བཅུ་གཅིག་པ། སྣ་ཚོགས་སྐོར།
༡༤༢༽ སྣ་ཚོགས་ ༼ངོ༽ པ་ལ། རྒྱ་གར་སྐད་དུ། པྲ་ཛྙཱ་ཤ་ཏི་ཀ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཤེས་རབ་ཅེས་པ་བརྗོད་བྱའི་ཆ་ནས་དང་། བརྒྱ་པ་ཞེས་པ་གཞུང་ཚད་ཀྱི་ཆ་ནས་མཚན་བཏགས་པ་ཞིག་སྟེ།
ལེགས་ཉེས་བླང་དོར་གྱི་འཇུག་ལྡོག་མ་ནོར་བར་བྱེད་པའི་ཤེས་རབ་ཀྱི་མཐར་སོན་པ་དེ་ཉིད་བརྗོད་བྱའི་གཙོ་བོར་བྱས་ཤིང་། རྗོད་བྱེད་ཚིགས་བཅད་བརྒྱ་ཐམ་པ་ཡོད་པས་ན་ཤེས་རབ་བརྒྱ་པ་ཞེས་སམ། ཡང་གཞུང་དེ་ཉིད་ལས། ཡི་གེ་ཉུང་ལ་དོན་མང་བ། །གཏན་ཚིགས་སྣ་ཚོགས་རྣམས་ཀྱིས་བརྒྱན། །འདི་ནི་ཚིགས་སུ་བཅད་པ་བརྒྱ། །ཤེས་རབ་བརྒྱ་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཚིག་ཚོགས་ཀྱི་སྤྲོས་པ་ཉུང་ཉུང་གི་སྒོ་ནས་བརྗོད་དོན་རྒྱ་ཆེ་བ་ཤེས་རབ་ཀྱི་རང་བཞིན་ལ་སྒྲུབ་བྱེད་གཏན་ཚིགས་ཀྱི་རྣམ་གཞག་དངོས་ཤུགས་གང་རུང་དུ་བརྒྱན་ཡོད་པས་མཚན་དེ་ལྟར་བཏགས་པར་གསུངས་པ་ལྟར། ཤེས་རབ་བརྒྱ་པ་ནི། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤིག་དང་། ལྷག་པར་འཇིག་རྟེན་གྱི་ལུགས་སྲོལ་བཟང་པོ་དང་ཡང་མཐུན་ལ། དམ་པའི་ཆོས་དང་ཡང་མི་འགལ་བར་མངོན་མཐོ་དང་ངེས་ལེགས་གཉིས་ཀྱི་ནང་ནས་གཙོ་བོར་མངོན་མཐོ་སྒྲུབ་བྱེད་ཀྱི་ཐབས་སྟོན་པའི་གཞུང་ཞིག་ཡིན། དེ་ཡང་བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༡༦ ལྡེབ་ ༩༩བ༤ ནས་ ༡༠༣ན༧ བར་ཡིག་ཕྲེང་ ༥༣ ཚིག་རྐང་ ༧-༤༠༡ ཚེག་ཁྱིམ་ ༢༩༤༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༡༨ ལྡེབ་ ༡༤༠བ༤ ནས་ ༡༤༥ན༣ བར་ཡིག་ཕྲེང་ ༧༢ ཚིག་རྐང་ ༧-༤༠༡ ཚེག་ཁྱིམ་ ༢༩༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༡༨ ལྡེབ་ ༡༦༡བ༡ ནས་ ༡༦༥བ༤ བར་ཡིག་ཕྲེང་ ༦༠ ཚིག་རྐང་ ༧-༤༠༡ ཚེག་ཁྱིམ་ ༢༩༣༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༡༦ ལྡེབ་ ༩༦ན༧ ནས་ ༩༩བ༦ བར་ཡིག་ཕྲེང་ ༤༩ ཚིག་རྐང་ ༧-༤༠༡ ཚེག་ཁྱིམ་ ༢༩༤༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༡༢༩༢ ནས་ ༡༣༠༡ བར་བཞུགས་པ་བཅས་སོ།།
༡༤༣༽ སྣ་ཚོགས་ ༼ངོ༽ པ་ལ། རྒྱ་གར་སྐད་དུ། ནཱི་ཏི་ཤཱསྟྲ་པྲ་ཛྙཱ་དཎྜ་ནཱ་མ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་བ། ལོ་ཙཱ་བ་ཤཱི་ལེནྡྲ་བོ་དྷི་དང༌། བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ནི་གཙོ་བོར་བློན་པོ་ལ་གདམས་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤིག་སྟེ། འཇིག་རྟེན་ཚུལ་ལུགས་དང་མཐུན་པར་སྟོན་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཤ་ཆས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༡༧ ལྡེབ་ ༡༠༣ན༧ ནས་ ༡༡༣ན༤ བར་ཡིག་ཕྲེང་ ༡༣༨ ཚིག་རྐང་ ༧-༨༤༧། ༩-༡༤༢། ༡༡-༣༦། ༡༣-༨། ༡༩-༤ ཚེག་ཁྱིམ་ ༧༧༥༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༡༩ ལྡེབ་ ༡༤༥ན༤ ནས་ ༡༥༦བ༧ བར་ཡིག་ཕྲེང་ ༡༨༨ ཚིག་རྐང་ ༧-༨༤༧། ༩-༡༤༢། ༡༡-༣༦། ༡༣-༨། ༡༩-༤ ཚེག་ཁྱིམ་ ༧༧༥༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༡༩ ལྡེབ་ ༡༦༥བ༤ ནས་ ༡༧༦བ༤ བར་ཡིག་ཕྲེང་ ༡༥༥ ཚིག་རྐང་ ༧-༨༤༧། ༩-༡༤༢། ༡༡-༣༦། ༡༣-༨། ༡༩-༤ ཚེག་ཁྱིམ་ ༧༧༤༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༡༧ ལྡེབ་ ༩༩བ༦ ནས་ ༡༠༩ན༤ བར་ཡིག་ཕྲེང་ ༡༣༢ ཚིག་རྐང་ ༧-༨༤༧། ༩-༡༤༢། ༡༡-༣༦། ༡༣-༨། ༡༩-༤ ཚེག་ཁྱིམ་ ༧༧༥༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༡༣༠༥ ནས་ ༡༣༢༩ བར་བཞུགས་པ་བཅས་སོ།།
༡༤༤༽ སྣ་ཚོགས་ ༼ངོ༽ པ་ལ། རྒྱ་གར་སྐད་དུ། བྱ་ཤ་སུ་ཛནྟུ་བིནྡུ་པོ་ཤ་ནཱ་མ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བའོ། །ཞེས་པ་ལྟར་འདི་ནི་ལུགས་ཀྱི་བསྟན་བཅོས་ཤིག་སྟེ། རྒྱལ་བློན་འབངས་དང་བཅས་པས་འཇིག་རྟེན་ཐོག་ལས་དོན་སྒྲུབ་ཚུལ་དང་། གནད་དོན་ལ་བསམ་བློ་གཏོང་སྟངས་སོགས་དཔེ་དོན་གཉིས་ཀའི་ཐོག་ནས་གསུངས་ཡོད། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༡༨ ལྡེབ་ ༡༡༣ན༤ ནས་ ༡༡༦བ༤ བར་ཡིག་ཕྲེང་ ༥༠ ཚིག་རྐང་ ༧-༣༡༦། ༩-༤༨། ༡༣-༤ ཚེག་ཁྱིམ་ ༢༧༨༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༢༠ ལྡེབ་ ༡༥༦བ༧ ནས་ ༡༦༡ན༣ བར་ཡིག་ཕྲེང་ ༦༩ ཚིག་རྐང་ ༧-༣༡༦། ༩-༤༨། ༡༣-༤ ཚེག་ཁྱིམ་ ༢༧༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༢༠ ལྡེབ་ ༡༧༦བ༥ ནས་ ༡༨༠བ༤ བར་ཡིག་ཕྲེང་ ༥༦ ཚིག་རྐང་ ༧-༣༡༦། ༩-༤༨། ༡༣-༤ ཚེག་ཁྱིམ་ ༢༧༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ངོ༽ ཚན་གྲངས་ ༡༨ ལྡེབ་ ༡༠༩ན༤ ནས་ ༡༡༢བ༢ བར་ཡིག་ཕྲེང་ ༤༨ ཚིག་རྐང་ ༧-༣༡༦། ༩-༤༨། ༡༣-༤ ཚེག་ཁྱིམ་ ༢༧༨༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༡༣༣༣ ནས་ ༡༣༤༢ བར་བཞུགས་པ་བཅས་སོ། །འདི་དཀར་ཆག་ལྡན་དཀར་མར་མི་གསལ་ཡང་། བུ་སྟོན་ཆོས་འབྱུང་གི་ནང་དཀར་ཆག་འགོད་གནང་མཛད་འདུག་གོ།
༡༤༥༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་དུ། བཛྲ་པྲ་ཎི་དྷཱ་ནཾ། བོད་སྐད་དུ། རྡོ་རྗེའི་སྨོན་ལམ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དངོས་གྲུབ་བརྙེས་པའི་དབང་ཕྱུག་དཔལ་ནགས་ཀྱི་རིན་ཆེན་དང༌། དེ་ཉིད་ཀྱི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་རིག་པ། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༡ ལྡེབ་ ༣༡༥ན༥ ནས་ ༣༡༦ན༣ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༡ ཚེག་ཁྱིམ་ ༦༡༣། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༡ ལྡེབ་ ༣༡༨ན༧ ནས་ ༣༡༩ན༥ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༧༡ ཚེག་ཁྱིམ་ ༦༡༣། ག༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༦༧༠ ནས་ ༡༦༧༢ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་པེ་ཅིན་དང་སྣར་ཐང་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༡༤༦༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཨཱ་ཀ་ར་པྲ་ཎི་དྷཱ་ན། བོད་སྐད་དུ། བྱང་ཆུབ་འབྱུང་བའི་སྨོན་ལམ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོ་སྟེ་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༢ ལྡེབ་ ༣༡༦ན༣ ནས་ ༣༡༧ན༣ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༦༤ ཚེག་ཁྱིམ་ ༦༢༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༡༦ ལྡེབ་ ༣༠༤ན༥ ནས་ ༣༠༥ན༧ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༩-༦༤ ཚེག་ཁྱིམ་ ༦༢༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༡༧ ལྡེབ་ ༢༩༧ན༡ ནས་ ༢༩༨ན༢ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༩-༦༤ ཚེག་ཁྱིམ་ ༦༢༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༢ ལྡེབ་ ༣༡༩ན༥ ནས་ ༣༢༠ན༣ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༩-༦༤ ཚེག་ཁྱིམ་ ༦༢༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༦༧༤ ནས ༡༦༧༦ བར་བཞུགས་པ་བཅས་སོ།།
༡༤༧༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ནཱ་གཱ་རྫུ་ན་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ། ༼སྨོན་ལམ་འཁོར་ཚེ་མ།༽ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཞེས་བྱ་བ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཞིང་། དེ་ཡང་སྣར་ཐང་དང་སྡེ་དགེ་བསྟན་འགྱུར་གཉིས་ཀར་འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་གསལ་ནའང་། སྨོན་ལམ་གྱི་མཇུག་མཐར་བསྒྱུར་མཁན་ལོ་པཎ་སུ་ཡིན་གྱི་འགྱུར་བྱང་མི་གསལ་ཡང་། ཆག་ལོའི་རྣམ་ཐར་ལེའུ་བཅུ་བཞི་པའི་[2]ནང་། ཆག་ལོ་དགུང་ལོ་རེ་གཅིག་ལ་ཕེབས་པ་རྟའི་ལོ་ལ་ཐང་པོ་ཆེར་བྱོན། སྟོན་ཆོས་ལ་གཞུང་ཚན་མང་པོ་ཞིག་གསུངས་པའི་ཁྲོད་ཀླུ་སྒྲུབ་ཀྱི་སྨོན་ལམ་ཚིགས་སུ་བཅད་པ་དགུ་པ་འགྱུར་བཅོས་ནས་གསུངས། ཞེས་འཁོད་པས་གཞུང་འདི་གསར་དུ་བསྒྱུར་མཁན་ཆག་ལོ་མིན་ནའང་། ཞུ་དག་དང་འགྱུར་བཅོས་ཆག་ལོས་མཛད་ཚུལ་གསལ་ལ། ད་དུང་ཆག་ལོས་འགྱུར་བཅོས་གནང་སའི་ཀླུ་སྒྲུབ་ཀྱི་སྨོན་ལམ་དེ་འདི་ཉིད་ཡིན་པ་གང་གིས་རྟོགས་སམ་ཞེ་ན། ཆག་ལོའི་རྣམ་ཐར་ནང་ཀླུ་སྒྲུབ་ཀྱི་སྨོན་ལམ་ཚིགས་སུ་བཅད་པ་དགུ་པ་ཞེས་གསལ་བ་དང་། བསྟན་འགྱུར་ནང་བཞུགས་ཀྱི་འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་པ་འདིར་ཡང་ཚིགས་སུ་བཅད་པ་དགུ་དང་། རྐང་པ་གཅིག་སྟེ་ཁྱོན་ཚིག་རྐང་ ༣༧ ཡོད་པས་ཐེ་ཚོམ་མི་དགོས་སྙམ་མོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
གཞན་ཡང་བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས་[3]དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་དཔལ་དེ་ཁོ་ན་ཉིད་འདུས་པ་ལས་བྱུང་བའི་ཆོས་སྤྱོད་རབ་ཏུ་གསལ་བ་ཕན་བདེའི་འབྱུང་གནས་ནོར་བུའི་བང་མཛོད་[4]བཅས་ཀྱི་མཚན་བྱང་དུ་སྨོན་ལམ་འཁོར་ཚེ་མ་ཞེས་དང་། ཀཾ་ཚང་སྨོན་ལམ་ཐོར་བུའི་སྐབས་[5]སུ་འཁོར་བ་འཁོར་ཚེ་མ་ཞེས་བཀོད་འདུག་ལ། ཚིགས་བཅད་འགའ་ཞིག་རྐང་པ་རིང་འཐུང་མི་མཉམ་པ་དང་། ཆོས་སྤྱོད་ཁག་ཏུ་གསལ་བའི་འཁོར་ཚེ་མར་ཚིགས་སུ་བཅད་པ་འགའ་ཞིག་ཚང་མིན་སོགས་དཔྱད་དགོས་པའང་སྣང་ངོ་།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༤ ལྡེབ་ ༣༡༧བ༤ ནས་ ༣༡༨ན༤ བར་ཡིག་ཕྲེང་ ༨ ཚིག་རྐང་ ༩-༣༧ ཚེག་ཁྱིམ་ ༣༧༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༡༣ ལྡེབ་ ༣༠༦ན༢ ནས་ ༣༠༦བ༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༩-༣༧ ཚེག་ཁྱིམ་ ༣༧༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༡༤ ལྡེབ་ ༢༩༨བ༢ ནས་ ༢༩༩ན༤ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༣༧ ཚེག་ཁྱིམ་ ༣༧༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༤ ལྡེབ་ ༣༢༠བ༤ ནས་ ༣༢༡ན༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༣༧ ཚེག་ཁྱིམ་ ༣༧༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༦༨༡ ནས ༡༦༨༢ བར་བཞུགས་པ་བཅས་སོ།།
༡༤༨༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་སྣང་། འོན་ཀྱང་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[6]། མདོ། ༼གི༽ ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཀ་ར་ཝ་རྨ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར། ལྡེབ་གྲངས་ ༡༧༥ན། ༡༧༦བ། བར་བཞུགས་པ་གསལ་བ་གཉིས་རྩ་བའི་གཞུང་གཅིག་ཡིན་པ་ལྟར་བསྟན་འགྱུར་དཔེ་བསྡུར་མར། འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །ཞེས་པ་ཡན་མཚུངས་པ་ལ། གསེར་བྲིས་བསྟན་འགྱུར་[7]དང་། སྣར་ཐང་བསྟན་འགྱུར་ལས[8]། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིགས་ཀྱང་ནི་འདི་ལ་སྣང་། །སེམས་ཅན་ཁམས་ནི་ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲའོ། །ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་ཚིགས་བཅད་གཅིག་འཕར་མ་བྱུང་ལ། མཚན་གྱི་ཆ་ནས་ཡན་ལག་བདུན་པའི་ཆོ་ག་ཞེས་ཅུང་ཟད་མི་འདྲ་ཙམ་ཞིག་བྱུང་ཡང་། དཔེ་བསྡུར་མར་ཆད་ལྷག་སྐོར་གང་ཡང་མི་གསལ་ཞིང་། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༥ ལྡེབ་ ༣༡༨ན༤ ནས་ ༣༡༩ན༤ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༨༩ ཚེག་ཁྱིམ་ ༦༨༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༡༤ ལྡེབ་ ༣༡༩ན༦ ནས་ ༣༠༠བ༨ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༨༩ ཚེག་ཁྱིམ་ ༦༨༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༡༥ ལྡེབ་ ༢༩༢བ༧ ནས་ ༢༩༢བ༣ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༨༩ ཚེག་ཁྱིམ་ ༦༨༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༥ ལྡེབ་ ༣༢༡ན༤ ནས་ ༣༢༢ན༤ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༨༩ ཚེག་ཁྱིམ་ ༦༨༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༦༨༤ ནས ༡༦༨༦ བར་བཞུགས་པ་བཅས་སོ།།
༡༤༩༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་རཏྣ་རཱ་ཛ་ནཱ་མ། བོད་སྐད་དུ། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་སངྣ་ག་རའི་པཎྜི་ཏ་ཆེན་པོ་གནས་བརྟན་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང་། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་དཔལ་བསམ་ཡས་ལྷུན་གྲུབ་རྩེའི་ཕོ་བྲང་དུ་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༢༢ ལྡེབ་ ༣༢༥བ༦ ནས་ ༣༢༦བ༧ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༡༢། ༩-༦༨ ཚེག་ཁྱིམ་ ༨༠༠། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༢༢ ལྡེབ་ ༣༢༨བ༦ ནས་ ༣༢༩བ༧ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༡༢། ༩-༦༨ ཚེག་ཁྱིམ་ ༨༠༠། ག༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༧༡༤ ནས ༡༧༡༦ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་པེ་ཅིན་དང་། སྣར་ཐང་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༡༥༠༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་དུ། མངྒ་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའམ། དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྡེ་བསྟན་དཀར་ཆག་ལས[9]། འདི་རྡོ་རྗེ་འབྱུང་བའི་ནང་ན་ཇི་ལྟ་བཞིན་ཡོད་པ་དེ་ཕྱུང་བ་འདྲའོ། །ཞེས་བྱུང་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༣༨ ལྡེབ་ ༣༤༦ན༥ ནས་ ༣༤༧ན༤ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༡༡-༧༦ ཚེག་ཁྱིམ་ ༩༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༤༠ ལྡེབ་ ༣༤༣ན༥ ནས་ ༣༤༥ན༡ བར་ཡིག་ཕྲེང་ ༣༠ ཚིག་རྐང་ ༡༡-༧༦ ཚེག་ཁྱིམ་ ༣༧༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༤༡ ལྡེབ་ ༣༢༧བ༧ ནས་ ༣༢༩ན༦ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༡༡-༧༦ ཚེག་ཁྱིམ་ ༩༠༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༣༨ ལྡེབ་ ༣༤༩ན༧ ནས་ ༣༥༠བ༢ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༡༡-༧༦ ཚེག་ཁྱིམ་ ༩༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༧༩༢ ནས ༡༧༩༥ བར་བཞུགས་པ་བཅས་སོ།།
༡༥༡༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་དུ། མངྒ་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའམ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཀྲ་ཤིས་མཚན་མངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༣༩ ལྡེབ་ ༣༤༧ན༧ ནས་ ༣༤༩ན༣ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༡༥-༡༡༥། ༡༣-༤ ཚེག་ཁྱིམ་ ༡༣༧༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༤༢ ལྡེབ་ ༣༤༥བ༡ ནས་ ༣༤༨ན༤ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༡༥-༡༡༥། ༡༣-༤ ཚེག་ཁྱིམ་ ༡༣༧༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༤༣ ལྡེབ་ ༣༢༩བ༤ ནས་ ༣༣༡བ༤ བར་ཡིག་ཕྲེང་ ༢༩ ཚིག་རྐང་ ༡༥-༡༡༥། ༡༣-༤ ཚེག་ཁྱིམ་ ༡༣༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༣༩ ལྡེབ་ ༣༥༠བ༢ ནས་ ༣༥༢ན༥ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༡༥-༡༡༥། ༡༣-༤ ཚེག་ཁྱིམ་ ༡༣༧༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༧༩༧ ནས ༡༨༠༡ བར་བཞུགས་པ་བཅས་སོ།།
༡༥༢༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་མི་གསལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་མན་ངག་ཟབ་མོ་བཞུགས་སམ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་སྔགས་ཟབ་མོ། དབུ་ཤོག་ལས[10]། འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །བཀོད་པར་གྱུར་པ་རྩ་བའི་མཛོད། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །བདག་གིས་རབ་ཏུ་བརྗོད་པར་བྱ། །ཞེས་དང་། མཛད་བྱང་ལས[11]། འཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ་ཡོངས་སུ་རྫོགས་སོ། །ཞེས་དང་། མུ་མཐུད་ནས་མཚན་བྱང་མེད་པར། མཇུག་བྱང་ལས[12]། འཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ་སློབ་དཔོན་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་དང་། སླར་ཡང་ཆོས་ཚན་ཐུང་ངུ་ཞིག་མཇུག་མཐུད་པའི་མཐར[13]། འདི་ནི་བྱམས་པ་གླིང་གི་གཟིམས་ཁང་དུ་རྒྱ་དཔེ་བཞུགས་པ་ལས། ཆོས་རྗེ་རིན་པོ་ཆེ་ངག་གི་དབང་ཕྱུག་བསོད་ནམས་རྣམ་རྒྱལ་དཔལ་བཟང་པོའི་བཀའ་བཞིན་དུ། ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་རྒྱ་དཔེ་བཞིན་ཇི་ལྟར་གོ་བ་རྣམས་བསྒྱུར་བའོ། །ཞེས་གསལ་བ་ལྟར་ནང་གསེས་ཆོས་ཚན་གཉིས་གསུམ་མཉམ་བཀོད་མཛད་པ་ལྟ་བུ་ཞིག་ཏུ་སྣང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ནོ༽ ཚན་གྲངས་ ༡༤ ལྡེབ་ ༢༨༦བ༥ ནས་ ༢༩༤ན༧ བར་ཡིག་ཕྲེང་ ༡༠༨ ཚེག་ཁྱིམ་ ༦༨༠༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྨན་དཔྱད། པོད་རྟགས། ༼དོ༽ ཚན་གྲངས་ ༣ ལྡེབ་ ༢༤༩ན༡ ནས་ ༢༥༧བ༡ བར་ཡིག་ཕྲེང་ ༡༣༧ ཚེག་ཁྱིམ་ ༦༨༠༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ་སྨན། པོད་རྟགས། ༼དོ༽ ཚན་གྲངས་ ༣ ལྡེབ་ ༢༣༦བ༡ ནས་ ༢༤༤བ༥ བར་ཡིག་ཕྲེང་ ༡༡༧ ཚེག་ཁྱིམ་ ༦༨༠༣། ང༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༢༠ པ། ཤོག་གྲངས་ ༦༩༦ ནས ༧༡༣ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་ཅོ་ནེ་བསྟན་འགྱུར་དུ་མི་གསལ་བ་བཅས་སོ།།
༡༥༣༽ གསར་དུ་བཅུག་པ་སྣ་ཚོགས་ལ་ ༼ཏོ༽ ༼ཐོ༽ ༼དོ༽ ༼ནོ༽ ༼པོ༽ ལྔ་ལས། སྣ་ཚོགས་ ༼པོ༽ པ་ལ། རྒྱ་གར་སྐད་དུ། ཨཱི་ཤྭ་ར། ཀརྟྲི་ཏྭ་ནི་རཱ། ཀྲི་ཏིབྔི་ཥྞོ་རེ་ཀ་ཀནྟྲཱི། ཏྭ་ནི་རཱ་ཀ་ར་ཎྲཾ་ནཱ་མ། བོད་སྐད་དུ། དབང་ཕྱུག་བྱེད་པོ་ཉིད་སེལ་བ་དང༌ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་བཞུགས། སློབ་དཔོན་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། ཞ་ལུ་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བའོ། །ཞེས་སྡེ་བསྟན་གྱི་མཚན་བྱང་དུ་གསལ་ནའང་། གཞུང་དངོས་ལ་ནི་དབང་ཕྱུག་བྱེད་པ་པོ་སེལ་བ་ལས། ཁྱབ་འཇུག་བྱེད་པ་གཅིག་ཉིད་སེལ་བའི་རིགས་པ་ལོགས་སུ་མི་མངོན་ནོ། །མཚན་དེ་མཛེས་པར་ཡང་མི་སྣང་ངོ་། །དོན་ལ་དཔགས་ན་དབང་ཕྱུག་བྱེད་པ་པོ་ཉིད་སེལ་བས། ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་ཞེས་བྱ་བ་ཞེས་པར་མངོན་ནོ། །བླ་མའི་ཞབས་ཀྱི་ཆུ་སྐྱེས་དང་། །རྡོར་སེམས་ལའང་གུས་བཏུད་ནས། །སློབ་མ་བཟང་པོས་རྟོགས་བྱའི་ཕྱིར། །བདག་གིས་བརྩེ་བས་བྲི་བར་བྱ། །ཞེས་པའི་བླ་མའི་ཞབས་ཞེས་སོགས་ཀྱི་མཆོད་བརྗོད་ཀྱི་ཚིག་འདི་ལ་བརྟགས་ན། གཞུང་འདི་ཀླུ་སྒྲུབ་ཀྱི་ཡིན་པར་མི་མངོན་ཏེ། མདོ་གཞུང་འཆད་ཚེ་རྡོར་སེམས་ལ་མཆོད་བརྗོད་མཛད་པ་འཕགས་པའི་གཞུང་གང་ན་ཡང་མི་སྣང་ངོ་། །འདི་སློབ་དཔོན་ལས་ཁ་གཡར་བ་མིན་ནམ་དཔྱད། ཕྱིས་འབྱུང་གི་གྲུབ་ཐོབ་འགའ་ཞིག་གིས་དེ་ལྟར་མཛད་སྣང་ངོ་[14]། །ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼པོ༽ ཚན་གྲངས་ ༩ ལྡེབ་ ༣༡༢བ༣ ནས་ ༣༡༤ན༥ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༤༣༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼པོ༽ ཚན་གྲངས་ ༩ ལྡེབ་ ༣༤༦ན༡ ནས་ ༣༤༧བ༢ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༡༤༣༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼པོ༽ ཚན་གྲངས་ ༩ ལྡེབ་ ༣༣༠བ༦ ནས་ ༣༣༢བ༣ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༡༤༣༦། ང༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼པོ༽ དེབ་ཨང་ ༡༢༠ པ། ཤོག་གྲངས་ ༡༧༧༦ ནས ༡༧༧༩ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་ཅོ་ནེ་བསྟན་འགྱུར་དུ་མི་གསལ་བ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༠༤
[2] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༧
[3] བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༧༡༠
[4] བོ་དོང་ཆོས་སྤྱོད། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ཤོག་གྲངས་ ༢༧༥
[5] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། དཔེ་གཟུགས། ཤོག་གྲངས་ ༢༢ན༢
[6] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༠༦
[7] གསེར་བྲིས་བསྟན་འགྱུར། མདོ་འགྲེལ། ༼གི༽ པོད། ༡༢༡ པ། ཤོག་གྲངས་ ༡༧༦བ༣
[8] སྣར་ཐང་བསྟན་འགྱུར། མདོ་འགྲེལ། ༼གི༽ པོད། ༡༢༡ པ། ཤོག་གྲངས་ ༡༤༠ན༧
[9] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༡༦
[10] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ནོ༽ དེབ་ཨང་ ༡༢༠ པ། ཤོག་གྲངས་ ༦༩༦
[11] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ནོ༽ དེབ་ཨང་ ༡༢༠ པ། ༢༠༠༥ ལོ། ཤོག་གྲངས་ ༧༠༤
[12] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ནོ༽ དེབ་ཨང་ ༡༢༠ པ། ༢༠༠༥ ལོ། ཤོག་གྲངས་ ༧༡༢
[13] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ནོ༽ དེབ་ཨང་ ༡༢༠ པ། ༢༠༠༥ ལོ། ཤོག་གྲངས་ ༧༡༣
[14] སྟོང་ཉིད་བདུན་ཅུ་པ། ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༨༥ ལོ། ཤོག་གྲངས་ ༤༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༩ ནས་ ༢༤༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།