པཎ་གྲུབ་ཀྱི་རྣམ་ཐར།

པ༽ རྒྱའི་ཡིག་ཆར་གསལ་བའི་དབྱིག་གཉེན་གྱི་རྣམ་ཐར།

པ༽ རྒྱའི་ཡིག་ཆར་གསལ་བའི་དབྱིག་གཉེན་གྱི་རྣམ་ཐར།   དེ་ཡང་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[1]། ཁོང་ཉིད་ཐོག་མར་ཐེག་དམན་ལ་མོས་ཤིང་། གཞུང་ལུགས་འབུམ་སྡེ་བཅོ་བརྒྱད་ལ་མཁས། ཐོགས་མེད་དགུང་ལོ་མཐོན་པོར་སོན་སྐབས་གཅུང་གི་གསུང་རྩོམ་རྣམས་གཟིགས་པས་འདི་ཤེས་རབ་ཤིན་ཏུ་ཆེ་བར་འདུག་ཅིང་། ཐེག་ཆེན་ལ་མི་མོས་པས་འདི་མ་བཏུལ་ན་ཁོ་བོ་གཤེགས་རྗེས་འདིའི་རྩོད་ཟླར་ཡོང་བ་དཀའ་བས་ཐེག་ཆེན་ལ་གནོད་པ་འོང་དགོངས།

མུ་མཐུད་ཀློགས།

ན༽ དབྱིག་གཉེན་གྱིས་ཐོགས་མེད་མཇལ་ནས་ཐེག་ཆེན་དུ་ཞུགས་ཚུལ།

ན༽ ཐོགས་མེད་མཇལ་ནས་ཐེག་ཆེན་དུ་ཞུགས་ཚུལ།   དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[1]། གང་གི་གཅེན་པོ་འཕགས་པ་ཐོགས་མེད་ལས། ། ཐེག་ཆེན་མདོ་རྣམས་ལན་གཅིག་གསན་པས་ཀྱང་། ། མ་ལུས་ཐུགས་སུ་ཆུད་ཅེས་གྲགས་དཀར་གྱི། ། སྙན་པའི་བ་དན་སྲིད་པའི་ཁོང་ན་ཁྱབ། །

མུ་མཐུད་ཀློགས།

ད༽ འབུམ་སྡེ་དགུ་བཅུ་གོ་དགུ་དབྱིག་གཉེན་གྱི་ཐུགས་ལ་མངའ་ཚུལ།

ད༽ འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་ཚུལ།   དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་རྟོགས་བརྗོད་བསྟན་པ་ལ་འཇུག་པའི་ཡིད་བཞིན་མཛོད་སྒོ་ལས[1]། ཐུབ་བསྟན་འབུམ་ཕྲག་བརྒྱ་ཡི་མཛོད་བཟུང་ནས། ། ཉིན་རེ་བཞིན་ཡང་ངེས་དོན་མཆོག་གཅིག་པའི། ། ཕ་རོལ་ཕྱིན་གྱུར་སྟོང་ཕྲག་བརྒྱ་པའི་མདོ། ། ཚིག་ཟུར་མ་ཉམས་ལྗགས་རྩེར་འདོན་པས་གདོན། །

མུ་མཐུད་ཀློགས།

ཐ༽ དབྱིག་གཉེན་གྱིས་ཆོས་གཞི་དྲུག་བརྒྱ་ལྔ་བཅུ་རྩ་བཞི་བཙུགས་ཚུལ།

ཐ༽ ཆོས་གཞི་དྲུག་བརྒྱ་ལྔ་བཅུ་རྩ་བཞི་བཙུགས་ཚུལ།   དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་རིན་ཆེན་སྤུངས་པ་ལས[1]། ཐོས་པ་རྒྱ་མཚོའི་བློ་གྲོས་ཕུལ་བྱུང་བརྙེས། ། རིག་གནས་ཀུན་ལ་མི་འཇིགས་བདེན་པ་ཐོབ། ། འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པ་ཞེས། ། རབ་ཏུ་གྲགས་པ་དབྱིག་གཉེན་ཞབས་ལ་འདུད། །

མུ་མཐུད་ཀློགས།