གསར་འཇུག

རྒྱ་གར་པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ལུགས་གྲགས་ཅན།

རྒྱ་གར་པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ལུགས་གྲགས་ཅན།   (སློབ་དཔོན་འཕགས་པ་ལྷས་མཛད་པའི་) སྤྱོད་པ་བསྡུས་པའི་སྒྲོན་མ། (རིན་ཆེན་བཟང་པོའི་འགྱུར།) དེའི་བཤད་པ། (སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། པ་ཚབ་ཀྱི་འགྱུར།) ༤༽ (སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་) དཀྱིལ་ཆོག (པ་ཚབ་ཀྱི་འགྱུར།) ༥༽ (སློབ་དཔོན་འཕགས་པ་ལྷས་མཛད་པའི་) སེམས་ཀྱི་སྒྲིབ་སྦྱོང་། (ནག་ཚོའི་འགྱུར།) བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ། (རིན་ཆེན་བཟང་པོའི་འགྱུར།)

མུ་མཐུད་ཀློགས།

སྨོན་ལམ་འཁོར་མཚོ་མའི་པར་བྱང་སྨོན་ཚིག

སྨོན་ལམ་འཁོར་མཚོ་མའི་པར་བྱང་སྨོན་ཚིག   དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་པོད་ ༼ག༽ ལས[1]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་འཁོར་མཚོ་མ་སོགས་སྔོན་བྱོན་དམ་པའི་ཞལ་གདམས་ཕྱོགས་བསྡུས་ཀྱི་དཔར་བྱང་། སྨྲས་པ་ཐེག་མཆོག་ལམ་གྱི་སྙིང་པོ་བྱང་ཆུབ་སེམས། ། ཚེ་གཅིག་ཉམས་ལེན་སྟོབས་ལྔར་སྒྲིལ་བ་སྟེ། ། དེ་ཡི་སྔོན་འགྲོར་སྟོབས་བཞིའི་བཤགས་བསྡོམས་དང་། ། ཆོས་བརྒྱད་མགོ་སྙོམས་གཅེས་འཛིན་འདུལ་བ་མཆོག །

མུ་མཐུད་ཀློགས།

མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས།

མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས།   འཕགས་པ་ཀླུ་སྒྲུབ་ནི་འཕགས་པའི་གང་ཟག་ཁྱད་པར་ཅན་ཞིག་སྟེ། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་དཔལ་ལྡན་ཅེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བསྒྲུབས་ཏེ། །རབ་ཏུ་དགའ་བའི་ས་བགྲོད་ནས། །བདེ་བ་ཅན་དུ་དེ་འགྲོའོ། །

མུ་མཐུད་ཀློགས།

ཨ་ཏི་ཤའི་གསུང་འབུམ་གྱི་དཀར་ཆག

ཨ་ཏི་ཤའི་གསུང་འབུམ་གྱི་དཀར་ཆག   ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་དཀར་ཆག དང་པོ།    ཞུ་ལན་ནོར་ཕྲེང་ལས་ཁྱད་པར་ཅན་ལ་ཕྱག་འཚལ་བའི་ལེའུ།    གཉིས་པ།    ལྷ་བཞི་ལ་ཇི་ལྟར་གདམས་པའི་ལེའུ།    གསུམ་པ།    བཀའ་སྡེ་སྣོད་གསུམ་ལ་འདམ་ཁ་ཇི་ལྟར་བཏང་བའི་ལེའུ།    བཞི་པ།    སྦྱོར་བར་ཇི་ལྟར་འབད་པར་བྱ་བའི་ལེའུ།    ལྔ་པ།    དབང་པོའི་སྒོ་བསྡམས་ཏེ་སེམས་ཇི་ལྟར་འཛིན་པའི་ལེའུ།    དྲུག་པ།    ལེ་ལན་ཐམས་ཅད་གཅིག་ལ་ཇི་ལྟར་གདའ་བའི་ལེའུ།

མུ་མཐུད་ཀློགས།

ནཱ་ལེནྡྲའི་རིག་གཞུང་། (བཀའ་སློབ།)

ནཱ་ལེནྡྲའི་རིག་གཞུང་།   ཏཱ་ལའི་བླ་མ་ཁ་བདེ་པོ་ཡོད་པ་འདི་ནཱ་ལེནྡྲའི་རིག་གཞུང་སྦྱངས་ནས་བྱུང་བ་རེད། ང་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་མི་བརྗོད་པར་རིག་གཞུང་ཞེས་བརྗོད་ན་ཡག་པོ་འདུག །དེར་བརྟེན་ངོས་ཀྱི་རེ་བར་མ་འོངས་པར་ཁ་ཆེའི་ཆོས་གྲོགས་ཚོས་ཀྱང་དཔལ་ནཱ་ལེནྡྲའི་རིག་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་སློབ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད།   ཕྱི་ལོ་ ༢༠༡༨ ཟླ་བ་ ༧ ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྐུའི་འཁྲུངས་སྐར་ཉིན་སྩལ་བའི་བཀའ་སློབ་ལས་བཏུས།  

མུ་མཐུད་ཀློགས།

༄༅། །ཤཱ་རིའི་བུ་རབ་ཏུ་མ་བྱུང་གོང་གི་ལོ་རྒྱུས་མདོར་བསྡུས།

༄༅།།ཤཱ་རིའི་བུ་རབ་ཏུ་མ་བྱུང་གོང་གི་ལོ་རྒྱུས་མདོར་བསྡུས། རྩེ་སྐྱེས་དགེ་འདུན་དཀོན་མཆོག གཅིག །ཤཱ་རིའི་བུའི་ཡུམ་གྱི་ལོ་རྒྱུས།   ཕྱི་ལོའི་སྔོན་གྱི་ལོ་ ༥༤༠ ཡས་མས་ཤིག་ཏུ་རྒྱ་གར་ཡུལ་དབུས་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་ན་བྲམ་ཟེའི་ལས་དྲུག་གི་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་མཆོག་ཏུ་གྱུར་པ་མེ་ལྟ་བུའི་ཤེས་རབ་ཀྱིས་རང་གི་སྨྲ་བ་གསལ་བར་བྱེད་པ་དང་། གཞན་གྱི་སྨྲ་བ་ཚར་གཅོད་པ་ལ་རབ་ཏུ་མཁས་པའི་གནས་ལེན་གྱི་བུ་ཞེས་བྱ་བའི་བྲམ་ཟེ་མཁས་པ་ཞིག་ཡོད།

མུ་མཐུད་ཀློགས།

ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་རྣམ་ཐར་དང་། སྒྱུར་གཞུང་།

སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སར་ཡབ་སྐ་བ་བློ་ལྡན་དང༌། ཡུམ་འབྲོ་བཟའ་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས།

མུ་མཐུད་ཀློགས།

རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤལའི་ཕྲེང་བ།

༄༅། །རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།[1]   སྭ་སྟི་བི་ཛ་ཡནྟུ། རྒྱལ་བའི་དགོངས་དོན་སྨྲ་བའི་ཤིང་རྟ་ཆེར། །གྲགས་པའི་རོལ་མོ་ཕྱོགས་བྲལ་རྣ་བའི་དཔྱིད། །འཇིགས་བྲལ་བི་རཱུ་པ་ཡི་སྐུའི་ཆེ་བ། །ཅུང་ཟད་གླེང་བའི་རྒྱུད་མངས་འཁྲོལ་བར་བགྱི། །མངོན་མཐོའི་རྒྱལ་སྲིད་སྤངས་ནས་ནཱ་ལེནྡཱར། །གཞི་ཀུན་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང༌། །གཞུང་ལུགས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །མཁན་པོ་དཔལ་ལྡན་ཆོས་སྐྱོང་གྲགས་ལ་འདུད། །

མུ་མཐུད་ཀློགས།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཡི་ཆ་ལུགས།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཡི་ཆ་ལུགས།   ༡༽ མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཡི་ཆ་ལུགས།   དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་བཞི་པ་ལས[1]། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། དབུ་མ་ཆེན་པོ་འགྲོ་ལ་གསལ་མཛད་པ། ། དབང་ཕྱུག་བརྒྱད་ལྡན་ཀླུ་སྒྲུབ་སྙིང་པོ་ཞེས། ། སྙན་གྲགས་འཇིག་རྟེན་གསུམ་ན་གསལ་དེར་འདུད། །

མུ་མཐུད་ཀློགས།

༄༅། །འཕགས་ཡུལ་མཁས་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས།

༄༅། །འཕགས་ཡུལ་མཁས་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས།   ཀ༽ སློབ་དཔོན་ཀ་མ་ལ་ཤཱི་ལའམ་སློབ་དཔོན་པདྨའི་ངང་ཚུལ་ནི། དུས་རབས་ ༩ སྟོད་ཙམ་དུ་བྱོན་སྙམ། སློབ་དཔོན་དམ་པ་འདིས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་དང་། རང་བཞིན་མེད་པ་ཉིད་དུ་གྲུབ་པ་སོགས་བསྟན་བཅོས་དུ་མ་མཛད་དོ།། སློབ་དཔོན་ནཱ་ག་རྫུ་ནའམ་ཀླུ་སྒྲུབ་མཆོག་ནི། དུས་རབས་ ༢ དཀྱིལ་དུ་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཁོང་གིས་རྫོགས་རིམ་རིམ་པ་ལྔ་དང་། དབུ་མ་རྩ་བ་ཤེས་རབ། ཆོས་དབྱིངས་བསྟོད་པ་སོགས་བརྩམས་སོ།།

མུ་མཐུད་ཀློགས།