གསར་འཇུག

པཎ་ཆེན་སྨྲི་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག

༄༅། །པཎ་ཆེན་སྨྲི་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།   ༄༅། །ན་མོ་གུ་རུ་མཛྙུ་ཤྲཱི་ཡེ། དམ་པའི་རྣམ་ཐར་དྲི་མེད་ཡོན་ཏན་ཚོགས། །རྗེས་སུ་དྲན་ཞིང་གུས་པ་བསྐྱེད་པ་ལ། །རྡོ་རྗེའི་ཡེ་ཤེས་བྱིན་ཆེན་འབེབས་མཛད་པའི། །སྨྲི་ཏི་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །འདས་པའི་སངས་རྒྱས་བཅོམ་ལྡན་བདེ་བའི་གླུ། །ད་ལྟ་རྣམ་བཀོད་ཞིང་དུ་དེ་བཞིན་གཤེགས། །མ་འོངས་རྒྱལ་བ་བྱམས་པ་མགོན་པོ་སོགས། །སྒྱུ་འཕྲུལ་དུ་མར་སྣང་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

༄༅། །སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བསྡུས་པ་བཞུགས་སོ།།

༄༅། །སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བསྡུས་པ་བཞུགས་སོ།།   ཨོཾ། རྗེ་བཙུན་མ་འཕགས་པ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ། །ཏུཏྟ་ར་ཡིས་འཇིགས་པ་ཀུན་སེལ་མ། །ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ། །སྭཱཧཱ་ཡི་གེར་བཅས་ལ་རབ་འདུད། །ཅེས་བྱ་བ་འདི་ནི་མཉམ་མེད་ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་སྐབས་སྐུ་གཟུགས་བསྙུན་ནས་རྗེ་བཙུན་སྒྲོལ་མར་གསོལ་བ་བཏབ་པའི་ཚེ། རྗེ་བཙུན་སྒྲོལ་མས་ཉི་མ་གཅིག་ལ་སྒྲོལ་མའི་བསྟོད་པ་ཁྲི་གཅིག་སྨིན་སྒྲུབ་བྱོས་ཞེས་ལུང་བསྟན་པ་ན། ཇོ་བོ་རྗེས་ཉིན་གཅིག་ལ་མི་འབྱོར་བས་ཐབས་ཅི་ཞིག་འཚལ་ཞེས་ཞུས་པས།

མུ་མཐུད་ཀློགས།

བློ་སྦྱོང་བརྒྱ་རྩ་ཕྱོགས་བསྒྲིགས་ཀྱི་དཀར་ཆག

༄༅། །བློ་སྦྱོང་བརྒྱ་རྩ་ཕྱོགས་སྒྲིག་བཞུགས་སོ།། དཀར་ཆག   བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ།(1) འབྲོམ་སྟོན་པས་མཛད་པའི་ཇོ་བོ་ཆེན་པོ་ལྷ་གཅིག་གིས་རྒྱལ་སྲིད་སྤངས་ནས་ཐར་པར་བྱོན་པའི་རྣམ་ཐར།(4) ཇོ་བོ་རྗེ་མཉམ་མེད་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་མཇལ་བའི་རྣམ་ཐར།(27) ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག །(41) ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་འགྲེལ་པ།(42) བློ་སྦྱོང་དོན་བདུན་མའི་འགྲེལ་པ།(47)

མུ་མཐུད་ཀློགས།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་གྱི་དཀར་ཆག (པོད་གཅིག་ཅན།)

  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་གྱི་དཀར་ཆག   ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་དཀར་ཆག   དང་པོ། ཞུ་ལན་ནོར་ཕྲེང་ལས་ཁྱད་པར་ཅན་ལ་ཕྱག་འཚལ་བའི་ལེའུ། གཉིས་པ། ལྷ་བཞི་ལ་ཇི་ལྟར་གདམས་པའི་ལེའུ། གསུམ་པ། བཀའ་སྡེ་སྣོད་གསུམ་ལ་འདམ་ཁ་ཇི་ལྟར་བཏང་བའི་ལེའུ། བཞི་པ། སྦྱོར་བར་ཇི་ལྟར་འབད་པར་བྱ་བའི་ལེའུ། ལྔ་པ། དབང་པོའི་སྒོ་བསྡམས་ཏེ་སེམས་ཇི་ལྟར་འཛིན་པའི་ལེའུ། དྲུག་པ། ལེ་ལན་ཐམས་ཅད་གཅིག་ལ་ཇི་ལྟར་གདའ་བའི་ལེའུ།

མུ་མཐུད་ཀློགས།

སློབ་དཔོན་ཨཱརྱ་བྷ་ཊའི་རྣམ་ཐར།

སློབ་དཔོན་ཨཱརྱ་བྷ་ཊའི་རྣམ་ཐར།   སློབ་དཔོན་ཨཱརྱ་བྷ་ཊ་ (आर्यभट) མཆོག་ནི་ཕྱི་ལོ་ ༤༧༦ ལོར་ཨཥམཀའམ་དེང་གི་པར་ཎའི་ (Patna) མངའ་ཁོངས་ཀུ་སུམ་པུ་རའི་ཡུལ་དུ་སྐུ་འཁྲུངས་ཤིང་། སློབ་དཔོན་འདིའི་མཚན་ལ་ཨཱརྱ་བྷ་ཊ་ (Aryabhata) དང་། ཨཱརྱ་བྷ་ཊི་ཡ་ (Aryabhatiya) ཞེས་མཚན་གྱི་དག་སྡེབ་འབྲི་སྲོལ་མི་འདྲ་བ་གཉིས་སྣང་ཞིང་། ཁོང་གིས་མཛད་པའི་ཨཱརྱ་བྷ་ཊ་ཡམ་ནང་ཁོང་ཉིད་དགུང་ལོ་ཉེར་གསུམ་ཡིན་པས།

མུ་མཐུད་ཀློགས།

དཔལ་ནཱ་ལེནྡྲའི་ལོ་རྒྱུས་སྙིང་བསྡུས། བརྙན་འཕྲིན།

Nalanda video

མུ་མཐུད་ཀློགས།

དཔལ་ནཱ་ལེནྡྲ་དང་། སེམས་ཁམས་རིག་པའི་རྣམ་གཞག (སྐུ་པར།)

མུ་མཐུད་ཀློགས།

རྣམ་དཔྱོད་ཀྱི་མིག་སྦྱིན་མཁན། པཎ་གྲུབ་བཅུ་བདུན།

རྣམ་དཔྱོད་ཀྱི་མིག་སྦྱིན་མཁན། པཎ་གྲུབ་བཅུ་བདུན། པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ང་ཚོར་རྣམ་དཔྱོད་ཀྱི་མིག་འབྱིན་མཁན་ལྟ་བུ་ཡིན་པས། གཞུང་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། གཞུང་དེ་དག་ལ་རྒྱུས་མངའ་ཅུང་ཟད་ཡོད་པ་ཞིག་བྱུང་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་བ་དང་། དེ་མིན་ཕ་མ་དང་མི་ཐོག་གོང་མ་དག་གིས་སྐྱབས་སུ་མཆིའོ་ཞེས་བརྗོད་པ་དེ་གའི་ཐོག་ཏུ་མུ་མཐུད་ཕྱིན་ན་དབང་རྟུལ་དད་པའི་རྗེས་འབྲང་ཆགས་པ་རེད།

མུ་མཐུད་ཀློགས།

སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར།

༄༅། །སློབ་དཔོན་སངས་རྒྱས་གཉིས་པའི་རྣམ་ཐར་ཐར་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ།།[1]   ༄༅། །འཇམ་དཔལ་རྩ་བའི་རྒྱུད་ལས། དེ་འོག་རྣམ་པར་གནས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་ལ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་ར་བར་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གིས། །སའང་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱེད། །ཅེས་གསུངས་པ་བཞིན། སློབ་དཔོན་ཆེན་པོ་བྲམ་ཟེ་བསུ་བྷནྡྷུ་ནི་ཆོས་མངོན་པའི་བསྟན་པ་སྤེལ་བའི་ཕྱིར་བྱོན་པ་ཡིན་ཏེ།

མུ་མཐུད་ཀློགས།

༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་བཞུགས་སོ།།

༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་བཞུགས་སོ།།[1]   སློབ་དཔོན་དག་ཉིད་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་ནི། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་བུ་སྟེ་སྐུ་བཙས་པ་ན། ལྟས་མཁན་གྱི་དགེ་སློང་བརྒྱ། བྲམ་ཟེ་བརྒྱ། ཕལ་པ་བརྒྱ་ལ་སྟོན་མོ་དྲངས་ན་ལོ་བདུན། ཟླ་བ་བདུན། ཞག་བདུན་དུ་འཚོ། དེ་ལས་ཐབས་གཞན་མེད་བྱས་པས་ལོ་བདུན་དུ་ཉེ་བ་ན་ཕ་མས་མ་བཟོད་དེ་ཡུལ་འཁྱམས་སུ་བཏང་བས། རིམ་གྱིས་དཔལ་ལྡན་རྒྱུན་སྟེར་གྱི་གཙུག་ལག་ཁང་དུ་ཕྱིན་ཏེ། བྲམ་ཟེ་སྒྲ་གཅན་ཟིན་ལས་རབ་ཏུ་བྱུང་།

མུ་མཐུད་ཀློགས།