༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་པའི་ རི་གཤམ་ཐང་སྟེང་དུ་པཎ་གྲུབ་བཅུ་བདུན་གྱི་བཤད་ལུང་སྩལ་བ། དེ་རིང་འདིར་བྱ་རྒྱུའི་ཆོས་འབྲེལ་ནི། དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་ལྟ་བུ་ཆགས་རྒྱུར། ཐོག་མར་ནམ་རྒྱུན་ནས་ང་ཚོས་ཆོས་ཁུངས་བཙུན་པར་བྱ་བའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ། ཞེས་གསུངས་པ་ལྟར། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་བསྟན་པ་དེ་ཆོས་ཁུངས་བཙུན་པ་ཡིན་ཅིང་། ཁུངས་བཙུན་པ་ཇི་ལྟར་ཡིན་ཞེ་ན།
མུ་མཐུད་ཀློགས།གསར་འཇུག
བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་སྐོར།
བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་སྐོར། (ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༣༠ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་ གླིང་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐབས་སུ་སྩལ་བའི་བཀའ་སློབ།) དེ་རིང་ངོས་ནས་བརྗོད་འདོད་པ་ཞིག་ལ། གོང་དུ་བརྗོད་ཟིན་པ་ལྟར་དེ་སྔ་ང་ཚོ་བོད་དུ་ཡོད་པའི་སྐབས་སུ་རྩ་བའི་གཞུང་ཆེན་རྣམས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་ལྗགས་རྩོམ་མཛད་པའི་གཞུང་ལུགས་ཤ་སྟག་ཡིན་ཅིང་། དེ་བཞིན་གསང་སྔགས་ཀྱི་ཆོས་འཁོར་རྣམས་ཀྱང་དཔལ་ནཱ་ལེནྡྲའི་མཁས་པར་གཏུགས་པ་ཤ་སྟག་ཡིན་ནའང་།
མུ་མཐུད་ཀློགས།རིགས་ལམ་གྱི་གལ་གནད་དང་། ནཱ་ལེནྡྲའི་ཕྱག་ལེན།
༄༅། །ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༢༩ ཉིན་ལ་དྭགས་ཕྱེ་རྒྱུད་སྨད་སྔགས་པ་གྲྭ་ཚང་དུ་སྩལ་བའི་བཀའ་སློབ། (རིགས་ལམ་གྱི་གལ་གནད་དང་། ནཱ་ལེནྡྲའི་ཕྱག་ལེན།) རིགས་པའི་ལམ་ནས་དཔྱད་པ་བྱ་རྒྱུ་ནི་དཔལ་ནཱ་ལེནྡྲའི་ཕྱག་བཞེས་ཆགས་ཡོད་ཅིང་། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་ཞིག་ཡིན། དེ་ཡང་མཁན་ཆེན་ཞི་བ་འཚོ་དང་། ཁོང་གི་སྲས་ཀྱི་ཐུ་བོ་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ནས་དཔལ་ནཱ་ལེནྡྲའི་ཕྱག་བཞེས་དེ་བོད་ལ་སྲོལ་གཏོད་པས་ན།
མུ་མཐུད་ཀློགས།པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད། དྲུག་པ།
པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད། (ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༢༤ ཉིན་ལ་དྭགས་ཟངས་དཀར་དཔའ་འདུམ་ཕོ་བྲང་གི་གསུང་ཆོས་ར་བར་སྩལ་བའི་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད།) པཎ་གྲུབ་བཅུ་བདུན་སྲོལ་བཟང་གཏོད་ཚུལ། དེ་ཡང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ལས། ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། ། ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། ། ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། ། ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །
མུ་མཐུད་ཀློགས།པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང༌། སྐུ་ཐང་གི་བྱུང་བའི་སྐོར།
པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང༌། སྐུ་ཐང་གི་བྱུང་བའི་སྐོར། (ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༣།༢༩ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྨིན་སྩོལ་སྐབས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ལྗགས་རྩོམ་མཛད་པའི་ དགོས་དམིགས་དང༌། སྐུ་ཐང་གསར་བཞེངས་ཀྱི་བྱུང་རིམ་སྐོར་བའི་སྩལ་བའི་བཀའ་སློབ།) ༄༅། །ལེགས་སྦྱར་གྱི་ཆོས་བརྒྱུད་ཐོག་མར་རྒྱ་གར་ནས་རྒྱ་ནག་ཏུ་དར་བ་དང༌། རྒྱ་ནག་ནས་ཀོ་རི་ཡ་དང༌། ཝི་ཏི་ནམ། ཉི་ཧོང་བཅས་སུ་དར་འཕེལ་བྱུང་བ་དང༌།
མུ་མཐུད་ཀློགས།༄༅། །པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་ཀྱི་མཇུག་བྱང་བཀའ་ཁྲིད།
༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།། (ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༦ ཚེས་ ༣ ཉིན་རྒྱ་གར་བ་རྣམས་ལ་སྩལ་བའི་བཀའ་ཆོས་ལས་བཏུས། ཐོག་མར་པཎ་གྲུབ་བསྟོད་ཆེན་མཛད་པའི་དགོས་པ་དང་། གཉིས་པ་མཇུག་བསྡོམས་ཀྱི་བཀའ་ཁྲིད། གསུམ་པ་པཎ་གྲུབ་བསྟོད་ཆེན་གྱི་ལུང་གནང་བ་བཅས་ཡིན། དང་པོ། དེ་རིར་འདིར་ཆོས་འབྲེལ་བྱ་རྒྱུའི་ཆེད་དུ་བྱ་བའི་གདུལ་བྱ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་གྲོགས་རྣམས་ཆགས་ཡོད།
མུ་མཐུད་ཀློགས།པཎ་གྲུབ་བསྟོད་ཆེན་གྱི་མཇུག་བྱང་གི་བཀའ་ཁྲིད།
༄༅། །ཕྱི་ལོ་ ༢༠༠༦ ཟླ་བ་ ༡ ཚེས་ ༨ ཉིན་ཨ་མ་ར་ཝ་ཏིའི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བཀའ་ཆོས་ལས་ཟུར་བཏོན་ཞུས་པའི་པཎ་གྲུབ་གསོལ་འདེབས་ཀྱི་མཇུག་བྱང་བཀའ་ཁྲིད། འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། སྤྱིར་དུས་རབས་ཉི་ཤུ་པའི་ནང་དང་། ལྷག་པར་ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་འདིར། ཚན་རིག་གི་ཐོག་ནས་ཕྱིའི་དངོས་པོར་བརྟག་དཔྱད་བྱེད་ཤུགས་ཧ་ཅང་ཆེ་ཞིང་། དེ་འབྲེལ་དངོས་པོའི་རྫས་རིགས་སོ་སོའི་ནུས་པ་དང་།
མུ་མཐུད་ཀློགས།༢༠༠༣ ཟླ་ ༡༢ ཚེས་ ༣ ཉིན་སེར་བྱེས་སུ་སྩལ་བའི་པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། (༡)
༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།། (ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡༢ ཚེས་ ༣ ཉིན་སེར་བྱེས་གྲྭ་ཚང་དུ་སྩལ་བའི་ པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་བཞུགས་སོ།།) ཀ༽ མཆོད་པར་བརྗོད་པ། འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པས། ། སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། ། རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། ། ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
མུ་མཐུད་ཀློགས།༄༅། །པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། (༢)
༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།། ཐོག་མར་ངོས་ནས་བྲིས་པའི་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བའི་བཤད་ལུང་བྱ་བ་ལ། ཕྱག་དཔེའི་མཚན་བྱང་ནི། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།། ཀ༽ མཆོད་པར་བརྗོད་པ། རྩ་བར། འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པས། ། སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
མུ་མཐུད་ཀློགས།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ཅེས་བསྔགས་པ་ལེགས་སྦྱར་གྱི་སྐད་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བོད་ཀྱི་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས། མཚན་གཞན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་གང་དུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་ཏེ། དེ་ན་བྷཾ་ག་ལ་ཞེས་བྱ་གྲོང་ཁྱེར་ཆེན་པོ་མི་ཁྱིམ་འབུམ་ཕྲག་དུ་མ་ཡོད་པ། དེའི་དབུས་ན་རྒྱལ་བོའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ལོངས་སྤྱོད་མངའ་ཐང་བསམ་གྱིས་མི་ཁྱབ་པ་ཡོད་པ།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



