མ་རྐེད་པ་ཤིན་ཏུ་གྲང་། །མཁལ་རྐེད་འཁྲིལ་ཞིང་འཁོར་བ་ཅན། །དཔྱི་དང་རྐང་པ་བཤལ་ནས་ན། །གཤུལ་[བཤུལ]ལ་ཁྲིད་ཅིང་ན་བ་དང་། །ཆུ་བསྲི་ལུས་སྐྲང་རྐང་པ་ན། །ས་བོན་རང་རླུག་དག་ཏུ་འོང་། །
མཁལ་མ་གྲང་འགྱང་བཅོས་པ་ནི། །རྩ་བ་ལྔའི་སྨན་མར་བཏང་། །རྩ་བ་ལྔ་དང་ཨ་རུ་ར། །བ་རུ་ར་དང་སྒ་རྣམས་ནི། །ཁུ་བ་ལེགས་པར་བཏོན་བྱས་ལ། །ར་ཐུག་འབྲས་བུ་ད་བྱིད་དང་། །སྤྱིན་པོའི་ཤ་རྣམས་བསྡུས་པ་ལས། །རྒྱ་ཚ་བཏབ་ནས་ཁུ་བ་བཏོན། །བྲ་[བྲེ]གའི་ཁུ་བ་གུད་དུ་འདོན། །དེ་རྣམས་ཁུ་བ་འོ་མར་གདུའ། །སྨན་རྩིག་[རྩིས]རིག་པའི་མདོའ་ལ་དྲིས། །སྨུག་སྨེ་[སུག་སྨེལ]སླེ་ཏྲེས་ཞིབ་བཏག་[བཏགས]ཏེ། །སྦྲང་དང་བུ་རམ་དག་དང་སྦྱར། །ད་བྱིད་ཁྱིམ་བྱ་མཁལ་མའི་ནད་ལ་ཕན། །མཆོག་ཏུ་ས་བོན་ཟག་[ཟགས]རླུག་སེལ། །ཤ་རུ་ཞོ་བཅུ་བྱ་རྒོད་ཤ་སྲང་གཅིག །གོ་བོའི་རུས་པ་ཞོ་གཅིག་གཏང་། །གང་ལ་སྲང་གསུམ་ནམ་གཅིག་དང་། །བྲག་ག་རྱ་[རྭ]ཚ་ཚབ་ཏུ་ཚ། །ཚ་བ་གསུམ་པོ་ཞིབ་པར་བཏག[བཏགས]། །ཕྱེ་མ་བུ་རམ་རིལ་བུ་བྱ། །རྩ་ལ་ཚ་བ་སྐྱེ་སྲིད་པས། །གུར་གུམ་གླ་རྩི་བྲག་ཞུན་དང་། །ཤིང་ཚའི་ཕྱེ་མ་དེ་བཞིན་ནོ། །མཁལ་མ་འཚགས་ནད་དེ་ལ་ཕན། །ཚིགས་པ་བཅུ་གསུམ་ཁ་གསུམ་དུ། །ཐུར་མ་བརྒྱབ་ན་དཔྱད་ཀྱི་མཆོག །སྨན་གྱི་ཐུར་གསང་ཐམས་ཅད་དུ། །ཐུར་མ་འཕང་ཞིང་མྱེ་ཡིས་བསྲོའ། །མདོར་ན་མཁལ་མ་གྲང་བ་ལ། །ཚ་དུབས་[དུགས]དང་སྨད་བསྲེག་པ་ཤིས། །དོན་སྣོད་རིན་པོ་ཆེ་ལས། །མཁལ་མ་བཅོས་པའི་ལེའུ་སྟེ་ཞེ་དགུ་པའོ།། །།
ལེའུ་ཞེ་བརྒྱད་པ། སྣོད་མཁྲིས་ཀྱི་ནད་བཅོས་པ་བསྟན་པ།
ད་ནི་སྣོད་དྲུག་བཅོས་པ་ནི། །རྒྱུ་རྐྱེན་ངོས་བཟུང་དབྱེའ་བ་དང་། །གསོའ་བའི་ཐབས་དང་རྣམ་པ་ལྔ། །མཁྲིས་པའི་རྒྱུ་ནི་དྲག་ཤུལ་ཏེ། །རྐྱེན་ནི་ཁ་ཟས་ཡུལ་ལས་བྱུང་། །དབྱེའ་བ་གཤའ་[ཀྵ]ཡ་དཀར་ནག་དང་། །ཤ་སེར་མིག་སེར་ཚ་འཁྲུ་དང་། །རྐུན་བུ་དུག་ཐབས་རྩ་རྒྱུག་དང་། །མཁྲིས་པ་རླུང་གིས་ནུས་[བུས]པ་དང་། །དེ་ལ་གཤའ་[ཀྵ]ཡ་ནག་པོ་ནི། །ལག་པ་སེར་པོར་སོང་བ་དང་། །མྱིག་ཀྱང་སེར་པོར་སོང་བ་དང་། །སྐྲ་སྨིན་བྱི་ཞིང་ཆུ་ནི་དམར་ནག་སོང་། །རྣག་སེར་ལུ་ལ་ཤུ་བ་འབྱུང་། །ལུས་ཟ་བཅོས་པས་ཐུབ་པ་ཡིན། །གཤའ་[ཀྵ]ཡ་དཀར་པོའི་ན་ལུགས་ནི། །རྣག་མདོག་དཀར་པོ་ཤ་ཡང་སེར། །ལུས་ལ་ཤོར་ན་ཉམས་ཤེད་མཐོ། །ཤ་སེར་མིག་སེར་རྒྱུ་རྐྱེན་ནི། །དངས་མ་མ་ཞུ་བ་ཡིན་ཏེ། །མིག་དང་ལྕེ་ཡང་སེར་བ་ཡིན། །མཆན་ཁུང་ལ་སོགས་དྲོ་ས་ཀུན། །ལག་པའི་མཐིལ་ཡང་སེར་པོར་འགྲོ། །དཀར་སེར་དེ་གཉིས་བཅོས་པ་ནི། །གཤའ་[ཀྵ]ཡ་དཀར་དང་ཤ་སེར་ལ། །ཏིག་ཏའི་གྲང་ཐང་ཆེན་པོ་དང་། །དེ་བཞིན་ཏིག་ཏའི་ཕྱེ་མ་དང་། །ག་བུར་ཕྱེ་མ་གཏང་བར་བྱ། །གསེར་མདོང་གཤལ་རིང་[གཤའ་རིངས]གཏར་བར་བྱ། །ཚ་བ་ཆེ་ན་རྩེའུ་ཆུང་གཏར། །ཟས་ནི་བ་ར་གླ་ལྒོའི་[དགོའི]ཤ །རིག་པས་དཔྱད་ཅིང་གཏང་བར་བྱ། །སྐོམ་དུ་གཡའ་ཆུ་གང་[གངས]ཆུ་གཏང་། །སྤྱིར་ན་མཁྲིས་ནད་རྙིང་པ་ནི། །མཁྲིས་པ་ཚ་བའི་རིམ་བཞིན་ཡིན། །དེ་ལ་བཅོས་ལུགས་རྣམ་པ་གསུམ། །དུས་དང་ན་སོ་བབ་སར་བཅོས། །དེ་ཡང་གོང་དང་འདྲ་བར་བཤད། །སྤྱིར་ན་མཁྲིས་པའི་ནད་རྣམས་ལ། །ཏིག་ཏའི་ཐང་བཤལ་གཏང་བར་བྱ། །རྗེས་ལ་ཏིག་ཏའི་སྨན་མར་གཏང་། །བསིལ་བའི་ཡུལ་དང་གནས་མལ་བསྟེན། །ཚ་འཁྲུ་རྒྱུ་མའི་ལེའུ་ལྟོས། །མཁྲིས་པ་རྒན་[རྐུན]བུའི་ན་ལུགས་ནི། །མཆིན་པ་རྒུད་པའི་ནད་དང་འདྲ། །མྱིག་ལྕེ་སེན་མོ་མཆུ་ཡང་སེར། །བཅོས་ཐབས་ཕལ་དུ་བཤལ་གྱིས་ཐུབ། །མཁྲིས་པ་དུག་ཐབས་ན་ལུགས་ནི། །ཕོ་བ་ལོང་ཀ་ན་བ་སྟེ། །མཁྲིས་པ་ཐང་མ་ལྷགས་པ་ཡིས། །ཕོ་བའི་ནང་དང་ལོང་དུ་ལྷུང་། །དེས་ན་གླང་ཐབས་ན་བ་ཡིན། །ཁ་ཁ་སྐོམ་དད་ཆེ་བ་ཡིན། །བཅོས་ཐབས་བསིལ་ཐང་གཏང་བར་བྱ། །སྨིན་ནས་གཏར་བར་མ་བྱས་ན། །རྙིང་ནས་ཐུབ་པ་མ་ཡིན་ནོ། །མཁྲིས་པ་རྩ་རྒྱུག་ན་ལུགས་ནི། །མྱིག་ལྕེ་དྲོ་ས་སེར་བ་དང་། །ལུས་པོ་སྤུ་གྲིས་གཤགས་པ་འདྲ། །མཁྲིས་ནད་གཞན་བས་ན་ཚེ་ཆེ། །མཁྲིས་པ་རྩ་རྒྱུག་བཅོས་ཐབས་ནི། །ལག་བརྒྱུད་མྱུར་བཅོས་པར་བྱ། །རྩེའུ་ཅུང་ལ་སོགས་ཡ་[ཡས]བབ་གཏར། །ག་བུར་ལ་སོགས་བསིལ་བ་བཏང་། །མཁྲིས་པ་རླུང་བུས་ན་ལུགས་ནི། །ལུས་པོ་གསེར་སྐུ་བཞིན་དུ་འགྲོ། །ལྷང་ཀྱོག་ཟུག་གཟེར་ཆུང་བ་ཡིན། །བཅོས་ཐབས་ལྟོ་རུ་ཆང་ཞི་གཏང་། །ད་ལིས་སྐྱེར་ཞུན་ཨར་[ཨ]བར་དང་། །སླེ་ཏྲེས་དག་གི་ཐང་ཡང་གཏང་། །ལུས་པོ་བྱིབ་[བྱིབས]ལ་རྔུལ་བཏོན་བྱ། །དེ་རྣམས་བྱེ་བྲག་བཅོས་ཐབས་ཡིན། །མཁྲིས་ནད་དྲིལ་ནས་བཅོས་པ་ནི། །དབྱུང་དང་གསད་དང་སྦྱོང་བ་དང་། །མར་གྱི་སྦྱོར་བ་ཤེས་པར་བྱ། །གསེར་མདོང་[མདུང]དྲུག་མགོ་མཁྲིས་རྩ་གཏར། །ཚ་གྲང་སེར་སྨུག་སྦྱོར་བ་ཤེས་པར་བྱ། །ད་ལི་[ལིས]རྒུན་འབྲུམ་ཡོང་[ཡུང]བ་དང་། །སྐྱུ་རུ་སྐྱེར་ཞུན་པི་པི་ལིང་། །དོམ་མཁྲིས་ཏིག་ཏ་ཚ་སྦྱོར་ཡིན། །བསིལ་བ་དག་ལ་གཏང་བར་བྱ། །དོམ་མཁྲིས་སླེ་ཏྲེས་ཨར་[ཨ]བར་དང་། །སྤོད་དང་སྦྲང་སྦྱར་གྲང་སྦྱོར་ཡིན། །རྙིང་པ་དག་ལ་གཏང་བར་བྱ། །ཡོང་[ཡུང]བ་སྤོད་དང་འབྲས་བུ་གསུམ། །སྐྱེར་པའི་བར་ཤུན་སླེ་ཏྲེས་དང་། །རུ་རྟ་སླེ་ཏྲེས་ནིམ་པ་དུག་མོ་ཉུངས། །ལྕགས་ཕྱེ་གུར་གུམ་བྲག་ཞུན་གསུམ། །མཁྲིས་སྐྲན་དག་ལ་གཏང་བར་བྱ། །དེ་རྣམས་གསད་པའི་སྦྱོར་བའོ། །སྦྱོར་སྦྱོངས་པ་ཡི་ཏིག་ཏའི་བཤལ་ཡང་བཏང་། །རྗེས་ལ་ཏིག་ཏའི་སྨན་མར་བྱ། །རིན་ཆེན་འཕྲེང་བ་ལས་མཁྲིས་པ་བཅོས་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།
ལེའུ་ཞེ་དགུ་པ། ཕོ་བའི་ནད་བཅོས་པ་བསྟན་པ།
ད་ནི་ཕོ་བ་བཅོས་ཐབས་བསྟན། །རྒྱུ་ནི་རླུང་མཁྲིས་བད་ཀན་ལ། །རྐྱེན་ནི་ཁ་ཟས་རླངས་གྲང་སོགས། །དབྱེ་བ་མ་ཞུ་སྐྱ་དང་སྨུག །བད་ཀན་སྐྱ་བོ་གྲང་བ་སྟེ། །སྨུག་པོ་ཚ་བ་དག་ཡིན་ནོ། །དེ་གཉིས་རྒྱུ་ནི་མ་ཞུ་བ། །བད་ཀན་སྐྱ་བོ་ཕོ་ཁར་འདུས། །རྙིང་པ་སྐྲན་དུ་འདྲིལ་བའོ། །ཕོ་བའི་ཞབས་སུ་ཆགས་པ་དང་། །མ་ཞུ་བ་ཡི་ལྷན་[ལྷེན]སྐྲན་དང་། །རླུང་ལས་གྱུར་པའི་སྐྲེན་[སྐྲན]དང་ནི། །མཁྲིས་པ་ལ་སོགས་སྐྲན་ཡིན་ནོ། །བད་ཀན་སྐྱ་དང་སྨུག་པོ་ནི། །ངོས་བཟུང་གསོའ་ཐབས་འདུ་བར་བསྟན། །ཚ་བ་བད་ཀན་སྨུག་པོ་ནི། །ཁྲག་ཏུ་སྐྱུགས་ཤིང་སྐོམ་དད་ཆེ། །ལྷག་པར་མགོ་བོ་ན་བ་སྟེ། །ལུས་ལྕི་མགོ་འཐོམ་མྱིག་རུས་ན། །མེ་དང་ཉི་མ་གནོད་པ་ཚར[ཚོར]། །རེས་འགའ་ཁྲག་ཏུ་བཤལ་བར་བྱེད། །ཆང་རྒན་རུལ་སུངས་དྲོད་ཅན་གནོད། །ཚ་བ་སྨུག་པོ་ཞེས་བྱའོ། །མ་ནུ་བཞིའི་ཐང་བཏང་བ་ལ། །གཏར་བར་བྱ་ཞིང་བསིལ་བ་བསྟེན། །སེར་པོ་ལྡར་ལྡར་སྐྱུགས་པར་བྱེད། །སྨུག་པོ་གྲང་བའི་ན་ལུགས་ནི། །བཙོས་པ་འདྲ་བའི་ཁྲག་སྐྱུག་ཅིང་། །གྲང་བའི་དུས་སུ་ན་བར་ཚོར། །སེར་པོ་སྐྱུག་ཅིང་ཕོ་བ་ན། །མཚེ་བརྒྱད་གཞན་མ་གོང་དང་འདྲ། །བད་ཀན་སྐྱ་བོའི་མཚན་ཉིད་ནི། །ཤེད་ལུས་སྟོབས་ཞན་ཉལ་སྙིང་འདོད། །མགོ་ན་སྟོད་རྒྱས་བད་ཀན་འགག །ལྕེ་སྐྱ་ཕོ་བ་གཟེར་ལ་སྐོམ་དད་ཆུང་། །ཁ་ཟས་བཅུད་མེད་གྲང་མོས་གནོད། །བད་ཀན་དེ་དག་བཅོས་ཐབས་ནི། །སེའུ་འབྲུ་པི་པི་ལིང་དང་ནི། །བུ་རམ་ཆ་བསྙམ་ཕྱེ་མ་ནི། །ཁོང་པའི་དྲོད་བསྐྱེད་རླུང་མཁྲིས་དང་། །བད་ཀན་སེལ་བར་བྱེད་པ་ཡིན། །ཤིང་ཀུན་ཅ་[བཅའ]སྒ་ཁ་རུ་ཚ། །ཆ་བསྙམས་ཕྱེ་མ་གཏང་བར་བྱ། །དང་ཀ་འགག་ན་སེའུ་འབྲུ་བཞི། །ཡང་ན་འབྲས་བུ་གསུམ་དང་ཚ་བ་གསུམ། །གཏམ་ཚ་ཤིང་ཚ་ལ་ལ་ཕུད། །ཏོང་ར་དག་དང་ཁ་རུ་ཚ། །ཕྱེ་མ་ཆུ་བསྐོལ་དྲོན་མོས་ཕུལ། །ཁ་རུ་ཚ་ཡི་ཐང་བཏང་སྟེ། །ཁ་རུ་ཚ་དང་སྒ་དང་མ་ནུ་དང་། །བད་ཀན་ཚིག་[ཚིགས]ལ་བབ་པ་ནི། །སྐྱུགས་ཀྱིས་དྲང་བར་བྱ་བ་ཡིན། །དེ་ཡང་སྐྱུགས་ཀྱི་ལེའུར་ལྟོས། །བད་ཀན་ལྡེང་[ལྷིང]སྐྲན་ན་ལུགས་ནི། །འཕྱོང་ཞིང་བཟུང་དུ་མི་ཟིན་པ། །རླུང་ལས་གྱུར་པའི་སྐྲན་རྣམས་ནི། །སྦྱང་བ་མ་ཡིན་སྣུམ་ཆོས་བྱ། །སྒོག་པའི་སྨན་མར་མཆོག་ཏུ་ཤིས། །བད་ཀན་གྲང་དང་རླུང་སྐྲན་ལ། །གར་ཁང་ལུག་ཤ་ཚོ་བ་བཏང་། །བྱ་རྒོད་གོ་བོ་གླག་ཤ་བཏང་། །བད་མཁྲིས་སྐུག་[སྐྱུག]པར་གྱུར་པ་ན། །སུག་སྨེལ་བཙོད་དང་ལ་ལ་ཕུད། །ན་[ནཱ]ག་གེ་སར་སྐྱུ་རུ་ར། །པི་པི་ལིང་དང་སྒ་རྣམས་ནི། །ཀ་ར་དང་སྦྱར་བཏང་བ་ཡིན། །ཐུར་མ་རིག་པའི་མདའ་ཡིས་བསྣུན། །མ་ཞུ་བ་ནི་ཕོ་བའི་ནད། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་ཁ་ཟས་དག་ལས་བྱུང་། །དབྱེའ་བ་དངས་མ་སྙིགས་མའོ། །དངས་མར་ཚིལ་དང་ཆང་དང་ཞག །རྐང་དང་མར་ཁུ་མ་ཞུ་བའོ།།
སྙིགས་མ་སྦང་མ་བཅུད་མེད་ཟས། །ལོ་བཞུར་[ཤུར]ཤ་རིད་ཡུང་དང་དྲུག །ངོས་བཟུང་གསོའ་ཐབས་བསྟན་པ་ནི། །དངས་མ་མ་ཞུ་གློ་མཆིན་དང་། །གླད་པའི་རྩ་ལ་ཞུགས་ཏེ་ན། །ཚིགས་མིག་མཆིན་རི་[དྲི]འཁོར་བ་དང་། །དང་ཀ་མི་བདེའ་ཉམས་སྟོབས་ཆུང་། །གློ་མཆིན་ཆུ་ཤོར་རླུང་དང་སྐྲན། །འགོ་[མགོ]དང་སྟོད་ན་རླུང་འཁྱིམ་པས། །དྭངས་མ་མ་ཞུ་བཅོས་པ་ནི། །གློ་རྩ་མཆིན་རྩ་གཏར་བར་བྱ། །བཤལ་སྐྱུག་གང་འོས་གཏང་བར་བྱ། །མ་ཞུ་གསར་དང་ཚ་བ་བསྡོང་། །དེ་ལ་བསིལ་གྱིས་བཅོས་པར་བྱ། །སྙིགས་མ་མ་ཞུ་ཕོ་ལོང་ནད། །ཕོ་བ་ལྟང་ལྟང་རུས་མིག་ན། །མྱིག་མི་ཐིག་[ཐེག]ལ་འཁྲུ་བའོ། །སྒྲོག་རུས་དྲོད་བས་མ་ཞུ་བའོ། །སྙིགས་མ་མ་ཞུ་དྲོད་ཀྱིས་བཅོས། །སེའུ་འབྲུ་སར་དང་གཏམ་ཚའི་ཐང་། །ཚ་སྣ་དང་སྦྱར་ཆུ་སྐོལ་ཕུལ། །སྐྲན་དུ་འདྲིལ་ན་བཅོས་ཐབས་བྱ། །བྱ་ཐབས་ཐུར་མའི་ལེའུར་ལྟོས། །དངས་མ་མ་ཞུ་ཆུ་མདོག་དམར། །སྔོན་ཐང་མ་ཞུ་ལྦོས་དང་ལྟག་མྱིག་ལྟ། །བཅུད་མེད་མ་ཞུ་མདོག་སྔོ་སྒྲེགས། །ཁོང་ལྦོས་ལག་པར་དྲག་[དྲེག]པ་ཆགས། །ཕོ་བར་དྲག་[དྲེག]ཆགས་རྐ་ལག་འཕྲ། །གྲང་ཤས་ཆེ་ན་དྲོད་བཅས་བྱ། །ཚ་ཤས་ཆེ་ན་ཡང་བ་བསྟེན། །རྩམ་པ་མ་ཞུ་ཁོང་ལྦོས་སྒྲེག །སྐྱུག་འཁྲུ་རེས་འགའ་རྟག་ཏུ་འོང་། །ཁོང་ལ་ལྷུང་ན་ཁོང་ཉམས་ཆུང་། །མཁལ་རྐེད་ན་ཞིང་ཆུ་ཡང་བསྲི། །ཆང་མ་ཞུ་ན་ཆུ་བསྐོལ་བཏང་། །ཆུ་མ་ཞུ་ན་ཆང་བསྐོལ་བཏང་། །མར་མ་ཞུ་ན་དར་བ་བཏང་། །སྔོ་སྒོག་མ་ཞུ་ཚ་[ཚྭ]ཐང་བཏང་། །ཨར་[ཨ]བར་རྒྱམ་ཚ་སྒ་ཡི་ཐང་། །མ་ཞུ་ཀུན་ལ་བསྔགས་པ་ཡིན། །ཕོ་བ་བཅོས་པའི་ལེའུ་སྟེ་ང་གཅིག་པའོ།། །།
ལེའུ་ལྔ་བཅུ་པ། ལོང་ཀའི་ནད་བཅོས་པ་བསྟན་པ།
ལོང་ཀ་བཅོས་ཐབས་བསྟན་པ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རྐྱེན་ནི་ཁ་ཟས་སྤྱོད་ལམ་མོ། །དབྱེ་བ་ལོང་ནད་རྣམ་པ་དྲུག །མདོར་བསྡུས་ཚ་གྲང་གཉིས་ལས་མེད། །ཚ་བ་ལོང་དུ་ཁྲག་ལྷུང་དང་། །རྟུག་སྐམས་གྲང་བ་གཉིས་ཏེ་བཞི། །ལོང་དུ་ཁྲག་ལྷུང་ན་ལུགས་ནི། །གླང་ཐབས་འོང་ཞིང་དྲི་ཆུ་བསྡམ། །ལུས་པོ་ཚ་ཞིང་ཆུ་དད་ཆེ། །སྐོམ་དད་ཆེ་ཞིང་གྲང་ཤུམ་བྱེད། །ཆང་མ་འཐུང་ན་ཤིན་ཏུ་ན། །ལོང་དུ་ཁྲག་ལྷུང་བཅོས་པ་ནི། །བསིལ་སྨན་བཏང་ཞིང་ལོང་རྩ་གཏར། །རྡོ་གྲང་དུབས་[དུགས]བྱ་ཆུ་གྲང་བླུད། །མེ་དང་ཉི་མ་སྤང་ལ་བསིལ་ས་བསྟེན། །བསིལ་བའི་ནི་རུ་ཧ་ཡང་བཏང་། །རྟུག་སྐམ་ཚ་བའི་ན་ལུགས་ནི། །རྟག་པར་ཐུག་དང་སྐོམ་དད་ཆེ། །ཁ་དོག་གསེར་གྱིས་བྱུག་པ་འདྲ། །འདི་ལ་བཀྲུ་འཇམ་བསྔགས་པ་སྟེ། །ཁྱི་ལྕེ་རེའུ་ལྕགས་[ལྕག]ཐར་ནུ་ལྕིམ་རྩ་རྣམས། །བཀྲུ་འཇམ་འཇམ་རྩི་གཏང་ཐབས་ནི། །ལས་ལྔ་རིམ་དྲུག་ལེའུར་ལྟོས། །གྲང་བ་རླུང་ལོག་ན་ལུགས་ནི། །གླང་ཐབས་གོང་བཞིན་ན་བ་དང་། །ལུས་པོ་གྲང་ཞིང་རྔུལ་ཁ་སྙི། །ཚིལ་ནག་ལྷུང་ཞིང་ལྷག་རླུང་གནོད། །ལ་ལ་ཁ་གདོང་སྐྲངས་ཀྱང་སྲིད། །སྟོད་གཟེར་མགོ་བོ་ན་བ་ཡིན། །འདི་ལ་ལ་ཕུག་རིང་[རེང]བུ་བསྔགས། །སོན་ཆང་[ཆ]དུད་པས་བདུག་པ་དང་། །ཨར་[ཨ]བར་དང་ནི་པི་པི་ལིང་། །རྒྱམ་ཚ་ཤིང་ཀུན་ཁ་རུ་ཚ། །སྒོག་པ་རྣམས་ཀྱི་རེང་བུ་བཏང་། །ཡང་ན་གྲམ་པའི་དུབས་[དུགས]ཀྱང་བྱ། །ཡང་ན་དུར་བྱིད་ལྕིམ་རྩ་སུག་པ་དང་། །དུད་པ་བུལ་ཏོག་མར་བརྫིས་བཏང་། །བད་ཀན་གྲང་བའི་རྟུག་སྐམས་ནི། །ཁ་དོག་དཀར་པོའི་རྟུག་སྐམ་དང་། །བེའུ་སྣབས་འཁྲུ་བར་བྱེད་པ་ཡིན། །ཤིན་ཏུ་སྐམ་པ་ཤ་རིལ་འདྲ། །རླུང་གི་རྟུག་སྐམ་ན་ལུགས་ནི། །བྲུན་ནི་གླ་བའི་རིལ་མ་འདྲ། །རླུང་འཁྱིམ་འབྱུང་བར་དཀའ་བ་ཡིན། །དེ་གཉིས་བཅས་ལ་རེང་བུ་ཤིས། །དུག་སོགས་རླུང་གི་སྐབས་དང་མཐུན། །འོལ་ཁ་[ལོང་ཀ]བཅོས་པའི་ལེའུ་སྟེ་ང་གཉིས་པའོ།། །།
ལེའུ་ང་གཅིག་པ། རྒྱུ་མའི་ནད་བཅོས་པ་བསྟན་པ།
རྒྱུ་མའི་བཅོས་ཐབས་བསྟན་པ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རྐྱེན་ནི་ཁ་ཟས་སྤྱོད་ལམ་ཡིན། །དབྱེའ་བ་རྒྱུ་ནད་རྣམ་པ་དྲུག །མདོར་བསྡུས་ཚ་གྲང་རྣམ་པ་གཉིས། །ཚ་བ་བཞི་ལ་གྲང་བ་གཉིས། །མཆིན་པའི་ཚ་བས་རྒྱུ་འཁྲུགས་དང་། །བད་ཀན་སྔོན་པོས་རྒྱུ་འཁྲུགས་དང་། །མཚེར་པ་ཚ་བས་རྒྱུ་འཁྲུག་དང་། །གྲང་བ་བད་རླུང་རྒྱུ་འཁྲུགས་དང་། །མ་ཞུ་བ་ཡི་རྒྱུ་འཁྲུག་གོ །རྒྱུ་གཟེར་ཚ་གྲང་དེ་བཞིན་ཤེས། །མཆིན་པའི་ཚ་བའི་ན་ལུགས་ནི། །སྐོམ་དད་ཆེ་ཞིང་ཁྲག་ཏུ་འཁྲུ། །དེ་ལ་གུར་གུམ་ཕྱེ་མ་བཏང་། །ཙན་དན་ཆུ་ནི་སྐོམ་དུ་བླུད། །འབྲས་ཐུག་བཙོས་པ་གཏང་བར་བྱ། །ལུག་མཆིན་བཙོས་པ་བུ་རམ་དང་། །སྨན་སྣ་ཚོགས་ཀྱིས་བརྒྱང་ལ་བཏང་། །རྒྱ་སྐག་ག་བུར་ཅུ་གང་ཏིག་ཏ་དང་། །དེ་ནས་མདོག་དཀར་ཚིག་[ཚིགས]རེངས་ན། །མཆིན་རློན་བུ་རམ་ཀ་ར་སྤོད། །དྲོད་སྨན་དག་དང་སྦྱར་ལ་བཏང་། །མཁྲིས་པ་རྒྱུ་འཁྲུ་ན་ལུགས་ནི། །སྐོམ་དད་ཆེ་ཞིང་སེར་པོར་འཁྲུ། །དེ་ལ་མཆོག་ཏུ་ཏིག་ཏའི་ཕྱེ་མ་བཏང་། །འབྲས་ཀྱི་ལན་ཕྲན་བཏང་བར་བྱ། །སྨུག་པོ་རྒྱུ་འཁྲུགས་ན་ལུགས་ནི། །ཁྲག་ཚད་འདྲ་བ་འཁྲུ་བ་ཡིན། །བཅོས་ཐབས་ཨར་[ཨ]བར་བསྲེག་པ་གཏང་། །འདུས་པ་རྒྱུ་མར་འཁྲུ་བ་ནི། །ཁ་དོག་སྣ་ཚོགས་ལྡན་པ་ཡིན། །བཅོས་ཐབས་སྔར་སྐྱོན་འཁྲུ་རུ་བཅུག །དེ་ནས་དུས་ཚོད་བརྩིས་ལ་བཅད། །ཕལ་དུ་གསོའ་བ་དཀའ་བ་ཡིན། །བད་རླུང་འཁྲུ་བའི་ན་ལུགས་ནི། །རླུང་གིས་འཁྲུ་བ་འུར་སྒྲ་ཆེ། །འཁྲོག་ཅིང་འུར་སྒྲ་ཆེ་བ་ཡིན། །བད་ཀན་མ་ནུ་བཞི་ཐང་བཏང་། །རླུང་ལ་སྒོག་པ་གླུམ་ཉེའུ་བཏང་། །ཡང་ན་འཇམ་རྩི་བཏང་བ་མཆོག །མ་ཞུ་རྒྱུ་མར་འཁྲུའ་བ་ནི། །ཁ་ཟས་མདོག་མ་གྱུ་[འགྱུར]བ་འཁྲུ། །ཡང་ན་ཆུ་རུ་འཁྲུ་བ་ཡིན། །དེ་བཅོས་སྦྱོང་རྗེས་སྒོག་པས་བཅད། །མཁན་པའི་ཁུ་བ་བླུད་པར་བྱ། །རྒོད་ཞོ་བཙོས་པས་བཏང་བར་བྱ། །རྒྱུ་གཟེར་ན་ལུགས་བསྟན་པ་ནི། །ཕྲུམ་སེར་ཁྱེར་དང་རུས་ཚིག་[ཚིགས]ན། །སྤུ་ལྡང་རྒྱུ་མ་ཤིན་ཏུ་ན། །འདུ་བ་གསུམ་གྱི་རྟགས་ཀྱང་འོང་། །གཞན་ལ་འཕེལ་ཞིང་རྟགས་ཀྱང་འོང་། །གཞན་ལ་འཕེལ་ཞིང་འགྲོ་བ་དང་། །ཁྲག་ཏུ་འཁྲུ་དང་རུལ་བ་འཆི། །གཟེར་ཞིང་མི་འཁྲུ་བ་ཡང་ཡོད། །དེ་ལ་བཅོས་ལུགས་རྣམ་པ་ལྔ། །དང་པོ་དེ་འཁྲུ་འདྲེས་པ་དེ། །འདྲེ་ཞིང་རྨིག་ཏུ་གཞུག་པར་བྱ། །དེ་ལ་འབྲས་བུ་གསུམ་པའམ། །མ་ནུ་བཞི་ཐང་གཏང་བར་བྱ། །དེ་ནས་མཁྲིས་ཚད་གསད་པ་ལ། །རྒྱལ་པོའི་སྡང་སེམས་བཅག་པར་བྱ། །བསིལ་གྱིས་དབྱེ་ལ་ཁ་འཛིན་བཏང་། །གཏར་ཀ་ནད་ཀྱི་བབས་དང་བསྟུན། །དེ་ལ་བློན་པོའི་གདུང་སེམས་དབྱུང་། །དེ་ནས་རྒྱུ་བཤལ་རྐྱ་བསྐྱོན་བྱ། །དེ་ཡིས་ནད་རོ་སེལ་བར་བྱེད། །དེ་ནས་འབྱུང་པའི་རྒྱུ་གསང་བཅད། །ཞོ་བཙོས་ཐ་རོམ་[རམ]བཏབ་པ་གཏང་། །ཡང་ན་ལོ་བཅེན་[བཙན]བཏབ་པ་བཏང་། །དེ་ནས་བབས་ཀྱི་གྲོང་ཁྱེར་གསོའ། །འབྲས་བུ་གསུམ་གྱིས་སྨན་མར་བྱ། །རྒྱུ་ནད་མདོར་ན་ཚ་གྲང་གཉིས། །ཚ་འཁྲུ་ལྦུ་མེད་དྲི་ཆེ་འཁྲུ། །འཁྲུ་མདོག་སེར་རམ་ཡང་ན་དམར། །འཁྲུ་རུ་བཅུག་པ་བསིལ་གྱིས་བཅད། །བེའུ་སྣབས་བྱུང་ཙམ་དག་ན་བཅད། །གངས་ཆུ་འཐུང་དུ་གཞུག་པ་ཡིན། །གྲང་འཁྲུ་བེའུ་སྣབས་ལྦུ་བ་ཅན། །མདོག་དཀར་དྲི་ཆུང་སྒྲ་དང་བཅས། །དེ་ལ་དེ་དྲོད་དང་བཅུད་ཀྱིས་བཅད། །ཚོགས་གུ་ཆུང་ལ་སྨན་བཏང་[བཏབ]བཏང་། །འཁྲུ་བ་གཅོད་པ་སྤྱིའི་སྨན། །ད་ཏྲིག་ཏ་རམ་རྣག་[སྨག]དང་གསུམ། །ལུག་མུར་མོན་བུ་གྲོ་མ་དང་། །ལོ་བཙན་ཞོ་དང་གཙོས་[བཙོད]ཁྲག་སོགས། །རྟ་ནི་ཚ་གྲང་དཔྱད་ཅིང་བཏང་། །རྒྱུ་མ་བཅོས་པའི་ལེའུ་སྟེ་ང་གསུམ་པའོ།། །
ལེའུ་ང་གཉིས་པ། ལྒང་པའི་ནད་བཅོས་པ་བསྟན་པ།
ལྒང་པ་བཅོས་པ་བསྟན་པ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ཡིན། །རྐྱེན་ནི་གྲང་དང་མཁལ་རྩ་འདྲམས[འགྲམས]། །དབྱེའ་བ་ཆུ་དང་རྡེའུ་གཉིས། །རྡེའུ་ནད་འཕྲ་བུའི་ཏི་དཀར་ལྟོས། །ཆུ་འགག་པ་ལ་རྣམ་པ་གསུམ། །རླུང་མཁྲིས་བད་ཀན་འགགས་པའོ། །དེ་ལ་ངོས་བཟུང་གསོའ་ཐབས་བསྟན་པ་ནི། །སྨྲ་མང་འགོ་[མགོ]འཁོར་ལྷུ་ཚིག་[ཚིགས]ན། །རྩ་སྟོང་འདར་བར་གཟུང་བ་དང་། །བཅུད་མེད་ཟས་ཟོས་དགོང་ཀར་གྲབ་ན་ན། །དེ་ནི་རླུང་གིས་འགག་པའོ། །དེ་བཅོས་ཚ་བ་གསུམ་དང་ཁ་རུ་ཚ། །ཤིང་ཚ་སུག་སྨེལ་སྡིག་པ་དང་། །ལྕམ་པའི་འབྲས་བུ་ལ་སོགས་དང་། །ཞིབ་བཏགས་ཁང་གིས་ཕུལ་ལ་བཏང་། །ཡང་ན་དྲོད་སྨན་ཐ་[མཐའ]དག་དང་། །བྲག་ཞུན་རྟ་ལ་སྦྱར་ལ་བཏང་། །ཅིས་ཀྱང་ཕན་པར་མ་གྱུར་ན། །སྦུ་བུ་[གུ]ཕུས་བཏབ་སྨན་རྣམས་གཞུག །བད་ཀན་གདོང་ལྕི་ཁ་གདོང་རློན། །རྩ་ཡང་སྦོམ་ལ་དམ་པ་སྟེ། །ནུབ་ཟོས་རླན་པའི་རྗེས་ལ་ན། །བཅོས་ཐབས་གོང་དང་འཐུན་[མཐུན]པའོ། །མཁྲིས་པ་ཚ་བས་འགག་པ་ནི། །ཁ་མྱིག་སྣ་རྩེ་སོ་དང་། །རྩ་འཕྲ་གྲིམས་ལ་དུབ་ཉེར་འཕར། །དེ་ལ་སྡིག་པ་སྲིན་བུ་དང་། །གླ་རྩི་ཆུ་གྲང་མེ་ལོང་གང་། །དེ་ལ་རྟ་བྱས་སྦྱར་ལ་བཏང་། །ཁ་ཟས་སྤྱོད་ལམ་བསིལ་བར་བྱ། །སུག་སྨེལ་འཇམ་འབྲས་ཕྱེ་མ་བཏང་། །རྙིང་ནས་ཆུ་བསྲི་རྩ་ཁྲུས་བཏང་། །རྡེའུའི་མན་ངག་ཏི་ཀར་ལྟོས། །རིན་པོ་ཆེའི་སྒྲོན་མ་ལས། ལྒང་པ་བཅོས་པའི་ལེའུ་སྟེ་ང་བཞི་པའོ།། །།
ལེའུ་ང་གསུམ་པ། བསམ་སེའི་ནད་བཅོས་པ་བསྟན་པ།
བསམ་སེའུ་ཕོ་མོ་རྣམ་པ་གཉིས། །ཕོ་ལ་ས་བོན་ཟད་པ་དང་། །འཁྲེགས་[མཁྲེགས]པ་དང་ནི་རླུགས་པ་དང་། །མོ་ལ་སུམ་ཅུ་རྩ་དྲུག་ཡོད། །བསྡུསཔས་སྟོད་སྨད་བར་གསུམ་འཚབས[ཚབས]། །ཡང་ཏིག་ནང་དུ་བལྟ་བར་གྱིས། །ཤ་ལྷག་བུ་སྣོད་ནུ་མ་ཡིན། །ནུ་མ་སྐྲངས་པར་གྱུར་པ་ན། །ནུ་མའི་སྟེང་དུ་མཚལ་དག་གིས། །ཡི་གེ་ཉ་གཅིག་བྲི་བར་བྱ། །ཆུ་རྡོ་གྲང་མོས་བདུག་པས་ཐུབ། །ནུ་མའི་སྐྲང་མདོག་དམར་བ་དང་། །རེག་མི་བཟོད་ཅིང་ན་བ་ལ། །ལྕིམ་རྩ་ཡ་བག་ཤ་[བཀྵ]ར་གཉིས་དང་། །ཏིག་ཤིང་རྟ་རྨིག་བསྲེགས་པའི་གཞོབ། །ཆང་དང་སྦྱར་ལ་ཁོང་དུ་གཏོང་། །སྐྲངས་པ་ལ་ཡང་བྱུག་པར་བྱ། །ཁ་ཟས་དྲོད་དུ་བྱ་བ་མེན[མིན]། །དེས་མ་ཕན་ན་བྱ་བྲས་བདུག །དེ་ནས་སྦང་མར་གཞུག་པར་བྱ། །རྣག་ན་བཞོན་པའི་ས་རུ་དབུག །ཞ་ཐེམ་མདོའུ་རུ་རིག་པས་དཔྱད། །སྦང་མ་གཙབ་པ་གཏང་བར་བྱ། །ཆིངས་སྐྲིས་རིག་པའི་མདའ་ལ་དྲིས། །ཁ་ཟས་ཚ་གྲང་ཚོད་དང་སྦྱར། །འབྲས་བུ་སོང་ན་ལྕགས་ཀྱིས་བསྲེག །སྣོད་ནད་བཅོས་ཐབས་རྣམ་པ་བདུན། །བུ་སྐྱེ་མ་ཐུབ་དབྱུང་བ་དང་། །བུ་རོ་ཐོན་དུས་བུ་སྣོད་ལུགས[ལུག]། །རྗེས་ལ་ཁྲག་མ་ཆོད་པ་དང་། །བཅོས་རྗེས་ནད་ཞབས་ཞོམ་[གཞོམ]པ་དང་། ཤི་རོ་འདོན་ནས་དབྱུང་བ་དང་། །ཤོར་དང་མངལ་ཁྲུས་གཏང་བའོ། །བུ་སྐྱེ་མ་བཏུབ་ཟུག་ཆེ་ན། །གཏའ་རུ་སྦྲང་དང་མར་བསྲེས་ལ། །སྨད་དུ་དུབས་[དུགས]ནི་བྱ་བར་བཤད། །དེ་ཡིས་དབྱུང་བར་ཐེ་ཚོམ་མེད། །བུ་རོ་ཐོགས་ཏེ་མ་བྱུང་ན། །གཏའ་ཚ་རི་བུད་རིལ་མ་དང་། །གཏའུ་[གཅེའུ]དང་ཁྱོ་གའི་སྨོད་[རྨོངས]གཞོབ་བཏང་། །དེ་ཡིས་བུ་དང་བུ་རོ་འབྱིན། །བུ་སྣོད་ལུག་པར་གྱུར་པ་ན། །དེའི་གཞུག་ཐབས་འདི་ལྟ་སྟེ། །ཅུ་གང་གུར་གུམ་ཆུས་བཀྲུས་ལ། །ཨེར་མ་ཞིབ་བཏག་[བཏགས]ཁེམ་བུ་གསུམ། །ལྕེའི་འོག་གཞུག་ཆུ་ཡིས་ཕུལ། །འཕུང་བསྟོད་[འཕོངས་སྟོད]སྔས་ནི་སྨད་ལ་བཞག །འབྱིབ་པས་ཆུད་པར་འགྱུར་བ་ཡིན། །ནང་དུ་ཆུའམ་ཆབ་རོམ་གཞུག །མར་རམ་ལྕགས་ཀྱང་མྱུར་དུ་གཞུག །ཡང་ན་ལག་པའི་འཛུ་བུས་[མཛུབ་མོས]བཙང་། །རྗེས་ལ་ཁྲག་འབྱམས་མ་ཆོད་ན། །ནས་ཚིག་ཁུ་བ་གོང་མོའི་སྒྲོ་གཞོབ་དང་། དཀའ་ཤུལ་ཐལ་བ་དང་ནི་ཟ་འོག་ཐལ་བ་དང་། །སྦྲང་རྩི་ཆུ་དང་སྦྱར་བ་བཏང་། །བཞི་པོ་རོ་སྨད་ཆུ་རུ་གཞུག །བཅུ་བཞི་སང་ན་བཅུ་དྲུག་མདོར། །མེ་བཙའ་བསྲེགས་པར་བྱ་བ་ཡིན། །ཡང་ན་ལྟེ་འོག་ཕོ་མཚན་བསྲེག །དེ་ཡིས་གཅོད་པར་ཐེ་ཚོམ་མྱེད། །བཙས་རྫས་[རྗེས]ནད་ཞབས་ཉོམས་[སྙོམས]པ་ལ། །རྒྱུ་ཞབས་ན་ཞིང་ཆུ་གཏིག་ན། །སྔོན་ལ་སྦང་མའི་དུབས་[དུགས]ཀྱང་བྱ། །ཞག་གཅིག་འདས་ནས་ཚ་དུབས་[དུགས]བྱ། །དེ་ནས་ལོང་རྩ་བཅག་མར་གཏར། །ཁྲག་རྗེས་ཆོད་ནས་བཅོ་བརྒྱད་བསྲེག །རྩ་བ་ལྔའི་སྨན་མར་བཏང་། །རུང་བ་དཀའ་ན་འཇམ་བཤད་བྱ། །དེ་ཡིས་ཐོན་པར་ཐེ་ཚོམ་མྱེད། །ཤི་རོ་ཁོང་ནས་ཕྱུང་བ་ནི། །རྒྱ་ཚ་དུར་བྱིད་ཤ་རུའི་ཐལ། །ཨ་ཤོ་ཀ་དྷ་[གནྡྷ]ཆང་སྦྱར་བཏང་། །མདུན་ནས་དུབ་[དུགས]ཀྱིས་བདུག་པར་བྱ། །ཁྱི་དཀར་རླིག་པའི་ཚོད་མ་ལ། །རྒྱ་ཚ་བཏབ་ལ་གཏང་བར་བྱ། །དེ་ཡིས་འབྱིན་པར་མ་གྱུར་ན། །རྒྱ་ཚ་དུར་བྱིད་མར་དང་བསྲེས། །སྟུ་ན་རིལ་བུ་ཐེབ་ཙམ་གཞུག །འཕྱིང་[འཆིང]བུ་སྣུམ་ཚོས་[འཆོས]མཚན་མར་བཞག །གྱོ་མོ་དྲོན་མོས་བདུག་པར་བྱ། །དེ་ཡིས་མི་ཕྱིན་མི་སྲིད་དོ། །ནལ་བུ་ཁོང་ནས་དབྱུང་བ་ལ། །དོ་བོའི་མེ་ཏོག་ལང་ཏང་[ཐང]འབྲས། །འོལ་མ་སེའི་འབྲས་བུ་གསུམ། །ཆ་བསྙམ་ཞིབ་པར་བཏགས་པ་ནི། །བུ་རམ་རིལ་བུ་སྲན་མ་ཙམ། །ལྟོ་སྟོང་ཆང་གིས་ཕུལ་ལ་གཏང་། །ལོང་རྩ་རྩ་ནག་ནུ་རྩ་གསུམ་ལ་གདབ། །ནུ་རྩ་རྐང་པའི་མཛུབ་གོང་ན། །ཞག་གཅིག་ལྟོ་བར་བཅག་ནས་གཏར། །ཟླ་གསུམ་མན་ཆད་ཐེ་ཚོམ་མེད། །ཤེས་ན་ཁྲུས་ནི་མངལ་ནད་ཀུན་ལ་ཕན། །ཏི་ཀ་ཡང་ཏིག་ནང་དུ་ལྟོས། །རིན་པོ་ཆེའི་སྒྲོན་མ་ལས་བསམ་སེའུ་བཅོས་པའི་ལེའུ་སྟེ་ང་ལྔ་པའོ།། །།
ལེའུ་ང་བཞི་པ། སྐྲན་ནད་སོགས་ཀྱི་བཅོས་ཐབས་བསྟན་པ།
དོན་སྣོད་སྤྱི་རུ་ཁྱབ་པ་ཡིན། །སྐྲན་དང་དམུའ་ཆུ་སུརྱ་དང་། །སྐྱ་ལྦབ་[རྦབ]ལྔ་པའི་བཅོས་ཐབས་བསྟན། །སྐྲན་ནད་ངོས་བཟུང་གསོའ་ཐབས་གཉིས། །རྒྱུ་ནི་མ་ཞུ་བད་ཀན་ཡིན། །ངོས་བཟུང་རྒྱས་པའི་ཏི་ཀར་ལྟོས། །མདོའ་རུ་བསྡུས་པ་འདི་ལྟ་སྟེ། །དོན་སྣོད་སོ་སོའི་སྐྲན་ས་དང་། །སྐྲན་གྱི་དབྱེའ་བ་བྱུར་མའི་ལས། །ཕྲན་བུ་ཡང་ཏིག་ནང་དུ་ལྟོས། །དོན་སྣོད་གང་ལ་སྐྲན་ཞུགས་ཀྱང་། །རང་རང་གསང་དུ་བབ་པར་ངེས། །གསང་སར་སྐྲངས་རྣམས་བརྫིངས་ན་ནི། །ན་བའི་ས་རུ་དྲགས་[དྲེག]པ་ཆགས། །ཁྲག་སྐྲན་ཚབས་ཆེ་མནན་ན་ཧྲེམ། །རླུང་སྐྲན་ལྡེང་[ལྷིང]སྐྲན་འཕོ་ཞིང་འགྱུར། །ཆུ་སྐྲན་སྙི་ལ་རྡོ་སྐྲན་སྲ། །ངོས་འཛིན་བཅོས་ཐབས་སྨན་དང་དཔྱད། །ཐུར་མ་ཡང་ཏིག་ནང་དུ་ལྟོས། །སྨན་གྱིས་བཅོས་པ་འདི་ལྟ་སྟེ། །ཙི་ཏྲ་མེའི་འཁོར་ལོ་དེ། །བདུད་རྩི་དྲོད་ཀྱི་བུམ་པ་སོགས། །དཀྱུས་བཞིན་དྲང་བར་བྱ་བ་ཡིན། །མདོར་ན་སྐྲན་གྱི་ནད་རིགས་ནི། །སྨན་གྱིས་གཞིལ་དང་མེ་ཡིས་བསུ། །ཐུར་མས་བཤིག་དང་བཤལ་གྱིས་འདྲེན། །དེ་བཞིན་རིག་པས་དཔྱད་ཅིང་བྱ། །དམུའ་ཆུའི་རིགས་དང་བྱེ་བྲག་དང་། །ལེགས་པར་ཁོང་དུ་ཆུད་བྱས་ལ། །ཚབས་ཆུང་ཐལ་བས་སྐམ་པར་བྱ། །ཡང་ན་རྒྱལ་མོའི་ཆུ་སྦྱིན་བྱ། །ཡང་ན་མཚོའི་འདྲེན་སྐེམས་བྱ། །ཡང་ན་འཕྲུལ་གྱི་འཛག་སྐེམས་བྱ། །དེ་སོགས་སུརྱ་གཤའ་[ཀྵ]ཡ་དང་། །སྐྱ་ལྦབ་[རྦབ]ལ་སོགས་ཕུན་[ཕྲན]བུར་ལྟོས། །རུས་ནད་དྲག་[དྲེག]དང་གྲུམ་བུ་གཉིས། །དེ་ཡང་ཕྲན་བུའི་ནང་དུ་ལྟོས། །ཕྱིའི་ནད་གནས་རྣམ་པ་དྲུག །པག་[པགས]ནད་ཕྲན་བུའི་ནང་དུ་ལྟོས། །ཤ་ནད་ལྷོག་པ་ཉག་བཞིར་ལྟོས། །དེ་སོགས་ཕྲན་བུའི་ནང་དུ་ལྟོས། །ནད་གནས་ཕྱི་ནང་བར་གསུམ་གྱི་ལེའུ་སྟེ་ང་དྲུག་པའོ།། །།
ལེའུ་ང་ལྔ་པ། ཕྲན་བུའི་ནད་བསྟན་པ།
གནས་ས་ཕྱི་ནང་ཀུན་ལ་ཁྱབ་པ་ཡི། །ཕྲན་བུ་གསེར་གྱི་བ་དག་[དན]བཤད། །དེའི་ནད་གཞི་རྣམ་པ་བརྒྱད། །གག་པ་ནང་དུ་སྨན་གྱིས་བསྡུའ། །འཐོར་བུ་གདུབ་པའི་རྫས་ཀྱིས་གསད། །ལྷོག་པའི་རིགས་ནི་མི་རྟག་སྟེ། །རྨེན་བུ་གཉེན་པའི་རྩས་[རྫས]སྒོ་བསྲུང་། །གང་ན་དཔའ་བོའི་སྦྱོར་བས་བསྲུང་། །ཁོང་དུ་ཤོར་བར་གྱུར་པ་ན། །དེ་ལ་གཉན་སྦྱོང་ཤིས་པ་ནི། །འབུམ་[འབྲུམ]ནག་དང་པོ་ནག་པོ་ཐང་གིས་བསྲུང་། །བར་དུ་ཕྱེ་མ་གང་འོས་སྦྱར། །གྲེ་བ་འགག་ན་གླ་རྩི་གཏང་། །ནག་ཐུག་ཚ་[ཚྭ]མྱེད་གྱུར་མྱིད་བྱ། །ར་ཁྲག་ཁོང་དུ་བཏང་བ་ཤིས། །ལེ་[ལེབ]ཆུང་བབས་ན་རྒྱ་ཚ་བླུད། །འབྲུམ་པ་རྫོགས་ན་ར་ཤ་གཏང་། །འབྲས་ལ་རྣམ་པ་གསུམ་ཡོད་དེ། །ཤ་འབྲས་བེའུ་ཕུར་བཏབ་པ་འདྲ། །བདུད་རྩིས་དུབ་[དུགས]བྱ་མྱེ་ཡིས་བསྲུང་། །རུས་ལ་རུས་གཅོད་སྨན་ཡང་བཏབ། །སོས་ཀར་[དཀའ]ཤ་བུ་གསོ་སྨན་གདབ། །དེས་མ་སོས་ན་ལྕགས་གཡའ་བསྐུ། །རྩ་འབྲས་ཐག་རུལ་མདུད་པ་འདྲ། །ལ་ལ་འབྲོས་ནས་འགྲོ་བ་ཡོད། །རྩ་ཐོག་རྩ་སྒོ་མེ་ཡིས་བསྲུང་། །ཁྲག་མ་ཐུབ་ན་མྱེ་ཡིས་བསྲེག །ཁོང་དུ་དོམ་མཁྲིས་གཏང་བར་བྱ། །ལྕིབ་ནི་དྲག་ཏུ་མི་རུང་ངོ་། །དུབ་[དུགས]དང་ལུམ་[ལུམས]ནི་རིག་པས་དཔྱད། །འཕེལ་བར་གྱུར་ཅིང་རྙིང་པ་ནི། །གོང་མ་བཞིན་དུ་བཅོས་པར་བྱ། །རུས་འབྲས་སྲིན་པོ་སྡོང་ཁྱེར་འདྲ། །རྨ་ཚངས་[ཚང]བཅུག་ལ་རུས་པ་བརྟགས། །ལྷ་བ་བྲོས་པ་སྨན་གྱིས་དགུག །རུས་པ་སྐྱོན་ཅན་སྐྱོང་བུས་བྲུད། །མདོར་ན་རུས་པའི་འབྲས་རྣམས་ནི། །མགོའི་རུས་པ་ཅི་བཞིན་བཅོས། །ས་དུག་སྦྱོང་དང་སྐྱུགས་ཀྱིས་བཅོས། །ཕྱེ་མ་སྦྱར་ཞིང་འདུ་བ་བསྙམ། །སྦྱར་དུག་ཡིན་པ་ངོ་ཤེས་ན། །གསོའ་ཐབས་རི་བྲག་ཁྲག་ལ་བསྡུས། །མཆིན་པར་ཁད་ཀྱིས་གདུས་ལ་གསོད། །ག་བུར་སྦྱོར་བ་དྲག་ཏུ་བྱ། །སོད་ནས་ནད་རོ་སྦྱོངས་ཀྱིས་དབྱུངས[དབྱུང]། །རོལ་ར་མ་ནུའི་ཐང་བཤལ་གཏང་། །བཙན་དུག་ལ་ཡང་དེ་བཞིན་ཤེས། །ཐང་དང་གཏར་ཀ་གང་འོས་བྱ། །སྨན་པས་རི་ཐང་འཚམས་[མཚམས]སུ་གཟབ། །ནད་པས་ཟས་དང་སྤྱོད་ལམ་གཟབ། །སྲིན་ནད་ཚ་གྲང་རྣམ་པ་གཉིས། །འཁྲུགས་དང་ཚ་དང་འདྲིལ་བའོ།།
ཚ་གྲང་ཆུ་ལ་བརྟགས་པར་བྱ། །ཚ་ན་གླ་རྩི་ལ་སོགས་བསིལ། །ཕུར་མོང་མྱུ་གུ་ལ་སོགས་ཐང་། །གཏར་ཀ་གར་བབས་རྩ་ལ་གདབ། །དུག་ཐབས་དབྱུང་བ་ནི་རུ་ཧ། །ནད་དང་ནད་ཀྱིས་གནས་ས་ཡིས། །སྐྱུགས་དང་སྦྱོང་བ་གང་འོས་བྱ། །དེ་ཡང་སྦྱོང་བ་ཤེས་པ་ཡིན། །གྲངས་[གྲང]ལ་དུབས་[དུགས]དང་སྨན་མར་བྱ། །འགྲོ་[མགོ]སྲིན་ལ་ཡང་ཚ་གྲངས་[གྲང]གཉིས། །ཚ་ན་ཐང་བཏང་གཏར་ཀ་བྱ། །གྲང་ན་བྱུག་པ་སྨན་མར་བསྟེན། །རིམས་ལ་རླུང་མཁྲིས་བད་ཀན་གསུམ། །རླུང་རིམས་རླུང་གི་རྟགས་དང་ལྡན། །བདེ་ལ་བཅུད་བསྟེན་གཉིས་མི་སྲུང་། །བད་རིམ་[རིམས]བད་ཀན་རྟགས་དང་ལྡན། །ཡང་བ་བསྟེན་ཅིང་གྲང་བ་བཅག །མཁྲིས་རིམས་མཁྲིས་པའི་རྟགས་དང་ལྡན། །ཐང་དང་གཏར་དང་བསིལ་བར་བྱ། །གྲང་བར་བསྡད་དང་ཉིན་གཉིད་བསྲུང་། །དེ་ཡང་གཅིག་ཏུ་མ་ངེས་ཏེ། །ན་སོ་རྒན་དང་གཞོན་པ་སྟེ། །རིམས་གསུམ་ན་ལུགས་དཔྱད་ཅིང་བཅོས། །དགུ་དང་བཅུ་གཅིག་ཚུན་ཆད་དུ། །བདེའ་བར་མ་གྱུར་སྲོག་དོར་བྱེད། །དེ་གོང་ཚུན་ཆད་གསོའ་བར་བྱ། །ཆུ་སེར་ལ་ཡང་ཚ་གྲང་གཉིས། །ཚ་ན་བསིལ་དང་གཏར་ཀ་བྱ། །སྦྱོངས་ཀྱི་རྣམ་པ་ཅི་རིགས་བྱ། །ཚ་བ་ཆོག་[ཆོགས]ན་སྨན་མར་བྱ། །གྲང་ལ་མྱེ་དང་ཐུར་མ་བྱ། །དུབས་[དུགས]དང་སྨན་མར་རིག་པར་[པས]བརྡེག་པར་བྱ། །ཕྲན་བུ་མདོའ་རུ་བསྡུས་ཏེ་བསྟན། །རྒྱས་པར་ཕྲ་མོའི་ཏི་ཀར་ལྟོས། །གསེར་གྱི་བ་དག་[དན]གྱི་ལེའུ་སྟེ་ང་བདུན་པའོ།། །།
ལེའུ་ང་དྲུག་པ། རྩའི་གནས་ལུགས་བསྟན་པ།
འདི་ལ་སྤྱི་དོན་རྣམ་པ་གསུམ། །གནས་ལུགས་རྟགས་དང་བཅོས་ཐབས་སོ། །ཤ་ཡི་གནས་ལུགས་རྣམ་པ་གསུམ། །ཚོགས་[མཚོགས]མ་གཞུའ་གཤུལ་[ཤུལ]བཏབ་འདྲ་མི་གཅད་ཉལ་རལ་བྱ། །རྩ་གནས་སྤྱི་དང་བྱེ་བྲག་གཉིས། །དེ་ལ་སྤྱིའི་གནས་ལུགས་ནི། །རྩ་ཆེན་ལྔའམ་འདུས་སོ་གསུམ། །གྱེས་སོ་རྣམ་པ་བཅུ་གཉིས་དང་། །སྨེད་[སྦེད]པའི་རྩ་ཆེན་རྣམ་བཞི་དང་། །ཤ་རུ་མོན་རུ་རྣམ་པ་གཉིས། །འགོ་[མགོ]རྡོལ་གཉིས་དང་འཕྲེད་ཉལ་གཉིས། །དཔག་བསམ་ལྗོན་ཤིང་རྣམ་གཉིས་དང་། །འབྲས་ས་གསུམ་དང་ལྷུང་ས་དྲུག །བསྲེག་མིག་ཉི་ཤུ་རྩ་གསུམ་མོ། །དེའང་རྩ་གནས་འདི་ལྟར་དཔྱད། །མས་གྱེས་གྱེད་དང་བཙུག་[བཙུགས]ནས་གྱེས། །མ་གྱེན་གྱེན་ལ་མདུན་རྟག་འགྲོམ། །མདུན་ནི་སྣ་རྩེར་སོར་ལྔ་འཇལ། །དེ་ནི་སྨིན་འཚམས་[མཚམས]གཤུང་བུ་ཡིན། །གསེར་མདུང་རྔུལ་[དངུལ]མདུང་འཛོལ་བ་ཡི། །ཚད་ནི་ཕྱི་རྟགས་མྱིག་སེར་བ། །སྙིང་འཛག་འདར་ཞིང་སྣ་ཡང་སུབ། །མཁྲིས་པ་སྐྱུགས་ཤིང་བད་ཀན་འཁྲུགས། །ལྔའམ་བདུན་ན་སྲོག་འདོར་བྱེད། །དེ་ནས་སོར་བཞི་གྱེན་དུ་འཇལ། །སྐྲ་འཚམས་[མཚམས]རྒྱ་སྲུབ་[སྲུབས]སྣ་ཡིན་ཏེ། །ཤ་རྩ་གསེར་མདོང་[མདུང]བྱ་བ་ཡིན། །དེ་ནས་གྱེན་ལ་སོར་དྲུག་འཇལ། །འགྲེན་[འདྲེན]བྱེད་རྩ་དང་སྒྲ་འབྱིན་རྩ། །རྒྱ་སྲུབས་བྱ་རོག་རྗེས་གནས་སོ། །སྨྱིན་འཚམས་[མཚམས]གྱེན་ལ་ཚོན་གང་འཇལ། །མཚེར་རྩ་སྔོན་བུ་བྱ་བ་ཡོད། །དེ་ནས་གྱེན་ལ་དྲང་པོ་རུ། །ཚོན་དོ་འཇལ་བའི་སྐྲ་གསེབ་ན། །མཐོ་ཕྱེད་པ་ཡི་རྩ་གནས་སོ། །སྨིན་འཚམས་[མཚམས]སྐྲ་འཚམས་[མཚམས]དཀྱིལ་དེ་ཡིན། །དཀྱིལ་དེར་སོར་གསུམ་གཅལ་[འཇལ]བ་ན། །གླད་པའི་མཆེ་བའི་རྩ་ཡང་ཡོད། །མྱིག་ཟུར་གཉིས་ན་སོར་རེ་འཇལ། །མྱིག་རྩ་རུས་ལ་ཞེན་པ་ཡོད། །ཁ་འགྲམ་དང་པོ་སོར་རེ་འཇལ། །དེ་ནས་གྱེན་ལ་སོར་རེ་འཇལ། །ལྡང་བྱེད་བྱ་བ་འགྲམ་རུས་རྩ། །མདུན་ངོས་དཔྲལ་བའི་རྩ་གནས་སོ། །ལྡན་རྩའི་གནས་ལུགས་ནི། །དོན་སྣོན་རྩ་རྣམས་ཕལ་དུ་ཚང་། །རྣ་བ་གཉིས་ཀྱི་མདུན་རྒྱབ་ན། །གཅལ་མི་རྒོས་[བཅལ་མི་དགོས]ཏེ་འཁྱུད་རྩ་གཉིས། །རྣ་རྩ་གཏིང་རྩ་འབྲེལ་ནས་ཡོད། །རྣ་བའི་རྩ་ནས་མདུན་ལྟ་རུ། །ཚོན་རེའི་སོ་[ས]ནས་འཁྱུད་རྩ་གཉིས། །དེ་ནི་ཤ་རྩ་གཉན་པོ་ཡིན། །རྣ་བའི་རྩ་ནས་གྱེན་ཚོན་གང་། །དེ་ནས་ལྟག་རྩ་འཁོར་བ་ནི། །ཚད་དུ་སོར་བཞི་འཕྲེད་ན་ཡོད། །རྣ་བའི་རྩ་ནས་གྱེན་ཚོན་དོ། །གཅལ་ [བཅལ]བའི་གཏིང་ན་དཔག་བསམ་ཤིང་། །ལྗོན་ཤིང་རྩ་འདུས་བྱ་བ་ཡོད། །དེ་ནི་རུས་རྩ་གནད་པ་ཡིན། །དཔག་བསམ་ཤིང་གི་ཡན་ལག་དེ། །རྣ་བ་གཉིས་ཀྱི་མདུན་རྒྱབ་སྟེ། །རེ་རེ་ཐུར་དུ་རྒྱུག་པ་ཡིན། །རྣ་རིག་ཞབས་ནས་ཐུར་ཚོན་གང་། །རྒྱབ་ལྟར་བསྲག་[གསེག]ཏུ་གཅལ་[བཅལ]བ་ན། །དེ་ན་རྩེའུ་འགོ་གཉེན་པོ་ཡོད། །ལྗོན་ཤིང་རྩ་འདུས་ཐད་ཀ་ནས། །གླད་རྩའི་མཆེ་བ་གཅིག་ཡོད་དེ། །དེའི་གཡས་དང་གཡོན་པ་ན། །གླད་པའི་ཟང་[ཟངས]གཟེར་རེ་རེ་ཡོད། །རྣ་བའི་རྩ་ནས་གྱེན་སོར་དོ། །གློ་རྩ་འབྱོར་པ་བྱ་བ་ཡོད། །དེ་ནི་ལྟག་པའི་རྩ་ཡིན་ནོ། །རྣ་བའི་རྩ་ནས་དྲང་པོ་རུ། །རྒྱབ་ལྟར་ཚོན་དོ་གཅལ་ [བཅལ]བ་ན། །མཆིན་རྩ་འཕྲེད་ཉོལ་[ཉལ]སོར་གསུམ་ཡོད། །ལྡན་པའི་རྩ་གནས་བསྟན་པའོ། །མགོའི་ལྟག་པའི་ཕྱོགས་ན་ནི། །ཤ་དང་རྩ་དང་ཆུ་བ་དང་། །རུས་པའི་གནས་རྣམས་ཚང་བ་ཡིན། །ལྟག་པའི་བདུད་སྒོ་ཀྱོང་པོ་ནས། །གང་ཟེད་བྱ་བའི་རྩ་གནས་སོ། །དེ་ལས་གྱེན་དུ་ཚོན་གང་ན། །སྔོན་བུ་བྱ་བའི་རྩ་ཡོད་དེ། །མཁྲིས་རྩ་མྱིག་རྩ་བརྟེན་ནས་འབྲེལ། །དེ་ནས་གཡས་གཡོན་གཉིས་མཇལ་ན། །རེད་མ་བྱ་བའི་གློ་རྩ་ཡོད། །ལྟག་ཁུང་ཆུའ་འདུས་གཡས་གཡོན་ན། །ཚོན་རེ་འདུག་ངེས་འཇལ་བ་ན། །མཁལ་རྩ་ཆུ་བའི་རྩ་ནི་བཞི་ཡོད་དེ། །དེ་ན་རྟེན་འབྲེལ་གནས་པ་ཡིན། །བདུད་ཁུང་ནས་ནི་གྱེན་ཚོན་གསུམ། །འཇལ་བའི་ས་ན་རྒྱབ་སྲུབ་ཡོད། །ལྟག་པའི་སྐྲ་འཚམས་[མཚམས]དྲང་པོ་ན། །རུས་པའི་བྱ་འདབ་རུས་པའི་གནད། །དེའུ་འོག་ཏུ་ཚོན་གང་ན། །ཚོགས་[མཚོགས]པ་ལྟག་འགོ་[མགོ]བྱ་བ་ཡོད། །ལྟག་འགོའི་[མགོའི]གཡོན་ན་ཚན་རེ་ན། །མཁལ་རྩ་ཆུ་སོའི་རྩ་གཉིས་ཡོད། །བདུད་ཁང་[ཁུང]པ་ཡི་ཐད་ཀ་ནས། །སོར་བཞིའི་སྟེང་ན་གླད་པའི་རྩ། །འཚོའི་[མཚོའི]སོར་གསུམ་པ་རང་ཡོད། གནས་གསུམ་རྩ་གནད་བསྟན་པ་ནི། །སྤྱི་གཙུག་གླད་པའི་ཨ་ལ་གནས་པ་ཡི། །དེ་ན་སྤྱི་གཙུག་རྩའི་རྒྱལ་པོ་གནས། །རྩ་དེས་ཚངས་བའི་བུ་ག་གནས། །རྐང་མཐིལ་ཡན་ཆད་ཀུན་ལ་ཁྱབ། །དེ་ལས་ཕྱོགས་བཞི་གྱེས་པ་ནི། །རོ་མ་རྐྱང་མ་ཀུན་འདར་མ། །དབྱིབས་དང་ཨ་ནི་བཞི་ཡིན་ཏེ། །སྤྱི་བོའི་རྩ་ཡི་རྒྱལ་པོ་དེ། །དབྱིབས་ནི་ཁྱི་མོ་ཉལ་བ་འདྲ། །དེའི་མདུན་ཕྱོགས་ཚོན་གང་ན། །རོ་མ་བྱ་བའི་རྩ་གཅིག་གནས། །རྒྱབ་ཕྱོགས་སུ་ནི་ཀུན་འདར་མ། །གཡས་གཡོན་རྐྱང་མ་དབྱིངས་ན་གནས། །གཉིས་ནི་རྒྱབ་ཀྱི་ཆུ་རྒྱུས་བར་ན་རྒྱུ། །གཉིས་ནི་གཡོན་ན་རྒྱུ་སྟེ་དཔག་བསམ་ཤིང་། །དེ་རྣམས་ཀུན་ཀ་ཚོན་རེ་ན། །ཕྱོགས་བཞི་ཀུན་ཏུ་གྱེས་པ་ཡིན། །དེ་རྣམས་རྩའི་བློན་པོ་ཡིན། །ཟང་[ཟངས]གཟེར་ཆེན་པོ་བརྒྱད་ཅེས་བྱ། །བཙན་གྱི་ཀུན་འདེབས་བརྒྱད་ཅེས་བྱ། །དེ་དག་རྩ་བརྒྱད་ཅེས་ཀྱང་བྱ། །དེ་ལས་སོ་སོར་གྱེས་པ་ནི། །རྩ་ནི་བཞི་བརྒྱ་རྩང་ར་[རྩ་ལྔར]གྱེས། །སྤྱི་རུ་རྩ་གནས་པའི་ལེའུ་སྟེ་ང་བརྒྱད་པའོ།། །།
ལེའུ་ང་བདུན་པ། མགོ་རིགས་ཀྱི་རྩའི་གནས་ལུགས་བསྟན་པ།
ཁྱད་པར་རྩ་ཡི་གནས་ལུགས་ནི། །འགོ་[མགོ]རིགས་སྒོ་ནས་ཕྱེ་བ་སྟེ། །མགོ་རིག་[རིགས]བཅུ་གཉིས་བསྟན་པ་ནི། །སྤྱི་རིང་སྒོང་[སྒོ]ངའི་འགོ་[མགོ]བོ་ནི། །དུམ་བུ་གཅིག་པ་ཞོའི་གླད། །རྩ་གནད་སྤྱི་བོའི་སྟེང་ན་ནི། །རྨེན་རྣམས་འགོ་[མགོ]དང་རྟག་[ལྟག]རྒྱའི་སྟེངས། །མགོ་རྡོལ་རེ་རེ་ཡོད་པ་ཡིན། །ཟླུམ་པོ་སྲན་མའི་འགྷོ་[མགོ]བོ་ནི། །དུམ་བུ་གཉིས་པ་སྐེམ་པའི་གླད། །རྩ་གནད་གཞན་དང་མི་འདྲ་སྟེ། །སྤྱི་གཙུག་ཕྱོགས་བཞི་འཚམས་[མཚམས]བརྒྱད་ན། །རྩ་བྲན་བརྒྱད་ཡོད་དྲུག་ཏུ་འབྲེལ། །གྲུ་བཞི་བྲེའི་འགོ་[མགོ]བོ་ལ། །དུམ་བུ་གསུམ་པ་བོང་ [བུང]ཚང་གླད། །རྩ་གནས་གོང་གི་སྟེང་དུ་ནི། །ཟུར་བཞིར་བ་དན་བརྒྱང་འདྲ་ཡོད། །གྲུ་གསུམ་ཁྱིའི་འགོ་[མགོ]བོ་ལ། །དུམ་བུ་བཞི་པ་ཁྱི་ཡི་གླད། །སྦོད་[སྤེད]པའི་རྩ་ཆེན་བཞི་དང་ནི། །ཤ་རུ་མོན་རུ་མེད་པ་ཡིན། །དེ་རྣམས་ཀུན་ལ་མགོ་རྡོལ་ཡོད། །སྣ་ཉག་དཔྲལ་འབུར་ཁུར་ཚོས་འགོ[མགོ]། །དུམ་བུ་ལྔ་པ་ཁྱི་ཡི་གླད། །སྤྱི་ལས་རང་ངོས་རྩ་གཉིས་ལྷག །རྭཱ་[རྭ]མཐོ་ཚོགས་[མཚོགས]མ་དམའ་བ་ནི། །དུམ་བུ་དྲུག་པ་ཕྲུམ་གྱི་གླད། །སྦོད་[སྦེད]པའི་རྩ་བཞི་མེ་[མི]ཚང་ངོ་། །རྭཱ་དམ་[རྭ་དམའ]ཚོགས་[མཚོགས]མ་མཐོའ་བ་ནི། །དུམ་བུ་བདུན་པ་ཆུའི་གླད། །རྒྱལ་བློན་སྔ་མའི་ཤུལ་ན་ནི། །མདོ་རྡོལ་རེ་རེ་ཡོད་པ་ཡིན། །སྦོ་མ་ལྟ་བུའི་མགོ་རིག་[རིགས]ལ། །དུམ་བུ་བརྒྱད་པ་ཆུའི་གླད། །རྩ་གཉིས་དཔྲལ་བའི་ངོས་སུ་བརྟགས། །ཟླུམ་པ་[པོ]ལྟག་འབུར་ཕྱི་བའི་མགོ །དུམ་བུ་དགུའ་པ་ཆུའི་གླད། །སྦོད་[སྦེད]པའི་རྩ་བཞི་ཤ་རུ་མོན་རུ་མི་ཚང་ངོ་། །སྤྱི་གཙུག་ལྟག་ཕྱོགས་ཚོན་གང་ན། །འཕྲེད་ཉལ་ཐབས་སུ་འདྲ་བ་ཉན། །འགྲམ་གཉིས་འབུར་པའི་འགོ་[མགོ]བོ་ལ། །དུམ་བུ་བཅུའ་པ་ཆུའི་གླད། །འབུར་གཉིས་འོག་ཏུ་འགོ་[མགོ]རྡོལ་རྟགས། །འཕྲེད་ཉལ་རྫ་མའི་འགོ་[མགོ]ལུགས་ལ། །དུམ་བུ་བཅུ་གཅིག་ཆུའི་གླད། །ཐུན་མོངས་རྩ་ལ་ལྷག་ཆད་མེད། །འགོ་[མགོ]རིགས་ཀྱི་སྒོ་ནས་དབྱེའ་བའི་ལེའུ་སྟེ་ང་དགུ་པའོ།། །།
ལེའུ་ང་བརྒྱད་པ། མགོའི་དམར་ཆོས་བསྟན་པ།
རྩ་ཡི་ཕོག་རྟགས་འཆི་དུས་དང་། །གསོའ་ཐབས་ཡོད་མེད་བསྟན་པ་ཡིན། །གསེར་མདུང་དངུལ་མདུང་ཆད་པ་ན། །མྱིག་སེར་ཁ་ཁ་དང་ཀ་འགག །མཁྲིས་སྐྱུགས་ལྔའམ་བདུན་ན་འཆི། །ཤ་རྩ་གསེར་མདུང་ཆད་པ་ན། །མཁྲིས་སྐྱུགས་ལྔའམ་བདུན་ན་འཆི། །ཤ་རྩ་གསེར་མདུང་ཆད་པ་ན། །མྱིག་སེར་ནད་ཀྱིས་འཐེབ་[ཐེབས]པར་འགྱུར། །རྒྱ་སྲུབ་[སྲུབས]སྣ་དེ་ཆད་པ་ན། །དེ་ལ་མཁས་པས་གསོའ་གླག་[གླགས]ཡོད། །འདྲེན་བྱེད་ཆད་ན་མྱིག་ཕུག་རྡིབ། །སྒྲ་འབྱིན་ཆོད་ན་སྨྲ་མི་ཤེས། །རྒྱ་སྲུབ་[སྲུབས]ཞིག་ན་ཅེ་རེ་ལོང་། །བཅོས་པས་མི་ཐུབ་དགུའ་ན་འཆིའ། །མཚེར་རྩ་སྔོན་བུ་ཆད་པ་ན། །ཐེབ་མཛུབ་རིང་ལ་སྦྲིད་པ་འབྱུང་། །བཅུ་ནས་ལྦོས་ན་འཆི་བར་འགྱུར། །མཐོང་བྱེད་ཆོད་ན་མྱིག་ཀྱང་འགྲིབ། །གཏིང་དེར་གླད་པའི་མཆེའ་བ་ཡོད། །འབྲི་ཚུགས་ལྟ་ཞིང་ལྡོག་མི་ཤེས། །ལྕེ་ཐེན་[འཐེན]སྤྱི་གཙུག་ཐེན་[འཐེན]སྙམས་[སྙམ]བྱེད། །རྐང་པས་འབྲི་ཚུགས་གསུམ་ན་འཆི། །མིག་རྩ་རུས་ལ་ཞེན་ཆོད་ན། །མོད་ལ་མྱིག་མི་མཐོང་ཞིང་འཆིའ། །ལྡད་བྱེད་ཆོད་ན་འགྲམ་པ་མོ་[ཉམས]། །འཁྱུད་རྩ་རྟེན་འབྲེལ་ཆད་པ་ན། །སྙིང་འཕྱོ་འཇིང་རིངས་[རེངས]སྒྲ་མི་ཐོས། །མཁས་པས་བཅོས་ན་འཚོའ་བ་ཡིན། །འཁྱུག་རྩ་གཡོན་པ་ཆད་པ་ན། །དེ་ནི་ཤ་རྩ་གཉན་པ་སྟེ། །དྲ་གཤགས་མི་བྱ་སྨན་གྱིས་བཅོས། །ལྟ་རྩ་འཁོར་བ་ཆོད་པ་ན། །མོད་ལ་བརྟག་པར་དཀའ་བ་ཡིན། །
གསུམ་པ་རྐང་ལག་གཡོབ་ཅིང་འབྲད། །སྣ་སྐམ་མཇིང་ཡོ་རྔུལ་འབྱུང་ན། །དེ་ནི་འཚོའ་བར་དཀའ་བ་ཡིན། །ལྗོན་ཤིང་རྩ་ནི་རླུང་རྩ་ཡིན། །དེ་ཆོད་འགོ་[མགོ]འཁོར་རྣ་བ་རྔུ[འུར]། །སོ་རྩ་ཚོགས་[མཚོགས]མ་ཕལ་དུ་ན། །ལྷ་བ་བྱེར་ཏེ་བརྟགས་པར་དཀའ། །སོས་པ་དཀའ་སྟེ་བོར་མི་བྱ། །དྲ་བསྐོར་མི་བྱ་སྨན་གྱིས་བཅོས། །ཤིང་གི་ཡལ་ག་དེ་དང་འདྲ། །རྩ་འགོ་[མགོ]ཆོད་ན་གསུམ་ན་འཆིའ། །གླད་པའི་མཆེ་བ་ཆོད་ན་འཆི། །གླད་པའི་ཟང་[ཟངས]གཟེར་ཆོད་ན་སྐྱུགས། །ཁུར་ཚོས་བཅའ་ཞིང་མྱིག་ཀྱང་འཛུམ། །རྣ་ཐོགས་འགོ་[མགོ]བོ་རྒྱབ་ཏུ་གཅུའ། །མོད་ལ་མྱིག་ལ་མཆིའ་མ་འོངས། །གསུམ་མམ་ལྔ་ན་ངེས་པར་འཆི། །རྣ་བའི་གློ་རྩ་འཁོར་བར་ཆོད། །ཞག་གསུམ་ལོན་ནས་དྲི་མི་ཚོར། །ཞག་ལྔ་ལོན་ནས་ཁ་སྣ་སྐམ། །དེ་བཞིན་གློ་ཡང་འོང་བ་སྟེ། །སྟོད་རྒྱས་གློ་བའི་སྒང་རྩ་རྒྱས། །ཤ་རྩ་རུས་རྩ་དར་རྩ་དང་། །རྩ་ནི་གང་ཆོད་མྱིག་ལ་སྐྱོན། །རྩ་གཉན་གླད་པ་ལ་སོང་ན་ཤ་ཆང་སྔ་བར་གཏང་། །ཁྱོ་ག་ཁྱིམ་པར་ནུ་[ནུས]མེད་པར། །རྒས་དང་རླུང་ཅན་དྲོད་ཀྱིས་བཅོས། །རྨ་ཚས་བལྟའ་བ་ཡང་ཡང་བཙོན་པར་བྱ། །རུས་པ་བདར་དུས་ལེ་ལོ་མི་བྱ་བསྒྲིམ། །གླད་པའི་ཚས་སུ་རུས་པ་བཟང་། །རུས་པའི་ཚས་སུ་ཤ་བཟང་པོ། །ཤ་ཡི་ཚས་སུ་རྣག་བཟང་པོ། །གླད་རུས་ཤ་བུའི་ཟམ་ཐོག་ནས། །རས་བལ་མར་དུ་བཙོས་པ་ཡི། །རྩ་བར་མར་གྱི་མ་ཕྲུས་བཙོས། །དྲ་ཁོས་[བཙོས]དུས་སུ་ཟླུམ་བཅོས་སྨན་རྣམས་བསྟེན། །གླད་པའི་དུས་སུ་བསྟེན་པ་ཡིན། །ད་ནི་ལྡོག་ཐབས་བསྟན་པ་ནི། །གླལ་མང་སྦྲིད་པ་མང་བ་དང་། །བྱ་བསྙང་[རྨྱང]བྱེད་ཅིང་མྱིག་ཀྱང་སེར། །ཆུ་སེར་རེའུ་མི་[མ]གཅིན་འདྲ་འོང་། །རྩ་ཚ་ཆུ་ལ་སྦལ་འགོ་[མགོ]ཆགས། །ཤ་རུས་བར་ནས་རྣག་འོང་བ། །གོང་བཞིན་དཔྱད་ཁམས་བསྐྱེད་ལ་བཅོས། །ཤ་རུས་གྱེས་པར་རྒྱ་བསྐྱེད་ལ། །ནག་[རྣག]དང་ཆུ་སེར་མང་དུ་དབྱུངས[དབྱུང]། །རྣག་མདོག་དཀར་སེར་འདྲིལ་ན་འཚོ། །ཁུར་མང་བཅད་པ་འདྲ་ན་དཀའ། །གསེང་འདོད་རྣག་འདོན་གྲོ་ཐེམ་གཞུགས[གཞུག]། སྦྲང་འདབ་རྐྱང་པ་སོབ་ན་དར་ཐོག་ཆུ་སེར་ལྷུང་། །བདར་ལ་བྱི་ཙེ་མྱིག་ཀྱང་བྱ། །ཆུ་སེར་འདོན་ཐབས་གོང་བཞིན་བྱ། །འགོ་[མགོ]ཆག་ལོག་ནོན་བསྟན་པའོ། །ད་ནི་ཤི་སོས་བསྟན་པ་ལ། །ལྷ་བ་འཆོར་ནས་ལྷ་མྱིག་སྔོ་ན་འཆི། །ལྷ་རྩ་གཉན་པོ་ཆད་ན་འཆི། །ད་ནི་འཚོ་བ་བསྟན་པ་ནི། །ཁ་ཤ་འཛུལ་བ་འདྲ་ན་འཚོའ། །ཁྲག་ཕེབས་ཤ་བུ་སྐྱེས་ན་འཚོའ། །འདར་དང་གྲང་ཤུམ་ཟུག་གཟེར་ཆུང་ན་འཚོའ། །ཚ་བ་བྲི་ནས་ཤ་ཤེད་ཆེ་ན་འཚོའ། །ཁ་ཤ་སྙོམ་ལ་མཁྲག་[མཁྲེགས]ན་འཚོའ། །ཤ་བུའི་ཟམ་ཐོགས་[ཐོག]ཁ་ཤ་འཛུལ་ན་འཚོའ། །ཕྱིའི་སྒོས་གཏོལ་བཟང་པོ་ཤར་ན་འཚོའ། །མྱེ་ཆོས་དང་ནི་བབ་ཤོར་གཉིས། །རྒྱས་པར་འགོའི་[མགོའི]ཏི་ཀར་ལྟོས། །གསང་བ་ཡང་ཏིག་སྒྲོན་མར་ལྟོས། །མགོའི་དམར་ཆོས་ཀྱི་ལེའུ་སྟེ་དྲུག་ཅུ་པའོ།། །།
ལེའུ་ང་དགུ་པ། བྱང་ཁོག་གི་རྨའི་བརྟག་ཐབས་བསྟན་པ།
བྱང་ཁོག་བཅོས་ཐབས་བསྟན་པ་ནི། །དེ་ལ་སྤྱི་དོན་རྣམ་པ་གསུམ། །གནས་ལུགས་རྟགས་དང་གསོའ་ཐབས་སོ། །གནས་ལུགས་ལ་ནི་སྤྱི་དོན་དྲུག །བྱང་ཁོག་དོན་སྣོད་རྩ་གནད་དང་། །ཤ་རུས་གསང་བའི་གནས་ལུགས་དང་། །དེ་རྣམས་བྱང་ཁོག་ཏི་ཀར་ལྟོས། །མདོར་བསྡུས་རྩ་བ་འདི་ལྟ་སྟེ། །མཆིན་རི་[དྲི]མོལ་གང་ཡན་ཆད་ནི། །གློ་སྙིང་གཉིས་ཀྱི་ཡུལ་ཡིན་ཏེ། །མ་རྒྱབ་བུ་མདུན་བར་ན་སྙིང་། །མཆིན་པ་ཚིགས་པ་བརྒྱད་པ་དང་། །མདུན་གྱི་ལྷོའུ་[ལྷེན]སྣའི་ཀྱི་བབ་པོ། །རྩིབ་རིང་སོར་གསུམ་འཇལ་བར་བཏགས། །སྣའི་ལྟེ་བ་བཅུ་གསུམ་སླེབ། །མཆིན་རི་[དྲི]མན་ཆད་ཕོ་བ་དང་། །མཁྲིས་པ་རྒྱུ་མ་ལོང་ཁ་དང་། །རྒྱུ་སྟོད་རྒྱུ་སྨད་གཞང་དཀར་ནག །གཙོའ་མཆོག་བྱང་ཁོག་ཏི་ཀར་ལྟོས། །བརྟགས་པའི་ཐབས་ལ་རྣམ་པ་བཞི། །རྡོལ་དང་མ་རྡོལ་བརྟག་པ་ནི། །སྟོད་དུ་མཚོན་ཕོག་རྡོལ་བའི་རྟགས། །དབུགས་མི་བདེའ་དང་ཁོང་ལྕི་དང་། །ཟས་མི་འདོད་ལ་སྐྱུག་བྲོ་དང་། །ཟུག་གཟེར་ཆེ་ལ་སྨྲ་ངག་ཐུངས་[ཐུང་]། །འགྲོ་སྟབས་དག་ཀྱང་ཞན་པ་དང་། །སྐྲ་འཚམས་[མཚམས]གདོང་བ་རྔུལ་བ་དང་། །ཚ་བ་བགས་ཀྱིས་སྐྱེ་བ་དང་། །ཁ་ཟས་མེ་[མི]ལེན་སྐོམ་དད་ཆེ། །ལྟང་ཉལ་རྐང་ལག་ཤེས་པ་ལྕི། །དེ་ལྟར་བྱུང་ན་ནང་རྡོལ་ཡིན། །
ནང་མ་རྡོལ་ན་ལུས་མདང་[མདངས]དཀར། །དངུལ་[རྔུལ]ཞད་མེད་ཅིང་ལུས་པོ་གྲང་། །བཟའ་བཏུངས་[བཏུང]དང་ཀ་བདེའ་བ་དང་། །ཚ་བ་ཆུང་ལ་སྐོམ་ཞད་མེད། །ཟུག་གཟེར་ཆུང་ལ་དབུགས་བདེའ་ལུས་པོ་ཡང་། །ལུད་པ་དཀར་ལ་མྱིག་མདོག་གསལ། །དེ་ལྟར་འདུག་ན་མ་རྡོལ་རྟགས། །རྟགས་ལ་བརྟགས་པ་འདི་ལྟ་སྟེ། །ཡུལ་བརྟག་པ་དང་བསྐྲོག་[དཀྲོག]ལ་བརྟགས། །འཇམ་ཞིང་མགོའ་ཆད་དོན་ལ་བརྟགས། །འཕྲ་ཞིང་གཞུག་ཆད་ཁོང་རྣག་ཆུང་། །གྲང་ཞིང་དབུགས་རྒོད་རྩའི་སྐྱོན། །འདར་ཞིང་སྨྲ་ན་རྩ་དེའུ་[རྡེའུ]ཡོད་པའི་རྟགས། །ངལ་བསོའ་སྨྲ་ན་རྣག་གི་རྟགས། །ལུས་འཁྱོགས་དང་ཁ་མི་བདེ་རྣམས། །གླང་ཐབས་མཆིན་རི་[དྲི]ན་བ་རྣག །གསང་སའི་ཤ་རྦོས་རེག་ན་ན། །རྩིབ་མའི་གོ་བར་གཞན་པས་ཡང་[ཡངས]། །མགོ་བོ་ལྕི་ལ་ཕོ་ཀ་རྟེང་[ལྟེམ]། །གྲང་ཤུམ་འོང་ཞིང་ཕྲུམ་སེར་ཁྱེར། །གསང་སའི་ཤ་དྲོད་གཞན་པས་ཆེ། །ཆུ་དམར་རླང་[རླངས]ཆེ་བསེའ་དྲི་བྲོ། །ཡང་ན་སྐར་ཆུས་ལུས་བཀྲུས་ལ། །ཆང་གི་ཁ་ཕྲུ་བཏབ་བྱས་ལ། །ཉི་མ་དག་ལ་བ་སྤུ་བརྟགས། །ཐུར་ལ་ཞོལ་ན་ཆུ་སེར་ཡིན། །གྱེན་ལ་ལོག་ན་རྣག་ཆུ་འདྲེས། །ཀེ་རེ་འདུག་ན་རྒྱ་བཤལ་ཡིན། །རྣག་སྣ་གང་དུ་ལྷུང་བ་རུ། །བ་སྤུ་བརྫིང་དང་རྩེའུ་རྡུལ་ཆགས། །བྱང་ཁོག་རྣག་གི་མེ་ཏོག་གར་འདུག་བརྟགས། །སེ་བའི་མེ་ཏོག་འདྲ་བ་དང་། །འབུར་ལ་གས་པར་འདུག་པ་དང་། །འཇམ་ཞིང་གློག་པ་ཤུས་པ་དང་། །ཟླུམ་ཞིང་གློག་པ་ལྷག་པ་དང་། །དེ་རྣམས་རྣག་གི་མེ་ཏོག་ཡིན། །
དེ་རྣམས་གང་བྱུངས་[བྱུང]དབུགས་[དབུག]ཏུ་བཏུབ། །སྤྱིར་ན་རྣག་རྣམས་གསང་དུ་ལྷུང་། །ལྷུང་ཡང་རྣག་རྟག་[རྟགས]དེ་རྣམས་སོ། །ནད་པ་བདེའ་སར་དྲང་འདུག་ལ། །བརྐྱང་ངམ་ལག་པ་སྤྱི་བོར་བསྡུ། །བསྐྲོག་[དཀྲོགས]པས་རྣག་རྟག་[རྟགས]འདི་ལྟར་འོང་། །རྐྱལ་པ་ཟེར་དང་རྦུག་རྦུག་ཟེར། །རྙོག་རྙོག་ཟེར་དང་སྦུག་སྦུག་ཟེར། །བཅང་བཅང་ཟེར་དང་ཤང་ཤང་ཟེར། །བཀྲོལ་བཀྲོལ་མཆིན་རྩ་འཕྲེད་ཉལ་ཆོད་པ་ན། །མྱིག་མི་གསལ་ཞིང་མཆིའ་མ་འཛག །མཆིན་རྩ་རུ་ཐུང་རྒྱས་ལ་མཁྲང་། །རྩིབ་ལོག་[ལོགས]གཡས་སུ་རྔུལ་འབྲུམ་འོང་། །དང་ཀ་མི་བདེའ་འཚོའ་བ་དཀའ། །ལྡན་པའི་རྩ་ཡི་ན་ལུགས་ནི། །ལྟག་པའི་ཤ་རུས་ཁུ་བ་གཉན། །གང་ཟེད་[གཟེར]ཆོད་ན་གཤུལ་རིང་[བཤུལ་རེངས]ན། །ཕོ་ལྕི་རྐང་ལྕི་འཁྲུ་བ་ཡིན། །བསྐོར་དུ་མི་རུང་ཉ་[ཉྭ]རལ་བྱ། །མཁྲིས་རྩ་སྔོན་བུ་ཆོད་པ་ན། །ཞག་གསུམ་ལོན་ནས་མཁྲིས་པ་སྐྱུགས། །ལྔ་ལོན་མྱིག་སེར་མཐོང་མི་འགྱུར། །དྲ་གཤག་མི་བྱ་འཚོའ་བ་སྲིད། །གློ་རྩ་རེད་མ་ཆོད་པ་ན། །རྒྱས་ཀྱང་རྒྱས་ལ་གློ་རྩ་རྒྱས། །དེ་ལྟར་སྣང་ཡང་བཅོས་པས་ཐུབ། །མཁལ་སྙིང་ཆུ་རླུང་རྟེན་འཆད་[ཆད]ན། །མཇིང་རིང་[རེངས]ལྟག་པ་དགྱེ་བ་དང་། །སྨྲ་བུལ་གཤུལ་[བཤུལ]ཤ་ཆད་པ་སྙམས[སྙམ]། །ལྔ་ནས་སྙིང་འཛག་ལུས་ཀྱང་འདར། །རྟིང་བ་མྱི་ཕེབས་རྗེད་[བརྗེད]ངས་ཆེ། །
གློ་སྙིང་ཆུ་རྒྱུས་མཁལ་མར་བབ། །ཉ་[ཉྭ]རལ་བྱས་ལ་གཅོད་པར་བྱ། །ལྟག་པའི་རྒྱ་སྲུབ་[སྲུབས]གནད་ཆོད་ན། །ཁས་ལྡད་མི་ཤེས་ཚོགས་[མཚོགས]མ་ན། །རྩོལ་འགོ་[རྩ་མགོ]རེངས་ཏེ་བཅོས་ལེགས་འཚོའི། །བཅོས་ཉེས་བཅུ་གསུམ་མན་ཆད་འཆི། །རུས་པ་བྱ་འདབ་ཆོད་པ་ན། །མོད་ལ་བཅོས་ལེགས་འཚོ་བ་ཡིན། །བཅོས་མ་ལེགས་ན་འཆི་བ་ཡིན། །ཚིགས་པ་ལྟག་འགོ་[མགོ]ཆོད་པ་ན། །ལོ་དུས་ཚུན་ཆད་འཆི་བ་ཡིན། །མལ་རྩ་ཆུ་སོའི་རྩ་ཆོད་ན། །ཆུ་སྡོམ་སྔ་ནས་མཁལ་ཁུག་ན། །སྔངས་འདར་བྱུང་ཡང་བཅོས་པས་ཐུབ། །ལྟག་པ་སྤྱི་གཙུག་རྒྱལ་པོ་ཆོད། །སྙིང་འདར་མྱིག་བཟློག་[ལྡོག]འབྲི་ཚུགས་ལྟ། །དེ་ལ་བཅོས་ན་འཚོ་ཡང་སྲིད། །རེད་མ་ཆོད་ན་ཀུན་ཏུ་རྒྱུག །འཚོག་[མཚོགས]སྐྲང་མྱིག་བཟློག་[ལྡོག]ཀུ་ཅོ་འདོན། །སྟོང་དང་སྨྲེ་སྔགས་ཁ་ཆོས་འཇུགས[འཇུག]། །བརླ་སྒང་ངོས་འཆོར་ཟས་རོ་འཆོར། །ཁུ་ཚུར་བཅང་[བཅིང]ཞིང་བྲང་ལ་བཀབ། །མཁས་པས་གཞུང་དང་བསྟུན་ལ་བཅོས། །རྐྱང་མ་ཆོད་ན་གཡོན་ཕྱོགས་ཀྱི། །འཇིང་རིང་[རེངས]ཐལ་གོང་ལག་པ་ལྕི། །རྗེས་དྲན་བུ་སྨད་རྣམས་ལ་ཆག[ཆགས]། །སྐོམ་དད་ཆེ་ཞིང་ལག་པ་གཡབ། །འབད་ལ་བཅོས་ཁ་བྱ་བ་ཡིན། །དབྱིང་མ་རྒྱང་མ་ཅི་བཞིན་འོང་། །ཀུན་འདར་ཆོད་ན་གཤུལ་[བཤུལ]ཤ་རིང་[རེངས]། །ལྟག་ཆུ་གཅོད་བོར་ཐེན་སྙམས་[འཐེན་སྙམ]བྱེད། །གཡོས་[གཡས]ན་གཅུ་འདོད་ཟས་མྱི་[མིད]དཀའ། །རྣ་ཆུ་ཆུ་རྒྱུས་འབབ་པ་ཡོད། །དེ་ལ་ལྡུམ་གྱིས་བཅོས་པར་བྱ། །སྤྱི་བོ་གཙུག་གི་འཁོར་ལོ་དེ། །རྫོགས་སམ་འཐེམས་སམ་ཆོད་པ་ན། །སྐྱུགས་ཤིང་འགོ་[མགོ]འཁོར་ཞག་གསུམ་ན། །ལུད་པ་བརྩེགས་མར་འོངས་པ་ཡིན། །གླད་པ་རྣག་གིས་འཁིང་[ཁེངས]ནས་འཆི། །མཁས་པས་བཅོས་ན་འཚོ་སྲིད་ཙམ། །འགོ་ཆགས་[མགོ་ཆག]སྐྱོན་ཡོད་བརྟག་པ་ལ། །དེ་ལ་སྤྱི་དོན་རྣམ་པ་བཞི། །མནན་ཏེ་མནན་ན་ཤ་ལ་བརྟགས། །དྲང་དང་སྨན་གྱིས་བརྟགས་པའོ། །
དེ་ལ་མནན་དེ་བརྟགས་པ་ནི། །བརྒྱུད་ནས་མནན་པས་ལྷག་གིས་འབྱུང་། །རུས་པ་ཆག་པར་ངེས་པར་ཡིན། །བཀྱེད་ནས་མནན་ནས་ལྷངས་ཀྱིས་འབྱུང་། །མར་ལ་ཐེབ་མོས་བཞག་བཞིན་དུ། །རྐོང་གིས་སོང་ན་རྩ་བྱེར་ཡིན། །ཤ་མདོག་བརྟགས་པར་བྱ་བ་ནི། །སྤུ་གྲིས་སྐྲ་བཞར་བལྟས་པ་ན། །ཤ་མདོག་ཁྲ་བོ་རྩའི་སྐྱོན། །ཀོར་ཙེར་བརྩེའ་བ་རྒྱ་སྲུབ་[སྲུབས]སྐྱོན། །ཤ་མདོག་དམར་བ་གླད་པའི་སྐྱོན། །ཤ་མདོག་སྔོ་བ་གླད་པའི་སྐྱོན། །ཤ་ཡི་ཁྲག་པུར་ཞེས་བྱ་བ། །གང་ན་ཡོད་པའི་ས་དེར་བརྟགས། །དྲས་ལ་བརྟགས་པ་འདི་ལྟ་སྟེ། །ཤ་གདན་དམར་ལ་མཁྲེག་[མཁྲེགས]པ་ནི། །སྐྱོན་མེད་ཤ་གདན་ཡིན་པར་འདོད། །ནག་ལ་སོབ་པ་སྟེང་འོག་གཉིས་ཀ་ཆགས[ཆག] །སྐྱ་ལ་སོབ་ན་ལྷ་བ་འཐེམས། །སེར་མ་སོབ་ན་ཤ་རུས་འདྲེས་པ་ཡིན། །དྲས་ནས་རུས་པ་བརྟགས་པ་ནི། །ཞག་གསུམ་ལོན་པ་ཕ་འཛད་ནས། །སྐྱོན་ཅན་རུས་པ་འདི་ལྟར་འོང་། །རུས་པ་སྐྱེ་ཚེར་བྲབ་འདྲ་འོང་། །ཁྲག་ཀྱང་གྱེན་ལ་སྐྱུག་པ་འོང་། །ལྷ་བ་འཐེམ་པ་ཆུ་བ་ཡིན། །ལྷ་བ་གཟིང་ཙམ་བྱས་ལ་སྨན་གྱིས་དྲང་། །ལྷག་[ལྷགས]པས་བཏབ་པ་བཞིན་དུ་ནི། །ནག་པོའི་ཙིག་གེ་འོང་བ་ཡིན། །དེ་ནི་ལྷ་འཐེམས་འབྲིང་བ་ཡིན། །རུས་པ་བཞར་ལ་སྨན་གྱིས་བདུགས། །ལྷ་འཐེམ་བཞར་བས་ཐུབ་པ་ཡིན། །དོང་ལ་དུད་པས་ཞེན་དང་ལྕང་སྒོ་རྡེས་[རྡོས]བརྒྱབ་འདྲ། །ལྷ་འཐེམ་འོག་ཆག་ཡིན་ཏེ་བཟོའ་འཕྲོ་རྫོགས་པར་བྱ། །སེན་མོ་འཐེམ་འདྲ་ལྷ་བ་འཐེམ་པ་ཡིན། །རྩ་དམར་ཁྲག་སྐྱུགས་གསོའ་རུ་བཏུབ། །མདོར་ན་ཤ་རུས་བྱེ་བ་དང་། །ཤ་མདོག་མི་གཅིག་བྱུང་བ་དང་། །ཞུ་བའི་ཕྱོགས་ནས་སྐྱོན་ཡོད་བརྟགས། །སྨན་གྱིས་བརྟགས་པ་རེའུ་ར་དང་། །བྲེའུ་གསེར་ཏིག་ལོ་མར་ཤ།།ཁབ་ལེན་ལེགས་བརྡུང་ཆང་སྦྱར་གཏང་། །གླད་སྐྱོན་ཡོད་ན་སྣ་ཁྲག་འོང་། །ལྷ་བ་སྐྱོན་ན་སྣ་ཆུ་འཛག །རུས་པ་ཆག་ན་ཆ་སེར་འོང་། །རྩ་སྐྱོན་ཡོད་ན་གདོང་བ་སྐྲང་། །མདོར་ན་སྐྱོན་ཡོད་པ་ན་ན། །བརྟགས་ཐབས་ཀྱི་ལེའུ་སྟེ་རེ་གཅིག་པའོ།། །།
ལེའུ་དྲུག་ཅུ་པ། མགོ་བོའི་ཟླུམ་བཅོས་བསྟན་པ།
གསོའ་བའི་ཐབས་ལ་རྣམ་པ་བཞི། །ཟླུམ་ཆོས་དྲ་ཆོས་མྱེ་ཆོས་དང་། །བབ་བཤོར་དང་ནི་ལྔ་རུ་བསྟན། །ཁ་ཟས་སྐྲིས་[སྤྲིས]མ་ཞར་[ཞོར]ལས་འབྱུང་། །དེ་ལ་སྨན་གྱི་ཟླུམ་ཆོས་བསྟན། །རྩི་དོ་[རྡོ]རིན་ཆེན་རྣམ་པ་གསུམ། །རིན་པོ་ཆེའི་སྦྱོར་བ་ནི། །ཟབ་སླགས་[ལག]ཅན་དང་ཨ་བི་ཤ[ཨ་བྷི་ཥ] །དོམ་མཁྲིས་དངུལ་ཆུ་སྟར་བུ་དང་། །མུ་ཟི་ཟང་[ཟངས]ཐལ་སྦལ་རྒྱབ་དང་། །ཚ་ལ་གསེར་ཏིག་བྱ་ཚང་དང་། །དངུལ་ཆུ་མིན་པ་རྣམས་ནི་བཏགས། །སེར་གྱིས་མ་ཁྱེར་བཙགས་པར་བྱ། །སྣད་མ་ཐོག་ཏུ་སླེབ་པ་ན། །རྨ་ཁོང་གཉིས་ཀར་བཏང་བར་བྱ། །རྩ་ཆད་མཐུ་[མཐུད]དང་གས་པ་འབྱོར། །ཞོམ་པ་བསྲང་ཞིང་འཛག་པ་གཅོད། །ཁར་ཞུན་དཀར་པོ་བསྟན་པ་ནི། །སྦང་སྐེད་ཀ་ར་ལུག་ཚིལ་དང་། །ཞོ་བཙགས་སྦྱར་ལ་རྨ་ལ་དགབ། །སྐམ་ན་ཆང་གི་ཁ་ཕྲུ་གདབ། །ཁ་ཞུན་ནམ་སླའི་[ཟླའི]དུས་དང་སྦྱར། །བྱེ་ན་བག་ཕྱེ་སྒོང་[སྒོ]ང་སྤོས་སྦྱར་ལ། །སྐྲ་ནི་བཞར་ལ་བྱུགས་པར་བྱ། །ཕྱིང་པའམ་ཤོག་བུས་མནན། །གསེར་རམ་ཟང་[ཟངས]ལྕགས་མུ་ཏིག་དང་། །བྱུ་རུ་གླ་རྩི་ག་བུར་དང་། །ཙན་དན་གུར་གུམ་ཅུ་གང་དང་། །དུག་མོ་ཉུང་དང་ཨུད་པལ། །ཀ་ར་བརྒྱད་འགྱུར་སྦྱར་ལ་བཏང་། །ཁོང་དུ་བསིལ་ཕྱེ་གང་ཡང་ཤིས། །ཕན་ཡོན་གླད་པར་མདའ་ཟུག་དང་། །གླད་རྩ་ལྷ་རྩ་འདྲམ་[འགྲམས]པ་དང་། །དོན་སྙིང་རྣམས་ལ་བབ་པ་དང་། །སྙིང་རྩ་ཉ་[ཉྭ]སུལ་རྒྱུས་བཅས་དང་། །དུག་རྣམས་ཐམས་ཅད་སེལ་བར་བྱེད། །དེ་ནི་ཁོང་དུ་གཏང་བའི་སྨན། །ཚ་ན་གཏར་ཁ་ཤང་[གང]རྒྱས་བཏབ། །མདེའུ་དང་རུས་འཛེལ་[འཛེར]ཐེན་[འཐེན]མི་བྱ། །མུ་ཟི་རྡོ་སོལ་ར་ཁྲག་གསུམ། །སྦྱར་ལ་མདེའུ་ལ་བྱུག་པར་བྱ། །ཡུ་མོ་མདེའུ་འབྱིན་བསྲེགས་པའི་ཤ །རྒྱ་ཚ་ཁོང་དུ་གཏང་བར་བྱ། །དེས་ནི་མདེའུ་དང་རུས་འཛེལ་[འཛེར]འབྱིན། །ཤུལ་དུ་སྨན་མདེལ་གཞུག་པར་བྱ། །ལུག་གི་ལྷ་བ་ཞིབ་ཏུ་བརྡུངས། །མར་དང་ལུག་ཚིལ་ཐར་ནུ་སྦྱར། །ཞོ་དང་བག་ཕྱེས་ཁ་ཞུན་བྱ། །དེ་ཡིས་ལྷ་བ་སྐམ་བྱེར་བཀུགས། །བསིལ་དང་སྣམ་རྩིས་གཤེར་བྱེར་བཀུགས། །ན་བུན་བུ་མོ་སྟག་ཤ་བ། །ཀན་ཏ་[ཀཎྜ]ཀ་རི་གོང་གི་སྨན་དང་གཏང་། །དེ་ཡིས་གླད་པ་འཛག་པ་གཅོད། །སྦྲང་དང་ཀ་ར་ཅུ་གང་སྦྱར། །ཤིང་མངར་སྦྲང་རྩི་བག་ཕྱེ་དོམ་མཁྲིས་སྦྱར། །སྨན་དེ་ཤ་བུའི་སྟེང་དུ་གདབ། །དེ་ཡིས་ཤ་བུ་བསྐྱེད་པར་བྱེད། །ག་བུར་ཅུ་གང་གུར་གུམ་དང་། །ན་[ནཱ]ག་གེ་སར་ཤ་བུའི་རུལ་བ་གསོའ། །རྡོ་གླད་ཉིན་ངོས་དཀར་རྩི་མྱི་སྦྲུལ་མགོའ། །བསྲེགས་པའི་ཐལ་བ་གང་རུང་གདབ། །དེ་ཡིས་ཆུ་སེར་འཛིན་པར་བྱེད། །རིན་ཆེན་འཁོར་དང་བཅས་པའོ།།
གདུལ་ཐབས་བྱང་ཁོག་ནང་དུ་ལྟོས། །མགོའ་བོ་རྡོ་ཡི་བཅོས་པ་ནི། །དང་པོ་ཁང་[ཁོང]སྨན་སྦྱར་བ་ནི། །སྦལ་རྒྱབ་སྨུག་པོ་སྦལ་མདུང་གཉིས། །དཀར་པོ་སྦལ་རྒྱབ་གང་ཏིག་[གངས་ཐིགས]གཉིས། །ཅོང་ཟི་[ཞི]ཕ་བང་ལོང་བུ་དང་། །ཁབ་ལེན་རྡོ་མཁྲིས་ད་ཆུ་དང་། །བེའུ་སྣབ་[སྣབས]དང་ནི་བཅུ་པོ་ཡི། །གཙོའ་བོ་དངུལ་ཆུས་བྱས་ལ་བཏང་། །དེ་ཡི་འཁོར་དུ་སྦྱར་བ་ནི། །རྒྱ་ཚ་དོམ་མཁྲིས་འབོག་ཡག་དང་། །ཤིང་ཀུན་དང་ནི་སྟར་བུའི་ཆུ། །རྨ་ལ་མུ་ཟིལ་[ཟི]སྡོང་[ལྡོང]རོས་དང་། །རྡོ་སོལ་སྟག་ཟིལ་རྡོ་གླད་དང་། །དངུལ་ཆུ་ལི་ཁྲི་བརྒྱད་པོ་བཏངས[བཏང་]། །དེ་ཡི་འཕྲོད་དུ་གཏང་བ་ནི། །དོམ་མཁྲིས་པུ་ཙེ་ཕག་འགོ་[མགོ]དང་། །ཟླ་འོར་[གོར]ཞོ་ཤ་སྙིང་ཞོ་ཤ །ག་བུར་དག་ལ་སྦྱར་ལ་བཏང་། །དེ་རྣམས་ཞིབ་པར་བཏགས་བྱས་ལ། །ཆང་དག་བཟང་པོ་བར་ལ་གཏང་། །སྨན་གྱི་ཚོད་ནི་གྲི་རྩེ་གང་། །ཟས་ནི་སྨན་ཞུའི་ཚོད་དང་སྦྱར། །རྨ་ལ་མར་དཀར་ཐང་ཆུ་དག །གང་རུང་སྦྱར་བར་བྱ་བ་ཡིན། །དེ་ཡི་རྨ་ལ་ཁྱབ་པར་བྱུགས། །ཡང་ན་ཕྱེ་མ་བྱས་ལ་གཞུགས[གཞུག]། སེར་ག་གས་པའི་གླད་པ་ལ། ཞག་པར་ལོན་ནས་སེའུ་འབྲུ་བསྐྱེད། །ཡོན་ཏན་བྱིན་པོ་གོང་དང་མཐུན། །རྡོ་ཡི་བཅོས་པ་བསྟན་པའོ།།
སྤྱིར་ན་ཆིངས་མ་ནམ་སླ་[ཟླ]ལྟོས། །ཁ་ཟས་གསར་པ་བཅུད་པ་གཏང་། །ཚ་གྲང་འདུ་བ་ཁོང་དུ་བསྙི[སྙོམས]། །རླུང་གི་དུས་སུ་བཅག་མི་བྱ། །གོང་ལ་དུམ་རེ་བཅག་པར་བྱ། །ཞོ་བསྐྲོག་[དཀྲོགས]ཕྱེ་འཐགས་སྟིང་[སྟེང]ཁང་སྤང་བར་བྱ། །འདྲེ་ཅན་འདྲུལ་[འགྲུལ]ཡང་བསྲུང་བར་བྱ། །རྡོ་ཡི་བཅོས་པ་བསྟན་པའོ། །རྩི་ཆོས་ཆུ་རྩ་གཅིག་སྐྱེས་དང་། །བོང་ང་དཀར་པོ་སྲོ་ལོ་མི་མཁྲིས་མཁྲིས་པ་སྣ་ཚོགས་དང་། །ཁུར་བ་དོ་བའི་མེ་ཏོག་ཆུ་ཁྱོར་རེ་ལ་སྦྱར་ལ་བཏང་། །ཀ་ར་ཡང་ཕྱམ་བྱས་ལ་བཏང་། །སྨན་ཐུན་གྲི་རྩེ་རེ་ཙམ་ནི། །ཕོ་བ་བཟང་ངན་དག་དང་བསྟུན། །ཡོན་ཏན་རིན་ཆེན་སྐབས་དང་མཐུན། །རྒྱབ་བརྟེན་རིན་ཆེན་སྦྱར་བས་བྱ། །སྨན་རྣམས་ཕྱེ་མ་བྱས་ལ་བླུད། །མཚོན་ཕོགས་[ཕོག]རུས་པའི་ཝ་ལོང་དང་། །སྨན་གྱི་རིལ་བུ་བརྫང་བར་བྱ། །ན་ཚ་བྱུང་ཡང་འཇིག་[འཇིགས]མྱི་དགོས། །དེ་ཡི་རྩི་སྦྱོར་བསྟན་པའོ། །ཟླུམ་ཆོས་ཀྱི་ལེའུ་སྟེ་རེ་གཉིས་པའོ།། །།
ལེའུ་རེ་གཅིག་པ། མགོ་བོའི་དྲ་ཆོས་བསྟན་པ།
ད་ནི་དྲ་ཆོས་བསྟན་པར་བྱ། །གནས་ལུགས་ངོས་བཟུང་གོང་བཞིན་ཤེས། །བཅོས་པའི་ཐབས་ལ་སྤྱི་དོན་བདུན། །ཤ་རྩ་རུས་པ་གླད་པ་དང་། །སྐྱོན་ཡོད་འཚོའི་འཆིའ་ལོག་ནོན་ནོ། །དེ་ལ་ཤའི་བཅོས་ཐབས་ནི། །སྦང་ལྕིབ་[འཇིབས]ཞག་གསུམ་དྲོ་བར་བྱ། །ཁ་ཤ་དེ་ཡིས་ཐུལ་བ་ཡིན། །སྐྲང་ན་སྦང་མ་གློ་ལུམ་[ལུམས]བྱ། །ཅིས་ཀྱང་མ་ཞུ་[ཞི]བཅུའ་བསྐོར་མྱེ། །གང་འོས་བསྲེག་ཅིང་ཚ་ན་གཏར། །རྣག་གཞུགས་[གཞུག]ཁ་ཟས་ཀློད་ལ་བཅོས། །ཆིང་[ཆིངས]མ་གྲང་དྲོ་ནམ་སླའི་[ཟླའི]ཚོད་དང་སྦྱར། །རྒུན་[དགུན]དྲོ་དབྱར་བསིལ་སྟོན་དཔྱིད་ཀྱི། །ན་སོ་རྒན་དྲོ་དར་མ་བསིལ། །སྤྱིར་ན་མགོའ་རྨ་ཐམས་ཅད་ལ། །རྨའི་ཕྱི་རྩ་རྩ་སྒོ་རུ། །ཚ་རྡོ་ཡང་ཡང་བྱ་བ་ཡིན། །རྩ་དང་གླད་པ་སྐྱོན་མེད་དག །ཆིང་[ཆིངས]མ་ལོག་ན་འཚོའ་བ་ཡིན། །ཤ་ཡི་བཅོས་ཐབས་བསྟན་པའོ། །རྩ་ཡི་བཅོས་ཐབས་བསྟན་པ་ནི། །དྲས་ལ་ཤ་གདན་ཡད་ཡུད་དུས་གཅིག་བསལ། །སྐྱོན་ཡོད་ངོས་སུ་ལྡེམ་ཙེས་དུས་གཅིག་བདེགས་[བརྡེག]པ་དང་། །ཕལ་ཆེར་བཞི་ཤོར་ཤིས་པ་ཡིན། །བཞི་ཤོར་ཉ་[ཉྭ]རལ་གང་རྒོས་[དགོས]པ། །རྨ་དང་གནད་ཀྱི་སྟོན་པ་ཡིན། །བལ་ཉོལ་ཆུར་བཅུག་རྨ་ནང་བཀྲུའ་བར་བྱ། །གཟེར་རྩ་ཟང་[ཟངས]གཟེར་བཞིན་དུ་གཏིལ་ཆེའོ། །
དགྲང་[དགྲ]དང་འབྲེལ་ནས་སླར་ལ་ལྡོག་ཀྱང་སྲིད། །དེ་ལ་ལག་དགྲ་མི་བཏང་བསྐོར་ལ་བདར། །གཟེར་རྩ་ཆོད་ན་གསེར་གྱིས་བསྲེག །ཁོང་དུ་དོམ་མཁྲིས་གཏང་བར་བྱ། །དེ་ཡིས་མ་ཐུབ་ལྷ་བ་བྲོས་ན་འཆི། །རྒྱ་ཚ་ཚོད་ན་ཁྲག་དམར་མང་དུ་འོང་། །སྤྲ་བས་མི་ཆོད་མང་དུ་འོང་། །རྩ་གཉན་ཆོད་ན་ཟུག་ཆེ་བླ་བཅོལ་སྨྲ། །སྐམ་བྱེར་འགྲོ་སྟེ་འཆི་བ་ཡིན། །བོར་ལ་མི་བཞག་འབད་ལ་བཅོས། །རྩ་གནད་ལྷ་འཐེམས་ལྷ་བ་བྱེར་ཏེ་འགྲོ། །མྱུར་དུ་ལག་བརྡོད་མེ་བཙའ་ཁྲག་ལ་གཏར། །ཤ་རྩ་ཆོད་པ་རྩ་རྒྱུད་མྱེ་ཡིས་བསྲེགས། །གས་དང་རུས་སྐྱོན་བདར་ལ་རུས་རོ་ཕུད། །རུས་རྩ་ཆོད་ན་དོམ་མཁྲིས་གདབ་པར་བྱ། །གླད་རྩ་ཆོད་ན་མར་གྱིས་བསྲེག །ལྷ་རྩ་གཟེར་རྩ་ཆོད་ན་ཤ་ཆང་མར་བྱ། །རྩའི་གླད་ཐོགས་[ཐོག]ཆུ་སེར་ཁྲིད། །དེ་བས་ལག་བརྡོད་མྱུར་དུ་བཅོས། །རྩ་ཡི་བཅོས་ལུགས་བསྟན་པའོ། །ད་ནི་རུས་པའི་བཅོས་ལུགས་བསྟན། །སྟེང་དུ་སེན་མོ་རྣལ་མ་འདྲ་ན་སྐྱོན་མེད་ཡིན། །སེན་མོ་འཐེམས་པ་འདྲ་ན་གས་པའི་སྐྱོན། །རུས་པ་ཆུ་སེར་མི་འདོད་བསྐུས་ཀྱང་བྲོས་ནས་འགྲོ། །རུས་མདོག་ལོག་པ་འོག་ཏུ་ཆག་རྟགས་ཡིན། །བྱིན་པོ་གོང་དུ་བཤད་པ་བཞིན། །རུས་སྐྱོན་འདུག་པ་སྐྱོང་བུས་མཐའ་ནས་བྲུད། །སྐྱོན་ཅན་བདར་ཞིང་ལྷ་བ་གསོན་དང་སྤྲོད། །ནག་དང་སྔོ་དང་རླངས་པ་ཆེ། །འདར་ཡོད་གཞན་མེད་སྐྱོན་ཡིན་གདོན། །མགོའ་ལ་རྐང་གཞུགས་སླག་སོལ་ཆུ་བུ་འདྲ། །རྩ་ན་ཁྲག་ནད་ཡིན་པས་ཐོན་ཚད་གདོན། །ལྷ་མྱིག་ཀུན་ནས་སྙོམས་འབབ་དམར། །རྨ་རུ་ཆུ་བླུགས་བྲང་བྲིང་མྱེད་པ་ནི། །དེ་ནི་རྣལ་མའི་ལྷ་ཁྲག་ཡིན། །
མཐིལ་གྱི་རུས་སྲབ་ཐུག་པོ་ནི། །རྩིབ་རུས་ནད་ཞུན་ཙམ་དུ་བྱ། །འདུག་ན་ཤ་བུ་མྱིག་རྣག་ཆུ་ཐོན་དཀའ། །གསང་ཁོང་བྱི་བའི་མིག་ཙམ་བྱ། །ཆེས་ན་གླད་པས་ཤ་བུ་འཚང་། །ཆུང་ན་རྣག་མི་ཐོན་པས་དར་ཐགས་བརྒྱུན། །རན་པར་བྱས་ལ་གྲོ་བའི་ཐེམ་བུ་གཞུགས[གཞུག]། གས་པར་བྱི་ཙེ་མྱིག་ཀྱང་དབུགས། །བཟོ་འཕྲོ་ཐམས་ཅད་ཁ་ཤའི་ཐོག་ཏུ་སྦ། །ལྷ་མྱིག་མྱི་ཚངས་[ཚང]རུས་པ་སྐྱ་ལ་འཚགས། །མ་བདར་བཞག་ན་ལྷ་བ་སྐོམ་[སྐམ]བྱེར་འགྲོ། །རླན་ཆེ་བྱང་བ་རྒྱབ་འདྲ་བ། །མ་བདར་བཞག་ན་ལྷ་བ་གཤེར་བྱེར་འགྲོ། །ཚ་བ་ཆིལ་ནས་རུས་རོས་ལྷ་བ་བཟུངས[བཟུང]། །གྲོ་ག་གསེབ་བཏངས་[བཏང]ཞོའི་ཁ་ཕྲུས་བཏབ། །སྦང་མ་སོ་མས་ཁ་ཤ་ཁེབ་[ཁེབས]པར་བྱ། །ཕྱི་གཡོག་ནམ་སླའི་[ཟླའི]ཚོད་དང་སྦྱར། །རྨ་ནས་ཁྲག་རོ་བྱུང་ན་ཕྱིར་མི་ལྡོག །མདོར་ན་ནག་སྐམ་སྦྱར་ལ་དམར་ལ་བཞག །ཐོད་དཀར་ལྡན་པས་ལྷ་བ་འཇིབ་པ་ཡིན། །ཁྱེའུ་ཐུང་[འཐུང]ནུ་ཞོས་རྨ་ནང་ནང་རེ་བཞིན་དུ་བཀྲུ། །སྤྱིར་ན་མགོའ་རྨ་རླན་དང་དྲོད་ཀྱིས་བཅོས། །ལྷ་བ་ཐིལ་སྨུགས་[མཐིལ་སྨུག]རྣག་འཇམ་བཟང་། །ལྷ་བ་སྐམ་ཁྱེར་ནད་པ་ཚ་བ་ཆུང་། །རྨ་ཁ་ནག་སྐམ་དབུགས་ཀྱང་ཐུང་། །གླལ་སྦྲིད་མང་ཞིང་དང་ཀ་འགགས། །གཤེར་བྱེར་རྐང་ལག་གྱོང་ཞིང་འགོ་[མགོ]བོ་ལྕི། །དབུགས་རྒོད་གླལ་མང་ཁ་སྣ་རློན། །ཁ་ཤ་བྱ་ཕོའི་ཟེ་བ་འདྲ། །དེ་གཉིས་འདར་ཞིང་ལྷ་བ་སྤྲད། །ལྷ་བ་འཛིན་པའི་སྨན་ཡང་བཏངས[བཏང]། །སྒོང་གྲུམ་སོང་བ་ཕྱི་ན་བཞར་ཞིང་བཏོན། །ཡང་ན་དྲས་ལ་གོང་བཞིན་བྱ། །རུས་པ་གསོའ་བ་བསྟན་པའོ། །
གླད་པ་བཅོས་པ་བསྟན་པ་ནི། །གླད་པ་ཚ་རྦོས་གྲང་རྦོས་གཉིས། །ཚ་རྦོས་གླད་པ་སྣད་པ་ཡིན། །ཤ་ཆང་དྲག་[དྲགས]པས་ཚ་བས་རྦོས། །ཁོང་དུ་བསིལ་བཏང་རྨ་ལ་སྨན་གདབ་ལ། །ཁ་ཟས་ཡན་[ཡེན]ལ་གཏད་པ་ཡིན། །གྲང་རྦོས་ནད་པ་ཡེན་དྲག་[དྲགས]པས། །ཤ་བུ་སྐྱ་ལ་རྩ་ཆུ་གྲང་། །ཕྱིང་སར་མར་དུ་བཙོས་པ་གཉིས་རིམས་[རིམ]གསུམ་རིམ་མནན། །ཁ་ཞུན་སྦང་མ་སྤོད་ཀྱིས་བྱ། །ཁོང་དུ་ཤ་ཆང་གཏང་བར་བྱ། །གླད་པའི་ཤ་རྨེན་ནང་དུ་སྐྱེས་པ་ན། །ཕུར་མོང་ཐལ་བ་རྒྱ་ཚ་གདབ། །གླད་པ་འཛག་ན་དོམ་མཁྲིས་མཁྲིས་ཆེན་དང་། །ག་བུར་ཀ་རས་བཅད་པར་བྱ། །སྐྲིས་[སྤྲིས]མ་ཁ་ཞུན་བསིལ་བར་བྱ། །ཡང་ན་དོམ་མཁྲིས་སུམ་ཅུ་ཏིག་དང་གསུམ་གྱིས་བཅད། །འཚོའ་ན་འཛག་ཆད་གླད་པ་དམར། །འཆི་ན་འཛང་ཅིང་རྨ་རུ་འགྲོ། །ཞུན་ཁན་[མཁན]དབྱར་པ་ཐང་ཤིང་སླུ་[ལྡེ]གུར་བསྐོལ་ལ་བདུག །གླད་པ་ལ་སོགས་རྩ་གསུམ་གྱི། །དུབ་[དུགས]དང་ལུམ་[ལུམས]ཀྱིས་བཅོས་པར་བྱ། །གནད་ལ་ཟེར་[གཟེར]ན་བཞག་རྗེས་འདྲ། །རྣག་གི་སྐད་དུ་བསྟན་པ་ཡིན། །རྣག་ཏུ་འབབ་ས་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །།
ལེའུ་རེ་གཉིས་པ། རྨ་ཆོས་བསྟན་པ།
གསོའ་བའི་ཐབས་ལ་རྣམ་པ་གཉིས། །དམར་བཅོས་དང་ནི་ཟླུམ་བཅོས་སོ། །དམར་བཅོས་ལ་ནི་བཅོས་དུས་གསུམ། །འཁྲུག་པ་ཁྲག་གི་དུས་ཚོད་དང་། །རྒྱས་པ་ཆུ་སེར་དུས་ཚོད་དང་། །སྨིན་པ་རྣག་གི་དུས་ཚོད་དོ། །ཁྲག་དུས་ཁྲག་ངན་རྩ་རུ་དྲངས། །ཆུ་དུས་ཆུ་སེར་རོལ་དུ་གསོད། །དེ་གཉིས་ཟླུམ་ཆོས་དུས་སུ་བསྟན། །རྣག་གི་དུས་སུ་སྤྱི་དོན་ལྔ། །རྣག་གི་དུས་དང་གསང་ཕྱེ་དང་། །བཀྲུའ་བཤལ་རྨ་ཆོས་རྣག་གཅོད་དོ། །རྣག་གི་བརྟགས་པ་གོང་དུ་བསྟན། །གསང་ལ་རྣམ་གྲངས་དབྱེའ་ཐབས་སོ། །རྣམ་གྲངས་གསང་ས་བཞི་བཅུ་ཡོད། །གསང་གི་དབྱེའ་ཐབས་རྣམ་པ་ལྔ། །ཐེག་དང་དབྱེའ་ཐབས་ཆག་ཚད་དང་། །མདོག་དང་བཏོན་ཚད་བསྟན་པའོ། །བཀྲུའ་བཤལ་བཅད་ཐབས་ཏི་ཀར་ལྟོས། །མདོར་ན་རྣག་རྟགས་གར་བྱུང་ཡང་། །གསང་གཙག་[གཙགས]ཆ་རྣོ་རྩེ་གསུམ་གྱིས། །བཙུན་མོ་འཛངས་པའི་མྱིག་ཙམ་དབྱེའ། །རྣག་འདོན་མང་ན་རྣག་གིས་བོར། །རྣག་ལམ་སྟོང་པས་ཟུག་གཟེར་ཆེ། །ཚ་གྲང་འབྱང་གཅད་སྐེམ་པ་རྣམས། །འོག་ནས་ཟླུམ་བཅོས་སྐབས་དང་མཐུན། །རྨ་ཆོས་མདོར་བསྡུས་པའི་ལེའུ་སྟེ་རེ་བཞི་པའོ།། །།
ལེའུ་རེ་གསུམ་པ། བྱང་ཁོག་གི་ཟླུམ་བཅོས་བསྟན་པ།
ཟླུམ་ཆོས་མན་ངག་བསྣན་[བསྟན]པ་ནི། །དེ་ལ་སྤྱི་དོན་རྣམ་པ་གསུམ། །ཁྲག་ངན་རྩ་རུ་དྲང་བ་དང་། །ཆུ་སེར་རོལ་དུ་གསད་པ་དང་། །རྒྱ་མཚོ་གནས་སུ་བསྐམ་པའོ། །ཁྲག་ངན་ཡོད་པའི་རྟག་[རྟགས]བསྟན་པ། །ལུས་ཀྱི་ངམ་ནག་མདོག་ཀྱང་སྣུམ། །དེ་ནི་ཁྲག་གི་རྟགས་ཡིན་ནོ། །ཞག་བདུན་མན་ཆད་ཁྲག་གི་དུས། །དེ་ལ་དྲང་བའི་སྦྱོར་བ་བྱ། །བདུན་ནས་བཅུ་བཞི་ཚུན་ཆད་དུ། །ཆུ་སེར་རྒྱུ་ནི་ཁྲག་ཡིན་ཏེ། །ཆུ་སེར་མེད་ན་འདི་ལྟར་འོང་། །མདང་[མདངས]དཀར་ལུས་གྲང་དང་ཀ་བདེའ། །སྣུམ་ཞིང་ཚ་བ་སྐོམ་དད་ཆུང་། །གཟུང་ཆུང་མྱིག་སྤྲིན་ལུད་པ་དཀར། །སྐད་གསལ་ཆུ་སེར་མེད་པའི་རྟགས། །ཆུ་སེར་ཡོད་ན་འདི་ལྟར་འོང་། །དབུགས་མི་བདེའ་ལ་ཁོང་པ་ལྕི། །ཟུག་གཟེར་འགྲོ་ཞན་སྨྲ་ངག་ཐུང་། །སྐྱུག་བྲོ་སྐྲ་འཚམས་[མཚམས]དངུལ་[རྔུལ]བ་འབྱུང་། །གློ་ཆུང་འོང་དང་ཆུ་དད་ཆེ། །ཟས་མི་འདོད་ལ་ལྡང་ཉལ་དཀའ། །
དེ་རྣམས་ཆུ་སེར་ཡོད་པའི་རྟགས། །བཅུ་བཞི་ཕན་ཆད་རྣག་གི་དུས། །རྣག་གི་དུས་ནི་རྣམ་པ་གསུམ། །བྱ་ཐག་སྨུག་ཟིལ་ཐིག་[ཐིགས]སྡོད་གསུམ། །བྱ་ཐག་མཚོན་ཕྱིར་ཁྲག་འགྲམས་ཡིན། །དེ་ནི་སྐམ་པ་སླ་བ་ཡིན། །ཐིག་[ཐིགས]སྡོད་རྩ་ཁྲིད་ཆུ་སེར་འཛགས[འཛག]། སྐམ་པ་ཤིན་ཏུ་དཀའ་བ་ཡིན། །སྨུག་ཟིལ་ཚད་རིམས་འདྲེས་པ་ལ། །གཏར་དུས་ཚད་རླང་[རླངས]ཟིལ་པར་ཆགས། །ཟིལ་པས་བྱང་ཁོག་ཆུ་སེར་འཐིགས[ཐིགས]། །ཞག་རེས་བདུན་འགྱུར་བྱེད་པ་ཡིན། །སྐམ་པ་སླ་ཞིང་རྟོགས་པ་དགའ[དཀའ]། །དེའི་ཕྱི་རྟགས་བསྟན་པ་ནི། །ལུས་ཆེ་ངོམ་[ངམ]ནག་མདོག་ཀྱང་སྣུམ། །དང་ག་མི་བདེའ་གཉིད་ཀྱང་ཆུངས། །གློ་ལུ་གློ་སྙིང་དབུགས་མི་བདེའུ[བདེ]། །ལུད་པ་མི་གོག་[འགོགས]ལུ་ན་གཟེར། །གཏམ་པ་དབུགས་ཐུང་ངལ་བསོའ་སྨྲ། །ཆུ་དད་ཆེ་ལ་འགོ་[མགོ]ཡང་ན། །མྱིག་སེར་འགྲོ་ཞན་རོ་སྟོད་སྒུར། །སོག་བྲག་[དབྲག]ཡོ་གཟེར་ཐལ་གོང་ན། །ཤེད་ཆུང་ལུས་ནི་བྱ་གཤོགས་[གཤོག]ཆགས་པ་འདྲ། །ལུས་ལྕི་ཤེས་འཐིབ་དྲག་[དྲེས]ཆུང་ཆགས། །ཟས་ལ་སྐྱེ་འགྲིབ་བྱེད་ཅིང་བ་སྤུ་ཉལ། །ཞག་ནི་བདུན་ཅུ་དང་ཉེ་ནས། །ཚད་སྐྱེ་འཁྲུ་ཞིང་བེའུ་[བོལ]གོང་གཡོའ། །དེ་རྣམས་ཁྲག་ངན་ནང་དུ་ལྷུང་རྟགས་སོ།།
དེ་ལ་བཅོས་པ་འདི་ལྟ་སྟེ། །ཁྲག་དུས་ཁྲག་ངན་རྩར་དྲངས་ཏེ། །དང་པོ་ཐང་གིས་དབྱེའ་བར་བྱ། །མ་ནུ་བཞིའམ་ལྔ་ཐང་གཏང་། །འདི་ལ་སྨིན་དུ་གཞུག་མི་དགོས། །འདི་ནི་སྐམ་པ་དཀའ་བ་ཡིན། །རྩ་རྣམས་གང་རྒྱས་རྩོལ་[རྩེ]ཅུང་(དང་)། །ཨ་སོ་དྲུག་འགོ་རུ་ཐུང་དང་། །མཁྲིས་པའི་རྩ་རྣམས་གཏར་བར་བྱ། །ཨུཏྤལ་དུག་ཡོང་[ཡུང]ལི་ག་དུར། །བ་ལྀ་[ལེ]ཀ་ར་སྦྱར་ལ་གཏང་། །ཨ་འབྱག་[བྱག]ཤེལ་ཏང་སྤྱི་བཞུལ་[བཞུར]གསུམ། །རྒྱུན་དུ་འདི་ལ་གཏང་བ་ཤིས། །ལྟོར་ནི་བསིལ་བའི་སྨན་ཡང་གཏང་། །ག་བུར་ནག་པོ་སྐོམ་དུ་གཏང་། །སྟོད་དུ་ཆུ་ཡི་འཁོར་ལོ་བསྐོར། །དེ་ཡིས་བདེའ་བར་མ་གྱུར་ན། །ཆུ་སེར་རྟགས་ཚངས་[ཚང]རོལ་དུ་བསྐམ། །ཐིག་[ཐིགས]སྡོད་ནམ་འོང་ངེས་པ་མྱེད། །ཁྲག་གི་དུས་སུ་མ་བསྐམ་ན། །ཆུ་སེར་རྟགས་ནི་གོང་བཞིན་འོང་། །དེ་ལ་ག་བུར་བཟང་དྲུག་དང་། །ཙན་དན་དཀར་དམར་གོ་ཐོར་[དོར]དང་། །དོམ་མཁྲིས་གཙོས་[གཙོད]ཁྲག་གླ་རྩི་དང་། །བྱ་རྒོད་ཉ་དང་མྱིའི་མཁྲིས། །དར་དང་ཆུ་བྱ་རྨ་བུའི་[བྱའི]སྒྲོ། །མགྲོན་བུ་རྣམས་ཀྱི་ཐལ་བ་དང་། །སྟག་ཤ་གསེར་འགོ་ཞོ་འཛག་དང་། །བྲག་སྤོས་དང་ནི་ཐ་རམ་ལྔ། །མུ་ཟིལ་[ཟི]བཏུལ་ལེགས་དེ་རྣམས་ནི། །ཀ་ར་དྲུག་འགྱུར་སྦྱར་ལ་བཏང་། །དུས་གསུམ་ཐུར་འགོ་[མགོ]གསུམ་གསུམ་བཏང་། །གཏར་ཁྲག་མང་བས་དུམ་གཅིག་སྨད། །སྐོམ་དུ་ཞོ་བསྐྲུག་[དཀྲུགས]གཏང་བར་བྱ།།
དྲི་མ་འགག་ན་ཞོ་བསྐྲུག་[དཀྲུགས]གཅད། །ཟས་སུ་ལུག་ཤ་ལྒོ་[དགོ]ཤ་གཏང་། །སྐྱོ་ཚ་མར་དཀར་བཏབ་ལ་བཏང་། །སྨན་མ་ཞུ་ན་ཆུ་སྐོལ་གཏང་། །ཟས་སྐོམ་ཐམས་ཅད་ངར་[ངད]ཡལ་བཏང་། །མྱེ་དང་ཉི་མ་རེང་[རིང]འདུག་སྤང་། །དེས་ཀྱང་མ་སྐེམ་རྣག་རྟགས་ཤར། །དེ་ལ་རྒྱ་ཚྭའི་གནས་སུ་བསྐམ། །གུར་གུམ་ལི་ཤི་ཅུ་གང་དང་། །ཨུད་པལ་བསེའ་རུ་མཁྲིས་སྣ་ཚོགས། །གོ་ཏོར་[དོར]ཀ་ར་སྦྱར་བ་བཏངས[བཏང་]། །དེས་ཀྱང་སྐམ་པར་མ་གྱུར་ན། །རིན་པོ་ཆེའི་སྦྱོར་བ་བྱ། །དངུལ་ཆུ་བཏུལ་བ་ལེགས་པ་དང་། །གསེར་གྱི་ས་བཅུད་དུལ་མ་དང་། །ཟངས་ཀྱི་ཐལ་བ་འབྲས་བུ་གསུམ། །ག་བུར་བཟང་དྲུག་ཙན་དན་དཀར་དམར་དང་། །འགི་[གི]ཝང་སྲོ་ལོ་མཁྲིས་སྣ་ཚོགས། །བསེའ་རུ་རྒྱ་རུ་གོ་ཏོར་[དོར]རྒྱ་ཚ་དང་། །ཉོལ་ཤིང་རམ་མྱེ་[ཉེ་ཤིང་ར་མཉེ]དཀར་དམར་དང་། །སྦྲང་རྩི་དུལ་མ་ཕུལ་གང་དང་། །སྦྱར་ལ་ཁོལ་མ་དུས་གསུམ་གཏང་། །རྣག་ལ་ཚ་རྣག་གྲང་རྣག་གཉིས། །བྱ་ཤོར་བ་དང་བྱ་མ་ཤོར། །ཚ་རྣག་དང་པོ་འོང་བ་ཡིན། །གྲང་རྣག་གསང་ཕུག་འབྱངས་པ་ཡིན། །མ་ཕུག་བྱ་ནི་ཤོར་མ་ཡིན། །ནང་ཕུག་བྱ་ནི་སོར་བ་ཡིན། །
འབྱངས་ལ་ཚ་འབྱང་གྲང་འབྱང་གཉིས། །རྣག་གི་དུས་དང་རིགས་ཀྱིས་དབྱེའ། །འབྱང་མ་ཤེས་ནས་བསྐམ་བྱེད་པ། །དེ་ནི་ངལ་བ་དོན་མྱེད་ཡིན། །གྲང་འབྱང་རྟགས་ནི་རྩ་དང་ཆུ། །ཕྱི་གཡུལ་[ཡུལ]མུན་སེལ་སྒྲོན་མར་ལྟོས། །གྲང་བའི་ངོས་བཟུང་བསྟན་པ་ནི། །རྣག་ནི་དཀར་པོ་སྦུ་[ལྦུ]བ་ཅན། །ཚ་འབྱང་དེ་ལས་བཟློག་[ལྡོག]པ་ཡིན། །གྲང་བས་འབྱངས་པར་གྱུར་པ་ནི། །དེ་ལ་རིན་ཆེན་བསྲེག་སྦྱོར་བྱ། །མུ་ཟིལ་[ཟི]སྦྲང་རྩི་གང་རྙེད་ལ། །ཁྲམ་ཁྲུམ་བརྡུང་ལ་བ་ཆུས་སྦྲུ། །དེ་ལྟར་བསྐམ་ཐག་ཐེབ་[ཐེབས]གཉིས་བཅད། །མཆུ་ཅན་རྫ་མ་སྣུམ་གྱིས་བྱུགས། །མུ་ཟི་དེར་བླུགས་ཡམ་ཤིང་མྱེས། །བསྐོལ་བས་མར་ཁུ་བཞིན་དུ་འགྲོ། །ལྦུ་བ་སེར་པོ་བྱུང་བ་དང་། །སྟོད་དུ་ཆུ་བླུག་འོག་ཏུ་བཞག །ལྦུ་བ་ནབ་ནོབ་བྱབ་ལ་བླུགས། །དེ་ནི་མུ་ཟི་བཏུལ་ཐབས་སོ།།
དངུལ་ཆུའི་བཏུལ་ཐབས་སྤྱི་དང་མཐུན། །ཆེ་བ་གསུམ་དང་བསྡེབ་ལ་མཉེའ་བར་བྱ། །བ་ཆུར་སྦྱར་ལ་མཉེའ་བར་བྱ། །ཁང་དུད་དང་ནི་སྦྱར་ལ་མཉེའ། །ཤིང་གི་སྣོད་དུ་མཉེ་བ་ཡིན། །གཡའ་ནི་ལན་གྲང་[གྲངས]བཞིར་ལྔར་འདོན། །ཨ་བྷི་ནང་བླུགས་སྣོད་དུ་བཙའ། །སྦྱར་ཐབས་བསྲེག་སྦྱོར་རྐྱང་རྒྱུག་གསུམ། །བསྲེག་སྦྱོར་ཤིན་ཏུ་ཚ་བ་ཡིན། །བསྲེག་སྦྱོར་བྱ་ཐབས་འདི་ལྟ་སྟེ། །རིན་ཆེན་རྫ་མ་སྲབ་ཏུ་བླུགས། །མུ་ཟི་ཚ་ལའི་འདག་པས་བླུགས། །ཞི་གར་[ཞིག་དཀའི]རྩེའི་སྐོང་[རྐོང]བུ་རུ། །རིན་ཆེན་མུ་ཟི་སྤེལ་ལ་བླུགས། །དེ་ཡི་ཐོག་ཏུ་སྐྱུ་རུ་ར། །དེའི་ཐོག་ཏུ་དངུལ་ཆུ་བླུགས་པར་བྱ། །དེ་ཐོག་རའི་ཆུ་ཡང་བླུགས། །འདག་པས་ཁ་བཅད་རྐོང་བུ་རུ། །ཁ་སྦྱར་འདག་པས་དགག་པར་བྱ། །ལྕགས་ལ་དབང་ཕྱུགས་[ཕྱུག]ཨ་བི་ཤ[ཨབྷི་ཥ] །མུ་ཟི་སྦྱང་ལ་འདག་པས་བྱུགས། །ཨ་བར་གོང་གི་ཕྱེ་མ་དང་། །ཁ་ནས་བྱུག་ལ་འདག་པས་དགབ། །ཁ་ལ་འདག་པས་བྱུག་པར་བྱ། །རྒྱ་སོལ་ནང་བཅུག་སྦུད་པས་འབུད། །ཀོང་བུ་དཀར་པོར་ལྷངས་ཀྱིས་སོང་། །ཁད་ཀྱིས་བཏོན་ལ་གྲངས་[གྲང]དུ་བཅུགས[བཅུག]། དངུལ་ཆུ་བ་མོ་བ་རུ་བྱ། །རིན་ཆེན་ཐལ་བ་རྩི་བཞིན་བཏགས། །རྩ་བ་རྣམས་[རྣམ]གཉིས་ཁ་དྷ་བཅད། །ཨ་བར་གསེར་མདོག་ཕྱིན་པ་བཅུ། །ཆང་གི་ནང་དུ་ཞག་ལྔ་སྦང་། །ཁུ་བ་ལན་གསུམ་བཏོན་པ་དང་། །འོ་བྲེ་བདུན་དང་མར་དུ་གདུས། །མར་ཁུ་སིལ་གྱིས་སོང་བ་དང་། །སྨན་རྩིགས་སྐྱ་བས་དྲིལ་བཏུབ་ན། །རྫའམ་ལྕགས་ཀྱི་ནང་དུ་བྱོ། །འཁྱག་པར་ཆོས་ཀྱིས་སོང་བ་དང་། །མུ་ལ་གཉིས་པོའི་སྐྱོ་མ་དང་། །རིན་ཆེན་ཐལ་བ་གོ་ཏོར་[དོར]དང་། །བསེའ་རུ་རྒྱ་ཚ་ཤིང་ཚ་དང་། །ཙན་དན་དཀར་དམར་ཚ་བ་གསུམ། །གུར་གུམ་ཛ་ཏི་ཅུ་གང་དང་། །དངུལ་ཆུ་བ་ཆུ་སྟར་བུ་དང་། །ལ་ཅ་སྦྲང་རྩི་སྦྱར་བྱས་ལ། །མར་གྱི་ནང་དུ་བླུགས་པར་བྱ། །
ལོ་མ་ལྔ་ཡང་བླུགས་པར་བྱ། །ཡུན་རིང་བསྐྲུག་[དཀྲུགས]ལ་ནས་གསེབ་བཞག །གོས་དང་སྤྱོད་ལམ་དྲོ་བར་བྱ། །གྲང་འབྱངས་དུས་སུ་ཤིས་པ་ཡིན། །ཚ་བས་འབྱང་ན་འདི་ལྟར་བྱ། །དངུལ་ཆུ་གོང་བཞིན་དུག་ཕྱུང་ལ། །ཨར་[ཨ]བར་ཉི་ཤུ་ཞག་ལྔར་བ་ཆུར་སྦང་། །ཞག་གསུམ་བསྐོལ་བའི་ཁུ་བ་དང་། །འོ་བྲེ་གང་དང་མར་སྲང་བཅུ། །སྣ་མ་ཚིག་པར་གདུའ་བར་བྱ། །མར་ཁུ་སྣོད་དུ་གྲངས་[གྲང]བ་དང་། །ག་བུར་བཟང་དྲུག་ཙན་དན་དང་། །འགི་[གི]ཝང་རྒྱམ་ཚ་ཚ་བ་གསུམ། །སྤྱི་བཞུལ་[བཞུར]སིང་[སེང]ལྡེང་སྣང་མ་སྒྲོན་ཤིང་དང་། །གསོའ་[སོ]མ་ར་ཙ་ཟི་ར་དཀར། །རྩ་བ་གཉིས་དང་ལོ་མ་ལྔ། །ཟངས་ཐལ་མགྲོན་བུའི་ཐལ་བ་དང་། །དངུལ་ཆུ་སྟར་བུ་བྱིས་པའི་ཆུ། །སྦྲང་རྩི་དང་ནི་བ་ཡི་ཆུ། །ལོགས་སུ་མཉེས་ལ་ཡང་ཡང་བཏགས། །བྱིན་པོ་ཞིབ་པར་བཏག་[བཏབས]བྱས་ལ། །མར་དང་བསྲེས་ལ་འདྲེས་པར་བསྐྲུགས[དཀྲུགས]། །དེ་དུས་མུ་ཟི་ཨོལ་མོ་རེ། །བསེའུ་རུ་འབྱོར་ཚད་གཏང་བར་བྱ། །སུམ་སྦྱར་ཚད་ཀྱིན་བཏང་བར་བྱ། །མ་ཞུ་རྩ་བསྒེག་[འགག]ཆུ་བསྐོལ་བཏངས[བཏང་]། །མ་ཕན་རྒྱ་ཚ་གོ་བྲུན་ཤིས། །ཟིལ་པ་ཉི་མས་ཕོག་བཞིན་སྐམ། །དེས་ཀྱང་སྐམ་པར་མ་གྱུར་ན། །ཁ་ཟས་ཞན་པས་འབྱངས་པ་ཡིན། །ཟས་ཞན་ཤ་བུ་སྐྱེ་མ་ནུས། །ཕྱི་རྟག་[རྟགས]རྩ་ཤེད་ཆུང་ལ་སྟོང་། །ཆུ་ལ་ཞག་མེད་དང་སྨའོ། །དྲོད་ཆེ་རྣག་སླ་ལྦུ་བ་འོང་། །ཁ་ཟས་ཞན་པས་འབྱངས་པ་ཡིན། །
དེ་ནས་འབྱུང་ལུགས་བརྟགས་ལ་བཅོས། །གང་འཕྲོད་ཟས་ནི་བརྟག་ལ་བཅོས། །ཅོང་ཟི་[ཞི]ཆུ་བྱས་ཟན་ཆོད་བཏང་། །དེ་ཡིས་ཆོད་པར་ངེས་པ་ཡིན། །མ་ཆོད་རྣག་ཆོད་ཆེད་[ཆེན]པོ་སྦྱོར། །གོ་ཏོར་[དོར]བསེའ་རུ་མུ་ཟི་དང་། །རྟ་རྨིག་རྒྱ་རུ་ལི་ཤི་དང་། །དོམ་མཁྲིས་ཨར་[ཨ]བར་སྐྱུ་རུ་ར། །སུག་སྨེ་[སྨེལ]ཙན་དན་དཀར་དམར་དང་། །ཚ་བ་གསུམ་དང་རྒྱམ་ཚ་སྦྲང་རྩི་དང་། །དངུལ་ཆུ་དུལ་མ་བ་ཆུ་སྟར་བུ་དང་། །བྱིས་སྦའི་[པའི]ཆུ་དང་ལན་ཚྭ་དང་། །རྩ་བ་གཉིས་དང་ལོ་མ་ལྔ། །སྦྱར་ཐབས་ཟས་སྤྱོད་གཏང་ལུགས་ནི། །གོང་མ་ཅི་བཞིན་བཅོས་པར་བྱ། །དེ་ཡིས་སྐེམ་པར་ཐེ་ཚོམ་མེད། །ཡང་ན་རོའི་སྦྱོར་བ་བསྟན། །བྲག་སྨན་དཀར་མོའི་སྦྱོར་བ་བྱ། །དང་པོ་ཞག་བདུན་ཁྲག་གི་དུས། །བདུན་ནས་བཅུ་བཞི་ཆུ་སེར་དུས། །བཅུ་བཞི་ཕན་ཆད་རྣག་གི་དུས། །དྲང་གསད་བསྐམ་དབུགས་[དབུག]གཞུང་བཞིན་བྱ། །རིན་པོ་ཆེའི་ལོག་ནོན་ནི། །རླུང་ལོག་འགོ་[མགོ]འཁོར་ཁ་ཡང་སྐམས། །སྒོག་སྐྱ་མར་དང་ཤ་ཆང་བཏངས[བཏང་]། །ཚ་བས་ལོག་ན་བཟང་དྲུག་དང་། །ཟང་[ཟངས]ཐལ་མེ་ཏོག་རྐང་གཅིག་དང་། །པི་པི་ལིང་གི་ཐང་ཡང་གཏང་། །རྡེང་ན་མྱི་འཇུ་ཐུན་ཚད་བསྐྱུངས། །འབྲི་རུ་མི་ཉན་རྨ་ནས་དངུལ་[རྔུལ]ཆུ་འབྱུང་། །
དེ་ལ་བ་ཆུ་སྟར་བུ་གཏངས[གཏང]། །འདྲིལ་ན་ཟོའུ་འབྱང་ན་སྟར་བུ་གཏང་། །དངུལ་ཆུ་རུས་མིགས་[མིག]འཕྲ་མོར་སོར། །རུས་པའི་གཏིང་ན་ཚིག་ལ་ཕྲལ་སྙམས་[སྙམ]བྱེད། །རྒྱ་ཚ་རྒྱམ་ཚ་པི་པི་ལིང་། །སྟར་བུ་བཞི་པའི་ཐང་ཡང་བཏངས[བཏང་]། །རྩ་ལ་བྱེར་ན་རྒྱ་ཚ་དང་། །སྡིག་པ་ཉི་དགའ་སྟར་བུ་དང་། །བཅའ་སྒ་ཤིང་ཚ་སུག་སྨེ་[སྨེལ]དང་། །བྱང་བ་དུམ་གཅིག་བུ་རམ་སྦྱར་ལ་བཏངས[བཏང་]། །ཤ་རུས་བར་བྱེ་ན་ཤིང་ཚ་བཏངས[བཏང་]། །སྐྲང་ན་རླུང་ཡིན་ཝམ་གདུང་བུ་རམ་ཐང་དུ་གདུས། །མར་རྙིང་བསྡོར་[སྡོར]དུ་བཏབ་ལ་བཏངས[བཏང་]། །ཟས་ནི་ཤ་ཆང་དབུགས་ལ་བཏངས[བཏང་]། །དེ་ནི་ལོག་ནོན་བསྟན་པའོ།།
རིན་ཆེན་སྡེབ་ཀྱི་མན་ངག་ལ། །དངུལ་ཆུ་བསྡེབ་ནི་རྣམ་པ་གཉིས། །འདྲེས་རྩི་དང་ནི་འཇིག་རྩིའོ། །བ་ཆུ་སྟར་བུ་དང་ནི་འདྲེས་རྩིའོ། །མར་དང་འོ་མ་མཆིལ་མ་རྣམས། །མཉེས་པར་འདྲེས་པར་བྱེད་པ་ཡིན། །འཇིག་[འཇིབ]རྩི་དབྱིའ་མོ་ཟང་[ཟངས]ཐལ་རྣམས། །གསེར་གྱི་ཐལ་བས་ཚེ་རེ་[རིང]ཞིང་། །མ་ནུས་བད་ཀན་སེལ་བ་ཡིན། །དངུལ་གྱི་ཐལ་བས་རུལ་གཅོད་བྱེད། །ཟང་[ཟངས]ཐལ་ཚད་པ་གློ་རྣག་གཅོད། །རེ་རེ་ལ་ཡང་འཁོར་གྱིས་བསྐོར། །དེ་ཡི་སྡེ་ཚན་རེ་རེ་འཛིན། །གསེར་ལ་འབྲི་རྐངས་[རྐང]སྡེ་ཚན་ནོ། །ཟང་[ཟངས]ལ་བཟང་དྲུག་སྡེ་ཚན་ཡིན། །དངུལ་ལ་རུལ་ག་ཅོད་སྡེ་ཚན་ནོ། །གསེར་ལ་ས་བཅུད་གུར་གུམ་དཀར། །ལྕགས་ལ་མུ་[མཱུ]ལ་དབང་ཕྱུག་དང་། །ཨ་བར་བོང་ང་འབྲུག་རུས་བསྡེབ་པར་བྱ། །ཀུན་གྱི་འཇིབ་རྩི་ས་བཅུད་ཡིན། །
ཐམས་ཅད་འཇིག་[འཇིབ]རྩི་གོ་བོའི་བྲུན། །སྔོན་ལ་ཟང་[ཟངས]ཐལ་བཏང་ན་དངུལ་ཆུའི་སྣ་ཡང་འོང་། །ཟང་[ཟངས]ཐལ་མེད་ན་ལུས་ལ་དངུལ་[རྔུལ]མི་ཆགས། །དར་མ་དག་ལ་དངུལ་ཆུ་སྟེ། །རྒན་པ་དག་ལ་ཟང་[ཟངས]སྦྱོར་བྱ། །བྱིས་སྦ་[པ]དག་ལ་རྩི་སྦྱོར་བྱ། །གློ་རྣག་རྒྱུན་དུ་འོང་བ་ལ། །འབྲས་བུ་གསུམ་པ་ཆུ་བྲེ་ལྔ་ལ་གདུའ། །རྒྱ་སྐག་ཕུལ་གང་བཙོད་ཕུལ་ཕྱེད། །འབྲི་མོག་ཁྱོར་བ་གང་གི་ཚོད། །བསྲེས་ལ་འོ་ཕུལ་གང་གི་ཚོད་ལ་བླུགས། །མར་སྦྲང་སྲང་བཅུ་བཞི་འོ་མར་གདུའ། །སྨན་མར་ཁུ་བ་གྲངས་པ་ལ། །ཟང་[ཟངས]ཐལ་ཅུ་གང་སྟར་བུ་དང་། །གུར་གུམ་རྣམས་ནི་ཞིབ་པར་བཏགས། །ཀ་ར་སྦྲང་རྩི་དྲུག་འགྱུར་རྣམས། །ཁ་ཚར་བཏབ་པ་ལེགས་པར་བསྐྲུགས[དཀྲུགས]། །ཞག་གསུམ་ནས་ཀྱི་ནང་དུ་གཞུགས[བཞག]། འཇུ་བའི་སྟོབས་དང་སྦྱར་ལ་གཏངས[གཏང]། །གསར་པའི་ནད་ལ་ཕྱེ་མ་བཏང་། །ཕྱེ་མ་གཏང་ཐབས་འདི་ལྟ་སྟེ། །ཟངས་ཀྱི་ཐལ་བ་སུམ་གཉིས་བྱ། །སྟར་བུ་དེ་ཡི་སུམ་ཆ་དང་། །གུར་གུམ་དེ་ཡི་སུམ་ཆ་ནི། །ཀ་ར་དྲུག་འགྱུར་སྦྱར་ལ་བཏངས[བཏང་]། །གསང་སར་ཕྱིན་པ་ཟུག་རྔུ་ཆེ། །རྣག་སྐེམ་འདི་ལས་ལྷག་པ་མེད། །རྒྱ་མཚོའ་ཙམ་ཡང་ཐལ་བར་འགྱུར། །སྙིང་རྗེས་ལྡན་ན་འཚོའ་བར་འགྱུར། །བྱང་ཁོག་ཟླུམ་ཆོས་ཀྱི་ལེའུ་སྟེ་རེ་ལྔ་པའོ།། །།
ལེའུ་རེ་བཞི་པ། ཉྭ་བཞིའི་གསང་ཏིག་བསྟན་པ།
ཉ་[ཉྭ]བཞི་གསང་ཏིག་བཤད་པ་ནི། །རིན་ཆེན་འཕྲུལ་གྱི་ག་བུ་བཤད། །དེ་ལ་སྤྱི་དོན་རྣམ་པ་གསུམ། །གནས་ལུགས་བརྟགས་དང་གསོའ་ཐབས་རྣམ་པ་གཉིས། །ལོག་ནོན་དང་ནི་གསུམ་དུ་འདུས། །གནས་ལ་བརྟགས་ལ་རྣམ་པ་གསུམ། །གནོང་ཅན་བཙོན་དུ་བཟུང་བ་དང་། །སྨྱོ་ཚིག་ཐབས་ཀྱིས་དྲི་བ་དང་། །དྲིས་ནས་ཁ་དམར་གདགས་པའོ། །གནོང་ཅན་བཙོན་དུ་བཟུང་བ་ནི། །གནད་ཀྱི་འཇལ་ཚད་བཟུང་བའོ། །རྐང་པའི་མཐིལ་ན་མཐིལ་ཕྲོགས་གནད། །ཐེ་[མཐེ]བོང་སྤུ་སྐྱེབ་[སྐྱེས]པིར་འགོའི་[མགོའི]གནད། །ཡོབ་གོང་ནས་ནི་འགུ་[འགུལ]རྩའི་གནད། །ལོང་མོ་དག་ནི་ནང་ལོག་ན། །སྙིང་རྩ་ལྕགས་ཀྱི་སྲན་མའི་གནད། །རྟིང་བའི་སོར་རྡོག་ཁྱུད་[མཁྱིད]གང་འཇལ། །དེ་ནི་ཉ་[ཉྭ]མགོའི་གནད་ཡིན་ནོ། །དེ་ནས་ཁྱུད་[མཁྱིད]གང་ཉ་[ཉྭ]སྙིང་གནད། །དེ་ནས་སོར་དྲུག་སྙིང་རྩའི་གནད། །ང་རྡོང་[ངར་གདོང]ཐུར་བར་སྙིང་རྩ་གསེར་མདོང་[མདུང]གནད། །ལྷ་ང་སོར་བཞི་གཉན་འོང་[གོང]གནད། །པུས་མོའི་ཕྱི་ཟུར་ཚིག་འཚམས་[ཚིགས་མཚམས]ནས། །འཛུབ་[མཛུབ]གང་སོར་གཉིས་རྨེན་བུ་དཀར། །དེ་ནས་སོར་གསུམ་སྦྲུལ་འགོ་[མགོ]གཏིང་[གདེངས]། །བརླ་ནང་སུལ་ཁྲིད་རྩ་བོ་ཆེ། །སྣེའུ་[སྣེ]རྩ་གཉེར་རིང་སྙིང་རྩ་དམར། །རྣག་[སྣག]ཆེན་ཤ་སྲུབ་མཁྲིས་རྩ་རིངས། །དཔྱིའི་ཁ་གཟར་སྲབ་མོ་ན། །མཁལ་རྩ་ཁལ་དུ་བཀལ་བའི་གནད། །སྣག་ཆེན་གྱི་ནི་ཕྱི་ཟུར་མཚེར་རྩ་གནད། །དེ་ནི་རྐང་པའི་རྩ་གནད་ཡིན།།
ལག་པའི་གནད་ཀྱི་འཇལ་ཚད་ནི། །ལག་པའི་མཐིལ་ན་མྱུར་བྱེད་གནད། །མཛོད་སྤུ་ཆུང་ན་སྙིང་རྩའི་གནད། །ལྷ་རྩ་བརླའ་རྩ་ནང་ཟུར་གཉིས། །ལག་ངར་ཉ་[ཉྭ]གནད་ཅེས་བྱ་བ། །ཁྲིག་[མཁྲིག]མའི་ཚད་ན་ཁྱུད་[མཁྱིད]གང་འཇལ། །དཔུང་པའི་རྨེན་བུ་སྨུག་པོའི་གནད། །དཔུང་པའི་ནང་ངོས་མཆན་ན་ཡང་། །སྙིང་རྩ་གློ་རྩ་ཞོན་ཁྲིད་ཡིན། །རྨེན་བུ་སྨུག་པོའི་མཆན་ན་ཡར། །ཆག་གང་འཇལ་བ་ལུག་མཇུག་གནད། །སྐྱོག་[སྐྱོགས]ར་སྐྱོག་[སྐྱོགས]ཆུང་དཔུང་བའི་བར། །མཁྲིས་རྩ་གསེར་གྱི་ཀ་བའི་གནད། །སྐྱོག་[སྐྱོགས]རའི་འཚམས་[མཚམས]ན་སོར་བཞི་འཇལ། །སོག་པ་ཡུ་བའི་འབྲེལ་མཚམས་ན། །དེ་ན་རྨེན་བུ་འགོ་[མགོ]སྔོན་གནད། །སྒྲོག་རུས་ཚིག་[ཚིགས]དང་རུས་པའི་ཚིགས། །ཚིགས་པ་འབྲེལ་འཚམས་[མཚམས]དེ་ན་ནི། །གློ་རྩ་ཁུག་པ་ཞེས་བྱའི་གནད། །རྒྱུས་པའི་གནད་བརྒྱད་འཇལ་ཚད་ནི། །ཁྲིག་[མཁྲིག]མའི་ཉེར་[གཉེར]རིང་དབུས་ན་ཡར། །སོར་གསུམ་འཇལ་བ་རྒྱུས་པའི་གནད། །སྒྱིད་ཁུང་གཉེར་རིང་ནང་འཚམས་[མཚམས]ན། །ཆུ་བའི་འོག་ན་རྒྱུས་པའི་གནད། །ཚིགས་པའི་གནད་ནི་བཙལ་མི་དགོས། །གནོང་ཅན་བཙོན་དུ་བཟུང་བའི་ལེའུ་སྟེ་རེ་དྲུག་པའོ།། །།
ལེའུ་རེ་ལྔ་པ། རྐང་རྩ་དྲུག་ལ་མཚོན་ཕོག་བསྟན་པ།
སྨྱོ་ཚིགས་[ཚིག]ཐབས་ཀྱིས་དྲི་བ་ནི། །རྐང་པའི་སྙིང་རྩ་དྲག་པོ་ལ། །མཚོན་གྱིས་ཕོག་པར་གྱུར་པ་ན། །མྱིག་རྩ་དྲུང་[གྲུང]ལ་སྣ་སྒོ་སྐམས། །ལྕེ་རྩ་སྔོ་ལ་སོ་དྲག་[དྲེག]ཆགས། །གློ་སྙིངས་[སྙིང]མྱི་བདེའ་དབུགས་ཀྱིས་བཏེགས། །རྨ་ལ་སྐྲངས་པ་མེད་གྱུར་ན། །བཞར་རམ་བརྡུངས་སམ་ཆོད་པ་ཡིན། །སྟོད་དུ་ཚ་བ་ཤོར་ཉེན་ཡོད། །ལག་པའི་སྙིང་རྩ་དྲུག་པོ་ཡང་། །རྐང་པ་ཆི་[ཇི]བཞིན་ཤེས་པར་བྱ། །རྐང་པའི་མཁྲིས་རྩ་གཉིས་པོ་ཡང་། །མཚོན་གྱིས་གཟིར་བ་ཞག་ལྔ་ནས། །མྱིག་དང་མཐིལ་སེར་སྐོམ་དད་ཆེ། །ཁ་ཁ་ལུས་ཚ་མདོག་ཀྱང་སྣུམ། །རྨ་ཁ་གཟེར་བ་ལྦུ་བ་ཅན། །དེ་ཡང་སྟོད་དུ་ཚ་བ་འཆོར། །ལག་པའི་མཁྲིས་རྩ་དེ་དང་འདྲ། །མཁལ་རྩ་རྣེའུ་[སྣེ་ས]མཚོན་གྱིས་གཟིར་བ་དང་། །རྐང་བཤལ་སྣ་འོན་དཔྱིའ་མྱིག་གཟེར། །ཕྲུམ་སེར་ཁྱེར་ན་མཁལ་རྩ་ཆོད། །རྩ་ཆེན་ཆོད་ན་ཁྲག་འོང་ཞིང་། །སྨད་མཆེད་ཁ་སྐོམ་ཁོང་པ་རྦོས། །གློ་རྩ་གཏིང་རྒྱུགས་ཆོད་པ་ན། །གློ་སྙིང་མི་བདེའ་དབུགས་ཀྱིས་གང་། །གདོང་བ་ཚ་ལ་གྲེ་བ་འགག །རྨ་ལ་སྐྲངས་པ་ཆེ་ཆུང་བྱེད། །གློ་རྩ་འཁོར་བ་ཆོད་པ་ན། །སོག་ཕྲག་གཟེར་ལ་མཇིང་རིང་[རེངས]དཔུང་པ་བཤལ། །སྐབས་སུ་བླ་བཅོལ་ཟེར་བ་ཡིན། །གློ་རྩ་ཀ་རུ་ཆད་ན་སྔམ་བུ་འོང་། །རྨ་མདོག་ངན་ལ་རླུང་དུས་ན། །དེ་རྣམས་རྩའི་ཕྱི་རྟགས་ཡིན། །རྨེན་གྱི་གནད་བརྒྱད་ལྷོག་ཐབ་[ཐབས]སྐྲངས། །ཟུག་ཆེ་ཉ་[ཉྭ]སྐྲངས་འཐོར་བུ་འོང་། །སྟོད་དུ་ཚ་བ་འཆོར་བ་མིན། །ཉ་[ཉྭ]གནད་བཅུ་གཉིས་མཚོན་ཕོག་ན། །སྨུག་པོ་ཕྱིག་ཕྱིག་པོ་རུ་སྐྲངས། །རྣག་མདོག་དམར་རམ་ཁུ་ཚིགས་ཅན། །སྐད་མདངས་ཞན་ལ་རྣག་མདོག་ནག །ཟུར་[ཟུག]གཟེར་ཆེ་ལ་ཉ་[ཉྭ]རྣམས་སྐྲངས། །ཚིག་[ཚིགས]ཆེན་རྣམས་ནི་གཟེར་འགྱུར་ན། །ལྷག་པར་ཟུག་གཟེར་ཆེ་ལ་བསྒུལ་སྤྱོད་[སྐྱོད]དཀའ། །དྲིས་ལན་ཁ་དམར་གདགས་པ་ནི། །སོས་ཤིའི་ཁ་དམར་གདགས་པ་ནི། །སྙིང་རྩ་བཅུ་གཉིས་འཆི་དུས་ནི། །ཐུར་བར་སྙིང་བརྡུང་ཞག་བརྒྱད་ཐུབ། །སྙིང་ཁོང་སྙིང་རྩ་ནག་པོས་ལྔ། །རྣེའུ་[སྣེ]སའི་སྙིང་རྩ་མྱིག་དམར་བདུན། །ལག་པའི་ལྟ་རྩས་ཞག་དྲུག་ཐུབ། །གྲུབ་[གྲུ]གོང་འཕར་རྩས་ཞག་བཞི་ཐུབ། །མཆན་ཁུང་སྙིང་རྩས་ཞག་གཅིག་ཐུབ། །སྙིང་རྩ་གཞན་མ་མཁས་པས་གསོའ་གླགས་ཡོད། །རྨེན་གནད་བརྒྱད་ཀྱིས་སྲོག་འདོར་བྱེད། །དཀར་པོས་བཅུ་གཅིག་སྦྲུལ་འགོས་[མགོས]དགུ། །སྨུག་པོ་ཞག་བདུན་འགོ་[མགོ]སྔོན་ལྔ། །མཐིལ་སྲོག་[འཕྲོག]གནད་ཀྱིས་རྩ་གསུམ་ཐུབ། །སྣག་ཆེན་མཁྲིས་རྩས་ཞག་བཅུ་ཐུབ། །དཔྱིའི་མཁལ་རྩས་བཅུ་བདུན་ཐུབ། །ལག་པའི་མྱུར་བྱེད་བཅོའ་ལྔ་ཐུབ། །དཔུང་པའི་གློ་རྩ་འཁོར་བས་བརྒྱད། །སྐྱོག་[སྐྱོགས]རའི་མཁྲིས་རྩས་བཅུ་གསུམ་ཐུབ། །ཉ་[ཉྭ]སྙིང་རིལ་མ་འབྲིང་པོ་ཙམ། །དེ་ཡིས་ཞག་བདུན་ཐུབ་པར་བཤད། །གནད་ཆེན་བྱིན་པོ་མཁས་པས་ཐུབ། །མདོར་ན་རྨེན་བུ་ཚིལ་གནད་ཀྱིས། །སྐྲངས་ཤིང་མྱུར་དུ་སྲོག་འདོར་བྱེད། །སྙིང་རྩ་ལ་སོགས་རྩ་གནད་ཀྱིས། །སྐྱུག་ཅིང་ཡི་ག་འཆུས་པར་བྱེད། །ཤ་གནད་ལ་སོགས་ཉ་གནད་ཀྱིས། །ན་ཞིང་གཅོང་བར་བྱེད་པ་ཡིན། །ཚིག་[ཚིགས]དང་རྒྱུས་པའི་གནད་རྣམས་ཀྱིས། །ཞ་དང་གྲུམ་པོར་འགྲོ་བ་ཡིན། །གཞན་པ་ལོང་རེ་བསྟུན་ལ་བཅོས། །གནས་ལུགས་དང་འཆི་དུས་ཀྱི་ལེའུ་སྟེ་རེ་བདུན་པའོ།། །།
ལེའུ་རེ་དྲུག་པ། འཁྱགས་པ་བཞུའ་བའི་ཐབས་བསྟན་པ།
ད་ནི་གསོའ་བའི་ཐབས་བསྟན་པ། །དེ་ལ་སྤྱི་དོན་རྣམ་པ་བཞི། །གངས་དཀར་རྩེ་ནས་བཞུའ་བ་དང་། །ཞུན་དུ་སྐམ་ཐར་བྱ་བ་དང་། །རྩི་དོགས་[ཏོག]འཁྲུངས་པར་གདབ་པ་དང་། །བྲོས་མི་ཐང་ནས་དགུག་པའོ། །གངས་རི་རྩེ་ནས་བཞུའ་བ་ནི། །རྨ་ཉིད་སྐྲངས་ནས་འཁྲེབ་པ་ལ། །སྦང་མ་མཁན་པ་ཚ་[ཚྭ]དང་ཕབ[ཕབས]། །དེའི་ལུམས་སུ་གཞུག་པར་བྱ། །དེ་ཡིས་མ་[མི]ན་མ་རྣག་ན། །ཚ་བ་གསུམ་དང་ལྕམ་འབྲས་དང་། །འདེའུ་[འདེ་གུ]བྱས་ལ་རྨ་ལ་བྱུགས། །གྲང་དྲོ་ཚ་གྲང་དུས་དང་བསྟུན། །རྒྱ་བསྐྱེད་ལྕིབ་[འཇིབ]གཞུགས་[གཞུག]རམ་པས་བཅིང་། །དེ་ལ་ཆིངས་ཀྱི་རྒྱུ་བསྟན་པ། །ནས་ནི་ཡན་ལག་སྤྱི་བཅིང་ལ། །མན་ཏྲི་སྐྱོགས་ཀྱི་ནང་དུ་པག་[པགས]ལུམ་[ལུམས]གྲང་བ་དག་ལ་ཤིས། །བལ་གྱིས་གཏར་དང་དུས་སུ་རས་མ་སྦང་མའི་ལྕིབ་[འཇིབ]ཡིན་ནོ།།
རྩིད་པས་འཁོར་དང་བསིང་ལ་བྱ། །རེའུ་བལ་གླང་འདོན་ཆུ་ལྷུག་ལའོ། །སྐུད་པ་ཀུན་གྱི་སྦྲེལ་ནོན་ཡིན། །དེ་རྣམས་རིགས་པས་གང་དགེས་[དགོས]དཔྱད། །བོའུ་[བོལ]གོང་མོན་ནུ་[བུ]ལྷས་ཀྱི་ཆིངས། །ལག་ངར་རྫི་ངར་མདའ་བཅས་ཆིངས། །པུས་མོ་རྒྱ་ཆིངས་སུམ་སྒྲོགས་བྱ། །བརླའ་ལ་དེ་བ་ཆིང་[ཆིངས]སུ་བྱ། །དཔྱིའ་ལ་པ་ཏྲ་ཆིང་[ཆིངས]སུ་བྱ། །སོགས་[སོག]པ་སུམ་སྒྲོག་ལྷས་སུ་བྱ། །དཔུང་པ་ཆུ་སྲིན་ཁ་ཆིང་[ཆིངས]བྱ། །གྲུ་མོ་ལྷ་སུམ་ཆིངས་སུ་བྱ། །ཕྲན་ཙག་[ཚེགས]མན་ཏྲིས་ངོ་རིས་བསྐྲི[དཀྲི]། །བཅིང་ལུགས་དེ་རྣམས་ཀུན་ཏུ་རྒྱུག །དམ་ལྷོད་ལྷམ་སྒྲོགས་ཙམ་དུ་བྱ། །དེས་ཀྱང་འཁྱགས་པ་མ་ཞུ་ན། །ཉ་རྩ་ཚིག་དང་རྨེན་བུས་བརྒྱུགས། །རླུང་མཁྲིས་བད་ཀན་འདུས་པ་ཡི། །བཅོས་ཐབས་བརྒྱད་པའི་ཏི་དཀར་[ཀར]ལྟོས། །གསང་ཏིག་བསྡུས་པ་ཚ་གྲང་གཉིས། །ཚ་གྲང་རྩ་ཆུ་ཕྱི་གཡུལ་[ཡུལ]ཚ། །སྐྲང་མདོག་དམར་ལ་སྐྲང་བ་ཡིན། །
ཧོང་ལེན་ཏིག་ཏ་པར་པ་ཐ[ཏ]། །བྱི་སྐུ་སིང་[སེང]ལྡེང་ཁྱི་ལྕེ་དཀར། །དེ་ལ་སོགས་[སོག]པའི་དེའུ་[འདེ་གུ]ཡིས། །སོ་དོག་[ཐོག]བ་ལྕི་ལྕིབས་[འཇིབས]སུ་གཞུགས[གཞུག]། དེ་དང་ཉེ་བར་གཏང་བར་བྱ། །ཁོང་དུ་བསིལ་བ་གཏང་བ་དང་། །ཕྱི་[ཕྱེ]མའི་སྦྱོར་བ་རིག་པས་དཔྱད། །གྲང་སྐྲངས་རྩ་ཆུ་ཕྱི་གཡུལ་[ཡུལ]གྲངས[གྲང་]། །སྐྲང་མདོག་སྐྱ་ལ་སོབ་པ་ཡིན། །ཚ་[ཚྭ]དང་སྦྲང་དཀར་མར་ནག་དང་། །མཁན་པ་སྦོད་[སྤོད]དང་ལྕམ་འབྲས་ཕབ[ཕབས]། །དྲོད་ཕབ་སྐྲང་ལ་ཁྱབ་པར་བྱུགས། །དྲོད་སྨན་མྱེ་བཙའ་རིག་པས་དཔྱད། །རྨ་མདོག་སྣ་ཚོགས་ཚ་གྲང་འདྲེས། །ལྕིབ་[འཇིབ]སྨན་ཚ་གྲང་འདྲེས་མར་བཅོས། །སྐྲང་པ་ཅིས་ཀྱང་མ་ཐུབ་ན། །གནད་དང་དོན་སྣོད་བོར་བྱས་ལ། །དམར་བྱུ་སུར་ཕུགས་རྒྱ་གྲམ་བརྡེགས། །སྔབ་[རྔབས]རུ་བཙུག་[བཙུགས]ལ་སྨན་གྱིས་བྱུགས། །དངུལ་ཆུ་སྟར་བུ་ཟང་[ཟངས]ཐལ་དང་། །སྤང་རྩི་དོ་བོ་ཁྱི་ལྕེ་དཀར། །གཟེའ་མ་ཐལ་བ་བ་ཆུར་སྦྱར། །བྱུགས་ཏེ་བཅིངས་པས་ཐུབ་པ་ཡིན། །སྤྱིར་ན་རྨ་རྣམས་རླན་པར་འདོད། །རྨེན་བུ་སྐམ་ཆས་བྱ་བ་ཡིན། །རྩ་རྣམས་ཐམས་ཅད་བསིལ་འདོད་དེ། །མཁལ་རྩ་རླུང་རྩ་བསིལ་མི་འདོད། །ཆུ་རྒྱུས་ཐམས་ཅད་རླན་འདོད་དེ། །སྒྱིད་ཁུངས་[ཁུང]ཆུ་བ་རླན་མི་འདོད། །གོང་མ་བཞིན་དུ་སྐམ་ཆས་བྱ། །རྩ་རྣམས་ཐམས་ཅད་སྦང་མ་འདོད། །དྲེག་ལ་རྨ་བྱུངས་[བྱུང]མི་འདོད་ཚིལ་འཇིབ་བྱ། །གལ་ཏེ་རྩ་ཆོད་ཁྲག་མ་ཐུབ། །དེ་ལ་བཅད་ཐབས་རྣམ་པ་ལྔ། །དབང་ལ་བོར་དང་ཁད་དུ་བཅུགས[བཅུག]། ཨུར་ལ་མནན་དང་ཁོང་དུ་སྦ། །གང་དང་མ་ལྡན་གྲང་ལ་བརྟེན། །རྨ་ཁ་སྐྲང་ན་འོལ་ཁ་བསྒྱུར། །འཁྱགས་པ་བཞུའ་བའི་ལེའུ་སྟེ་རེ་བརྒྱད་པའོ།། །།
ལེའུ་རེ་བདུན་པ། ཞུན་བུ་སྐམ་ཐར་བསྟན་པ།
ཞུན་བུ་སྐམ་ཐར་བྱ་བ་ནི། །རྒྱས་པར་ཉ་[ཉྭ]བཞིའི་ཏི་ཀར་ལྟོས། །མདོར་བསྡུས་སྐྲངས་པས་རྣག་ཏུ་སྨིན། །མ་སྐྲང་མདོག་ནི་སྐྱ་ནག་འདུགས[འདུག]། སྟེང་ན་འབྲུམ་བུ་རྣག་གི་རྟགས། །རྨ་དང་བྱི་ཐུར་སྐྲོ་[སྐྲ]རྩ་དང་། འབུར་གྱིས་བྱུང་བའི་ས་རུ་དབུགས[དབུག]། ཁྲག་དང་འཇར་གྱི་སྦྱོར་བ་བྱ། །རྨ་སར་བྱེ་ལ་གཉིས་རྩེག་བཏང་། །སྦང་མ་དང་ནི་ལྕིབ་[འཇིབ]ལ་སོགས། །ཚ་གྲང་ནམ་སླའི་[ཟླའི]ཚོད་དང་སྦྱར། །སྐམ་པའི་ཁ་ཟས་གཏང་བར་བྱ། །རྨ་མདོག་སེར་ལ་རླངས་པ་ཆེ། །ཚ་ཆུ་ཕྱི་གཡུལ་[ཡུལ]ཚ་ན་གཏར། །བསིལ་གྱི་སྦྱོར་བ་དགས་[དགོས]པ་ཡིན། །རྣག་མདོག་སྔོ་ལ་ལྦུ་བ་ཅན། །རྣག་ཆུ་ཕྱི་གཡུལ་[ཡུལ]གྲང་བ་ན། །བསྲེགས་དང་དྲོད་སྨན་སྦྱོར་བ་བྱ། །རྣག་གཅོད་ཤིན་ཏུ་དཀའ་བ་ན། །མུ་ཟི་རམ་ཉེ་ཉོལ་ཤིང་[ར་མཉེ་ཉེ་ཤིང]བ། །ལི་ག་དུར་དང་དོམ་མཁྲིས་པུ་ཙེ་ཤེལ། །བསེའ་རུ་ལོ་མ་ལྔ་དང་ནི། །དངུལ་ཆུ་སྟར་བུ་ཟང་[ཟངས]ཐལ་དང་། །ཙན་དན་དཀར་དམར་གུ་གུལ་དཀར། །བྱང་བ་སྡིག་པ་གྲོག་མ་རྣམས། །སྦྲང་གཡུང་མར་དཀར་སྦྱར་ལ་བཏང་། །དེ་ཡིས་ཆོད་པར་ཐེ་ཚོམ་མེད། །གལ་ཏེ་རྨ་ལ་འབྲུའ་[འབུ]ཞུགས་ན། །དངུལ་ཆུ་སྟར་བུ་ཟང་[ཟངས]ཐལ་དང་། །སྦྱར་ལ་རྨ་ཁོངས་[ཁོང]གཉིས་ཀར་བཏང་། །ནད་པ་ཚད་སྐྱེས་སྐོམ་དད་ཆེ། །དེ་ལ་ཆུ་འཐུངས་སྦྱོར་བ་བྱ། །སྤྱི་བཞུལ་[བཞུར]ཧོང་ལེན་བཏགས་པ་དང་། །ཤ་རུའི་ཐལ་བ་སྦྱར་ལ་བཏང་། །ཆུ་ཡི་མྱེ་ལ་ཕོག་མ་ཡིན། །དང་པོ་ཞག་གསུམ་ཡང་ན་དགའ། །ཤ་རོ་ཆེ་ན་བཅད་[གཅོད]པའི་སྨན། །དུར་བྱིད་དངུལ་ཆུ་ལ་སོགས་གདབ། །སྒྱོགས་ཀྱི་སྦྱོར་བ་འདི་ལྟར་བྱ། །ཁྲིག་[མཁྲིག]མའི་ཆུ་བ་ཆད་པ་དང་། །ཚིག་[ཚིགས]ཀ་བྲལ་ན་ཉམས་ཤེད་དམའ། །ཉ་[ཉྭ]སུལ་རྣག་ཤོར་ཟུག་གཟེར་ཆེ། །རྐང་ལག་ཆད་དང་ཉ་[ཉྭ]ཆད་དང་། །བྲམ་ཙེ་[པྲན་རྩེ]ཞིག་དང་ཉ་[ཉྭ]ཁྲོལ་དང་། །ཆག་དང་རླུང་ཤས་ཆེ་ལ་སྒུར། །ཚ་བ་སྐྱེས་ན་ལྷ་མགོའ་ཆད། །གོང་ལས་བཟློག་[ལྡོག]པ་རྣམས་ལ་སྤང་། །དཔུང་པ་ཆུ་སྲིན་ཁ་དང་ལྟོ་བ་གཉིས། །གྲུ་མོ་ལ་ནི་ཟུར་ཆོད་སྒྱོགས། །ཁྲིག་[མཁྲིག]མ་བྲེ་ཐབ་ཟིག་པ་གཉིས། །དཔྱིའ་ལ་ཁྲོལ་མོ་སྒྱོགས་སུ་བྱ། །པུས་མོ་མལ་ཁྲི་སྒྱོགས་སུ་བྱ། །ཟུར་སྒྱོགས་དང་ནི་བྱ་ཟེ་ཅན། །བསིལ་སྒྱོགས་དང་ནི་བཞི་རུ་བསྟན། །རྒྱ་ཚིག་[ཚིགས]དང་ནི་སྒྲོམ་ཐབས་དང་། །སྙུག་ཁ་དང་ནི་གཉིས་སུ་བསྟན། །ཚིགས་པ་ལ་ནི་ཐང་ཤིང་སྒྱོགས། །ཕྱག་དང་བསྐུར་ཐབས་བླ་མའི་ཕྱག་ལ་ཞུས། །དེ་ནས་སྒྱོགས་དང་བྲལ་དུས་སུ། །མི་ཡིས་འདེག་[འདེགས]མི་དོགས་པ་དང་། །རྐང་ལག་འདེག་[འདེགས]མི་ནུས་པས་ཕྱིས་ཏེ་འགྲོ། །ཟུག་མེད་དུས་ན་དབུལ་བར་བྱ། །ཞུན་འཐར་[ཐར]གཉིས་ཀྱི་དུས་སུ་ནི། །ཁ་ཟས་ཚ་གྲང་བརྟག་ལ་བཏངས[བཏང]། །མདོར་ན་ཡང་ལ་སྐེམ་པ་བཏངས[བཏང]། །ཡང་ཏིག་འཐར་[ཐར]བྱེད་ཀྱི་ལེའུ་སྟེ་རེ་དགུའ་པའོ།། །།
ལེའུ་རེ་བརྒྱད་པ། ཉྭ་བཞིའི་འཁྲུང་ངར་བསྟན་པ།
ད་ནི་རྩི་དོགས་[ཏོག]འཁྲུངས་དྲངས་བརྟགས། །དེ་ལ་མཐར་ཐག་[ཐུག]ཆོད་པ་དང་། །ངར་མཆིས་གཞན་བྲོས་རྣམས་སུ་འགྲོ། །ན་སོ་རྒན་དང་གཞོན་པ་དང་། །བཅུད་ཀྱང་དེ་དང་འདྲ་བར་བཏངས[བཏང་]། །གྲང་བར་ཆེའམ་རྒས་པ་ལ། །ལུག་ཤ་མར་རྙིང་གར་ཆང་གཤང་[བཏང་]། །ཚ་བ་ཆེའམ་དར་མ་ལ། །གློ་བ་ལྒོ་[དགོ]ཤ་གྲོ་ཆང་གཏངས[བཏང་]། །བསྒྲེས་དང་བྱིས་སྦ་[པ]ཁྲོལ་བུར་བཏངས[བཏང་]། །རྨ་ལ་ཤ་བུ་བསྐྱེད་སྨན་བཏངས[བཏང་]། །ཤ་སྨྱོན་བྱུང་ན་ཉ་ར་སྨད། །ཉ་[ཉྭ]བཞི་འཁྲུང་ངར་གྱི་ལེའུ་སྟེ་བདུན་ཅུ་པའོ།། །།
ལེའུ་རེ་དགུ་པ། ཟུག་རྔུ་བརྟག་པ།
བྲོས་མི་ཐང་ནས་དགུག་པ་ལ། །བཞའ་ལྡམ་འཁྲོས་དང་ཤོར་བ་དང་། །ཟུག་རྔུ་ལོག་ནོན་ཚིག་[ཚིགས]ཆུ་དང་། །ཆག་དང་བུད་པའི་བཅོས་ཐབས་རྣམས། །ཞིབ་མོར་ཉ་[ཉྭ]བཞིའི་ཏི་ཀར་ལྟོས། །རླུང་རྩའི་གནད་ལ་ཟིན་གྱུར་ན། །ཞག་གསུམ་ཚུན་ཆད་དགུག་པར་བྱ། །བད་ཀན་ཞག་ལྔ་མཁྲིས་པ་བདུན། །ཚིག་[ཚིགས]ལ་ཟིན་ན་བསྒུལ་སྤྱོད་[སྐྱོད]སྤང་། །ཉ་[ཉྭ]གནད་སྐམ་ཆས་རྩ་དུབ་ལུམ[དུགས་ལུམས]། །རྨེན་བུ་བུག་ཚོལ་ཆུ་རྒྱུས་མེད། །དྲེག་ལ་རླན་འཇིབ་སྤང་བར་བྱ། །ཟུག་རྔུ་དམར་ཐོན་གདུབ་པ་ནི། །གནད་ཆེན་བདུན་ཅུ་རྩ་གཉིས་ལ། །ཟུག་པ་མི་འཚོ་བརྡུངས་པ་ན། །བཞག་པར་མི་བྱ་འདོན་པར་བྱ། །ཚིགས་པར་སོང་དང་རྒྱ་ཚིག་[ཚིགས]དང་། །སྦམ་ཚིགས་སོག་མཚོའ་མུ་བ་དང་། །སོག་མ་གནག་མ་དམར་ཐོན་བྱ། །རང་བྱུང་བཞག་པ་རྣམ་པ་བཞི། །དཔུང་པའི་ལྷ་བ་ནག་པོ་དང་། །རྐང་པའི་གློ་བར་དག་ན་ནི། །འཕང་ལོ་བཅགས་པ་འདྲ་བར་བཞག །རྐང་མར་རྩ་ལ་སོང་འགྱུར་ན། །མྱིག་སྤྲིན་སེར་ལ་ལྡང་དུབ་ཆེ། །དེ་ནི་མྱུར་དུ་འདོན་པར་བྱེད། །དཔུང་རྐང་ལག་ངར་གློ་རྩ་མཚེར། །བརླ་རྐང་མཁལ་རྩ་རྫི་[རྗེ]ངར་སྙིང་རྩ་མཚེར། །དེ་རྣམས་གནས་པར་རབ་ཏུ་གཉན། །དཔྱད་ཅིང་བརྟག་ལ་འདོར་བར་བྱ། །བྱིན་པའི་རུས་པའི་ཟུག་རྔུ་ནི། །སྐམ་པས་མདེའུ་རྙིལ་བསོའ་[གསོ]ཤིན་བཞགས[བཞག]། །ཞག་འགའ་ལོན་ནས་དཔྱད་ཅིང་འདོན། །གལ་ཏེ་ཟུག་རྔུ་མི་རྙེད་ན། །ཟུག་ཆེ་སྐྲང་དང་བ་སྤུ་ཉལ། །ཤ་མདོག་ལོག་པའི་ས་ན་ཡོད། །ཐུར་མ་བརྒྱབ་ལ་བཙལ་ཅིང་འདོན། །དགོས་པར་བྱུང་ན་ཝ་ལོང་སྦྱར། །ཆ་སྤྱད་[བྱད]གང་འགྲོ་རིག་པས་དཔྱད། །བརླའ་སུལ་སོང་ན་རྣག་དང་འགྲོག་སྟེ་འོང་། །ཟུག་རྔུའི་ལེའུ་སྟེ་དོན་གཅིག་པའོ།། །།
ལེའུ་བདུན་ཅུ་པ། ཉྭ་བཞིའི་ལོག་གནོན་བསྟན་པ།
ལོག་ནོན་ཚ་གྲང་རྩ་ལ་བརྟགས། །ཚ་ལོག་གཏར་དང་བསིལ་བ་དང་། །ཁ་ཟས་སྤྱོད་ལམ་དེ་ལྟར་ཤེས། །རླུང་དང་བད་ཀན་མཁྲིས་པར་ལོགས[ལོག] །དེ་ཡང་དེ་དང་འཚམ་པར་བཅོས། །འཁྲུལ་དང་གཉན་བྱེད་ཚིག་[ཚིགས]ཆུ་ཡིན། །ཚ་བ་གྲང་བ་གཉིས་པོ་དགས[དག]། རྣག་དང་ཆུ་ལ་བརྟག་པར་བྱ། །དེ་ཡང་ཚ་གྲང་གོང་བཞིན་ཤེས། །རྒྱས་པར་ཉ་[ཉྭ]བཞིའི་ཏི་ཀར་ལྟོས། །ཉ་[ཉྭ]བཞིའི་ལེའུ་སྟེ་དོན་གཉིས་པའོ།། །།
ལེའུ་དོན་གཅིག་པ། ཟས་སྤྱོད་ཀུན་བསྟན་པ།
ཟས་ལ་བསིལ་དྲོད་སྙོམས་དང་གསུམ། །ཡང་བ་དང་ནི་བཞི་རུ་བཤད། །བསིལ་བ་གཡུང་ཤ་ར་ཤ་དང་། །རྐྱང་དང་བྱ་ཤ་དྲོད་ཀྱི་ཤ །རྔ་མོང་ནད་གཞི་ཀུན་ལ་སྙོམས། །ལྒོ་[དགོ]ཤ་རྣ་ཤ་སྲགས་པ་དང་། །སྤུ་བུ་རྣམས་ཀྱང་བསིལ་བའི་ཤ །ལུག་ཤ་རྐྱང་ཤ་རྒོད་ཤ་དང་། །ཤ་དང་བྱ་ཤ་དྲོད་ཀྱི་ཤ །ནད་ཤ་རི་བོང་ནད་གཞི་ཀུན། །ཝ་མན་གཅན་ཟན་[གཟན]ཤའི་དྲོད། །ནས་སྔོན་སྨན་ཆང་བསོའ་མ་བསིལ། །སོ་བ་སྤང་སྟེ་སྨུག་པོ་སེལ། །གྲོ་དང་བྲ་བོ་ནས་དཀར་ཟན་ཆང་སྙོམས། །སྤྱོད་ལམ་བསིལ་དྲོད་སྙོམས་དང་གསུམ། །ཚ་བ་ཅན་ནི་གྲིབ་མ་སེར་བུ་དང་། །སྔ་གོང་བསིལ་ས་བསྟན་པར་བྱ། །གཉིད་དང་དྲོ་ས་བྱིབ་[བྱིབས]པ་སྤང་། །གྲང་བ་ཅན་ནི་དྲོ་ས་ཉི་མ་དང་། །གཅན་ཟན་[གཟན]སྤུ་གོས་བརྟེན་[བསྟེན]པར་བྱ། །གཉིས་ལྡན་སྤྱོད་ལམ་ཤེས་པར་བྱ། །ཟ་[ཟས]སྤྱོད་ཀུན་གྱི་ལེའུ་སྟེ་དོན་གསུམ་པའོ།། །།
ལེའུ་དོན་གཉིས་པ། མདོར་དོན་བསྟན་པ།
མདོའ་རིན་པོ་ཆེ་གསང་བའི་འགྲེལ་ཆེན་རྫོགས་སོ། །རིན་པོ་གསང་བའི་ཏི་ཀ །རྒྱུད་སྡེ་ཀུན་གྱི་སྙིང་པོ། །ཀླུ་སྒྲུབ་ཐུགས་ཀྱི་སྙིང་ཁུ། །ངོ་མཚར་རྨད་དུ་བྱུང་བའི་གདམས་པ། །འགྲོ་བ་ཡོངས་ཀྱི་འདྲེན་སྟོན། །མུན་པ་བསལ་བའི་སྒྲོན་མ། །ནད་པ་གསོའ་བའི་བདུད་རྩི། །ལེའུ་བདུན་ཅུ་དོན་བཞིའོ།།
མུ་ཏིག་གཙལ་[གཙག]ལ་བརྒྱུས་པ་འདྲ། །རིན་ཆེན་གསང་ཏིག་ཅེས་བྱ་བ། །ཚིག་ཏུ་ཉུང་ལ་དོན་ཆེ་བ། །རྟོག་པར་སླ་ཡང་མཐོང་བར་དཀའ། །སྨན་པ་ཡན་ལག་བཞི་ལྡན་པའི། །ལྷ་རྗེ་གཉན་སྨན་དག་ལ་ནི། །དབུས་པ་མྱང་གིས་ཞུས་པའོ། །དེ་ནས་མཁས་བཙུན་ཅེ་ལ་གནང་བའོ། །རྒྱས་དང་མ་རྒྱས་ཚིག་དོན་ཀུན། །དཔེའ་ཕྱི་དག་ལ་ལེགས་པར་གཏུགས། །མཁས་པ་རྣམས་ཀྱིས་ཐུགས་ལ་ཞོག །བློ་དམན་རྣམས་ལ་དེ་ལྟར་མྱིན། །། ཨྠི། རྫོགས་སོ།། །།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༧ ནས་ ༣༦༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།