༣༽ སྐུ་བལྟམས་པའི་མཛད་པ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། ། ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ། ། ཞེས་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་བཞུགས་ནས་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[2]།
མུ་མཐུད་ཀློགས།གསར་འཇུག
༢༽ ལྷུམས་སུ་ཞུགས་པའི་མཛད་པ།
༢༽ ལྷུམས་སུ་ཞུགས་པའི་མཛད་པ། དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[1]། ཡེ་ཤེས་གཟིགས་པ་ལྔ་ཡིས་བསམས་བཞིན་དུ། །སྤྲིན་དཀར་གཡོ་འདྲའི་ལག་ལྡན་རྣམ་རོལ་གྱིས། ། སྒྱུ་འཕྲུལ་ཆེན་མོའི་ལྷུམས་ཀྱི་གཞལ་མེད་ཁང་། །ཀུན་ནས་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།༡༽ དགའ་ལྡན་གནས་ནས་འཕོ་བའི་མཛད་པ།
༡༽ དགའ་ལྡན་གནས་ནས་འཕོ་བའི་མཛད་པ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]། ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། ། རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།ཀ༽ སྟོན་པའི་མཛད་རྣམ་སྙིང་པོ་ཀུན་བསྡུས། ཀ༽ སྟོན་པའི་མཛད་པ་བཅུ་གཉིས།
ཀ༽ སྟོན་པའི་མཛད་རྣམ་སྙིང་པོ་ཀུན་བསྡུས། ཀ) སྟོན་པའི་མཛད་པ་བཅུ་གཉིས། རྩེ་གཅིག༵་སྒྲུབ་པའི་མཚན་དཔེའི་རྒྱན་ལྡན་སྐུ༵། ། དོན་གཉིས༵་ལྷུན་གྲུབ་འགག་མེད་སྙན་པའི་གསུང༵༌། ། དུག་གསུམ༵་སྒྲིབ་པ་ཀུན་བྲལ་ཟབ་ཡངས་ཐུགས༵། ། བདུད་བཞིའི༵་སྐྱོན་བྲལ་བསྟན་པའི་བདག་པོར་འདུད། ། ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། མཁན་ཆེན་ཞི་བ་འཚོས་ (725-790) མཛད་པའི་བདེ་གཤེགས་བརྒྱད་ལ་བསྟོད་པ་ལས[1]། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། ། གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།རྩོམ་པ་པོའི་སྔོན་གླེང་། ཀ༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་ཚུལ།
རྩོམ་པ་པོའི་སྔོན་གླེང་། ཀ༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་ཚུལ། ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་གྲགས་ཞི་བ་ལྷ། ། ཞི་འཚོ་པདྨའི་ངང་ཚུལ་ནཱ་ལེནྡྲའི། །ཟབ་མོ་ལྟ་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། ། ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །འཕགས་གྲོལ་སེང་བཟང་ཡོན་ཤཱཀ་རྣམ་གཉིས་དང་། ། ཟབ་རྒྱས་གདམས་པའི་མཛོད་འཛིན་ཨ་ཏི་ཤ །རྒྱ་ཆེན་སྤྱོད་རྒྱུད་པཎ་གྲུབ་རྣམས་ལ་བསྟོད། །
མུ་མཐུད་ཀློགས།དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་པོད་དང་པོའི་དཀར་ཆག
དཀར་ཆག རྩོམ་པ་པོའི་སྔོན་གླེང་། ཀ༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་པའི་དགོས་དམིགས། ཁ༽ པཎ་གྲུབ་བཅུ་བདུན་ལ་ཟབ་རྒྱས་ཀྱི་སྡེ་ཚན་གཉིས་སུ་དབྱེ་ཚུལ། ག༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་པའི་རྒྱུ་རྐྱེན་དང་དགོས་དམིགས། ང༽ པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ལྗགས་བཀོད་ཇི་ལྟར་མཛད་ནས་བཞེངས་ཚུལ།
མུ་མཐུད་ཀློགས།ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་གྱི་ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ། གཅིག །རྒྱལ་བའི་བཀའ་འགྱུར། བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཀ༽ དེབ་ཨང་། ༡ པོ། ༡༩༩༥ ལོ། ཤོག་གྲངས་ ༤༠ བཀའ་འགྱུར་དཔེ་བསྡུར་མ། འདུལ་བ་གཞི། ༼ཁ༽ དེབ་ཨང་ ༢ པ། ༡༩༩༥ ལོ། ཤོག་གྲངས་ ༣༠ བཀའ་འགྱུར་དཔེ་བསྡུར་མ། རྒྱུད། ༼ཐ༽ དེབ་ཨང་ ༦ པ། ༡༩༩༥ ལོ། ཤོག་གྲངས་ ༣༦༢ བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཉ༽ དེབ་ཨང་ ༨ པ། ༡༩༩༥ ལོ། ཤོག་གྲངས་ ༩༤
མུ་མཐུད་ཀློགས།ཁ༽ མཇུག་གི་བསྔོ་སྨོན་གྱི་རིམ་པ།
ཁ༽ མཇུག་གི་བསྔོ་སྨོན་གྱི་རིམ་པ། དེ་ཡང་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[1]། གཙང་པོ་གློས་འཐུང་མཚོ་ཆུང་ནཱ་ལེན་བར། །གནམ་གྱི་ཆུ་མོས་འཕྲེད་ཀྱིས་བཅད་གྱུར་ཀྱང་། །བྱེ་མའི་ཀློང་ཆེན་རྟ་ཕོའི་འགྲོས་ཀྱིས་བརྒལ། །ལ་ལུང་འགག་འཕྲང་གོམ་པའི་གྲངས་ཀྱིས་གཞལ། །འཕགས་ཡུལ་ངོ་མཚར་ཞིང་གི་བཀོད་པ་ཀུན། །ངག་རྒྱུན་ཟེར་སྒྲོས་ཙམ་གྱིས་རྟོགས་མི་འགྱུར། །
མུ་མཐུད་ཀློགས།༣༽ ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་པ།
༣༽ ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་པ། དེ་ཡང་ནཱ་ལནྡཱ་ཞིབ་འཇུག་ལས། ༡༽ གནའ་བོའི་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་། ནཱལནྡཱ་ (Nalanda) དང་། མཧཱ་བི་ཧ་ར་ (Mahavihara) ཞེས་པའི་མིང་འདི་གཉིས་ཧ་ལམ་དོན་གཅིག་ཏུ་སྣང་། ནཱལནྡཱ་ཞེས་པའི་མིང་ཐོས་མ་ཐག་ཏུ་དུས་རབས་ལྔ་པ་ནས་བཅུ་གཉིས་བར་གྱི་ལོ་བདུན་བརྒྱ་ཙམ་རིང་ནང་པའི་གཙུག་ལག་ཁང་སློབ་གཉེར་གལ་ཆེན་ཞིག་ཏུ་གྱུར་པའི་གནའ་དུས་ཀྱི་ནང་པའི་གདན་ས་ཆེན་པོ་ནཱལནྡཱ་ཞེས་པ་དེ་སེམས་ནང་འཆར་ངེས་ཡིན།
མུ་མཐུད་ཀློགས།༢༽ དཔལ་ནཱ་ལེནྡྲ་ལོ་ ༨༠༠ རྗེས་སུ་སླར་གསོ་བྱུང་ཚུལ།
༢༽ དཔལ་ནཱ་ལེནྡྲ་ལོ་ ༨༠༠ རྗེས་སུ་སླར་གསོ་བྱུང་ཚུལ། བོད་བརྒྱུད་ནང་བསྟན་གྱི་ཕ་ས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་ཁང་གཏོར་བཤིག་སོང་སྟེ་ལོ་ངོ་ ༨༠༠ ཐམ་པའི་རྗེས་སུ་སླར་གསོ་གནང་། དེ་ཡང་ལོ་ངོ་ ༡༤༠༠ ལྷག་གི་ཡར་སྔོན་དུ་རྒྱའི་ཧྭ་ཤང་ཐང་ཟན་བླ་མ་དང་། སྡེ་སྣོད་འཛིན་པ་ཡཱི་ཅིན། ཧྥ་ཤཱན་སོགས་དང་། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་ཀྱི་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་ས་བྷོ་ཊ་ནས།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



