༄༅༅། །རྒྱ་གར་སྐད་དུ། ཨ་མི་ཏཱ་བྷཱ་ཧྲྀ་ད་ཡ་རཱ་ག་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འོད་དཔག་ཏུ་མེད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་གཤེད་སྒྲུབ་པའི་ཐབས་ཞེས་བྱ་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་དབྱེར་མེད་པ་ཡི། །འདོད་ཆགས་ཆེ་ལ་ཕྱག་འཚལ་ཏེ། །གང་ཞིག༌མངོན་ཞེན་འཇིགས་བྱེད་པ། །འདོད་ཆགས་རྡོ་རྗེའི་སྒྲུབ་ཐབས་བཤད། །དད་ལྡན་ཤེས་རབ་སྙིང་རྗེ་ཡིས། །དོན་བཅས་གཞན་དོན་གཙོར་འཛིན་པས། །སྦྱིན་པ་ལ་སོགས་ལེགས་སྦྱངས་
མུ་མཐུད་ཀློགས།གསར་འཇུག
གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། རཏྣ་སཾ་བྷཱ་ཝ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་ཞེས་བྱ་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཞན་དོན་ཡིད་བཞིན་འབྱུང་གནས་རིན་པོ་ཆེ། །རེ་འདོད་སྐོང་མཛད་རིན་ཆེན་འབྱུང་གནས་རྒྱལ། །ཀུན་རྟོག་བྲལ་བ་མཉམ་པ་ཉིད་ཡེ་ཤེས། །སེར་སྣ་འཇོམས་མཛད་དེ་ལ་ཕྱག་འཚལ་ཏེ། །ང་རྒྱལ་རབ་རྒྱས་སེར་སྣ༌དེ་དོན་དུ། །ཕྲ་མ་མཐར་མཛད་རབ་ཏུ་བཤད་པར་བྱ། །བྱང་ཆུབ་སེམས་དང་ཤེས་རབ་ནི
མུ་མཐུད་ཀློགས།གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་མངོན་པར་རྟོགས་པ།
༄༅༅། །རྒྱ་གར་སྐད་དུ། བཻ་རོ་ཙ་ན་ཡ་མཱ་རི་ནོ་པི་ཀ་ནཱ་མ། བོད་སྐད་དུ།གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་རྟག་པའི་དཔལ། །མེ་ལོང་ཡེ་ཤེས་བྱང་ཆུབ་སེམས། །འོད་གསལ་རྡོ་རྗེ་ཀུན་ཞི་བ། །གཏི་མུག་རྡོ་རྗེ་ལ་ཕྱག་འཚལ། །ས་རྣམས་ཕ་རོལ་བགྲོད་པའི་ལམ། །རྟག་པའི་སྒྲུབ་ཐབས་བཤད་པར་བྱ། །དང་པོར་སྔགས་པས་སྙིང་རྗེ་དྲན་པས་རང་ལུས་རྫོགས་པ་དང་། །སྙིང་གར་ས་བོན་གསལ་བ་
མུ་མཐུད་ཀློགས།གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྗེ་བཙུན་རྡོ་རྗེ་སེམས་བདག་སྔགས། །འཇིགས་བྱེད་དཔའ་བོ་དགྲ་ནག་ལ། །བཏུད་དེ་བརྒྱུད་རིམ་ལས་རྙེད་པ། །དངོས་གྲུབ་འབྱུང་ཕྱིར་བཤད་པར་བྱ། །རང་གཟུགས་རྫོགས་པའི་སྙིང་ག་རུ། །ཡ་ཡིག་ལས་ནི་འགྲོ་བར༌སྦྱང་། །བདུན་པོ་ཡིས༌ཀྱང་སྦྱང་བྱས་ནས། །ཚངས་པའི་གནས་ལ་གཞག་པར་བྱ། །སྟོང་པའི་སྙིང་པོ་གསལ
མུ་མཐུད་ཀློགས།འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་ཝཱི་བྷ་བ་ན་བི་དྷི་སྟ་ར། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ།ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དོན་མེད་བདག་ལ་གནོད་པ༌སྲིད་པའི་བྱ་བ་རྣམས་སྤངས་ཏེ། །རང་བཞིན་བརྟན་པས་རྣམ་པར་དབེན་པའི་ས་ཕྱོགས་སོང་ནས་ནི། །གནས་དེར་བདག་གི་བསམ་གཏན་ཁང་པ་ཤིན་ཏུ་ཡིད་འཐད་པ། །ཤར་དུ་སྒོ་བཏོད༌ཡང་ན་ནུབ་ཏུ་བཀྲ་ཤིས་སྒོ་ལྡན་པ། །ལེགས་བརྩིགས་དེ་ཡང་དུམ་བུ་བཞི་པས་མཛེས་པར་བྱས་པ་སྟེ། །ཤིན་ཏུ་མཉམ
མུ་མཐུད་ཀློགས།སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་བ་གཅད་པ།
༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །མཐར་གྱིས་པའི་མན་ངག །སྒྲ་མཐར་གྱིས་པའི་བསམ་གཏན་སྐྱེ་བའི་རིམ་པ་རྫོགས་པའི་རིམ་པ་སྒྲུབ་པ་པོའི་ལུས་སེམས་ཀྱི་འབྲེལ་པ་གཅད་པ༌ནི། ལུང་ལྡན་བླ་མའི་མཚན་ཉིད་ལ། སྒྲ་མཐར་མན་ངག་གི་བཅུད་གསལ་བ། སྣོད་ལྡན་དད་ཅན་གྱི༌ནང་ཁེངས་ཏེ། རང་གཞན་གཉིས་ཀྱི་དོན་རྫོགས་པས་རྫོགས་པའི༌སངས་རྒྱས་ཀྱི་ཐ་སྙད་ཅན། ལུས་སེམས་ཀྱི་འབྲེལ་པ་མི་གནས་སོ། །ཆོས་ཉིད་ཟབ་མོ་སྣང་བ་འདི། སངས་རྒྱས་ཀྱི་སྤྱོད་ཡུལ་དུ་འ
མུ་མཐུད་ཀློགས།སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་པའི་འཁོར་རྐྱེན་དྲུངས་ནས་འདོན་པ།
༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྒྲ་ལ་མི་གནས་པའི་བསམ་གཏན་གྱིས།འགྲོ་བ་གཉིས་རྒྱུད་ཀྱི་འཁོར་ལོ་རྒྱུན་བཅད་པའི་མན་ངག་ཆོས་ཉིད་སྒྲ་ལ་མི་གནས་པའི་དོན་བསྟན་པ་ནི་གསུམ། དམིགས་པ་ཡོངས་སུ་དག་པའི་བསམ་གཏན་དང་། དམིགས་པ་རྗེས་གཅོད་པའི་སྒྲ་ལ་མི་གནས་པའི་བསམ་གཏན་དང་། དམིགས་པ་མཐའ་ལ་འགག་པའི་སྒྲ་ལ་མི་གནས་པའི་བསམ་གཏན་ནོ། །དམིགས་པ་ཡོངས་སུ་དག་པའི་སྒྲ་ལ་མི་གནས་པའི་བསམ་གཏན་ནི། བསྐྱེད་པའི་རིམ་པ་ཆོས་ཉིད་སྐྱེ་མེད་དུ
མུ་མཐུད་ཀློགས།སྒྲ་ལ་གནས་པའི་བསམ་གཏན་ཞེས་བྱ་བ།
༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་པ་ལ་མན་ངག་གསུམ། སྒྲ་ལ་གནས་པའི་བསམ་གཏན་གྱིས། འགྲོ་བ་རྣམས་ཀྱི་ལས་མཐའ་གཅད་པ༌ནི་སྒྲ་ནི་གཉིས་ཏེ། སྟོང་པའི་སྒྲ་དང་ཕྲེང་བའི་སྒྲའོ། །སྟོང་པའི་སྒྲ་ལ་དྲུག་ལུས་ངག་ལ་གནས་པ་དང་། ཡུལ་ལ་གནས་པ་དང་། སེམས་ལ་གནས་པ་དང་། ཤེས་བྱ་རང་གཤིས༌ལ་གནས་པ་དང་། དུས་ལ་གནས་པ་དང་། རང་གི་འགྱུར་བྱེད་ལ་གནས་པའོ། །དེ་ཡང
མུ་མཐུད་ཀློགས།ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་བསང་བ་ཞེས་བྱ་བ།
༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུ་རྣམས་ཀྱི་གདོན་ལས་གྲོལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ། གཙོ་བོའི་བུམ་པ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་ལ། དཀྱིལ་འཁོར་གྱི་དབུས་སུ་གཞག །དེ་ནས་བག་ཟན་ལ་ཀླུ་ཆེན་པོ་བརྒྱད་ཀྱི་གཟུགས་སོར་བཞི་པ་ཐལ་མོ་སྦྱར་བ་ཚོན་གྱིས་བསྒྱུར་ཏེ། སོ་སོའི་གནས་སུ་བུམ་པ་ལ་ཁ་བསྟན་ལ་གཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་སྦྲུལ་ནག་པོ་
མུ་མཐུད་ཀློགས།ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ་ཅེས་བྱ་བ།
༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུ་ཆེན་པོ་རྣམས་བསྒྲུབས་ཏེ་མི་བཟད་པ་ཙི་ཙི༌ཛྭ་ལའི་ནད་ལས་ཐར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ་མཆོད་པ་ཇི་ལྟར་འབྱོར་པ་བཞིན་བཤམས་ལ། །གཙོ་བོའི་བསྙེན་པ་ཅི་རིགས་པར་བཟླས་ལ། མཆོད་པ་དང་བསྟོད་པ་བྱ། དེ་ནས་ཀླུ་ཆེན་པོ་རང་བཞིན་གྱི་གནས་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྤྱན་དྲངས་ལ། དེ་ལ་མཆོད་པ་དབུལ་ལོ། །དེ་ནས་ཀླུ་བརྒྱད་ཀྱི་གཏོར་མ་ལ་
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



