ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །
ལེགས་ལྡན་འབྱེད་དང་ཟླ་གྲགས་ཞི་བ་ལྷ། །
ཞི་འཚོ་པདྨའི་ངང་ཚུལ་ནཱ་ལེནྡྲའི། །
ཟབ་མོ་ལྟ་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། །
ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །
འཕགས་གྲོལ་སེང་བཟང་ཡོན་ཤཱཀ་རྣམ་གཉིས་དང་། །
ཟབ་རྒྱས་གདམས་པའི་མཛོད་འཛིན་ཨ་ཏི་ཤ །
རྒྱ་ཆེན་སྤྱོད་རྒྱུད་པཎ་གྲུབ་རྣམས་ལ་བསྟོད། །
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་བྲིས་པའོ།།


དཔལ་ནཱ་ལེནྡྲ། བྱོན་པ་ལེགས།