པཎ་གྲུབ་ཀྱི་རྣམ་ཐར།

ཆ༽ ཞི་བ་ལྷ་རབ་ཏུ་བྱུང་སྟེ་བསྟན་པར་བྱ་བ་མཛད་ཚུལ་གྱི་རྟོགས་བརྗོད།

ཆ༽ རབ་ཏུ་བྱུང་སྟེ་བསྟན་པར་བྱ་བ་མཛད་ཚུལ་གྱི་རྟོགས་བརྗོད།   དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་པ་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ལས[1]། ཟླ་ཞལ་རི་དྭགས་མིག་ཅན་མཛེས་པའི་སྐུ། །མཉེན་ལྕུག་འཁྲི་ཤིང་དལ་བུས་བསྐྱོད་པ་ལྟར། །ལྡེམ་ལྡེམ་གར་གྱིས་རོལ་པའི་འཇམ་པའི་དབྱངས། །ད་དུང་ངག་ལ་སྤོབས་པའི་མཆོག་སྦྱིན་སྩོལ། །

མུ་མཐུད་ཀློགས།

ཅ༽ ཞི་བ་ལྷ་ཁྱིམ་ན་གནས་པའི་སྐབས་ཀྱི་རྟོགས་བརྗོད།

ཅ༽ ཁྱིམ་ན་གནས་པའི་སྐབས་ཀྱི་རྟོགས་བརྗོད།   དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་པ་བརྗོད་པ་[1]པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད་ལས[2]། རྒྱལ་སྲས་གསར་པའི་ཟླ་ཚེས་ཆེས་ཕྲ་ཡང་། །ལྷ་བཅས་བདེ་འབྱུང་གཙུག་ཏུ་བསྟེན་པར་འོས། །དེའི་ཕྱིར་གང་གི་ཡོན་ཏན་ཆ་ཤས་ཙམ། །མགྲིན་པའི་རྒྱུད་མང་ལམ་དུ་མཚོན་བྱེད་པ། །

མུ་མཐུད་ཀློགས།

ང༽ ཞི་བ་ལྷ་གང་དུ་སྐུ་འཁྲུངས་པའི་ཡུལ་ལ་བཞེད་ཚུལ།

ང༽ གང་དུ་སྐུ་འཁྲུངས་པའི་ཡུལ་ལ་བཞེད་ཚུལ།   དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1565/66) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས[1]། ཐུབ་དབང་རྣམས་ཀྱི་བསྟན་པ་དམ་པའི་ཆོས། །ཇི་སྙེད་མཁྱེན་པའི་མངའ་བདག་འདྲེན་མཆོག་གང༌། ། ཐར་པའི་ལམ་སྟོན་འགྲོ་རྣམས་སྒྲོལ་མཛད་པ། །ཀུན་མཁྱེན་ཆེན་པོ་ཞི་བའི་ལྷ་ལ་འདུད། །

མུ་མཐུད་ཀློགས།

ག༽ རྒྱལ་སྲས་ཞི་བ་ལྷ་དུས་ནམ་ཞིག་ལ་བྱོན་མིན།

ག༽ རྒྱལ་སྲས་ཞི་བ་ལྷ་དུས་ནམ་ཞིག་ལ་བྱོན་མིན།   དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། ཞི་བ་ལྷ་དང་ཙནྡྲ་གོ་མི་ལ། །རྨད་བྱུང་སློན་དཔོན་གཉིས་ཞེས་མཁས་རྣམས་སྒྲོག ། ཅེས་གསུངས་པ་ལྟར་རྨད་བྱུང་སློབ་དཔོན་གཉིས་ཀྱི་ཡ་གྱལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དུས་ནམ་ཞིག་ལ་བྱོན་ནམ་ཞེ་ན། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། ཙནྡྲའི་རིགས་ཀྱི་རྒྱལ་པོ་སིང་ང་ཙནྡྲ་ཞེས་པ་རྒྱལ་སྲིད་ལ་འཁོད་དེ། ཤུགས་ཆུང་ངུར་ཡོད་པས་རྒྱལ་པོ་སེང་གེ་དང༌། གྷརྴའི་ལུང་ལེན་དགོས་པར་བྱུང༌།

མུ་མཐུད་ཀློགས།