མ༽ ནཱ་ལེནྡྲའི་མཁན་པོ་མཛད་དེ་ཆོས་སྡེ་དར་སྤེལ་མཛད་ཚུལ། དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་ལས[1]། རྡོ་རྗེའི་མེ་ཆར་ཕོག་པས་ཨུཏྤལ་ལ། །སྔོན་པོའི་ཚལ་ལ་སོ་ཡིས་ཆར་པ་བཞིན། ། ལྟ་ངན་རལ་པའི་ཐོར་ཅོག་ངོ་ཚ་ནས། །ཐེམ་སྐས་ལྕགས་རིའི་འོག་ཏུ་ཡིབས་སམ་སྙམ། །
མུ་མཐུད་ཀློགས།གསར་འཇུག
བ༽ འཕགས་པ་ཐོགས་མེད་ས་གསུམ་བརྙེས་ཚུལ།
བ༽ འཕགས་པ་ཐོགས་མེད་ས་གསུམ་བརྙེས་ཚུལ། དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ (1143-1217) མཛད་པའི་བཀའ་བརྒྱུད་འབྲི་གུང་པ་ལུགས་ཀྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ལས[1]། རྒྱལ་ཚབ་ཐུགས་རྗེའི་དབང་ཕྱུག་མ་ཕམ་མགོན། །ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཞབས། ། ཞེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890/1899) ཤེས་བྱ་ཀུན་ཁྱབ་ལས་[2]ཀྱང་། ས་གསུམ་གྱི་རྟོགས་པ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་བྱོན་ཏེ།
མུ་མཐུད་ཀློགས།ཕ༽ ཐོགས་མེད་ཀྱིས་ཐེག་ཆེན་གྱི་བསྟན་པ་དར་སྤེལ་མཛད་ཚུལ།
ཕ༽ ཐེག་ཆེན་གྱི་བསྟན་པ་དར་སྤེལ་མཛད་ཚུལ། དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་ལས[1]། བཅུ་གཉིས་བགྲང་བྱར་སྤྱད་པའི་དཀའ་ཐུབ་འབྲས། །དགའ་ལྡན་གནས་སུ་ཐོགས་པ་མེད་གཤེགས་ནས། ། མ་ཕམ་གསུང་ངག་ཐེག་ཆེན་འཛམ་གླིང་འདིར། །དར་བའི་རྣམ་པར་ཐར་དེ་འཛིན་ནུས་ཤོག །
མུ་མཐུད་ཀློགས།པ༽ འཕགས་པ་ཐོགས་མེད་ལ་རྒྱལ་པོ་ཟབ་མོའི་མཆོག་གིས་ཉམས་སད་ཚུལ།
པ༽ རྒྱལ་པོ་ཟབ་མོའི་མཆོག་གིས་ཉམས་སད་ཚུལ། དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[1]། བྱམས་མགོན་བཅུ་གཉིས་ལོར་བསྙེན་ནངས་ཀྱི་མཐར། །དངོས་ཀྱིས་རྗེས་བཟུང་ཐུབ་པའི་མདོ་ཀུན་ལས། ། ཐོགས་མེད་འདོན་འདྲི་རྩོད་མཁན་ཀུན་གྱི་དཔང་། །འོད་བྱེད་ས་ལ་གནས་པའི་ཞབས་ལ་འདུད། །
མུ་མཐུད་ཀློགས།འདབ་གཤོག་གཉིས་ལྡན་གྱི་སློབ་མ་ཞིག་ཇི་ལྟར་བྱེད་དགོས་སམ།
འདབ་གཤོག་གཉིས་ལྡན་གྱི་སློབ་མ་ཞིག་ཇི་ལྟར་བྱེད་དགོས་སམ། ༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྐབས་བཀའ་ལན་སྩལ་བ་ཟུར་འདོོན་ཞུས་པའོ།།
མུ་མཐུད་ཀློགས།ན༽ བྱམས་ཆོས་རྩོམ་པར་གསོལ་བ་བཏབ་ཚུལ།
ན༽ བྱམས་ཆོས་རྩོམ་པར་གསོལ་བ་བཏབ་ཚུལ། དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ཐོགས་མེད་ཀྱི་རྟོགས་པ་བརྗོད་པ་ངེས་དོན་ཟླ་ཟེར་དཀར་པོའི་ཕྲེང་བས་སྙིང་གི་གདུང་བ་འཕྲོག་བྱེད་ལས[1]། ཇི་ལྟའི་དོན་ལ་འཕགས་པའི་ཐུགས་མངའ་ཞིང་། །ཇི་སྙེད་འཆད་ལ་ཐོགས་པ་མེད་པའི་གསུང་། ། ཇི་ལྟར་བཞེད་བཞིན་བྱམས་མགོན་གཟིགས་པའི་སྐུ། །ཇི་སྐད་གསུངས་བཞིན་འཛིན་ལ་ཕྱག་བགྱིའོ། །
མུ་མཐུད་ཀློགས།ད༽ ཐེག་ཆེན་ལན་གསུམ་ནུབ་པ་དར་སྤེལ་མཛད་ཚུལ།
ད༽ ཐེག་ཆེན་ལན་གསུམ་ནུབ་པ་དར་སྤེལ་མཛད་ཚུལ། དེ་ཡང་ཡར་རྗེ་ཨུ་རྒྱན་གླིང་པས་ (1323-) གཏེར་ནས་དྲངས་པའི་བཀའ་ཐང་སྡེ་ལྔ་ལས[1]། སེམས་ཅན་ཞེ་སྡང་ཆེ་བ་ལ༔ རྒྱལ་པོའི་བང་མཛོད་ལྟ་བུའི་ཆོས༔ མངོན་པ་བི་ཀཱ་མ་ཤཱི་ལར༔ མངོན་པའི་ཆོས་ལ་དགྲ་ལན་གསུམ༔ ཏ་ཟིག་རྒྱལ་པོ་ཧུ་ལུས་བསྲེགས༔ རྒན་མོ་རྒན་འདྲ་མུ་སྟེགས་བསྲེགས༔ ཉི་མ་དངོས་གྲུབ་ཉི་བསྒྲུབས་བསྲེགས༔ ཞེས་མངོན་པའི་བསྟན་པ་ལ་དགྲ་ལན་གསུམ་བྱུང་བར་གསུངས་ལ།
མུ་མཐུད་ཀློགས།ཐ༽ མི་ཕམ་བསྒྲུབས་ནས་སྦས་དོན་བཙལ་ཚུལ།
ཐ༽ མི་ཕམ་བསྒྲུབས་ནས་སྦས་དོན་བཙལ་ཚུལ། དེ་ཡང་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) མཆོག་གིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[1]། བྱ་དཀའི་གཞན་དོན་སྙིང་སྟོབས་ཆེར་བསྐྱེད་དེ། །ཡི་དམ་ལྷ་ལ་སྒྲུབ་པ་སྙིང་པོར་མཛད། ། སྔོན་མེད་ལེགས་བཤད་དམ་པའི་སྲོལ་ཕྱེ་བའི། །ཟླ་བྲལ་སྲིད་པའི་སྒྲོན་མེ་ཐོགས་མེད་ཞབས། །
མུ་མཐུད་ཀློགས།༩༽ ཐོགས་མེད་ཀྱིས་བྱམས་མགོན་བསྒྲུབས་པའི་གཏམ་རྒྱུད་དང་། བྱམས་མགོན་བྱོན་སྐབས་ཀྱི་རྣམ་པ།
༩༽ ཐོགས་མེད་ཀྱིས་བྱམས་མགོན་བསྒྲུབས་པའི་གཏམ་རྒྱུད། དེ་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[1]། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། ། ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་ཀྱིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཞིག་ལས་སྒྱུ་འཕྲུལ་དྲ་བའི་དབང་གསན་པ་ན། ལྷག་པའི་ལྷ་རྗེ་བཙུན་བྱམས་མགོན་ལ་མེ་ཏོག་བབས་པས། དེ་བསྒྲུབས་ནས་བསྟན་པ་དར་བར་བྱའོ་སྙམ་ཞིང་།
མུ་མཐུད་ཀློགས།ཏ༽ གནས་མཆོག་རི་བོ་བྱ་རྐང་ངོ་སྤྲོད།
ཏ༽ གནས་མཆོག་རི་བོ་བྱ་རྐང་ངོ་སྤྲོད། ༡༽ ཐོག་མའི་གླེང་གཞི། དེ་ཡང་བླ་མ་རྡོ་རྗེ་གདན་པས་ (ཕལ་ཆེར་དུས་རབས་ 11 པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]། ནགས་ཚལ་ནང་དུ་དཀའ་ཐུབ་མཛད། །བྱམས་པའི་ཞལ་གཟིགས་བསྟན་བཅོས་བརྩམས། ། ཐོགས་པ་མེད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



