གསར་འཇུག

རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་ཉུང་ངུ་།

༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་དགོངས་པ་ངེས་པར་གསལ་བ་ལས[1]།   (མཛད་པ་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད།)   གཉིས་པ་ཆེ་བའི་ཡོན་ཏན་ནི། སློབ་དཔོན་འདི་ཉིད་སྔོན་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་ན་ག་རར་མིའི་རྒྱལ་པོ་འཇམ་དཔལ་གོ་ཆའི་སྲས་སུ་འཁྲུངས་ཤིང་། དེའི་ཡོན་ཏན་གྱི་ཁྱད་པར་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཐོབ་པ། ཐེག་ཆེན་གྱི་རིགས་དང་ལྡན་པ།

མུ་མཐུད་ཀློགས།

རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར།

རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར[1]།   (མཛད་པ་པོ། འབོ་དཀར་མཁན་པོ་བློ་གྲོས་དོན་ཡོད་མཆོག)   དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ་གྱི་ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཕགས་ཡུལ་དུ་ཇི་ལྟར་དར་ཚུལ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་ནི། དེ་ཡང་ལྷོ་ཕྱོགས་སུ་སོ་རཉྫར་ཏེ་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཆུང་ངུ་ཉིད་ནས་ཀྱང་ཕ་མ་དང་དགེ་སྦྱོང་དང༌། བྲམ་ཟེ་ལ་སོགས་པ་བཀུར་བར་འོས་པ་ཐམས་ཅད་ལ་གུས་ཤིང་།

མུ་མཐུད་ཀློགས།

བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་ཞི་བ་ལྷའི་རྣམ་ཐར།

ཞི་བ་ལྷའི་རྣམ་ཐར[1]།   (མཛད་པ་པོ། བསེ་ཚང་བློ་བཟང་དཔལ་ལྡན་ (༡༩༣༧-༢༠༢༡) གྱིས་མཛད།)   ༄༅། །ཐུགས་བསྐྱེད་ལྷག་བསམ་ལྗོན་པའི་རྩ་བ་བརྟན། །རླབས་ཆེན་སྤྱོད་པའི་ཡལ་འདབ་ཕྱོགས་སུ་རྒྱས། །དོན་གཉིས་འབྲས་བུའི་ཁུར་གྱིས་རབ་དུད་པའི། །འཇམ་དཔལ་མི་ཡི་གར་བསྒྱུར་ཞི་བ་ལྷ། །གང་དེའི་རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལས། །སྐྲ་རྩེར་བླངས་པའི་ཟེགས་མའི་ཆ་ཙམ་ཡང་། །བརྗོད་པས་འགྲོ་ལ་སྨན་པའི་གཏེར་གྱུར་ན། །མཐའ་ཡས་ཡོན་ཏན་བརྗོད་པར་སྨོས་ཅི་འཚལ། །

མུ་མཐུད་ཀློགས།

པཎ་གྲུབ་ཀྱི་ལས་གཞི།

པཎ་གྲུབ་ཀྱི་ལས་གཞི་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་ཞབས་འདེགས་སུ་དམིགས་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་དང་། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་རྒྱས་པ། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ། གསུང་འབུམ་གྱི་དཀར་ཆག་རྒྱས་པ། པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད། པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྱུར་མཁན་ལོ་ཙཱ་བའི་རྣམ་ཐར་ཕྱོགས་བསྒྲིགས་པར་སྐྲུན་སོགས་རླབས་ཆེན་གྱི་ལས་གཞི་ཞིག་ཡིན།

མུ་མཐུད་ཀློགས།

དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་གྱི་སྔོན་གླེང་།

༄༅། །དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་བཞུགས་སོ།།   ཐོག་མའི་སྔོན་གླེང་།   སྟོན་པས་ཞབས་བཅགས་ས་གཞི་བྱིན་བརླབས་དང་། ། མཆོག་ཟུང་རྣམ་གཉིས་འཁྲུངས་འདས་ཡུལ་མཆོག་ཏུ། ། ཉེར་བར་བལྟམས་པའི་པཎ་གྲུབ་གདན་ས་ཆེ། ། བསྟན་པའི་འབྱུང་ཁུངས་ནཱ་ལེནྡྲ་ལ་བསྟོད། ། ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ།

མུ་མཐུད་ཀློགས།

ཁ༽ མགོན་པོ་ཀླུ་སྒྲུབ་རྒྱལ་བའི་ལུང་གིས་ཟིན་ཚུལ།

ཁ༽ མགོན་པོ་ཀླུ་སྒྲུབ་རྒྱལ་བའི་ལུང་གིས་ཟིན་ཚུལ།   དེ་ཡང་དབུ་མའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནི། ཡོན་ཏན་དང་མཛད་སྤྱོད་སོགས་ཀྱིས་ཡོངས་སུ་ཕྱུག་ཅིང་། མདོ་རྒྱུད་དུ་མ་ནས་རྒྱལ་བའི་ལུང་གིས་ཡང་ཡང་ཟིན་པའི་ཆེ་བ་དང་ལྡན་ཚུལ་ནི། ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[1]།

མུ་མཐུད་ཀློགས།

དབུ་མ་རིན་ཆེན་ཕྲེང་བ་ལས་གསུངས་པའི་སྨོན་ལམ།

龍樹菩薩 ·《珍寶鬘》祈願文 ༄༅།།འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རིན་ཆེན་ཕྲེང་བ་ལས་གསུངས་པའི་སྨོན་ལམ་ནི།། 龍樹菩薩《珍寶鬘》祈願文 དབུ་མ་རིན་ཆེན་ཕྲེང་བ་ལས་གསུངས་པ། 《寶行王正論》第五品 龍 樹 菩 薩 著 དེ་ལྟར་བགྱིས་པའི་བསོད་ནམས་དང༌།། 喋大 吉貝 索南倘 從此行我德 བདག་གིས་བགྱིས་དང་མ་བགྱིས་གང༌།། 達吉 吉倘 瑪吉扛 已作及未作 དེས་ནི་སེམས་ཅད་ཐམས་ཅད་ཀྱང༌།། 喋尼 森間 湯界將 因此願眾生 བླ་མེད་བྱང་ཆུབ་སེམས་ལྡན་ཤོག།།

མུ་མཐུད་ཀློགས།

༄༅། །པཎ་ཆེན་སྨྲི་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག

༄༅། །པཎ་ཆེན་སྨྲི་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།[1]   ༄༅། །ན་མོ་གུ་རུ་མ་ཉྫུ་ཤྲཱི་ཡེ། དམ་པའི་རྣམ་ཐར་དྲི་མེད་ཡོན་ཏན་ཚོགས། །རྗེས་སུ་དྲན་ཅིང་གུས་པ་བསྐྱེད་པ་ལ། །རྡོ་རྗེའི་ཡེ་ཤེས་བྱིན་ཆེན་འབེབས་མཛད་པའི། །སྨྲི་ཏི་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །འདས་པའི་སངས་རྒྱས་བཅོམ་ལྡན་བདེ་བའི་གླུ། །

མུ་མཐུད་ཀློགས།

པཎ་གྲུབ་བཅོ་བརྒྱད་པ་དང་། ཚན་རིག་དང་མཐུན་པའི་རིང་ལུགས།

ང་རང་ངོས་ནས་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་གྱི་ཡོད། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ། ཞེས་གསུངས་པ་ལྟར། རང་དོན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་འགྲུབ་ཀྱི་འདུག་ལ། གཞན་དོན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་འགྲུབ་ཀྱི་འདུག་པས། དེ་ངས་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱི་ཡོད། ངོས་རང་འཕགས་

མུ་མཐུད་ཀློགས།

སེམས་ཁམས་རིག་པའི་རྣམ་གཞག་དང་། བོད་མིས་འཛིན་སྐྱོང་།

ང་ཚོ་བོད་ཀྱི་རིག་གཞུང་ནི་ལོ་ངོ་སྟོང་ཕྲག་རིང་ལ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་། ཡང་སྒོས་ནཱ་ལེནྡྲའི་མཁས་པའི་དབང་པོ་རིམ་པར་བྱུང་བ་དག་གི་གཞུང་ལ་བརྟེན་ནས་སེམས་ཀྱི་རྣམ་གཞག་དང་། སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་རེད། ངོས་ལ་མཚོན་ན་ཆུང་ཆུང་སྐབས་ནས་རིགས་ལམ་ཆུང་ངུ་དང་། འབྲིང་། ཆེན་མོ། དེ་ནས་བློ་རིགས་ལ་བལྟས་པ་དང་། སེམས་དང་སེམས་བྱུང་ལ་སློབ་སྦྱོང་བྱས་ཡོད་པས་ཁོང་ཁྲོ་ཟ་བ་སོགས་རེ་དོགས་ལུ་གུ་རྒྱུད་དུ་ཡོང་དུས་

མུ་མཐུད་ཀློགས།