ཕ༽ ཆོས་ཀྱི་གྲགས་པའི་རྗེས་འཇུག་གི་སློབ་མ། དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་བཞི་པ་ལས[1]། དེ་ཡི་ལམ་སྲོལ་ཚད་མ་རིག་པའི་གཞུང་། ། རྣམ་དཔྱོད་གསལ་ལྡན་སྐྱེས་བུ་བགྲང་ཡས་ལ། ། ཡོངས་སུ་སྤེལ་མཛད་ཆོས་ཀྱི་གྲགས་པའི་ཞབས། ། རྗེས་འབྲང་[2]བཅས་ལ་རྟག་པར་ཕྱག་བགྱིའོ། །
མུ་མཐུད་ཀློགས།གསར་འཇུག
པ༽ ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་ཚུལ།
པ༽ ལྷོ་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་ཚུལ། དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]། ལྷ་ཆེན་མཁས་པ་འབུམ་གྱིས་བྱིན་བརླབས་ཤིང་། ། འཕགས་ཡུལ་མཁས་པ་དུ་མས་བསྔགས་གྱུར་པའི། ། མུ་སྟེགས་མཁས་པ་སྟོང་གི་དམ་བཅའི་ནགས། ། ལུང་རིགས་ཞུགས་ཀྱིས་སྦྱངས་མཛད་ཆོས་གྲགས་ཞབས། །
མུ་མཐུད་ཀློགས།ན༽ སཾ་ག་ཨཱ་ཙརྱ་སླར་ཡང་རྩོད་པས་ཚར་བཅད་ཚུལ།
ན༽ སཾ་ག་ཨཱ་ཙརྱ་སླར་ཡང་རྩོད་པས་ཚར་བཅད་ཚུལ། དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]། ཆོས་ཀྱི་རྔ་སྒྲ་ཆེར་འབར་བ། །ཚད་མའི་ང་རོས་རྒོལ་ངན་གྱི། ། ཀླད་པ་འགེམས་ཞེས་ས་གསུམ་དུ། །གྲགས་པ་ཁྱོད་ལ་བདག་ཕྱག་འཚལ། །
མུ་མཐུད་ཀློགས།ད༽ མེ་ཏོག་ཀུན་ཏུ་རྒྱས་པའི་སར་བྱོན་ཏེ་འགྲོ་དོན་མཛད་ཚུལ།
ད༽ མེ་ཏོག་ཀུན་ཏུ་རྒྱས་པའི་སར་བྱོན་ཏེ་འགྲོ་དོན་མཛད་ཚུལ། དེ་ཡང་ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས[1]། སྟོབས་ལྡན་མེ་ཏོག་རྒྱས་པའི་སྒོ་དྲུང་དུ། ། མཁས་པའི་དྲིལ་བསྒྲགས་ཕྱོགས་ལས་རྣམ་རྒྱལ་ནི། ། ང་མིན་སུ་ཞེས་ཞལ་གྱིས་བཞེས་པའི་ཚེ། ། དཔལ་ལྡན་ཆོས་གྲགས་སྙན་དབྱངས་བསྒྲགས་ལ་འདུད། །
མུ་མཐུད་ཀློགས།ཐ༽ དཔལ་ལྡན་ཆོས་གྲགས་ཀྱིས་སཾ་ག་ར་ཨཱ་ཙརྱ་སྐྱེ་བ་བརྒྱུད་མར་ཚར་བཅད་ཚུལ།
ཐ༽ སཾ་ག་ར་ཨཱ་ཙརྱ་སྐྱེ་བ་བརྒྱུད་མར་ཚར་བཅད་ཚུལ། དེ་ཡང་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས་རིགས་པའི་ལམ་ནས་རྒོལ་ངན་རྩོད་པས་ཚར་བཅད་ཚུལ་ནི། དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[1]། དངོས་སྟོབས་རིགས་པ་སེངྒེའི་ང་རོས་ཡིས། ། སྨྲ་ངན་མུ་སྟེགས་གཉིས་འཐུང་ཀུན་འཇོམས་ཤིང་། ། ཐུབ་བསྟན་གངས་རི་སྐྱོང་བའི་དཔལ་ཡོན་ཅན། ། ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།ཏ༽ ཆོས་ཀྱི་གྲགས་པས་མུ་སྟེགས་པའི་གཞུང་ལ་སྦྱངས་ཏེ་རྩོད་པ་མཛད་ཚུལ།
ཏ༽ མུ་སྟེགས་པའི་གཞུང་ལ་སྦྱངས་ཏེ་རྩོད་པ་མཛད་ཚུལ། དེ་ཡང་ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས[1]། སློབ་དཔོན་གྲུབ་མཐའ་འཁྲུལ་འབྱིན་བཀའ་གནང་ཐོབ། ། གྲངས་ཅན་གསང་ཚིག་ཐབས་མཁས་འཕྲུལ་གྱིས་མཁྱེན། ། རྩོད་ལ་ཟླ་མེད་དྲིལ་བསྒྲགས་ཕལ་ཆེར་བྲོས། ། དོ་ཟླར་འོས་རྣམས་ཚར་བཅད་དེ་ལ་འདུད། །
མུ་མཐུད་ཀློགས།ཉ༽ དཔལ་ལྡན་ཆོས་གྲགས་ཀྱིས་རྡོ་རྗེ་སློབ་དཔོན་བསྟེན་ཏེ་དངོས་གྲུབ་ཐོབ་ཚུལ།
ཉ༽ རྡོ་རྗེ་སློབ་དཔོན་བསྟེན་ཏེ་དངོས་གྲུབ་ཐོབ་ཚུལ། དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]། དཔལ་ཆེན་ཁྲག་འཐུང་གཙོ་བོས་བྱིན་བརླབས་ཤིང་། ། རིག་པ་འཛིན་པའི་ས་རྣམས་ཡོངས་སུ་རྫོགས། ། གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། ། གྲུབ་པའི་ནང་ན་དགྱེས་མཛད་ཆོས་གྲགས་ཞབས། །
མུ་མཐུད་ཀློགས།ཇ༽ དབང་ཕྱུག་སྡེ་བསྟེན་ནས་དཔལ་ལྡན་ཆོས་གྲགས་མཁས་པར་གྱུར་ཚུལ།
ཇ༽ དབང་ཕྱུག་སྡེ་བསྟེན་ནས་མཁས་པར་གྱུར་ཚུལ། དེ་ཡང་ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས[1]། ཞང་པོ་གཞོན་ནུ་ལེགས་ལྡན་གྱིས་བསྐྲད་པས། ། མུ་སྟེགས་མཐར་མཛད་ནང་པའི་བསྟན་ལ་བྱོན། ། དྷརྨཱ་ཀིརྟིའི་མཚན་འཆང་དབང་ཕྱུག་སྡེར། ། ཚད་མའི་གཞུང་གསན་སློབ་དཔོན་ལས་ལྷག་འདུད། །
མུ་མཐུད་ཀློགས།ཆ༽ དཔལ་ལྡན་ཆོས་གྲགས་གཞོན་ནུའི་དུས་ཀྱི་མཛད་པ་དང་རབ་ཏུ་བྱུང་ཚུལ།
ཆ༽ གཞོན་ནུའི་དུས་ཀྱི་མཛད་པ་དང་རབ་ཏུ་བྱུང་ཚུལ། དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]། སློབ་པ་མིན་པའི་ཡེ་ཤེས་ཆེན་པོའི་གར། ། ངུར་སྨྲིག་འཆང་བའི་གཟུགས་སུ་ལེགས་བསྒྱུར་ཏེ། ། འཛམ་བུའི་གྲོང་ཁྱེར་ཀུན་ནས་དགེ་མཛད་པ། ། འཕགས་ཡུལ་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །
མུ་མཐུད་ཀློགས།ཅ༽ དཔལ་ལྡན་ཆོས་གྲགས་དུས་ནམ་ཞིག་ལ་བྱོན་མིན།
ཅ༽ དཔལ་ལྡན་ཆོས་གྲགས་དུས་ནམ་ཞིག་ལ་བྱོན་མིན། དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]། འཇིགས་མེད་བརྟུལ་ཞུགས་སྤོབས་པའི་རྩལ་རྫོགས་ཤིང་། ། རིགས་པའི་ཐལ་མོ་གཅིག་གིས་གཞན་སྡེའི་ཚོགས། ། སྙིང་དང་ལྕེ་རྩེ་ལྷན་ཅིག་འདར་བྱེད་པ། ། ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



