གསར་འཇུག

པ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ། (ཡོན་ཏན་འོད།)

པ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།   དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དཔའ་བོ་སྒྲ་གཅན་འཛིན་དང་ཡོན་ཏན་འོད། ། ཆོས་སྐྱོང་རྣམས་ལ་ཆེན་པོ་བཞི་ཞེས་གྲགས། ། ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་གྱི་ནང་བསྟན་པཎ་གྲུབ་མཁས་པའི་ཁྲོད་དུ་རླུང་ལྟར་གྲགས་པའི་སློབ་དཔོན་དཔའ་བོ་དང༌། སྒྲ་གཅན་འཛིན། སློབ་དཔོན་ཡོན་ཏན་འོད།

མུ་མཐུད་ཀློགས།

ན༽ སློབ་དཔོན་ཡོན་ཏན་འོད་ཀྱི་ཡང་སྲིད།

ན༽ སློབ་དཔོན་ཡོན་ཏན་འོད་ཀྱི་ཡང་སྲིད།   དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937)  མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]། ཚུལ་འཆལ་ཉེས་སྤྱོད་ལྗན་ལྗིན་མི་གཙང་དྲི། ། རྣམ་དག་ཁྲིམས་ཀྱི་ལྷ་ཆུའི་རྒྱུན་བཟང་པོས། །

མུ་མཐུད་ཀློགས།

༣༽ ལས་བརྒྱ་རྩ་གཅིག་པའི་བརྗོད་བྱ།

༣༽ ལས་བརྒྱ་རྩ་གཅིག་པའི་བརྗོད་བྱ།   དེ་ཡང་རྫོགས་ཆེན་མཁན་ཆེན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[1]། འདུལ་ལུང་དྲི་མེད་ལྷ་ཡི་བདུད་རྩིའི་བཅུད། ། བློ་གྲོས་གསེར་གྱི་བུམ་པར་བསྐྱིལ་ནས་སླར། ། ཐར་འདོད་ཡིད་ལ་ཞི་བསིལ་ཕན་བདེའི་རོ། ། སྟེར་མཁས་ཡོན་ཏན་འོད་ལ་ལྷག་པར་གུས། །

མུ་མཐུད་ཀློགས།

༢༽ འདུལ་བ་མདོ་རྩ་བའི་བརྗོད་བྱ།

༢༽ འདུལ་བ་མདོ་རྩ་བའི་བརྗོད་བྱ།   དེ་ཡང་ཤར་པ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ལས[1]། ཡོན་ཏན་འོད་ཅེས་ས་གསུམ་རབ་གྲགས་པ། ། རྒྱལ་བའི་རིང་ལུགས་འཛིན་པ་དེས་མཛད་པ། ། ཐུབ་པའི་ནང་མཛོད་འདུལ་བ་འབུམ་སྡེའི་དོན། ། མ་ལུས་སྡུད་བྱེད་ལེགས་བཤད་འདི་བྱས་སོ། །

མུ་མཐུད་ཀློགས།

ད༽ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྐོར། ༡༽ གསུང་གི་གྲངས་དང་ཇི་ལྟར་མཛད་ཚུལ།

ད༽ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྐོར། ༡༽ གསུང་གི་རྣམ་གྲངས་དང་། ཇི་ལྟར་མཛད་ཚུལ།   དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་ཡོན་ཏན་འོད་མཛད་ཀྱི་རྟོགས་བརྗོད་ལས[1]། འདུལ་བ་འཛིན་ལ་གཅེས་སྤྲས་སུ། །བྱ་བར་གསུངས་པས་སངས་རྒྱས་ཀྱི། ། ཞལ་ནས་གསུངས་པའི་སོ་ཐར་དང་། །ལས་བརྒྱ་ཚིག་ཏུ་ཐོན་ལ་དགོངས། །

མུ་མཐུད་ཀློགས།

ཐ༽ ཡོན་ཏན་འོད་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་མངའ་ཚུལ།

ཐ༽ མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་མངའ་ཚུལ།   སློབ་དཔོན་ཡོན་ཏན་འོད་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་མངའ་བའི་ཚུལ་ནི། ༸སྐྱབས་མགོན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་གམ་དགེ་སློང་ཤནྟིའི་མིང་ཅན་ (1938-1989) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་འགྲེལ་དད་ལྡན་དགའ་བསྐྱེད་ལས[1]། གཉིས་པ་མཆོག་གཉིས་ལ་བསྟོད་པ་ནི། ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །

མུ་མཐུད་ཀློགས།

ཏ༽ བོད་ཡིག་ཏུ་གསལ་བའི་ཡོན་ཏན་འོད་ཀྱི་རྣམ་ཐར།

ཏ༽ བོད་ཡིག་ཏུ་གསལ་བའི་རྣམ་ཐར།   དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ཡོན་ཏན་འོད་མཛད་ཀྱི་རྟོགས་བརྗོད་ལས[1]། བྲམ་ཟེའི་རིགས་ལས་རབ་བྱུང་བ། །གང་གི་ཡོན་ཏན་ས་གསུམ་པ། ། འོད་བྱེད་པོ་ལ་བཞུགས་བཞིན་དུ། །གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཙམ། ། ཐུགས་ལ་བྱོན་ནས་ཞལ་འདོན་དུ། །མཛད་པ་ཐོགས་པ་མི་མངའ་ཞེས། ། ས་སྟེང་ཆེན་པོར་གྲགས་འགའ་ཡིས། །སྙན་པར་བསྒྲགས་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

ཉ༽ རྒྱའི་ཡིག་ཆར་གསལ་བའི་ཡོན་ཏན་འོད་ཀྱི་རྣམ་ཐར།

ཉ༽ རྒྱའི་ཡིག་ཆར་གསལ་བའི་རྣམ་ཐར།   དེ་ཡང་སློབ་དཔོན་ཡོན་ཏན་འོད་སྐུ་འཁྲུངས་པའི་ཡུལ་ནི་འཕགས་ཡུལ་དབུས་འགྱུར་འཆང་གི་བཅོམ་བརླག་ཅེས་པ་མ་ཐུ་ར་སྟེ། རྒྱའི་བཙུན་པ་ཧྥ་ཤཱན་ (CE374-462) གྱི་ལམ་ཡིག་ལས[1]། མ་ཐུ་ར་ཡི་ཡུལ་གྲུ་དང་། །ཆུ་ཀླུང་ཆེན་པོ་ཡ་མུ་ན། ། ཞེས་བྱུང་སྟེ། ཡུལ་དེ་ནས་ཤར་ལྷོའི་ཕྱོགས་སུ་བགྲོད་དེ་དཔག་ཚད་བརྒྱད་ཅུ་ལ་ཉེ་བར་འགྲོ་བ་ན། ལམ་བར་དུ་དགེ་འདུན་ཁྲི་ཕྲག་ཁ་ཤས་སྡོད་པའི་གཙུག་ལག་ཁང་ཤིན་ཏུ་མང་པོའི་ཉེ་འདབས་ནས་འདས་ཏེ་སོང་ངོ་། །གནས་དེ་དག་བརྒལ་བའི་རྗེས་སུ་རྒྱལ་པོ་ཞིག་གི་ཡུལ་དུ་སླེབས་ལ། རྒྱལ་ཁམས་དེའི་མིང་ནི་མ་ཐུ་ར་ཟེར་རོ། །ཞེས་དང་།

མུ་མཐུད་ཀློགས།

ཇ༽ རྒྱ་གཞུང་དུ་གསལ་བའི་ཡོན་ཏན་འོད་ཀྱི་རྣམ་ཐར།

ཇ༽ རྒྱ་གཞུང་དུ་གསལ་བའི་རྣམ་ཐར།   དེ་ཡང་སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་སྐོར་རྒྱ་གཞུང་དུ་གསལ་བ་ནི། ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པའམ་འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མའི་མཛད་བྱང་ལས[1]། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ།

མུ་མཐུད་ཀློགས།

ཆ༽ དགུང་ལོ་ཇི་ཙམ་བཞུགས་ནས་བསྟན་འགྲོའི་དོན་མཛད་ཚུལ།

ཆ༽ དགུང་ལོ་ཇི་ཙམ་བཞུགས་ནས་བསྟན་འགྲོའི་དོན་མཛད་ཚུལ།   དེ་ཡང་སློབ་དཔོན་ཡོན་ཏན་འོད་དགུང་ལོ་ཇི་ཙམ་བཞུགས་མིན་ནི། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[1]། དགུང་ལོ་བཞི་བརྒྱར་བསྟན་འགྲོའི་དོན་མཛད་ཏེ། ། མྱ་ངན་འདས་ཚེ་རིང་བསྲེལ་ཕུང་པོར་གྱུར། །

མུ་མཐུད་ཀློགས།