ཅ༽ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ། སློབ་དཔོན་འཕགས་པ་ལྷའི་བསྟན་བཅོས་ལེགས་སྦྱར་སོགས་ནས་བོད་སྐད་དུ་བསྒྱུར་ཟིན་ནའང་མ་ཡིག་རྙེད་སོན་མ་བྱུང་བ་ནི། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། ༡༽ འཕགས་པ་ལྷས་མཛད་པའི་མུ་སྟེགས་པ་དང་ཐེག་དམན་གྱི་རྒྱུད་བཞི་འགོག་པ་དང་། ༢༽ དེ་དག་གི་མྱང་འདས་སུན་འབྱིན་པ། (གཉིས་ཀ་བོད་མ་ཡོད་གསུངས།) ༣༽ ཡང་རྟེན་འབྲེལ་གྱི་རྒྱུ་རྐྱེན་གཅིག །
མུ་མཐུད་ཀློགས།གསར་འཇུག
རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག ང༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུ།
ང༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུ། དེ་ཡང་། ༡༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། འཕགས་པ་ལྷས་མཛད་པའི་དབུ་མ་ཡི་གེ་བརྒྱ་པའི་རྩ་འགྲེལ་བམ་དོ་ཀུ་མཱ་རའི་འགྱུར། དེས་མཛད་པའི་རང་འགྲེལ་རྒྱས་པ་ཥུའན་ཊིའང་ཤིའི་འགྱུར། (བོད་མ་མེད་གསུངས།) ཞེས་གསལ་བ་ལྟར་དབུ་མ་བཞི་བརྒྱ་པའི་རང་འགྲེལ་རྒྱས་པ་ཞིག་ཡོད་པ་དང་། དེ་ཡང་ལེགས་སྦྱར་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་ནས་ཡོད་ཀྱང་། བོད་འགྱུར་མེད་པ་བཅས་སོ།།
མུ་མཐུད་ཀློགས།རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག ག༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།
ག༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ། སློབ་དཔོན་ཨཱརྱ་དེ་ཝའི་གསུང་བཟང་རྣམས་འཕགས་བོད་ཀྱི་སྐད་གཉིས་སྨྲ་བའི་སྒྱུར་བྱེད་ལོ་ཙཱ་བ་གང་དག་གིས་དུས་རབས་ནམ་ཞིག་ཏུ་བོད་གངས་ཅན་གྱི་སྐད་ཡིག་ཏུ་བསྒྱུར་རམ་སྙམ་ན། ལེགས་བཤད་བསྟན་བཅོས་རྣམས་དུས་རབས་བཅུ་གཅིག་པ་སོགས་ཀྱི་ནང་བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་ཀྱིས་རིམ་བཞིན་བསྒྱུར་བ་སྟེ།
མུ་མཐུད་ཀློགས།རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག ཁ༽ ཨཱརྱ་དེ་ཝའི་གསུང་གི་མཚན་བྱང་།
ཁ༽ ཨཱརྱ་དེ་ཝའི་གསུང་གི་མཚན་བྱང་། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་བསྟན་བཅོས་ལ་མཚོན་ན་རྒྱུད་དང་། དབུ་མ། སྣ་ཚོགས་བཅས་སྡེ་ཁག་གསུམ་གྱི་ནང་དུ་ཆོས་ཚན་ ༣༣ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་ཉེར་བཞི་སྟེ། ༡ རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས་དང་། ༢ ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། ༣ རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ།
མུ་མཐུད་ཀློགས།རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག གསུམ། སྣ་ཚོགས་སྐོར།
གསུམ། སྣ་ཚོགས་སྐོར། ༣༣༽ སྣ་ཚོགས་ ༼ཉོ༽ པ་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་གི་ཆོས་ཚན་ ༥༨ པའི་ནང་གསེས་ཆོས་ཚན་ ༥ པར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ། སློབ་དཔོན་ཨཱརྱ་དེ་ཝས་མཛད་པ། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོའི་རང་འགྱུར། ཞེས་དང་། སྡེ་དགེ་བསྟན་འགྱུར་དཀར་ཆག་[1]གི་གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར་ལ།
མུ་མཐུད་ཀློགས།རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག གཉིས། དབུ་མའི་སྐོར།
གཉིས། དབུ་མའི་སྐོར། ༢༥༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཧ་སྟ་བཱ་ས་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །གཞུང་འདི་ལ་ཚིགས་བཅད་བདུན་ལས་མེད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་མོད། རྒྱའི་སྐད་དུ། (解捲論(陳那 T31, No1620) བསྒྱུར་ནས་བཞུགས་སོ།།
མུ་མཐུད་ཀློགས།གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག གཅིག །རྒྱུད་ཀྱི་སྐོར།
གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག གཅིག །རྒྱུད་ཀྱི་སྐོར། ༡༽ རྒྱུད་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ཙཏུར་པཱི་ཋ་ཡོ་ག་ཏནྟྲ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས། སློབ་དཔོན་རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
མུ་མཐུད་ཀློགས།མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ།
མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ། དེ་འཕྲོས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སྒྲ་སྒྱུར་མཛད་མཁན་གྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ནི། ༢༨༽ བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་བཤད་པ་སྒྲ་སྒྱུར་མཛད། ལོ་ཙཱ་འདིའི་རྣམ་ཐར་སློབ་དཔོན་འཕགས་པ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།
མུ་མཐུད་ཀློགས།༢༧༽ ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས།
༢༧༽ ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས། ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ནི། སྟོད་མངའ་རིས་སུ་སྐུ་འཁྲུངས་ཤིང་། བཙན་བྱོལ་དུ་ཕེབས་རྗེས་ཌལ་ཧོར་གཏན་སློབ་ཏུ་གཞི་རིམ་སློབ་སྦྱོང་གནང་། འཛིན་རིམ་བརྒྱད་པ་ཐོན་ཏེ་ཕྱི་ལོ་ ༡༩༧༡ ལོར་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་གནང་། ཕྱི་ལོ་ ༡༩༨༠ ལོར་བསླབ་པ་མཐར་སོན་ཏེ་ཨཱཅཱརྱའི་མཚན་གནས་བཞེས། དེ་རྗེས་བོད་སྐད་ནས་ལེགས་སྦྱར་དུ་ཕབ་སྒྱུར་གྱི་སློབ་སྦྱོང་དང་མཉམ་དུ་སྒྲ་སྒྱུར་གྱི་ཕྱག་ལས་གནང་།
མུ་མཐུད་ཀློགས།༢༦༽ ལོ་ཙཱ་བ་དོར་ཞི་གདོང་དྲུག་སྙེམས་བློ།
༢༦༽ ལོ་ཙཱ་བ་དོར་ཞི་གདོང་དྲུག་སྙེམས་བློ། ལོ་ཙཱ་བ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློ་ནི། མཚན་ཆ་ཚང་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་ཞིང་། ཕྱི་ལོ་ ༡༩༣༥ ལོར་ཀན་སུའུ་དཔའ་རིས་སུ་སྐུ་འཁྲུངས། དགུང་ལོ་ ༡༢ སྟེང་དཔའ་རིས་མཆོད་རྟེན་ཐང་གི་བཤད་གྲྭར་ཞུགས་ནས་བསྡུས་ཚད་རྒྱན་འཇུག་སོགས་མཚན་ཉིད་དང་། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ལ་གསན་སྦྱོང་ལེགས་པར་མཛད།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



