ཁ༽ སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་གི་མཚན་བྱང་།

ཁ༽ སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་གི་མཚན་བྱང་།

 

མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། དབུ་མ། མདོ་སྡེ། མངོན་པ། འདུལ་བ། སྐྱེས་རབས། སྤྲིང་ཡིག །གསོ་རིག །བཟོ་རིག །སྣ་ཚོགས་བཅས་སྡེ་ཚན་བཅུ་གཅིག་ནང་ཆོས་ཚན་ ༡༤༩ བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་བཅུ་དགུ་ཡོད་པ་ནི། ༡ བསྟན་འགྱུར་བསྟོད་ཚོགས་ཀ་པར། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། ༢ དཔེ་མེད་པར་བསྟོད་པ།

༣ འཇིག་རྟེན་ལས་འདས་པར་བསྟོད་པ། ༤ སེམས་ཀྱི་རྡོ་རྗེའི་བསྟོད་པ། ༥ དོན་དམ་པར་བསྟོད་པ། ༦ སྐུ་གསུམ་ལ་བསྟོད་པ། ༧ སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་པ། ༨ སེམས་ཅན་མགུ་བར་བྱ་བའི་བསྟོད་པ། ༩ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ། ༡༠ བསམ་གྱིས་མི་ཁྱབ་པར་བསྟོད་པ། ༡༡ བསྟོད་པ་ལས་འདས་པར་བསྟོད་པ། ༡༢ བླ་ན་མེད་པའི་བསྟོད་པ། ༡༣ འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། ༡༤ རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། ༡༥ གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ༡༦ (ཡང་) གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ༡༧ མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ༡༨ ཕྱག་འཚལ་བའི་བསྟོད་པ། ༡༩ དམྱལ་བ་ནས་འདོན་པའི་བསྟོད་པ་བཅས་སོ།།

གཉིས་པ་རྒྱུད་ཀྱི་སྐོར་ལ་ཆོས་ཚན་དོན་དགུ་བཞུགས་པ་ནི། ༡ དགོངས་པའི་སྐད་ཀྱི་ (བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཡང་ཟེར།) འགྲེལ་པ་དང་། ༢ མཆན་ཁུང་གི་སྦྱོར་བ། ༣ སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བའི་སྒྲོལ་མའི་སྒྲུབ་ཐབས། ༤ རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པར་རྟོགས་པ། ༥ དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ། ༦ དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས། ༧ དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ༨ དཔལ་ནག་པོ་ཆེན་པོའི་ནང་སྒྲུབ། ༩ དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ༡༠ (ཡང་) ནག་པོ་ཆེན་པོའི་སྒྲུབ་ཐབས། ༡༡ དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ། ༡༢ དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ། ༡༣ དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ། ༡༤ (རྡོ་རྗེ་) ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ། ༡༥ དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། ༡༦ ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ། ༡༧ སྒྲུབ་པའི་ཐབས་མདོར་བྱས་པ། ༡༨ རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་མདོ་དང་བསྲེས་པ། ༡༩ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག

༢༠ དབང་བཞི་པའི་རབ་ཏུ་བྱེད་པ། ༢༡ བྱང་ཆུབ་སེམས་ཀྱི་འགྲེལ་པའམ་བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ། ༢༢ བྱང་ཆུབ་སེམས་ཀྱི་འགྲེལ་པའམ་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལྷུག་པ་མ། ༢༣ བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། ༢༤ རིམ་པ་ལྔ་པ། ༢༥ རྡོ་རྗེ་ (ཁྲོ་བོ་) གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །༢༦ ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ། ༢༧ དེ་ཁོ་ན་ཉིད་སྒྲོན་མ། ༢༨ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྫོགས་པ། ༢༩ སྔགས་ཀྱི་རྒྱན་གྱི་སྒྲུབ་ཐབས། ༣༠ རབ་ཏུ་གནས་པའི་རྒྱན། ༣༡ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། ༣༢ ཕྱག་རྒྱ་བཞི་གཏན་ལ་དབབ་པ། ༣༣ གྲུབ་མཐའ་བདུན་པ། ༣༤ དངོས་པོ་སྦྱོང་བ། ༣༥ ཚིགས་སུ་བཅད་པ་ཕྱེད་དང་ལྔ། ༣༦ ཀླུ་སྒྲུབ་ཀྱི་གླུ། ༣༧ རང་བཞིན་གྲུབ་པ་མེད་པའི་གཞིའི་མན་ངག ༣༨ གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ། ༣༩ དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ།

༤༠ དབང་གི་རིམ་པ་བསྟན་པ། ༤༡ ལྟུང་བ་བཅོ་ལྔ་པ། ༤༢ ཡན་ལག་གི་ཉེས་པ་བདུན་པ། ༤༣ རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། ༤༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས། ༤༥ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། (དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ།) ༤༦ འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ། ༤༧ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། ༤༨ འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ (ཡིད་བཞིན་ནོར་བུ་ཞེས་བྱ་བ།) ༤༩ འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ༥༠ གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག །༥༡ གནོད་པ་སེལ་བའི་བདུད་རྩི། ༥༢ རྡོ་རྗེ་བྱབ་པའི་ལས་ཚོགས། ༥༣ ཡན་ལག་བདུན་པའི་སྒྲུབ་ཐབས། ༥༤ ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །༥༥ རྟ་མགྲིན་གྱི་སྒྲུབ་ཐབས། ༥༦ (དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་ཞེས་) དགེ་བའི་འདོད་འཇོ(འི་རྣམ་པར་བཤད་པ། ༥༧ འཕགས་མ་རིག་པ་ཆེན་མོ་སོ་སོར་འབྲང་མའི་འཁོར་ལོའི་སེམས་སྦྱོང༌། ༥༨ བགེགས་དགྲའི་སྒྲུབ་ཐབས་སམ། བགེགས་བསྐྲད་པའི་སྒྲུབ་ཐབས། ༥༩ རལ་གཅིག་མའི་སྒྲུབ་པའི་ཐབས།

༦༠ འཕགས་མ་དུག་སེལ་བའི་སྒྲུབ་ཐབས། ༦༡ (འཕགས་མ་) དུག་སེལ་མའི་གཟུངས། ༦༢ ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། ༦༣ རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས། ༦༤ (ཡང་) རྡོ་རྗེ་སྒྲོལ་མའི་ཐབས། ༦༥ རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས་སམ་སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཚིག་ལྷུག་པའི་རིག་བྱེད་མའི་སྒྲུབ་ཐབས། ༦༦ ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། ༦༧ སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། ༦༨ ཞེན་ལོག་སྒྲོན་མ། ༦༩ རལ་གཅིག་མའི་སྒྲུབ་ཐབས། ༧༠ རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག །༧༡ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འཕགས་པ་སྒྲོལ་མ་བསྒྲུབ་པའི་ཐབས་སམ་རྗེ་བཙུན་མའི་བསྒྲུབ་ཐབས། ༧༢ བསྡུས་པའི་རིམ་པའི་བསྒྲུབ་ཐབས། ༧༣ རྣལ་འབྱོར་ཡན་ལག་དྲུག་པ། ༧༤ ཤ་ཟ་གནོད་སྦྱིན་མཁའ་འགྲོ་ཀུན་ནས་འཁྱིལ་པའི་རྟོགས་པ་ལས་བྱུང་བའི་གྭ་ཐབས་སམ་གནོད་སྦྱིན་མོ་ཀུན་ནས་འཁྱིལ་པ་མཆེད་གསུམ་གྱི་སྒྲུབ་ཐབས། ༧༥ གནོད་སྦྱིན་མ་ཀུན་ནས་འཁྱིལ་པའི་རྟོགས་པ་ལས་བྱུང་བའི་གྭ་ཐབས་ཀྱི་དོན་བསྡུས་པའི་འགྲེལ་པ། ༧༦ ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ཁྲོས་པ་ཞེས་བྱ་བའི་སྒྲུབ་ཐབས་སམ་དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། ༧༧ ཐམས་ཅད་གྲུབ་པ་དཔལ་འཕེལ་ལྷ་མོ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟོད་པ། ༧༨ སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ། ༧༩ དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་སམ་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། ༨༠ ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་སམ་ཕྱག་བཞི་པ་གཙོ་རྐྱང་ཀླུ་སྒྲུབ་ལུགས་ཀྱི་སྒྲུབ་ཐབས། ༨༡ མགོན་པོ་བྱ་རོག་གདོང་གི་གཏོར་མདོས། ༨༢ གླང་པོ་རིན་པོ་ཆེ་ལ་ནོར་བླང་བའི་མན་ངག་གམ་ཡིད་བཞིན་ནོར་བསྒྲུབ་གླང་ཆེན་བཅས་ཆོག །༨༣ བླ་མ་གསང་བར་སྒྲུབ་པ་བཅས་སོ།།

གསུམ་པ་དབུ་མའི་སྐོར་ལ་ཆོས་ཚན་ཉེར་གཅིག་སྟེ། ༡ དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་དང་། ༢ རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། ༣ ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། ༤ སྟོང་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ། ༥ རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། ༦ དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ༧ ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༨ སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ། ༩ རྩོད་པ་བཟློག་པའི་འགྲེལ་པ། ༡༠ ཐེག་པ་ཆེན་པོ་ཉི་ཤུ་པ། ༡༡ ཡི་གེ་བརྒྱ་པ། ༡༢ ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ། ༡༣ རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། ༡༤ རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། ༡༥ མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༦ སྐྱེ་མེད་རིན་པོ་ཆེའི་མཛོད། ༡༧ (དབུ་མ་) སྲིད་པ་འཕོ་བ། ༡༨ རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ། ༡༩ སྒོམ་པའི་རིམ་པ། ༢༠ མདོ་ཀུན་ལས་བཏུས་པ། ༢༡ བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་བཅས་སོ།།

བཞི་པ་མདོ་སྡེའི་སྐོར་ལ་བཞི་སྟེ། ༡ འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་དང་། ༢ འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ། ༣ བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། ༤ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་བཅས་སོ།།

ལྔ་པ་མངོན་པའི་སྐོར་ལ་གཅིག་སྟེ། ༡ འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་པ་དང་། དྲུག་པ་འདུལ་བའི་སྐོར་ལ་གཉིས་ཏེ། ༡ འཕགས་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། (ལྔ་བཅུ་པ།) ༢ བསླབ་པ་བཅུའི་ཆོ་ག །བདུན་པ་སྐྱེས་རབས་ཀྱི་སྐོར་ལ་བཞི་སྟེ། ༡ རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། ༢ རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། ༣ སྦྱིན་པའི་གཏམ། ༤ སྲིད་པ་ལས་འདས་པའི་གཏམ། བརྒྱད་པ་སྤྲིང་ཡིག་གི་སྐོར་ལ་གཅིག་སྟེ། ༡ བཤེས་པའི་སྤྲིང་ཡིག །དགུ་པ་གསོ་རིག་གི་སྐོར་ལ་གསུམ་སྟེ། ༡ སྦྱོར་བ་བརྒྱ་པ་ཞེས་བྱ་བ་སྨན་གྱི་གཞུང༌། ༢ སྨན་འཚོ་བའི་མདོའམ་སྨན་པ་རྣམས་ལ་བརྫངས་པ་སྨན་འཚོ་བའི་མདོ་ཚིགས་སུ་བཅད་པ། ༣ སྨན་ཨ་བའི་ཆོ་ག་བཅས་སོ།།

བཅུ་པ་བཟོ་རིག་གི་སྐོར་ལ་གསུམ་སྟེ། ༡ སྤོས་སྦྱོར་རིན་པོ་ཆེའི་ཕྲེང་བ་དང་། ༢ སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པ། ༣ རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་དམ་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ། བཅུ་གཅིག་པ་སྣ་ཚོགས་ཀྱི་སྐོར་ལ་བཅུ་གཉིས་ཏེ། ༡ ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༢ ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ༣ ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ། ༤ རྡོ་རྗེའི་སྨོན་ལམ་དང་། ༥ བྱང་ཆུབ་འབྱུང་བའི་སྨོན་ལམ། ༦ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ། ༧ རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ། ༨ སྨོན་ལམ་རིན་པོ་ཆེའི་རྒྱལ་པོ། ༩ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའམ་དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༡༠ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའམ་བཀྲ་ཤིས་མཚན་མངས། ༡༡ འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་མན་ངག་ཟབ་མོའམ་གསང་སྔགས་ཟབ་མོ། ༡༢ དབང་ཕྱུག་བྱེད་པོ་ཉིད་སེལ་བ་དང༌ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་བཅས་སོ།།

དེ་ལྟར་བསྟན་འགྱུར་བསྟོད་ཚོགས་ཀྱི་སྐོར་ལ་ཆོས་ཚན་ ༡༩ དང་། རྒྱུད་ཀྱི་སྐོར་ལ་ཆོས་ཚན་ ༨༣ དབུ་མའི་སྐོར་ལ་ཆོས་ཚན་ ༢༡ མདོ་སྡེའི་སྐོར་ལ་ཆོས་ཚན་ ༤ མངོན་པའི་སྐོར་ལ་ཆོས་ཚན་ ༡ འདུལ་བའི་སྐོར་ལ་ཆོས་ཚན་ ༢ སྐྱེས་རབས་སྐོར་ལ་ཆོས་ཚན་ ༤ སྤྲིང་ཡིག་སྐོར་ལ་ཆོས་ཚན་  ༡ གསོ་རིག་སྐོར་ལ་ཆོས་ཚན་ ༣ བཟོ་རིག་སྐོར་ལ་ཆོས་ཚན་ ༣ སྣ་ཚོགས་སྐོར་ལ་ཆོས་ཚན་ ༡༢ བཅས་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཞལ་གྲངས་ ༡༥༣ བཞུགས་པ་རྣམས་སོ།།

གོང་གསལ་ཆོས་ཚན་དེ་དག་ལས་ཆོས་ཚན་ཨང་ ༣༤༽ དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་དང་། ༣༥༽ ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ། ༣༨༽ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །༤༣༽ རིམ་པ་ལྔ་པ། ༥༠༽ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། ༥༡༽ ཕྱག་རྒྱ་བཞི་གཏན་ལ་དབབ་པ། ༨༧༽ ཞེན་ལོག་སྒྲོན་མ་ཞེས་བྱ་བ། ༡༢༩༽ འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། ༡༥༣༽ དབང་ཕྱུག་བྱེད་པོ་ཉིད་སེལ་བ་དང༌ཁྱབ་འཇུག་བྱེད་པ་པོ་གཅིག་ཉིད་སེལ་བར་བྱེད་པ་བཅས་ཆོས་ཚན་དགུ་པོ་རྣམས་ཁ་གཡར་དང་། མཛད་ཟེར་བ། ཐེ་ཚོམ་གྱི་གཞི་སོགས་གསལ་བས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་མིན་རྩོད་པ་རྣམས་ཡིན་པས་དེ་དག་ལ་མ་འོངས་པར་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[1]། མདོར་བསྡུས་ནས་བཤད་ན། སྡེ་དགེ་དཔར་མའི་ནང་བཞུགས་པའི་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་ཐོག་རང་དུ་བསྟོད་ཚོགས་དང་། དབུ་མ། མདོ་འགྲེལ། མངོན་པ། འདུལ་བ། སྤྲིངས་ཡིག་དང་འབྲེལ་བའི་བསྟན་བཅོས་ཁག་མི་འདྲ་བ་ང་གཅིག་ཙམ་བཞུགས་པར་མ་ཟད། (ཇ་ཡ་ཤ་ས་ང་ཇི་ཞི་ཟི་ཐུ་ནུ་པུ་མུ་ཙ་) སོགས་ཀྱི་སྡེ་ཚན་སོ་སོར་རྒྱུད་དང་འབྲེལ་བའི་བརྩམས་ཆོས་ཁག་མི་འདྲ་བ་ང་བརྒྱད་དང་། (ཧེ་) སྡེ་ཚན་དུ་གསོ་རིག་དང་འབྲེལ་བའི་བརྩམས་ཆོས་ཁག་གཉིས། (ངོ་) སྡེ་ཚན་དུ་བཟོ་རིག་པའི་སྐོར་གྱི་བརྩམས་ཆོས་ཁག་མི་འདྲ་བ་བཞི། སྣ་ཚོགས་ (ཉོ་ནོ་པོ་) སྡེ་ཚན་གསུམ་དུ་ནང་དོན་འདྲ་མིན་འཁོད་པའི་བརྩམས་ཆོས་ཁག་མི་འདྲ་བ་བཅུ་དྲུག་ཙམ་བཞུགས། དེ་དག་ཕྱོགས་གཅིག་ཏུ་བསྡོམས་ན་སྡེ་དགེའི་བསྟན་འགྱུར་ཁོ་ནར་ཀླུ་སྒྲུབ་ཀྱི་མཚན་ཐོག་ཏུ་བརྩམས་ཆོས་ཁག་མི་འདྲ་བ་བརྒྱ་དང་ཉེར་ལྔ་བཞུགས་སུ་གསོལ་བ་ཡོད།

ད་དུང་སྡེ་དགེ་བསྟན་འགྱུར་ལས་གཞན་དུ་ ༡ འཚོ་བའི་མདོ་དང་། ༢ བླ་ན་མེད་པའི་བསྟོད་པ། ༣ རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིགས་སུ་བཅད་པ། ༤ ཐེག་པ་ཆེན་པོ་ཉི་ཤུ་པ། ༥ ཤ་ཟ་གནོད་སྦྱིན་གྱི་སྒྲུབ་ཐབས། ༦ ཆོ་ག་ཉི་ཤུ་པ། ༧ ངག་གི་དབང་ཕྱུག་གི་སྒྲུབ་ཐབས། ༨ རྗེ་བཙུན་ཁར་སར་པཱ་ཎིའི་སྒྲུབ་ཐབས། ༩ གཏོར་མ་སུམ་ཅུ་པ། ༡༠ རྟེན་འབྲེལ་གྱི་རྩིས་དང་མོའི་རྣམ་པ། ༡༡ བརྟག་པ་བཅུ་གཉིས། ༡༢ བདུད་རྩིའི་སྙིང་ཐིགས། ༡༣ རྣམ་པར་མི་རྟོག་པར་བསྟོད་པ། ༡༤ དཔའ་བོ་གཅིག་སྒྲུབ། ༡༥ དཔལ་རྡོ་རྗེ་གདན་གྱི་རྒྱུད་ཆེན་པོའི་ཊཱིཀཱ། ༡༦ བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ། ༡༧ བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ། ༡༨ སྦྱོར་བ་སུམ་ཅུ་རྩ་གཉིས་པ། ༡༩ ཚིག་སྦྱིན་གཞོན་ནུའི་སྒྲུབ་ཐབས། ༢༠ ཚིག་གསུམ་བཀོད་པའི་ཆོ་ག །༢༡ མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། ༢༢ སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ། ༢༣ ཨ་ར་པ་ཙ་ནའི་སྒྲུབ་ཐབས་སོགས་བརྩམས་ཆོས་མང་དུ་བཞུགས་ཡོད་སྟབས། རྒྱ་གར་མཁས་པའི་བརྩམས་ཆོས་དག་གི་ཁྲོད་ནས་བོད་དུ་འགྱུར་གྲངས་མང་ཤོས་དེ། སློབ་དཔོན་འདིའི་བསྟན་བཅོས་ཁག་ཡིན་པར་མ་ཟད། སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ཀྱིས་རྩོད་བཟློག་སོགས་ཁོང་གི་དབུ་མའི་བརྩམས་ཆོས་ཕལ་མོ་ཆེ་དུས་རབས་བརྒྱད་པའི་དཀྱིལ་སྨད་ཙམ་ནས་བོད་སྐད་ཐོག་བསྒྱུར་ཟིན་ཡོད། ཅེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༥༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༣ ནས་ ༢༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *