སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་དཀར་ཆག བདུན་པ། སྣ་ཚོགས་སྐོར།

བདུན་པ། སྣ་ཚོགས་སྐོར།

 

༢༠༽ སྣ་ཚོགས་ ༼ཉོ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་ཞེས་བྱ་བ། འདིར་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་ཞེས་བྱ་བ་འདི་ནི་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་ལོ་ཙཱ་བ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་སྒྲ་སྒྱུར་མཛད་པར་གསལ་ལོ།།

དེ་ཡང་། སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་སྨོན་ལམ་མུ་གཉིས་པ་ཞེས་དང་། པེ་ཅིན་བསྟན་འགྱུར་དུ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྨོན་ལམ་མུ་གཉིས་མ་བཞུགས་སོ། །ཞེས་དང་། སྣར་ཐར་བསྟན་འགྱུར་དུ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྨོན་ལམ་བཅུ་གཉིས་མ་བཞུགས་སོ། །ཞེས་བྱུང་། གཞན་ཡང་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[2]། བསྔོ་བ་དང་སྨོན་ལམ། ༼མོ༽ སྨོན་ལམ་བཅུ་གཉིས་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད། ལྡེབ་གྲངས་ ༣༨༩ན། ༣༨༩བ། བར་བཞུགས་པར་གསལ་ལ། དེ་ལྟར་སྣར་ཐང་དང་གསེར་བྲིས་བསྟན་འགྱུར་གཉིས་སུ་གཞུང་ཚད་ཀྱི་ཆ་ནས་སྨོན་ལམ་བཅུ་གཉིས་མ་ཞེས་གསལ། སྨོན་ལམ་འདིར་ཚེག་ཁྱིམ་བདུན་ཅན་གྱི་རྐང་པ་ ༤༦ དང་ཚིགས་སུ་བཅད་པ་བཅུ་གཅིག་དང་། རྐང་པ་གཉིས་ཏེ་ཚིགས་སུ་བཅད་པ་བཅུ་གཉིས་ལྟ་བུར་སྣང་བས་སྨོན་ལམ་བཅུ་གཉིས་པ་ཞེས་མཚན་ཐོགས་པ་ཡིན་འདུག །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༢༠ ལྡེབ་ ༣༢༤ན༥ ནས་ ༣༢༤བ༥ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༦ ཚེག་ཁྱིམ་ ༣༥༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༢༣ ལྡེབ་ ༣༡༣ན༤ ནས་ ༣༡༣བ༦ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༤༦ ཚེག་ཁྱིམ་ ༣༦༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༢༤ ལྡེབ་ ༣༠༤བ༢ ནས་ ༣༠༤ན༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༦ ཚེག་ཁྱིམ་ ༣༦༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༢༠ ལྡེབ་ ༣༢༧ན༥ ནས་ ༣༣༧བ༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༦ ཚེག་ཁྱིམ་ ༣༥༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ཤོག་གྲངས་ ༡༧༠༧ ནས་  ༡༧༠༨ བར་དང་། ཆ༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[3]། བསྔོ་བ་དང་སྨོན་ལམ། ༼མོ༽ སྨོན་ལམ་བཅུ་གཉིས་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད། ལྡེབ་གྲངས་ ༣༨༩ན། ༣༨༩བ། བར་བཞུགས་པར་གསལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༣༤

[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦༠༢

[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦༠༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༩ ནས་ ༡༨༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *