ཁ༽ བློ་སྦྱོང་བརྒྱ་རྩར་གསལ་བའི་ཇོ་བོའི་གསུང་།

ཁ༽ བློ་སྦྱོང་བརྒྱ་རྩར་གསལ་བའི་ཇོ་བོའི་གསུང་།

 

དེ་ཡང་བློ་སྦྱོང་བརྒྱ་རྩའི་ནང་དུ་ཇོ་བོ་རྗེའི་མཛད་བྱང་གསལ་བའི་བློ་སྦྱོང་གི་བསྟན་བཅོས་ནི། ༡༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་སྟེ། གོང་གསལ་གསུང་འབུམ་ནང་གསལ་བ་དང་། བློ་སྦྱོང་བརྒྱ་རྩར་གསལ་བ་གཉིས་མཚན་བྱང་མཚུངས་ཀྱང་བསྟན་བཅོས་ཀྱི་གཞུང་དངོས་ཅུང་མི་འདྲ་བ་འདི་ཉིད་དང་། ༢༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་འགྲེལ་པའམ་རྩ་མཆན་སྦྲགས་མ་དང་། ༣༽ ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང༌། ༤༽ ཇོ་བོའི་བློ་སྦྱོང་དོན་བདུན་མ།

༥༽ རྣམ་དག་གཙུག་གི་ནོར་བུ་ལ་ཇོ་བོས་གནང་བའི་བློ་སྦྱོང༌། ༦༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་བ། བཅས་བློ་སྦྱོང་གི་བསྟན་བཅོས་རྣམ་གྲངས་ ༦ བཞུགས་པ་རྣམས་དགོངས་འགྲེལ་བསྟན་འགྱུར་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་གཉིས་སུ་མི་གསལ་བས། འདི་དག་སྡེ་ཚན་ལོགས་སུ་ཕྱེ་ནས་ཕྱོགས་བསྒྲིགས་དང་བཅས་ཏེ་ཕྱོགས་སྒྲིག་པའི་སྔོན་གླེང་ནང་ཞིབ་ཕྲའི་ངོ་སྤྲོད་ཀྱང་ཞུས་ཡོད།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༢༣༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *