གསར་འཇུག

༢༽ ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད།

༢༽ ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད།   ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད་མཆོག་ནི། (ལྷ་ཞི་བ་འོད།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང༌། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཐོག །དེ་རྗེས་ཁ་ཆེ་དང༌། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་པ་དང༌།

མུ་མཐུད་ཀློགས།

ཏ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས། ༡༽ ལོ་ཙཱ་བ་དྲན་པ་ནམ་མཁའ།

ཏ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས། ༡༽ ལོ་ཙཱ་བ་དྲན་པ་ནམ་མཁའ།   ལོ་ཙཱ་བ་བནྡེ་དྲན་པ་ནམ་མཁའ་མཆོག་ནི། རྗེ་འབངས་གྲུབ་ཐོབ་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་སྟེ། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། སྐུ་ཚེའི་སྟོད་ལ་བོན་གྱེར་གཤེན་ཆེན་པོ་ཞིག་ཡིན། སྐུ་ཚེའི་སྨད་དུ་རབ་བྱུང་བསྒྲུབས་ཏེ་ལོ་ཙཱ་ལ་ཡང་མཁས་པར་བསླབས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས།

མུ་མཐུད་ཀློགས།

ཉ༽ སློབ་དཔོན་ཆོས་གྲགས་ཀྱི་གསུང་བཟང་མ་རྙེད་པ།

ཉ༽ སློབ་དཔོན་ཆོས་གྲགས་ཀྱི་གསུང་བཟང་མ་རྙེད་པ།   དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། ༡༽ སློབ་དཔོན་འདིས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཅིག་ཀྱང་མཛད་ཡོད་གསུང་ཞིང༌། ༢༽ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལཱུ་ཡི་པས་མཛད་པར་གྲགས་པ་འདི་ཡང་སློབ་དཔོན་འདིས་མཛད་པ་ཡིན་གསུང༌། ཞེས་བྱུང་བ་ལྟར།

མུ་མཐུད་ཀློགས།

ཇ༽ དཔལ་ལྡན་ཆོས་གྲགས་ཀྱི་གསུང་རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད།

ཇ༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད།   ༡༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། རྡོ་རྗེའི་མྱུང་བུ་ (སྙུང་བུ་མིན་ནམ་སྙམ།) ཞེས་བྱ་བའི་བསྟན་བཅོས་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པ་དྷ་རྨ་དེ་ཝའི་འགྱུར། (འདི་གཏན་ཚིགས་རྡོ་རྗེ་ཟེགས་མའམ་རྡོ་རྗེ་ཚེར་མ་ཡིན་མིན་བརྟག །བོད་ལ་མེད་གསུངས།)  ཞེས་དང་། ༢༽ དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[2]།

མུ་མཐུད་ཀློགས།

ཆ༽ དཔལ་ལྡན་ཆོས་གྲགས་ཀྱི་གསུང་ལེགས་སྦྱར་ནས་བོད་བསྒྱུར་ཞུ་བསྡད།

ཆ༽ ལེགས་སྦྱར་ནས་བོད་བསྒྱུར་ཞུ་བསྡད།   ༡༽ ལེགས་སྦྱར་ཐོག་ཡོད་ལ་བོད་འགྱུར་མེད་པའི་བརྡ་སྤྲོད་ཀྱི་གཞུང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་སྒྲ་གཞུང་གཟུགས་ལ་འཇུག་པ་ཞེས་པ་མིང་གི་ལེའུའི་སྐོར་མཛད་ཚུལ་གསུངས་པ་དང་། གཞུང་དེ་ཉིད་དེང་སྐབས་ཡོད་ཚུལ་གསུངས་པ་ལྟར་གཟུགས་ལ་འཇུག་པའི་སྒྲ་གཞུང་དེ་ཉིད་ད་ལྟ་ལེགས་སྦྱར་དུ་བཞུགས་ཡོད་ཀྱང་། བོད་གངས་ཅན་པའི་སྐད་ཡིག་ཏུ་བསྒྱུར་རྒྱུར་ལུས་ཡོད་འདུག །

མུ་མཐུད་ཀློགས།

ཅ༽ ཆོས་ཀྱི་གྲགས་པའི་གསུང་གི་དོགས་དཔྱོད།

ཅ༽ ཆོས་ཀྱི་གྲགས་པའི་གསུང་གི་དོགས་དཔྱོད།   དེ་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[1]། ཚད་མ་ཅེ་པ་ལ། རྟོག་གེ་ ༼མ་བྱུང༌།༽ རབ་ཏུ་བྱེད་པ་སྡེ་བདུན། ཞེས་སྡེ་དགེ་བསྟན་འགྱུར་དུ་མ་བྱུང་བར་གསུངས་མོད། འོན་ཀྱང་རབ་ཏུ་བྱེད་པ་སྡེ་བདུན་ནི། ཚད་མ་སྡེ་བདུན་ལ་ཟེར་བ་ནི། བུ་སྟོན་ཆོས་འབྱུང་ལས[2]། རབ་ཏུ་བྱེད་པ་སྡེ་བདུན་བརྩམས་ཏེ། མཇུག་ཏུ་རྣམ་འགྲེལ་གྱི་ལེའུ་དང་པོའི་རང་འགྲེལ་མཛད་དོ། །

མུ་མཐུད་ཀློགས།

ང༽ བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།

ང༽ བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།   ༡༽ སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་རྣམས་ནི། དང་པོ། རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། རྒྱ་གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང་། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་པཱ་ལ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི། མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ།

མུ་མཐུད་ཀློགས།

ག༽ མཛད་པ་པོའི་མཚན་དང་། བསྟན་འགྱུར་གྱི་སྡེ་ཚན།

ག༽ མཛད་པ་པོའི་མཚན་དང་། བསྟན་འགྱུར་གྱི་སྡེ་ཚན།   སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་གསུང་རྣམས་བསྟན་འགྱུར་གྱི་སྡེ་ཚན་བཅུ་གསུམ་ལས། བསྟོད་ཚོགས་དང་། རྒྱུད། ཚད་མ། སྐྱེས་རབས་བཅས་སྡེ་ཚན་བཞིའི་ཁོངས་སུ་བཞུགས་ཤིང་། དེ་ཡང་བསྟོད་ཚོགས་སུ་ ༡ དང་། རྒྱུད་ཀྱི་ཁོངས་སུ་ ༤ ཚད་མའི་ཁོངས་སུ་ ༩ སྐྱེས་རབས་ཀྱི་ཁོངས་སུ་ ༡ བཅས་ཁྱོན་གསུང་ཆོས་ཚན་ ༡༥ བཞུགས་པའི་གསུང་བཟང་ཁག་གི་མཛད་བྱང་དང་། བསྟན་འགྱུར་དཀར་ཆག་དང་བཅས་པར་མཛད་པ་པོའི་མཚན་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་མཚན་འཁོད་པའི་གསུང་ཆོས་ཚན་ ༩ དང་། སློབ་དཔོན་དྷརྨ་ཀཱིརྟིའི་མཚན་འཁོད་པའི་གསུང་ཆོས་ཚན་ ༦ བཅས་མཛད་པ་པོའི་མཚན་ལ་ལེགས་སྦྱར་དང་། བོད་སྐད་ཀྱི་མཚན་གཉིས་ཀ་གསལ་ལ། སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་རྣམས་མ་དཔེ་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ཤ་སྟག་གོ།  །།   ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༦ ནས་ ༤༡༦ བར་གསལ་བ་ལས་བཏུས་པའོ།།

མུ་མཐུད་ཀློགས།

ཁ༽ དཔལ་ཆོས་ཀྱི་གྲགས་པའི་གསུང་གི་མཚན་བྱང་།

ཁ༽ དཔལ་ཆོས་ཀྱི་གྲགས་པའི་གསུང་གི་མཚན་བྱང་།   སློབ་དཔོན་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། སྐྱེས་རབས། ཚད་མ་བཅས་སྡེ་ཚན་བཞིའི་ནང་ཆོས་ཚན་ ༡༥ བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་གཅིག་སྟེ། ༡ སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ་དང་། གཉིས་པ་རྒྱུད་ཀྱི་སྐོར་ལ་བཞི་སྟེ།

མུ་མཐུད་ཀློགས།

དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་དཀར་ཆག བཞི་པ། ཚད་མའི་སྐོར།

བཞི་པ། ཚད་མའི་སྐོར།   དེ་ཡང་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་བསྟན་བཅོས་ཚད་མ་སྡེ་བདུན་དང་། རང་འགྲེལ་གཉིས་བཅས་ཚད་མའི་བསྟན་བཅོས་ཆེ་ཆུང་དགུ་མཛད་པ་སྟེ། དེ་ཡང་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་ལས། ལུས་ལྟ་བུའི་བསྟན་བཅོས་གསུམ་ནི། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་རྣམ་ངེས།

མུ་མཐུད་ཀློགས།