ན༽ ལེགས་ལྡན་གྱིས་རང་རྒྱུད་པའི་སྲོལ་གཏོད་ཚུལ། ༡༽ དབུ་མ་པའི་མཚན་ཉིད། དབྱེ་བ། མཚན་གཞི། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བསྟོད་པ་ལས[1]། ཟབ་མོའི་དོན་ལ་སྐྲག་པ་སྤངས་པའི་ཕྱིར། །རང་བཞིན་མི་འགོག་ཐུན་མིན་སྡོད་ལུགས་ཚུལ། ། བཀག་ནས་འཕགས་པའི་དགོངས་པ་རང་རྒྱུད་དུ། །འགྲེལ་བཤད་ཟླ་བྲལ་སློབ་དཔོན་ལེགས་ལྡན་འབྱེད། །
མུ་མཐུད་ཀློགས།གསར་འཇུག
ད༽ དབུ་མ་སྙིང་པོའི་མཚན་གྱི་རྣམ་གྲངས།
ད༽ དབུ་མ་སྙིང་པོའི་མཚན་གྱི་རྣམ་གྲངས། དེ་ཡང་སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[1]། རྒྱ་གར་སྐད་དུ། མདྷྱཱ་མ་ཀ་ཧྲི་ད་ཡ་ཀཱ་རི་ཀཱ། དབུ་མའི་སྙིང་པོའི་ཚིག་ཚིག་ལེའུར་བྱས་པ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད། ཇོ་བོ་རྗེ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་ཡིན་པའི་ཆ་ནས་དབུ་མའི་སྙིང་པོ་ཞེས་བརྗོད་པ་ཡིན། སྡེ་དགེ་བསྟན་འགྱུར་དབུ་མ་ ༼ཛ་པ༽ ན་བཞུགས་ཤིང་། དེ་ལ་ཤོག་ལྡེབ་བཞི་བཅུ་དང་ངོས་བརྒྱད་ཅུ་ཡོད།
མུ་མཐུད་ཀློགས།ཐ༽ རྟོག་གེ་འབར་བ་ལེགས་ལྡན་གྱིས་མཛད་མིན་ལ་དཔྱད་པ།
ཐ༽ རྟོག་གེ་འབར་བ་ལེགས་ལྡན་གྱིས་མཛད་མིན་ལ་དཔྱད་པ། ༡༽ རྟོག་གེའི་སྐད་དོད་དང་གོ་དོན། དེ་ཡང་ཡོངས་རྫོགས་པཎྜི་ཏ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་བཀྲལ་བའི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་ཞེས་མཚན་གྱི་ཆ་ནས་ཞུས་ན། རྟོག་གེ་ཞེས་པའི་མིང་ཚིག་ནི་ཧ་ཅང་རྙིང་པ་ཞིག་དང་། མིང་ཚིག་འདི་ཉིད་རྒྱལ་བའི་བཀའ་འགྱུར་ཁོ་ནར་ལན་ ༡༣༢ ཙམ་གསལ་ཞིང་།
མུ་མཐུད་ཀློགས།ཏ༽ དབུ་མ་ཤེས་རབ་སྒྲོན་མའི་བརྗོད་བྱའི་གལ་གནད།
ཏ༽ དབུ་མ་ཤེས་རབ་སྒྲོན་མའི་བརྗོད་བྱའི་གལ་གནད། སློབ་དཔོན་ལེགས་ལྡན་འབྱེད་ (c.500-570) ཀྱིས་མཛད་པའི་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་གཞུང་དངོས་ཀྱི་མཇུག་བྱང་ལས[1]། རྩ་བ་ནི། དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་གཞག་པ། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ།
མུ་མཐུད་ཀློགས།༢༽ དབུ་མ་རིན་ཆེན་སྒྲོན་མ་ལེགས་ལྡན་གྱི་གསུང་མིན་པར་འདོད་པའི་ལུགས།
༢༽ ལེགས་ལྡན་གྱི་གསུང་མིན་པར་འདོད་པའི་ལུགས། དེ་ཡང་དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་མིན་གྱི་དོགས་པ་སྐྱེ་གཞིའི་གནད་གཅིག་ནི། སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[1]། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །
མུ་མཐུད་ཀློགས།ཉ༽ དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོར་དཔྱད་པ། ༡༽ ལེགས་ལྡན་གྱི་གསུང་ཡིན་པར་འདོད་པའི་ལུགས།
ཉ༽ དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོར་དཔྱད་པ། ༡༽ ལེགས་ལྡན་གྱི་གསུང་ཡིན་པར་འདོད་པའི་ལུགས། དེ་ལྟར་དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་མིན་གྱི་དོགས་གཞིའི་གནད་གང་དག་ཡོད་པ་དང་། དེ་དག་ལ་སྒྲུབ་བྱེད་གང་ཞིག་ཡོད་ཅེ་ན། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[1]། སློབ་དཔོན་ལེགས་ལྡན་འབྱེད་ནི། རང་དང་གཞན་གྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་ཆེན་པོ་དེས་དབུ་མ་སྙིང་པོ་རྩ་འགྲེལ་མཛད་ཅེས་སྨྲེང་ལ།
མུ་མཐུད་ཀློགས།ཇ༽ ལེགས་ལྡན་ཆེ་ཆུང་ངམ་སྔ་ཕྱིའི་སྐོར།
ཇ༽ ལེགས་ལྡན་ཆེ་ཆུང་ངམ་སྔ་ཕྱིའི་སྐོར། དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ལ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ། དབུ་མའི་དོན་བསྡུས་པ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བཅས་ལྔ་བཞུགས་པ་ལས། དབུ་མ་རིན་ཆེན་སྒྲོན་མ་འདི་ཉིད་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་བཟང་ཡིན་མིན་ཐད་བོད་ཀྱི་མཁས་དབང་ཁག་བར་བཞེད་ཚུལ་མི་མཐུན་པ་ཡོད།
མུ་མཐུད་ཀློགས།༣༽ བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་བ།
༣༽ བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་བ། དེ་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[1]། ལེགས་ལྡན་གྱི་དུས་ཙམ་ནས་རྒྱལ་པོ་ཤྲཱི་ཧརྴ་ཞེས་བྱ་བ་སྟོབས་ཅན་ཞིག་བྱུང་སྟེ། དེས་ཀླ་ཀློའི་བསྟན་པ་བསྣུབ་པར་འདོད་ནས་དབེན་པ་ཞིག་ཏུ་ཤིང་འབའ་ཞིག་ལས་བྱས་པའི་ཁང་པ་ཆེན་པོ་བརྩིགས་ནས་དེར་ཀླ་ཀློའི་སྟོན་པ་འཁོར་བཅས་བོས་ཏེ་ཟླ་བ་འགར་ཞབས་ཏོག་བྱས།
མུ་མཐུད་ཀློགས།༢༽ རྒྱའི་ཡིག་ཆར་ཇི་ལྟར་གསལ་བ།
༢༽ རྒྱའི་ཡིག་ཆར་ཇི་ལྟར་གསལ་བ། རྒྱའི་ཡིག་ཆ་ཁག་ལྟར་ན། སློབ་དཔོན་ལེགས་ལྡན་འབྱེད་དུས་རབས་ལྔ་པའི་མཇུག་གམ་དྲུག་པའི་ནང་དུ་བྱོན་པ་ཞིག་ཡིན་ཅིང་། དེའི་སྒྲུབ་བྱེད་ནི། རྒྱ་ནག་གི་ལོ་ཙཱ་བ་ཆེན་མོ་ཞོན་ཙང་ (ཐང་སན་བླ་མ།) གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས། མ་ག་དྷའི་ཡུལ་དུ་སློབ་དཔོན་ཆོས་སྐྱོང་གིས་བསྟན་པ་སྤེལ་ཞིང་། སློབ་འཁོར་སྟོང་ཕྲག་མང་པོ་ཡོད་པ་ཐོས་ནས། དེ་དང་བགྲོ་ཞིང་གླེང་བར་མོས་ནས་ཁཀྑིར་ཏེ་འཁར་གསིལ་བསྣམས་ནས་ཕེབས་པས།
མུ་མཐུད་ཀློགས།ཆ༽ སློབ་དཔོན་ལེགས་ལྡན་འབྱེད་དུས་ནམ་བྱོན་མིན། ༡༽ རྒྱ་གཞུང་ཁག་ཏུ་ཇི་ལྟར་གསལ་བ།
ཆ༽ སློབ་དཔོན་ལེགས་ལྡན་འབྱེད་དུས་ནམ་བྱོན་མིན། ༡༽ རྒྱ་གཞུང་ཁག་ཏུ་ཇི་ལྟར་གསལ་བ། དེ་ཡང་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་དག་གིས་མཛད་པའི་རྒྱ་གཞུང་ཁག་ལ་གཞིགས་ན་སློབ་དཔོན་ལེགས་ལྡན་འབྱེད་ནི། འཕགས་པ་ཐོགས་མེད་སྐུ་མཆེད་རྣམ་གཉིས་ཀྱི་མཇུག་ཏུ་བྱོན་པ་ཤིན་ཏུ་གསལ་ཏེ། ལེགས་ལྡན་འབྱེད་ (c.500-570) རང་ཉིད་ཀྱིས་མཛད་པར་གྲགས་པའི་རྟོག་གེ་འབར་བ་ལས[1]། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



