༡) ཀླུ་བོས་དང་འཕགས་པ་ལྷས་མཁན་པོ་མཛད་ཚུལ། དེ་ཡང་འཕགས་པ་ལྷ་དང་སློབ་དཔོན་ཀླུ་བོས་རྣམ་གཉིས་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་ནི། སློབ་དཔོན་འཕགས་པ་ལྷ་རང་ཉིད་ཀྱིས་མཛད་པའི་དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བའི་མཛད་བྱང་ལས[1]། དེ་བས་ན་མདོ་སྡེ་དུ་མ་ནས་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བར་བྱའོ། །
མུ་མཐུད་ཀློགས།གསར་འཇུག
༥༽ ཀླུ་སྒྲུབ་ཀྱིས་ནཱ་ལེནྡྲ་ཤིན་ཏུ་རྒྱས་པར་མཛད་ཚུལ།
༥༽ ཀླུ་སྒྲུབ་ཀྱིས་ཤིན་ཏུ་རྒྱས་པར་མཛད་ཚུལ། དཔལ་ནཱ་ལེནྡྲ་ཤིན་ཏུ་རྒྱས་པར་མཛད་པ་པོ་མགོན་པོ་ཀླུ་སྒྲུབ་ (150-250) ཞབས་ནི། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[1]། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན།
མུ་མཐུད་ཀློགས།༤༽ སྒྲ་གཅན་འཛིན་བཟང་པོས་ནཱ་ལེནྡྲ་རྒྱས་པར་མཛད་ཚུལ།
༤༽ སྒྲ་གཅན་འཛིན་བཟང་པོས་རྒྱས་པར་མཛད་ཚུལ། དེ་ཡང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ (1870/1871-1921/1922) མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་རྣམ་པར་ཐར་པ་ལ་བསྔགས་པ་བརྗོད་པའི་ཚིགས་སུ་བཅད་པ་ཨེ་ཝཾ་ཕྱག་རྒྱའི་ཟློས་གར་བདེ་ཆེན་བཞད་པའི་གླུ་དབྱངས་ལས[1]། འཇིག་རྟེན་འདི་ན་ཟླ་བྲལ་བའི། །དམ་པ་དེ་རྣམས་འབྱུང་བའི་ཞིང་། །
མུ་མཐུད་ཀློགས།༣༽ མཐོ་བཙུན་སོགས་ཀྱིས་ནཱ་ལེནྡྲའི་ཆོས་གཞི་དར་བར་མཛད་ཚུལ།
༣༽ མཐོ་བཙུན་སོགས་ཀྱིས་ཆོས་གཞི་དར་བར་མཛད་ཚུལ། དེ་རྗེས་དཔལ་ནཱ་ལེནྡྲར་གཙུག་ལག་ཁང་བརྒྱད་བཞེངས་ཏེ། ཐེག་ཆེན་གྱི་གླེགས་བམ་བཞུགས་སུ་གསོལ་བ་པོ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་རྣམ་གཉིས་[1]ཀྱི་རྣམ་ཐར་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[2]། རྡོ་རྗེ་གདན་པའི་གསུང་རྒྱུན་ལས།
མུ་མཐུད་ཀློགས།༢༽ ནཱ་ལེནྡྲ་དུས་རབས་གསུམ་པར་བཞེངས་ཟིན་པའི་སྐོར།
༢༽ དུས་རབས་གསུམ་པར་བཞེངས་ཟིན་པའི་སྐོར། ༡) རྒྱ་གར་མཁས་པའི་གཞུང་ལས་ཇི་ལྟར་བྱུང་བ། དེ་ཡང་རྒྱ་དཀར་ནག་བོད་དང་བཅས་པའི་ཡིག་ཆ་ལས། དང་པོ་རྒྱ་གར་མཁས་པའི་གཞུང་གི་ཆ་ནས་ཞུས་ན། རིགས་དང་ཡོན་ཏན་མཆོག་ཏུ་གྱུར་པའི་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ (Abhayakaragupta) སྟེ་འཇིགས་མེད་འབྱུང་གནས་སྦས་པས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་ལོ་རྒྱུས་ལས[1]།
མུ་མཐུད་ཀློགས།ལེའུ་གསུམ་པ། ནཱ་ལེནྡྲ་སུས་ནམ་ཞིག་བཞེངས་པ། ཀ༽ ནཱ་ལེནྡྲ་བཞེངས་དུས་དང་བཞེངས་པ་པོ།
ལེའུ་གསུམ་པ། ནཱ་ལེནྡྲ་སུས་ནམ་ཞིག་བཞེངས་པ། ཀ༽ ནཱ་ལེནྡྲ་བཞེངས་དུས་དང་བཞེངས་པ་པོ། ༡༽ མྱ་ངན་མེད་ཀྱིས་ནཱ་ལེནྡྲ་ཐོག་མར་ཕྱག་བཏབ་ཚུལ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ (250-320)[1] ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས[2]། སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི། །ལྷ་ཁང་ལ་སོགས་གཞན་བགྱིས་པ། ། གང་དག་ལགས་པ་དེ་དག་ཀྱང་། །སྔ་ལུགས་བཞིན་དུ་སྐྱོང་བར་མཛོད། །
མུ་མཐུད་ཀློགས།༤༽ མོངྒལ་བུའི་རྣམ་ཐར་སྙིང་བསྡུས།
༤༽ མོངྒལ་བུའི་རྣམ་ཐར་སྙིང་བསྡུས། དེ་ཡང་སྟོན་པའི་མཆོག་ཟུང་རྣམ་གཉིས་ཀྱི་ཡ་གྱལ་མོའུ་གལ་གྱི་བུ་ནི། ཡུལ་ཤིང་རྟ་ཅན་དུ་མིའུ་འགལ་གྱི་རིགས་སུ་སྐྱེས་པས་མིའུ་འགལ་གྱི་བུ་དང་། ལྷ་ལ་གསོལ་བ་བཏབ་ནས་སྐྱེས་པས་པང་ནས་སྐྱེས་ཞེས་བཏགས་པའི་[1]རྣམ་ཐར་ནི། རོང་སྟོན་ཤེས་བྱ་ཀུན་རིག་ (1367-1449) གིས་མཛད་པའི་ཉེ་བའི་སྲས་མཆོག་ཟུང་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ལས[2]།
མུ་མཐུད་ཀློགས།༣༽ ཤཱ་རིའི་བུའི་ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས།
༣༽ ཤཱ་རིའི་བུའི་ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས། ༡) ཤཱ་རིའི་བུའི་ཡུམ་གྱི་ལོ་རྒྱུས། ཕྱི་ལོའི་སྔོན་གྱི་ལོ་ ༥༤༠ ཡས་མས་ཤིག་ཏུ་རྒྱ་གར་ཡུལ་དབུས་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་ན་བྲམ་ཟེའི་ལས་དྲུག་གི་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་མཆོག་ཏུ་གྱུར་པ་མེ་ལྟ་བུའི་ཤེས་རབ་ཀྱིས་རང་གི་སྨྲ་བ་གསལ་བར་བྱེད་པ་དང་། གཞན་གྱི་སྨྲ་བ་ཚར་གཅོད་པ་ལ་རབ་ཏུ་མཁས་པའི་གནས་ལེན་གྱི་བུ་ཞེས་བྱ་བའི་བྲམ་ཟེ་མཁས་པ་ཞིག་ཡོད།
མུ་མཐུད་ཀློགས།༢༽ ཤཱ་རིའི་བུའི་རྣམ་ཐར་སྙིང་བསྡུས།
༢༽ ཤཱ་རིའི་བུའི་རྣམ་ཐར་སྙིང་བསྡུས།[1] དེ་ཡང་སྟོན་པའི་ཉན་ཐོས་མཆོག་ཟུང་དུ་གྲགས་པའི་འཕགས་པ་ཤཱ་རིའི་བུ་ནི། ཡུལ་ནཱ་ལེནྡྲའི་བྲམ་ཟེ་སྐར་རྒྱལ་གྱི་བུ་ཡིན་པས་ཉེ་རྒྱལ་དང་། མ་ཤཱ་རི་ཀ་ཏའི་བུ་ཡིན་པས་ཤཱ་རིའི་བུར་བཏགས་པའི་རྣམ་ཐར་ནི། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[2]།
མུ་མཐུད་ཀློགས།༡༽ ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན།
༡༽ ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན། དེ་ཡང་ནཱ་ལེནྡྲ་ཞེས་པ་ནི། བོད་སྐད་དུ་བན་ཆེན་པོ་ཆོས་སྣང་ངམ་ཐོས་བཟུང་དང་། རྒྱ་ནག་སྐད་དུ་བཙུན་པ་ཧྥ་ཤཱན་ (法显) དུ་གྲགས་པ་ཁོང་ཕྱི་ལོ་ ༤༠༤ ཙམ་ལ་ནཱ་ལེནྡྲར་ཕེབས་ཤིང་། ཁོང་གིས་མཛད་པའི་འཕགས་པའི་ཡུལ་གྱི་ཟིན་བྲིས་སམ་ཧྥ་ཤཱན་ལམ་ (CE374-462) ཡིག་ལས[1]།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



