༤༧༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་། དེ་ཡང་ཐང་སན་ཙང་ (600-664) ཞེས་པའི་ཐང་ནི། ཆེན་པོ་ཐང་རྒྱལ་རབས་ཀྱི་དུས་སུ་བྱོན་པས་ཡིན་ལ། སན་ཙང་ཞེས་པ་སྡེ་སྣོད་གསུམ་པ་ཞེས་པའི་དོན་ཡིན་པས་ཆེ་བསྟོད་ཀྱི་མཚན་དང་། མཚན་དངོས་ལ་ཤོན་ཙང་ཞེས་ཞུ། ཁོང་གི་མཚན་བོད་ཡིག་ཐོག་ཐང་ཟན་ཙང་དང༌། ཐང་སན་ཙང༌། ཐང་སིན་ཙང་། ཐང་ཛམ་ཚང་། ཐང་སན་ཛང་སོགས་འབྲི་ཚུལ་མང་དུ་ཡོད་པ་ལས།
མུ་མཐུད་ཀློགས།གསར་འཇུག
༤༦༽ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་རྣམ་ཐར།
༤༦༽ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། དེ་ཡང་པདྨ་གར་དབང་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས་ལས[1]། ཉི་མ་གུང་པས་བྱིན་བརླབས་ཀསྨི་རར། །ཁྲི་བརྟན་གྲོང་ཁྱེར་སུམ་རྩེན་གཉིས་པ་རུ། ། དེད་དཔོན་ཆེན་པོའི་རིགས་འཁྲུངས་གྲགས་འཛིན་ཅེས། །སྤྲུལ་པའི་སྐུ་རུ་བསྟན་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།༤༥༽ པཎྜི་ཏ་དཔལ་གོ་མི་འཆི་མེད་ཀྱི་རྣམ་ཐར།
༤༥༽ པཎྜི་ཏ་དཔལ་གོ་མི་འཆི་མེད། དེ་ཡང་ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོའི་ (1839-1905) འཁྲུངས་ལས་གསོལ་འདེབས་གསང་བའི་རྡོ་རྗེའི་ལུང་ལས[1]། ཕྱི་ནང་རིག་པའི་གནས་རྣམས་ཐུགས་སུ་ཆུད། །མཐའ་འཁོབ་ཡུལ་དུ་མུ་སྟེགས་རྩོད་པ་བཟློག ། ནཱ་ལེནྡྲ་ཡི་མཁན་མཛད་པཎྜི་ཏ། །གོ་མི་འཆི་མེད་ཞབས་ལ་གསོལ་བ་འདེབས། །
མུ་མཐུད་ཀློགས།༣༩༽ ཀ་མ་ལ་ཀུ་ལི་ཤ་ནས་ཆོས་འབྱུང་ཞི་བ་བར་གྱི་རྣམ་ཐར།
༣༩༽ ཀ་མ་ལ་ཀུ་ལི་ཤ་ནས་ཆོས་འབྱུང་ཞི་བ་བར། དེ་རྗེས་ཀྱི་དཔལ་ནཱ་ལེནྡྲའི་མཁན་རབས་ལས། ༣༩༽ ཀ་མ་ལ་ཀུ་ལི་ཤ་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ལས[1]། སྔོན་དུས་ཨོ་རྒྱན་གྱི་སྐྱེ་བོས་བླ་དྭགས་སུ་བཏགས་པ་ཀ་མ་ལ་ཀུ་ལི་ཤ་སྟེ་པདྨ་རྡོ་རྗེ། དེ་ཡང་དཔྲལ་བ་ན་རྡོ་རྗེས་མཚན་པའི་པདྨ་རྒྱས་པའི་རི་མོ་ཡོད་པས་སོ། །ཞེས་གསུངས་པ་ལྟར། ཀ་མ་ལ་ཀུ་ལི་ཤ་ཞེས་པ་བོད་སྐད་དུ་པདྨ་རྡོ་རྗེ་ཡིན་པར་གསལ་ལ།
མུ་མཐུད་ཀློགས།༣༨༽ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་རྣམ་ཐར།
༣༨༽ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ། ལེགས་སྦྱར་གྱི་སྐད་དུ་ཨ་བྷྱ་ཀ་ར་གུཔྟ་སྟེ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའམ། མི་འཇིགས་སྦྱིན་པ་དཔལ་ཡང་ཞུ། ཕྱི་ལོ་ ༡༠༠༤ ལོར་རྒྱ་གར་ཡུལ་དབུས་མ་ག་དྷའི་ཕྱོགས་ཙམ་པརྞ་ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་པཎྜི་ཏ་སྙན་གྲགས་ཅན་ཞིག་སྟེ།
མུ་མཐུད་ཀློགས།༣༧༽ བླ་མ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་ཐར།
༣༧༽ བླ་མ་རྡོ་རྗེ་གདན་པ་ཆེན་པོ། བླ་མ་རྡོ་རྗེ་གདན་པ་ཆེན་པོ་ནི། ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་དཔལ་རྡོ་རྗེ་གདན་པ་ཆེན་པོ་ལ་གསོལ་བ་འདེབས་པ་རང་བྱུང་སྒྲ་དབྱངས་ལས[1]། །ཉི་མ་ལྟ་བུ་འགྲོ་བློའི་མུན་པ་སེལ། །ཟླ་བ་ལྟ་བུ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །ཐུབ་བསྟན་མངའ་བདག་རྡོ་རྗེ་གདན་པ་ཆེ། །བསོད་ནམས་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །སྟོབས་འབྱོར་ཕུལ་བྱུང་འཕགས་ཡུལ་མ་ལ་བར། །
མུ་མཐུད་ཀློགས།༣༦༽ དུས་ཞབས་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པའི་རྣམ་ཐར།
༣༦༽ དུས་ཞབས་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པ། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་བརྒྱུད་པའི་གསོལ་འདེབས་ལས[1]། རྒྱལ་སྲས་ནཱ་ལེནྟྲ་པ་ལ་གསོལ་བ་འདེབས། ། ཞེས་གསོལ་བ་འདེབས་ཡུལ་དུས་ཞབས་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པ་ནི། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཞིག་སྟེ། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[2]། དཀའ་ཐུབ་མཛད་ཅིང་དངོས་གྲུབ་བརྙེས། །རལ་གྲི་ཁྱེར་ནས་མཁའ་ལ་གཤེགས། ། ན་ལེནྡྲ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།༣༥༽ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲའི་རྣམ་ཐར།
༣༥༽ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ། དྲུག་པ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་སྟེ། ལེགས་སྦྱར་གྱི་མཚན་ཛྙཱ་ན་ཤྲཱི་མི་ཏྲ་ (Janashrimitra) བོད་སྐད་དུ་ཡེ་ཤེས་དཔལ་བཤེས་གཉེན་ཞབས་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི། མཐའ་གཉིས་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན་ལ།
མུ་མཐུད་ཀློགས།༣༤༽ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་རྣམ་ཐར།
༣༤༽ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ལྔ་པ། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་མཆོག་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནི། སྔོན་ཁ་ཆེའི་ཡུལ་དུ་བྲམ་ཟེ་ཞིག་གིས་ལྷ་དབང་ཕྱུག་ཆེན་པོ་བསྒྲུབས་པས་ལུང་བསྟན་ཐོབ་སྟེ། ཁྱོད་ཀྱི་རིགས་རྒྱུད་ལ་མཁས་པ་གྲགས་ལྡན་ཤ་སྟག་འབྱུང་ཞེས་ལུང་བསྟན།
མུ་མཐུད་ཀློགས།༣༣༽ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་གི་རྣམ་ཐར།
༣༣༽ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་། བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་ངམ་སློབ་དཔོན་བྱང་ཆུབ་བཟང་པོ་མཆོག་ནི། ལེགས་སྦྱར་གྱི་མཚན་ལ་ཨཱཅཱརྱ་བོ་དྷི་བྷ་དྲ་ (AcArya Bodhibhadra) ཞེས་ཞུ་ཞིང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ལས[1]། ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་བ་ཉི་ཤུ་རྩ་གཅིག་གདན་དྲངས་ན་འདྲོངས་ཏེ།
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



