གསར་འཇུག

འ༽ ཇོ་བོ་རྗེའི་ལྷོ་ཁའི་ཕྱོགས་སུ་བྱོན་ནས་འགྲོ་དོན་མཛད་ཚུལ།

འ༽ ལྷོ་ཁའི་ཕྱོགས་སུ་བྱོན་ནས་འགྲོ་དོན་མཛད་ཚུལ།   དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། དབྱར་གནས་གྲོལ་ནས་རོང་བརྒྱུད་དབུས་སུ་ཕེབས། གན་པ་བྱང་ཐང་དུ་ཕེབས་པ་ན་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་པ་ཡིན་གསུང་། ལྷ་སའི་གཙུག་ལག་ཁང་བདོག་པ་ལགས་ཞུས་པས། དེ་ཐད་འཇའི་གུར་གསུམ་བརྩེགས་འདུག །ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་ཀྱི་འདུག་གསུང་།

མུ་མཐུད་ཀློགས།

ཟ༽ ཇོ་བོས་གཙང་ལྗོངས་སུ་བསྟན་འགྲོའི་དོན་མཛད་ཚུལ།

ཟ༽ གཙང་ལྗོངས་སུ་བསྟན་འགྲོའི་དོན་མཛད་ཚུལ།   དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། དེ་ནས་དབུས་གཙང་གི་བླ་ཆེན་མི་ཆེན་རྣམས་ཀྱི་བསུ་བ་སླེབས། དེའི་ཚེ་བོད་ཀྱི་བླ་མ་ཆེན་པོ་རྣམས་ཀྱིས་བོད་ཀྱི་གཟབ་འཕྱོར་གྱི་ཆས་བསེ་ཐེབ་དང་། རྟ་ཕྱིང་གྱོན་རྟ་བཟང་པོ་ལ་ཆིབས་ནས་འོངས་པ་ན་ཇོ་བོས་རྒྱང་རིང་པོ་ནས་གཟིགས་མ་ཐག །ཨུ་པ་སི་ཀ་འདྲེ་མང་པོ་སླེབས་བྱུང་ཅི་ཡིན་ཞེས་དབུ་ན་བཟས་གཏུམས་ནས་བཞུགས།

མུ་མཐུད་ཀློགས།

ཞ༽ ཇོ་འབྲོམ་མཇལ་ཏེ་སྐྱིད་གྲོང་དུ་འགྲོ་དོན་མཛད་ཚུལ།

ཞ༽ ཇོ་འབྲོམ་མཇལ་ཏེ་སྐྱིད་གྲོང་དུ་འགྲོ་དོན་མཛད་ཚུལ།   དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་གདབ་པ་ལས[1]། རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡིས། ། ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། ། ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། ། འཛམ་གླིང་རྒྱན་གྱུར་གཉིས་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

ཝ༽ ཇོ་བོ་དང་ལོ་ཆེན་ལྷ་བླ་མ་བཅས་མཇལ་ཚུལ།

ཝ༽ ཇོ་བོ་དང་ལོ་ཆེན་ལྷ་བླ་མ་བཅས་མཇལ་ཚུལ།   དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]། དེ་ཚེ་ཁ་བ་ཅན་གྱི་སྐྱེད་མོས་ཚལ། ། བསླབ་གསུམ་སྦྲང་རྩིས་གཏམས་པའི་ཆུ་སྐྱེས་ཀྱིས། ། ཡོངས་གང་འཕགས་ཡུལ་ཆོས་ཀྱི་དགའ་ཚལ་ཡང་། ། ཀུན་ཏུ་ཕམ་པར་མཛད་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

ཛ༽ ཇོ་བོ་བོད་དུ་བྱོན་ཅིང་བསུ་བ་ཞུས་ཚུལ།

ཛ༽ ཇོ་བོ་བོད་དུ་བྱོན་ཅིང་བསུ་བ་ཞུས་ཚུལ།   དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]། གངས་ཅན་མགོན་པོ་རྒྱལ་བའི་འབྱུང་གནས་དང་། ། ལེགས་སྤྱད་སྨོན་ལམ་སྟོང་གི་མཚམས་སྦྱོར་ལས། ། སླར་ཡང་བོད་ཡུལ་མུན་པ་ཀུན་སེལ་བའི། ། མར་མེ་མཛད་དཔལ་དོན་མཐུན་ཁྱོད་ཕྱག་འཚལ། །

མུ་མཐུད་ཀློགས།

ཚ༽ ལྷ་དང་བླ་མའི་ལུང་བསྟན་རིམ་པར་བྱུང་ཚུལ།

ཚ༽ ལྷ་དང་བླ་མའི་ལུང་བསྟན་རིམ་པར་བྱུང་ཚུལ།   དེ་ཡང་སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་ (1879-1940) གིས་མཛད་པའི་ཇོ་བོ་ཡབ་སྲས་ལ་གསོལ་བ་འདེབས་པ་ལས[1]། སྒྲོལ་མས་ལུང་བསྟན་རྒྱལ་བུ་དཀོན་མཆོག་འབངས། ། ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་མཆོག ། ལྷ་ཆོས་བདུན་ལྡན་ཇོ་བོ་བཀའ་གདམས་པའི། ། རྒྱལ་བའི་འབྱུང་གནས་ཁྱེད་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

ཙ༽ ནག་ཚོ་ལོ་ཙཱ་བ་ཇོ་བོ་གདན་འདྲེན་དུ་བྱོན་ཚུལ།

ཙ༽ ནག་ཚོ་ལོ་ཙཱ་བ་ཇོ་བོ་གདན་འདྲེན་དུ་བྱོན་ཚུལ།   དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཉམ་མེད་ཇོ་བོ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ལས[1]། རྒྱལ་རིགས་རིག་པའི་གནས་ལྔ་ཀུན་ལ་མཁས། ། སྒྲོལ་མས་ལུང་བསྟན་གངས་ཅན་དཔལ་དུ་བྱོན། ། བདག་པས་གཞན་གཅེས་འབྱོངས་ནས་གཞན་དོན་མཛད། ། མཚུངས་མེད་ཨ་ཏི་ཤ་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

མ༽ ལོ་ཙཱ་བ་རྒྱ་བརྩོན་སེང་རྒྱ་གར་དུ་མངགས་ཚུལ།

མ༽ ལོ་ཙཱ་བ་རྒྱ་བརྩོན་སེང་རྒྱ་གར་དུ་མངགས་ཚུལ།   དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལ་བསྟོད་པ་བྱིན་རླབས་ཀྱི་རྒྱ་མཚོ་རོལ་པའི་བཀོད་པ་ལས[1]། རབ་སྙན་གྲགས་པ་རྒྱ་མཚོའི་མཐར་སོན་པ། ། བྱང་སེམས་ས་སྐྱོང་དབང་པོས་ལེགས་ཐོས་ནས། ། དཀའ་སྤྱད་དུ་མས་བོད་འདིར་ལེགས་དྲངས་ཏེ། ། གདུལ་བྱ་དུ་མ་ཡོངས་སུ་སྨིན་པར་མཛད། །

མུ་མཐུད་ཀློགས།

༢༽ ལྷ་བླ་མ་བྱང་ཆུབ་འོད་ཀྱི་རྣམ་ཐར།

༢༽ ལྷ་བླ་མ་བྱང་ཆུབ་འོད་ཀྱི་རྣམ་ཐར།   དེ་ཡང་ལྷ་བླ་མ་བྱང་ཆུབ་འོད་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་མངའ་རིས་གུ་གེར་སྐུ་འཁྲུངས་ཤིང་། མངའ་རིས་གུ་གེ་རྒྱལ་པོ་མངའ་བདག་ལྷ་ལྡེའི་བུ་གསུམ་གྱི་བར་པ་བཀྲ་ཤིས་འོད་ཡིན། སྐུ་ན་ཆུང་ངུའི་དུས་ནས་རབ་ཏུ་བྱུང་བས། མཚན་ལ་བྱང་ཆུབ་འོད་ཅེས་གསོལ། ཕྱི་ལོ་ ༡༠༣༧ ལོར་ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་གསེར་སྲང་མང་པོ་དང་བཅས་ཏེ་རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་བའི་ཕོ་ཉར་བརྫངས།

མུ་མཐུད་ཀློགས།

༡༽ ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར།

༡༽ ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར།   དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ནི། མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་ལ་སྲས་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་སྟེ། ཆུང་ངུའི་དུས་སུ་མཚན་ལ་སྲོང་ངེ་ཟེར། ཕྱི་ལོ་ ༩༤༧ ལོར་སྐུ་འཁྲུངས་ཤིང་། སྐུ་ཚེ་སྟོད་ལ་གུ་གེའི་ཕྱོགས་ཀྱི་རྒྱལ་སྲིད་བཟུང་། སྲས་གཉིས་འཁྲུངས་པའི་མཚན་ལ་ནཱ་ག་རཱ་ཛ་དང་དྷེ་ཝ་རཱ་ཛ་ཟེར། ཕྱིས་སུ་ཁོང་ཉིད་རབ་ཏུ་བྱུང་བས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གསོལ།

མུ་མཐུད་ཀློགས།