པཎ་གྲུབ་ཀྱི་རྣམ་ཐར།

ཟ༽ ཟླ་གྲགས་ཀྱི་གསུང་ལ་བསྔགས་པ་མཛད་ཚུལ།

ཟ༽ ཟླ་གྲགས་ཀྱི་གསུང་ལ་བསྔགས་པ་མཛད་ཚུལ།   རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[1]། དེ་ཡི་གཞུང་ལུགས་རབ་དཀར་ཀུན་དའི་ཚལ། །གང་གི་བློ་གྲོས་ཟེར་གྱིས་རྣམ་འབྱེད་ཅིང་། ། ཐུབ་བསྟན་གླིང་བཞི་གསལ་བའི་འོད་དཀར་ཅན། །དཔལ་ལྡན་ཟླ་བའི་ཞབས་ལ་གུས་ཕྱག་འཚལ། །

མུ་མཐུད་ཀློགས།

ཞ༽ ཟླ་བ་གྲགས་པའི་གསུང་གི་དོགས་དཔྱོད།

ཞ༽ ཟླ་བ་གྲགས་པའི་གསུང་གི་དོགས་དཔྱོད། ༡༽ འདུས་པའི་མངོན་རྟོགས་རྒྱན་རྩ་འགྲེལ།   དེ་ཡང་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1537-1603/1605) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ལས[1]། ཁྱད་པར་རྡོ་རྗེ་འཆང་གི་འདུས་པ་ཡི། །རྩ་རྒྱུད་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པ། །བཤད་རྒྱུད་ཤན་སྦྱར་དཔལ་མགོན་ཀླུ་སྒྲུབ་ཀྱིས། །མན་ངག་གིས་བཀྲོལ་སྒྲོན་མ་རབ་གསལ་བའི། །རྒྱ་ཆེར་འགྲེལ་དང་དབུ་མ་རྩ་བ་ཡི། །

མུ་མཐུད་ཀློགས།

ཝ༽ ཟླ་བ་གྲགས་པའི་གཞུང་ལུགས་ཀྱི་བརྗོད་དོན།

ཝ༽ ཟླ་བ་གྲགས་པའི་གཞུང་ལུགས་ཀྱི་བརྗོད་དོན།   དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[1]། ལུང་རིགས་སེངྒེའི་ང་རོ་ཆེར་སྒྲོགས་པས། །རྩ་འཇུག་བཞི་གསུམ་རིགས་པ་དྲུག་ཅུ་པ། ། སྟོང་ཉིད་བདུན་ཅུའི་འགྲེལ་པ་ལ་སོགས་པར། །ཟབ་དོན་གསལ་བར་མཛད་ལ་གསོལ་བ་འདེབས། །

མུ་མཐུད་ཀློགས།

ཛ༽ ཐལ་འགྱུར་བའི་ལྟ་བ་སྲོལ་གཏོད་མཛད་ཚུལ།

ཛ༽ ཐལ་འགྱུར་བའི་ལྟ་བ་སྲོལ་གཏོད་མཛད་ཚུལ།   དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[1]། ཐོས་པ་ཙམ་གྱིས་སྲིད་པ་ཧྲུལ་བར་བྱེད། །བསམ་པས་རྟག་ཆད་མཐར་འཛིན་བྲག་རི་བསྙིལ། ། བསྒོམས་པས་སྲིད་རྩ་དྲུངས་ནས་འབྱིན་པའི་སྨན། །ཟབ་དོན་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །

མུ་མཐུད་ཀློགས།