བཞི་པ། མདོ་སྡེའི་སྐོར།
བཀའ་འཁོར་ལོ་རིམ་པ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་བཀའི་དགོངས་པ་གཙོ་ཆེར་འགྲེལ་པར་བྱེད་པའི་བསྟན་བཅོས་ལ། བཀའ་སོ་སོའི་དགོངས་འགྲེལ་དང་། སྤྱིའི་དགོངས་འགྲེལ་གཉིས་ལས། དང་པོ་བཀའ་སོ་སོའི་དགོངས་འགྲེལ་ནི།
༡༢༤༽ མདོ་སྡེ་ ༼ངི༽ པར། རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།
རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས་དང་། ཛྙཱ་ན་ཀུ་མཱ་རས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༥ ལྡེབ་ ༡༨ན༣ ནས་ ༢༠བ༤ བར་ཡིག་ཕྲེང་ ༣༧ ཚིག་རྐང་ ༧-༢༧༩ ཚེག་ཁྱིམ་ ༢༠༠༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༥ ལྡེབ་ ༢༢ན༣ ནས་ ༢༥ན༦ བར་ཡིག་ཕྲེང་ ༥༢ ཚིག་རྐང་ ༧༢༧༩ ཚེག་ཁྱིམ་ ༤༧༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༥ ལྡེབ་ ༡༨ན༧ ནས་ ༢༢བ༧ བར་ཡིག་ཕྲེང་ ༣༨ ཚིག་རྐང་ ༧༢༧༩ ཚེག་ཁྱིམ་ ༢༠༢༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༥ ལྡེབ་ ༡༨ན༧ ནས་ ༢༠བ༦ བར་ཡིག་ཕྲེང་ ༣༥ ཚིག་རྐང་ ༧༢༧༩ ཚེག་ཁྱིམ་ ༢༠༠༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ་ ༼ངི༽ དེབ་ཨང་ ༦༥ པ། ཤོག་གྲངས་ ༧༧༤ ནས་ ༧༨༠ བར་བཞུགས་པ་བཅས་སོ།།
༡༢༥༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ། བརྒྱ་ཕྲག་བཅུ་གཉིས་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས་དང་། ཛྙཱ་ན་ཀུ་མཱ་རས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༦ བམ་པོ་ ༤ ལྡེབ་ ༢༠བ༤ ནས་ ༥༥བ༣ བར་ཡིག་ཕྲེང་ ༤༩༠ ཚེག་ཁྱིམ་ ༣༠༣༦༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༦ བམ་པོ་ ༤ ལྡེབ་ ༢༥ན༧ ནས་ ༦༩ན༦ བར་ཡིག་ཕྲེང་ ༧༠༤ ཚེག་ཁྱིམ་ ༣༠༣༤༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༦ བམ་པོ་ ༤ ལྡེབ་ ༢༢བ༧ ནས་ ༦༣ན༤ བར་ཡིག་ཕྲེང་ ༥༦༥ ཚེག་ཁྱིམ་ ༣༠༢༩༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༦ བམ་པོ་ ༤ ལྡེབ་ ༢༠བ༧ ནས་ ༥༧བ༡ བར་ཡིག་ཕྲེང་ ༥༡༣ ཚེག་ཁྱིམ་ ༢༩༥༤༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ་ ༼ངི༽ དེབ་ཨང་ ༦༥ པ། ཤོག་གྲངས་ ༧༨༣ ནས་ ༨༧༢ བར་བཞུགས་པ་བཅས་སོ།།
༡༢༦༽ མདོ་སྡེ་ ༼ཇི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་པཏྟི་དེ་ཤ་ན་བྲིཏྟི། བོད་སྐད་དུ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥས་ (ཛྙཱ་ན་དེ་ཝ་ཀོ་ཥ།) བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཇི༽ ཚན་གྲངས་ ༨ ལྡེབ་ ༡༧༨ན༤ ནས་ ༡༨༧བ༣ བར་ཡིག་ཕྲེང་ ༡༣༣ ཚེག་ཁྱིམ་ ༧༩༦༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ས་བཅུ། པོད་རྟགས། ༼ཇི༽ ཚན་གྲངས་ ༨ ལྡེབ་ ༢༡༥ན༤ ནས་ ༢༢༧ན༦ བར་ཡིག་ཕྲེང་ ༡༩༥ ཚེག་ཁྱིམ་ ༧༩༨༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཇི༽ ཚན་གྲངས་ ༨ ལྡེབ་ ༢༠༩བ༧ ནས་ ༢༢༡བ༡ བར་ཡིག་ཕྲེང་ ༡༦༣ ཚེག་ཁྱིམ་ ༧༩༨༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཇི༽ ཚན་གྲངས་ ༨ ལྡེབ་ ༡༧༨ན༣ ནས་ ༡༨༨ན༢ བར་ཡིག་ཕྲེང་ ༡༤༠ ཚེག་ཁྱིམ་ ༧༩༦༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ་ ༼ངི༽ དེབ་ཨང་ ༦༧ པ། ཤོག་གྲངས་ ༤༦༨ ནས་ ༤༩༡ བར་བཞུགས་པ་བཅས་སོ།།
༡༢༧༽ མདོ་སྡེ་ ༼ཉི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ན་མ་ཧཱ་རཱ་ཛ་ནི་བནྡྷ་ན། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། ཁ་ཆེའི་མཁན་པོ་ཐིག་ལེ་བུམ་པ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཉི༽ ཚན་གྲངས་ ༢ རྣམ་པ་ ༡༠ ལྡེབ་ ༡༦༣བ༤ ནས་ ༡༨༢ན༡ བར་ཡིག་ཕྲེང་ ༢༥༧ ཚེག་ཁྱིམ་ ༡༥༧༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཏིང་འཛིན་རྒྱལ། པོད་རྟགས། ༼ཉི༽ ཚན་གྲངས་ ༢ རྣམ་པ་ ༡༠ ལྡེབ་ ༡༨༩བ༧ ནས་ ༢༡༡ན༢ བར་ཡིག་ཕྲེང་ ༣༤༠ ཚེག་ཁྱིམ་ ༡༥༧༣༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཉི༽ ཚན་གྲངས་ ༢ རྣམ་པ་ ༡༠ ལྡེབ་ ༡༨༥ན༤ ནས་ ༢༠༦ན༤ བར་ཡིག་ཕྲེང་ ༢༩༥ ཚེག་ཁྱིམ་ ༡༥༧༣༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཉི༽ ཚན་གྲངས་ ༢ རྣམ་པ་ ༡༠ ལྡེབ་ ༡༦༧བ༧ ནས་ ༡༨༧ན༡ བར་ཡིག་ཕྲེང་ ༢༦༨ ཚེག་ཁྱིམ་ ༡༥༧༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ་ ༼ཉི༽ དེབ་ཨང་ ༦༧ པ། ཤོག་གྲངས་ ༡༡༨༢ ནས་ ༡༢༣༠ བར་བཞུགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༥ ནས་ ༢༠༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།