བཞི་པ། ཚད་མའི་སྐོར།
དེ་ཡང་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་བསྟན་བཅོས་ཚད་མ་སྡེ་བདུན་དང་། རང་འགྲེལ་གཉིས་བཅས་ཚད་མའི་བསྟན་བཅོས་ཆེ་ཆུང་དགུ་མཛད་པ་སྟེ། དེ་ཡང་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་ལས། ལུས་ལྟ་བུའི་བསྟན་བཅོས་གསུམ་ནི། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་རྣམ་ངེས།
བསྡུས་པ་རིགས་ཐིགས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ནི། གཏན་ཚིགས་ཐིགས་དང་། འབྲེལ་པ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིགས་པ་བཅས་བཞིའོ། །དེ་ལྟར་ཚད་མ་སྡེ་བདུན་ཐོག་རང་འགྲེལ་གཉིས་ཏེ། ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་རང་འགྲེལ་དང་། འབྲེལ་བ་བརྟག་པའི་རང་འགྲེལ་བཅས་ཚད་མའི་བསྟན་བཅོས་དགུ་བཞུགས་པ་རྣམས་ནི།
༧༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། པྲ་མཱ་ཎ་བཱར་ཏི་ཀཱ་རི་ཀཱ། བོད་སྐད་དུ། (རྒྱས་པའི་བསྟན་བཅོས་) ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ལ། (བར་འགྱུར།) གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ་གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། ། (ཕྱི་འགྱུར།) དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཚད་མ་རྣམ་འགྲེལ་ལ་རྒྱ་འགྲེལ་བཅུ་གཉིས་དང་། བོད་འགྲེལ་ལྔ་བརྒྱ་ཙམ་ཞིག་ཡོད་པར་གྲགས་པས་འཕགས་བོད་ཀྱི་འགྲེལ་པ་མང་ཤོས་ཤིག་ཡིན་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[1]། རྣམ་འགྲེལ་རྩ་བ་དང་། མཛོད་རྩ་བ། བྱམས་ཆོས་ལྷག་མ་བཞི་སྟེ་མདོ་སྡེ་རྒྱན། ཆོས་དབྱིངས་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། རྒྱུད་བླ་མ་བཅས་ཀྱི་བཤད་ཁྲིད། རྟེན་འབྲེལ་བསྟོད་པའི་བཤད་ཁྲིད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་གསུང་བྱང་ཆུབ་ལམ་གྱི་རིམ་པ་གསེར་ཞུན་མའི་བཤད་ཁྲིད། དྭགས་པོ་ངག་དབང་གྲགས་པའི་ལམ་རིམ་ལེགས་གསུང་ཉིང་ཁུའི་ཁྲིད། ཅེས་བྱུང་བ་ལྟར། རྣམ་འགྲེལ་རྩ་བའི་བཤད་ལུང་དགེ་བཤེས་རིག་འཛིན་བསྟན་པའི་དྲུང་ནས་གསན་བཞེས་མཛད་པར་གསལ་ལོ།།
དེ་བཞིན་༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[2]། དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཁམས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་དེའི་ཞལ་སྔ་ནས་ལས་ཟབ་རྒྱས་ཀྱི་དམ་པའི་ཆོས་གསན་བཞེས་མཛད་ཅིང་། དེ་ཡང་ཐོག་མར་གསན་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། ཐོག་མར་ཞལ་མཇལ་འཕྲོས་མོལ་ལས་དམ་པ་ཉིད་ལ་འཇུག་པ་རང་འགྲེལ་དང་བསླབ་བཏུས་ཀྱི་ཁྲིད་རྒྱུན་བཞུགས་འདུག་པ་གསན་མ་ཐག །རྗེ་བླ་མའི་ཐུགས་སུ་གཞུང་ཆེན་མོ་འདི་དག་གི་བཤད་རྒྱུན་ཧ་ཅང་ཉམ་དམས་སུ་གྱུར་ཡོད་པས་འཆད་སྤེལ་ཐུབ་ན་ཅི་མ་རུང་དགོངས་པའི་ཐུགས་ཀྱི་འདུན་པ་དྲག་པོ་འཁྲུངས་ཏེ་དམ་པ་གང་གི་དྲུང་དུ་འཇུག་པ་རང་འགྲེལ་དང་། བསླབ་བཏུས་ཀྱི་བཤད་ལུང་གསན་བཞེས་མཛད་པ་དང་། རིམ་གྱིས་དམ་པ་འདི་ཉིད་ཀྱི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་དུ་མ་ཞིག་ནོད་པར་མཛད་དོ།།
གསན་བཞེས་གང་མཛད་པའི་ཐོ་ཡིག་རིམ་པར་འགོད་པ་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པའི་ཁྲིད་ལུང་དང་། དཔལ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་བཤད་ལུང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འཇུག་པ་རྩ་འགྲེལ་གྱི་བཤད་ལུང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་མཆན་འགྲེལ་དང་། རྣམ་ངེས་མཆན་འགྲེལ། རིགས་ཐིགས་མཆན་འགྲེལ་བཅས་ཀྱི་བཤད་ལུང་བཅས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་ཞལ་སྔ་ནས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་གསལ་བ་ལྟར་རོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༨ ལེའུ་ ༤ ལྡེབ་ ༩༤ན༡ ནས་ ༡༥༡ན༧ བར་ཡིག་ཕྲེང་ ༨༠༥ ཚིག་རྐང་ ༧-༥༧༡༤། ༩-༢༨། ༡༧-༤། ༡༩-༨། ཚེག་ཁྱིམ་ ༤༡༤༦༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༠ ལེའུ་ ༤ ལྡེབ་ ༡༩༠ན༤ ནས་ ༢༥༠བ༦ བར་ཡིག་ཕྲེང་ ༩༧༡ ཚིག་རྐང་ ༧-༥༧༡༤། ༩-༢༨། ༡༧-༤། ༡༩-༨། ཚེག་ཁྱིམ་ ༤༡༥༧༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༠ ལེའུ་ ༤ ལྡེབ་ ༡༩༤བ༢ ནས་ ༢༥༩ན༥ བར་ཡིག་ཕྲེང་ ༩༠༧ ཚིག་རྐང་ ༧-༥༧༡༤། ༩-༢༨། ༡༧-༤། ༡༩-༨། ཚེག་ཁྱིམ་ ༤༡༥༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༨ ལེའུ་ ༤ ལྡེབ་ ༩༤ན༡ ནས་ ༡༥༡ན༥ བར་ཡིག་ཕྲེང་ ༨༠༥ ཚིག་རྐང་ ༧-༥༧༡༤། ༩-༢༨། ༡༧-༤། ༡༩-༨། ཚེག་ཁྱིམ་ ༤༡༤༧༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༤༦༩ ནས་ ༦༠༡ བར་བཞུགས་པ་བཅས་སོ།།
༨༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནིཤྩ་ཡ། བོད་སྐད་དུ། (འབྲིང་གི་བསྟན་བཅོས།) ཚད་མ་རྣམ་པར་ངེས་པ། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། དཔལ་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས། ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༩ ལེའུ་ ༣ ལྡེབ་ ༡༥༢ན༡ ནས་ ༢༣༠ན༧ བར་ཡིག་ཕྲེང་ ༡༢༦༨ ཚེག་ཁྱིམ་ ༦༣༧༢༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༡ ལེའུ་ ༣ ལྡེབ་ ༢༥༠བ༦ ནས་ ༣༢༩བ༡ བར་ཡིག་ཕྲེང་ ༡༢༠༨། ཚེག་ཁྱིམ་ ༦༣༦༠༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༡ ལེའུ་ ༣ ལྡེབ་ ༢༥༩ན༥ ནས་ ༣༤༧ན༧ བར་ཡིག་ཕྲེང་ ༡༢༣༥ ཚེག་ཁྱིམ་ ༦༣༥༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༩ ལེའུ་ ༣ ལྡེབ་ ༡༥༢ན༡ ནས་ ༢༢༧ན༧ བར་ཡིག་ཕྲེང་ ༡༠༥༧ ཚེག་ཁྱིམ་ ༦༣༧༣༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༦༡༤ ནས་ ༧༩༢ བར་བཞུགས་པ་བཅས་སོ།།
༩༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ནྱཱ་ཡ་བིན་དུ་ན་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། (བསྡུས་པའི་བསྟན་བཅོས།) རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། བམ་པོ་གཅིག །པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༠ ལེའུ་ ༣ ལྡེབ་ ༢༣༡ན༡ ནས་ ༢༣༨ན༦ བར་ཡིག་ཕྲེང་ ༡༠༤ ཚེག་ཁྱིམ་ ༥༩༨༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༢ ལེའུ་ ༣ ལྡེབ་ ༣༢༩བ༡ ནས་ ༣༣༧ན༨ བར་ཡིག་ཕྲེང་ ༡༢༨། ཚེག་ཁྱིམ་ ༥༩༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༢ ལེའུ་ ༣ ལྡེབ་ ༣༤༧ན༧ ནས་ ༣༥༥ན༧ བར་ཡིག་ཕྲེང་ ༡༡༣ ཚེག་ཁྱིམ་ ༥༩༤༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༠ ལེའུ་ ༣ ལྡེབ་ ༢༢༨ན༡ ནས་ ༢༣༥ན༦ བར་ཡིག་ཕྲེང་ ༡༠༤ ཚེག་ཁྱིམ་ ༥༩༨༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༨༡༢ ནས་ ༨༢༩ བར་བཞུགས་པ་བཅས་སོ།།
༡༠༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། ཧེ་ཏུ་བིན་དུ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། གཏན་ཚིགས་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། གཞུང་ཚད་ཤོ་ལོ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༡ ལྡེབ་ ༢༣༨ན༧ ནས་ ༢༥༥ན༡ བར་ཡིག་ཕྲེང་ ༢༣༣ ཚེག་ཁྱིམ་ ༡༤༩༩༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༣ ལྡེབ་ ༣༣༧ན༨ ནས་ ༣༥༧ན༣ བར་ཡིག་ཕྲེང་ ༣༡༦། ཚེག་ཁྱིམ་ ༡༤༧༦༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༣ ལྡེབ་ ༣༥༥ན༧ ནས་ ༣༧༥བ༦ བར་ཡིག་ཕྲེང་ ༢༨༦ ཚེག་ཁྱིམ་ ༡༤༧༦༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༡ ལྡེབ་ ༢༣༥ན༦ ནས་ ༢༥༢ན༡ བར་ཡིག་ཕྲེང་ ༢༣༤ ཚེག་ཁྱིམ་ ༡༤༩༩༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༨༣༢ ནས་ ༨༧༣ བར་བཞུགས་པ་བཅས་སོ།།
༡༡༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། སཾཿབནྡྷ་པ་རཱིཀྵ་པྲ་ཀ་ར་ཎ། བོད་སྐད་དུ། འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ། སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་བནྡེ་ནམ་མཁས་བསྒྱུར། (ཕྱི་འགྱུར།) སླད་ཀྱི་པཎྜི་ཏ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོས་བཅོས་ཤིང་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༢ ལྡེབ་ ༢༥༥ན༢ ནས་ ༢༥༦ན༢ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༡༠༠ ཚེག་ཁྱིམ་ ༧༩༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༤ ལྡེབ་ ༣༥༧ན༣ ནས་ ༣༥༨ན༧ བར་ཡིག་ཕྲེང་ ༢༡། ཚིག་རྐང་ ༧-༡༠༠ ཚེག་ཁྱིམ་ ༧༥༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༤ ལྡེབ་ ༣༧༥བ༦ ནས་ ༣༧༧ན༤ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༠༠ ཚེག་ཁྱིམ་ ༧༥༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༢ ལྡེབ་ ༢༥༢ན༡ ནས་ ༢༥༣ན༡ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༡༠༠ ཚེག་ཁྱིམ་ ༧༩༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༨༨༠ ནས་ ༨༨༢ བར་བཞུགས་པ་བཅས་སོ།།
༡༢༽ ཚད་མ་ ༼ཅེ༽ པ་ལ། རྒྱ་གར་སྐད་དུ། སཾཿབནྡྷ་པ་རཱིཀྵ་བྲིཏྟི། བོད་སྐད་དུ། འབྲེལ་བ་བརྟག་པའི་འགྲེལ་པ། སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་བི་ཤུདྡྷ་སི་ཾཧ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༣ ལྡེབ་ ༢༥༦ན༢ ནས་ ༢༦༡ན༧ བར་ཡིག་ཕྲེང་ ༧༦ ཚེག་ཁྱིམ་ ༤༧༤༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༥ ལྡེབ་ ༣༥༨ན༧ ནས་ ༣༦༤བ༨ བར་ཡིག་ཕྲེང་ ༡༠༤། ཚེག་ཁྱིམ་ ༤༦༦༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༥ ལྡེབ་ ༣༧༧ན༤ ནས་ ༣༨༤ན༢ བར་ཡིག་ཕྲེང་ ༩༧ ཚེག་ཁྱིམ་ ༤༦༦༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༣ ལྡེབ་ ༢༥༣ན༡ ནས་ ༢༥༨ན༧ བར་ཡིག་ཕྲེང་ ༧༧ ཚེག་ཁྱིམ་ ༤༧༤༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༨༨༤ ནས་ ༨༩༧ བར་བཞུགས་པ་བཅས་སོ།།
༡༣༽ ཚད་མ་ ༼ཅེ༽ པ། རྒྱ་གར་སྐད་དུ། པྲ་མཱཿཎཱ་བ་ཏཱ་ར་ཏི་ཀ་བྲིཏྟི། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། (ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ།) རིག་པ་ཆེན་པོ་སའི་སྟེང་མ་ལུས་པ་ན་སྨྲ་བའི་གླང་པོ་ཆེའི་སྤྱི་བོ་གནོན་པར་མཛད་པའི་སེངྒེ་ཕྱོགས་མ་ལུས་པར་སྙན་པར་གྲགས་པ་ཅན། དཔལ་ཆོས་ཀྱི་གྲགས་པས་སྦྱར་བ་ལས། ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་འགྲེལ་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ངོ་། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[3]། པྲ་མཱ་ཎ་པཱ་ཀ་བྲིཏི་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པ་མ་ཚང་བ། ཞེས་བྱུང་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༤ ལེའུ་ ༡ བམ་པོ་ ༡-༡༡ ལྡེབ་ ༢༦༡བ༡ ནས་ ༣༦༥ན༧ བར་ཡིག་ཕྲེང་ ༡༤༥༦ ཚེག་ཁྱིམ་ ༩༡༠༤༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་ཀུན་བཏུས། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༨ ལེའུ་ ༡ བམ་པོ་ ༡-༡༡ ལྡེབ་ ༤༢༠བ༤ ནས་ ༥༣༥ན༧ བར་ཡིག་ཕྲེང་ ༡༦༠༧ ཚེག་ཁྱིམ་ ༨༩༢༧༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༨ ལེའུ་ ༡ བམ་པོ་ ༡-༡༡ ལྡེབ་ ༤༢༠བ༤ ནས་ ༥༣༥ན༧ བར་ཡིག་ཕྲེང་ ༡༦༠༧ ཚེག་ཁྱིམ་ ༨༩༢༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༤ ལེའུ་ ༡ བམ་པོ་ ༡-༡༡ ལྡེབ་ ༢༥༨ན༧ ནས་ ༣༦༢ན༧ བར་ཡིག་ཕྲེང་ ༡༤༥༧ ཚེག་ཁྱིམ་ ༩༡༠༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ ཤོག་གྲངས་ ༩༠༠ ནས་ ༡༡༥༡ བར་བཞུགས་པ་བཅས་སོ།།
༡༤༽ ཚད་མ་ ༼ཆེ༽ པ་ལ། རྒྱ་གར་སྐད་དུ། བཱ་ད་ནྱཱ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིའི་ཞལ་སྔ་ནས་ཀྱིས་མཛད་པ། (སྔ་འགྱུར།) དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང་། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། (ཕྱི་འགྱུར།) སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པའོ། །བུ་སྟོན་ཆོས་འབྱུང་ལས[4]། དགེ་བའི་བློ་གྲོས་དང་ཤོང་གིས་འགྱུར། ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཆེ༽ ཚན་གྲངས་ ༢ ལྡེབ་ ༣༢༦བ༤ ནས་ ༣༥༥བ༥ བར་ཡིག་ཕྲེང་ ༤༠༨ ཚེག་ཁྱིམ་ ༢༥༡༠༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་འགྲེལ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༦ ལྡེབ་ ༣༦༤བ༨ ནས་ ༤༠༠ན༧ བར་ཡིག་ཕྲེང་ ༥༦༨ ཚེག་ཁྱིམ་ ༢༥༠༤༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༦ ལྡེབ་ ༣༨༤ན༢ ནས་ ༤༡༦བ༧ བར་ཡིག་ཕྲེང་ ༤༦༡ ཚེག་ཁྱིམ་ ༢༤༨༢༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཆེ༽ ཚན་གྲངས་ ༢ ལྡེབ་ ༣༢༥བ༤ ནས་ ༣༥༣བ༣ བར་ཡིག་ཕྲེང་ ༣༩༢ ཚེག་ཁྱིམ་ ༢༥༠༩༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཆེ༽ དེབ་ཨང་ ༩༨ ཤོག་གྲངས་ ༨༦༣ ནས་ ༩༣༣ བར་བཞུགས་པ་བཅས་སོ།།
༡༥༽ ཚད་མ་ ༼ཆེ༽ པ་ལ། རྒྱ་གར་སྐད་དུ། སནྟཿནཱནྱ་ཏ་ར་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཆེ༽ ཚན་གྲངས་ ༣ ལྡེབ་ ༣༥༥བ༥ ནས་ ༣༥༩ན༧ བར་ཡིག་ཕྲེང་ ༥༢ ཚེག་ཁྱིམ་ ༣༠༧༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་འགྲེལ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༧ ལྡེབ་ ༤༠༠ན༧ ནས་ ༤༠༤བ༣ བར་ཡིག་ཕྲེང་ ༦༩ ཚེག་ཁྱིམ་ ༢༩༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅེ༽ ཚན་གྲངས་ ༡༧ ལྡེབ་ ༤༡༦བ༧ ནས་ ༤༢༠བ༤ བར་ཡིག་ཕྲེང་ ༥༤ ཚེག་ཁྱིམ་ ༢༩༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཆེ༽ ཚན་གྲངས་ ༣ ལྡེབ་ ༣༥༣བ༣ ནས་ ༣༥༧ན༦ བར་ཡིག་ཕྲེང་ ༥༣ ཚེག་ཁྱིམ་ ༣༠༧༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཆེ༽ དེབ་ཨང་ ༩༨ ཤོག་གྲངས་ ༩༤༡ ནས་ ༩༤༩ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༨༥
[2] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༠༧
[3] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༡
[4] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༥༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༥ ནས་ ༤༡༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།