ཐ༽ རྒྱ་གཞུང་དུ་གསལ་བའི་རྣམ་ཐར། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་བྱོན་ཚུལ་ལ་རྒྱ་གར་བ་སྤྱི་ལ་གྲགས་པ་ནི། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་སྟེ་རྣལ་འབྱོར་ཟླ་བས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས[1]། ཐོག་མར་རྒྱལ་པོ་འཇམ་དཔལ་གོ་ཆའི་སྲས་གྱུར་བར་དུ་གང༌། ། བྷཾ་གའི་ནགས་སུ་འཇམ་དབྱངས་བསྒྲུབས་པ་བླ་མའི་གདམས་པ་ཐོབ། །
མུ་མཐུད་ཀློགས།པཎ་གྲུབ་ཀྱི་རྣམ་ཐར།
༥༽ རྒྱལ་སྲས་ཞི་བ་ལྷའི་ངོ་མཚར་བའི་གཏམ་བདུན་པ།
༥༽ ངོ་མཚར་བའི་གཏམ་བདུན་པ། དེ་ཡང་མུ་སྟེགས་པའི་དཀྱིལ་འཁོར་བཤིགས་ཏེ་ནང་པ་ལ་བཀོད་པ་ངོ་མཚར་བའི་གཏམ་བདུན་པ་ཡིན་པ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[1]། ཤཾ་ཀར་གྲུབ་པའི་མུ་སྟེགས་རྣལ་འབྱོར་པས། །མཁའ་ལ་རྡུལ་ཚོན་དཀྱིལ་འཁོར་བྲིས་པའི་ཚེ། ། ཟད་པར་ཡེ་ཤེས་རླུང་གི་ཏིང་འཛིན་གྱིས། །རྣམ་པར་གཏོར་ཏེ་ལྷག་མེད་མཛད་ལ་འདུད། །
མུ་མཐུད་ཀློགས།༤༽ རྒྱལ་སྲས་ཞི་བ་ལྷའི་ངོ་མཚར་བའི་གཏམ་དྲུག་པ།
༤༽ ངོ་མཚར་བའི་གཏམ་དྲུག་པ། དེ་ཡང་རྒྱལ་པོའི་སྐུ་སྲུང་མཛད་དེ་རལ་གྲི་འོད་ཟེར་འབར་བས་རྒྱལ་པོ་དྲེགས་པ་ཅན་བཏུལ་བ་ངོ་མཚར་བའི་གཏམ་དྲུག་པ་ཡིན་པ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[1]། ཙནྡན་ཤིང་གི་གྲལ་རིའི་འོད་ཟེར་གྱིས། །རྒྱལ་པོ་འཁོར་དང་བཅས་པའི་དྲེགས་པ་བཏུལ། ། གདུལ་བྱའི་ཚོགས་རྣམས་ཡང་དག་ལམ་ལ་བཀོད། །ཡེ་ཤེས་གཟིགས་པ་ཐོགས་མེད་མངའ་དེར་འདུད། །
མུ་མཐུད་ཀློགས།ཏ༽ ཞི་བ་ལྷས་རྒྱལ་པོ་དང་མུ་སྟེགས་པ་བཏུལ་བའི་རྟོགས་བརྗོད།
ཏ༽ རྒྱལ་པོ་དང་མུ་སྟེགས་པ་བཏུལ་བའི་རྟོགས་བརྗོད། དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ལས་[1]ཀྱང་། ཡིད་འཕྲོག་གུར་ཀུམ་གཞོན་ནུའི་ས་འཛིན་རྩེ། །ཨིནྡྲ་ནཱི་ལའི་སྤྲིན་གྱིས་གཡོགས་པ་བཞིན། །དམར་སེར་མཐོན་མཐིང་རལ་པའི་ཟུར་ཕུད་ཅན། །རྗེ་བཙུན་མཁྱེན་པའི་གཏེར་གྱིས་རིང་དུ་སྐྱོངས། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།