གསུམ་པ། དབུ་མའི་སྐོར།
བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་ཞིང་། ཁྱད་པར་དུ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འགྲེལ་པ་དབུ་མའི་སྐོར།
༡༠༣༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མདྷྱཱ་མ་ཀ་ཀཱ་རི་ཀ །བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་བཞུགས་སོ། །སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ།
དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། ། (བར་འགྱུར།) སླད་ཀྱིས་གྲོང་ཁྱེར་དཔེ་མེད་ཀྱི་དབུས་གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་མ་ཧཱ་སུ་མ་ཏི་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་དང་བསྟུན་ནས་བཅོས་པའོ། ། (ཕྱི་འགྱུར།) སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུ། (中論 T30, No1564) བསྒྱུར་ནས་བཞུགས་སོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[1]། འདིར་རྗེ་མར་པའི་ཐུགས་སྲས་དར་མ་མདོ་སྡེ་དང་ཞལ་མི་གཉིས་པ་སྐུ་བཅར་མཚན་ཞབས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་ཐུབ་བསྟན་སྟོབས་འབྱོར་དཔལ་བཟང་པོའི་ཞལ་སྔ་ནས་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་ཇི་སྙེད་ཅིག་གསན་བཞེས་བཀའ་དྲིན་ཆེ་བར་མཛད་པ་ལས། ཐོག་མར་སྐུ་བཅར་མཚན་ཞབས་རིན་པོ་ཆེ་གང་ཉིད་ཀྱི་དྲུང་ནས་ཟབ་རྒྱས་ཆོས་ཀྱི་གསན་བཞེས་ཇི་ལྟར་མཛད་པ་ནི། སྐུ་བཅར་མཚན་ཞབས་པ་མཆོག་ཉིད་ཉིན་ཞིག་རྗེ་བླ་མའི་སྐུ་གམ་དུ་བཅར་བའི་སྐབས་འཕྲོས་མོལ་ཞིག་ལ། མཚན་ཞབས་པ་ཉིད་ལ་དབུ་མ་རིགས་ཚོགས་དྲུག་གི་བཤད་ལུང་གི་རྒྱུན་ཡོད་པར་གསན་པས། རིང་མོ་ཞིག་ནས་རྗེ་བླ་མ་ཉིད་ཀྱི་ཐུགས་ལ་བརྣགས་པའི་དོན་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་། དབུ་མའི་གཞུང་ཀུན་གྱི་ཕྱི་མོར་གྱུར་པ། ཟབ་མོ་སྟོང་པ་ཉིད་རིགས་པས་སྒྲུབ་པར་མཛད་པའི་རིགས་ཚོགས་དྲུག་གི་ཁྲིད་ལུང་གི་རྒྱུན་ཤིན་ཏུ་དཀོན་པར་གྱུར་པ་དེ་ད་ནི་རྙེད་དོ་སྙམ་དུ་ཐུགས་ཤིན་ཏུ་སྤྲོ་བར་གྱུར་ཅིང་། རྗེ་བླ་མ་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་ཡང་ཟབ་མོ་དབུ་མའི་ལྟ་བ་འཚོལ་བ་ལ་ཤིན་ཏུ་རིངས་པས་རིགས་ཚོགས་ཀྱི་ཁྲིད་ལུང་ངེས་པར་མནོད་པའི་ཐུགས་དམ་བཅས་ཏེ། མཚན་ཞབས་པ་གང་ཉིད་ཀྱི་དྲུང་ནས་རིགས་ཚོགས་ཀྱི་ཁྲིད་ལུང་གསན་བཞེས་བཀའ་དྲིན་ཆེ་གནང་མཛད་ཅིང་། རིགས་ཚོགས་ཀྱི་ཁྲིད་ལུང་མནོས་ཏེ་ཆོས་འབྲེལ་ཆགས་ཟིན་སྟབས་རིམ་གྱིས་ཕྱག་རྡོར་འཁོར་ཆེན་སོགས་མདོ་སྔགས་ཀྱི་ཆོས་ཚུལ་གཞན་ཡང་གསན་བཞེས་མཛད། ཅེས་བྱུང་བ་ལྟར། དབུ་མ་རིགས་ཚོགས་དྲུག་གི་ཁྲིད་ལུང་གསེར་ཀོང་མཚན་ཞབས་ཐུབ་བསྟན་སྟོབས་འབྱོར་གྱི་དྲུང་ནས་གསན་བཞེས་མཛད་པར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡ རབ་བྱེད་ ༢༧ བམ་པོ་ ༥ ལྡེབ་ ༡ན༡ ནས་ ༡༩ན༦ བར་ཡིག་ཕྲེང་ ༢༤༧ ཚིག་རྐང་ ༧-༡༧༩༦ ཚེག་ཁྱིམ་ ༡༣༠༩༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༡ རབ་བྱེད་ ༢༧ བམ་པོ་ ༥ ལྡེབ་ ༡ན ནས་ ༢༢བ༢ བར་ཡིག་ཕྲེང་ ༣༦༨ ཚིག་རྐང་ ༧-༡༨༠༠ ཚེག་ཁྱིམ་ ༡༣༡༩༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༡ རབ་བྱེད་ ༢༧ བམ་པོ་ ༥ ལྡེབ་ ༡ན ནས་ ༢༠ན༧ བར་ཡིག་ཕྲེང་ ༢༥༣ ཚིག་རྐང་ ༧-༡༨༠༠ ཚེག་ཁྱིམ་ ༡༣༡༩༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡ རབ་བྱེད་ ༢༧ བམ་པོ་ ༥ ལྡེབ་ ༡ན ནས་ ༢༠ན༡ བར་ཡིག་ཕྲེང་ ༢༧༢ ཚིག་རྐང་ ༧-༡༧༩༦ ཚེག་ཁྱིམ་ ༡༣༠༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣ ནས་ ༤༦ བར་བཞུགས་པ་བཅས་སོ།།
༡༠༤༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཡུགྟི་ཥཥྛ་ཀཱ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། རྒྱའི་སྐད་དུའང་ (六十頌如理論 T30, No1575) བསྒྱུར་ནས་བཞུགས་སོ།།
དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་མཚན་དངོས་ལ་ལེགས་སྦྱར་སྐད་དུ་ཡུཀྟི་ཥཥྚི་ཀཱ་ཞེས་དང་། ཡུཀྟི་ཥཥྚི་ཞེས་པ་གཉིས་བྱུང་[2]ལ། རིགས་པ་དྲུག་ཅུ་པའི་ཚིགས་བཅད་ཉེར་དགུ་རྒྱ་དཔེར་བཞུགས་ཀྱང་། ལྷག་མ་ཚིགས་བཅད་ཉེར་དྲུག་ནི་ད་དུང་ཡང་རྒྱ་དཔེར་མཇལ་དུ་མེད་པར་ཡང་གསུངས། དེ་ལྟར་རིགས་པ་དྲུག་ཅུ་པའི་རྒྱ་དཔེ་ཧྲིལ་པོ་མ་བཞུགས་ཀྱང་རྒྱ་དཔེ་ཕལ་ཆེ་བ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༢ ལྡེབ་ ༢༠བ༡ ནས་ ༢༢བ༦ བར་ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༢༤༤ ཚེག་ཁྱིམ་ ༡༥༠༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༢ ལྡེབ་ ༢༢བ༢ ནས་ ༢༥ན༧ བར་ཡིག་ཕྲེང་ ༤༦ ཚིག་རྐང་ ༧-༢༤༣ ཚེག་ཁྱིམ་ ༡༥༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༢ ལྡེབ་ ༢༠ན༧ ནས་ ༢༢བ༤ བར་ཡིག་ཕྲེང་ ༣༣ ཚིག་རྐང་ ༧-༢༤༣ ཚེག་ཁྱིམ་ ༡༥༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༢ ལྡེབ་ ༢༠ན༡ ནས་ ༢༢བ༦ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༧-༢༤༤ ཚེག་ཁྱིམ་ ༡༥༠༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༥༡ ནས་ ༥༧ བར་བཞུགས་པ་བཅས་སོ།།
༡༠༥༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། བཻ་ད་ལྱཾ་སཱུ་ཏྲ་ནཱ་མ། བོད་སྐད་དུ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། ཁ་ཆེའི་པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༣ ལྡེབ་ ༢༢བ༦ ནས་ ༢༤ན༦ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༩༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༣ ལྡེབ་ ༢༥ན༧ ནས་ ༢༧ན༤ བར་ཡིག་ཕྲེང་ ༣༠ ཚེག་ཁྱིམ་ ༡༣༢༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༣ ལྡེབ་ ༢༢བ༤ ནས་ ༢༤ན༤ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༡༣༢༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༣ ལྡེབ་ ༢༢བ༦ ནས་ ༢༤ན༦ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༩༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༥༩ ནས་ ༦༣ བར་བཞུགས་པ་བཅས་སོ།།
༡༠༦༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་སཔྟི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། སྟོང་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལོ་ཙཱ་བ་གཞོན་ནུ་མཆོག་དང༌། གཉན་དར་མ་གྲགས་དང་། ཁུའི་འགྱུར་དག་ལས་དོན་དང་ཚིག་བཟང་དུ་བྲིས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༤ ལྡེབ་ ༢༤ན༦ ནས་ ༢༧ན༡ བར་ཡིག་ཕྲེང་ ༣༨ ཚིག་རྐང་ ༧-༢༨༩ ཚེག་ཁྱིམ་ ༢༡༢༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༤ ལྡེབ་ ༢༧ན༣ ནས་ ༣༠བ༣ བར་ཡིག་ཕྲེང་ ༥༧ ཚིག་རྐང་ ༧-༢༩༣ ཚེག་ཁྱིམ་ ༢༡༥༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༤ ལྡེབ་ ༢༤ན༤ ནས་ ༢༦བ༥ བར་ཡིག་ཕྲེང་ ༣༧ ཚིག་རྐང་ ༧-༢༩༣ ཚེག་ཁྱིམ་ ༢༡༥༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༤ ལྡེབ་ ༢༤ན༦ ནས་ ༢༧ན༢ བར་ཡིག་ཕྲེང་ ༣༩ ཚིག་རྐང་ ༧-༢༨༩ ཚེག་ཁྱིམ་ ༢༡༢༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༦༥ ནས་ ༧༢ བར་བཞུགས་པ་བཅས་སོ།།
༡༠༧༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། བི་གྲ་ཧ་བྱ་བརྟ་ནི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ལ། (ཕྱི་འགྱུར།) སླད་ཀྱིས་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ་དང༌། ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱིས་བསྒྱུར་བའོ། །དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[3]། རྩོད་པ་ཟློག་པ་ཀླུ་སྒྲུབ་ཀྱིས་མཛད་པ་དྲང་སྲོང་མུ་ཏྲིའི་འགྱུར། ཞེས་གསལ་ལོ། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་མ་ལས[4]། རི་ཕུག་[5]ནས་རྒྱ་དཔེ་རྣམས་གདན་དྲངས་ཏེ་མཇལ་བས། པོད་ཆེ་ཆུང་བཞི་བཅུ་ཞེ་གཉིས་ཀྱི་ནང་དུ་ཏ་རྐ་ཛཱ་ལ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་གྱིས་མཛད་པ་ཆ་ཚང་། ཞེས་སོགས་ནས། རྩོད་བཟློག་རང་འགྲེལ་དང་བཅས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བརྒྱད་ཐིག་དཔེ་རིང་། འདི་ཏ་ལའི་ལོ་མར་བོད་ཀྱི་ཡི་གེ་དང་ལེགས་སྦྱར་གྱི་སྐད་དུ་བྲིས་པའི་མཐར་གནུབས་དྷརྨ་ཀིརྟིས་བྲིས། ཇོ་རྩ་མྱེའི་མཁན་བུ་ཡིན་བྱ་བ་སྣང་། ཞེས་བྱུང་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུའང་ (迴諍論 T32, N01631) བསྒྱུར་ནས་བཞུགས་སོ།།
རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་སྒྲོན་གསལ་ལས[6]། ལེའུ་རེ་རེས་དོན་འདི་སྟོན་གྱི་བསྡུས་དོན་བསྟན་ནས་ད་ནི་ལེའུ་བཅུ་བདུན་པོ་རྣམས་ཀྱི་མཐའ་དྲུག་ཏུ་ཚིག་རྣམ་པར་དབྱེ་བ་དང༌། བཤད་པའི་ཚུལ་རྣམ་པ་བཞིའི་རྣམ་པར་དབྱེ་བ་བྱ་སྟེ། ཞེས་པ་ནི་ལེའུ་སོ་སོའི་གཞུང་གང་མཐའ་དྲུག་དང་ཚུལ་བཞི་གང་གིས་འཆད་པའི་བསྡུས་དོན་སྟོན་པ་སྟེ། འདི་ནི། དེ་ནི་ཀླུ་སྒྲུབ་ལས་རྙེད་ཅེས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་མན་ངག་གོ །འོ་ན་ཚིག་དོན་བཤད་པའི་སྐབས་སུ་མཐའ་དྲུག་དང་ཚུལ་བཞི་གང་གིས་འཆད་པ་སྟོན་པས་འདིར་བསྟན་མི་དགོས་སོ་སྙམ་ན། འཕགས་པས་རྩོད་བཟློག་ཏུ་ཕྱོགས་སྔའི་གཞུང་རྣམས་ཕྱོགས་གཅིག་ཏུ་བཤད་ནས། སླར་ཡང་ཕྱོགས་སྔའི་གཞུང་རེ་རེ་ནས་ལན་གྱི་སྐབས་སུ་བཤད་པ་བཞིན་དུ། འོག་ནས་རེ་རེ་ནས་འཆད་ཀྱང༌། དེ་ནི་འཐོར་ནས་ཡོད་ལ། འདིར་རྒྱུན་གཅིག་ཏུ་བཀོད་པ་ནི་ངེས་པར་སླ་བའི་ཕྱིར་དུ་མཛད་དེ། རྩོད་བཟློག་གི་དགོངས་པ་ཡང་དེ་བཞིན་ནོ། །གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༥ ལྡེབ་ ༢༧ན༡ ནས་ ༢༩ན༧ བར་ཡིག་ཕྲེང་ ༣༥ ཚིག་རྐང་ ༧-༢༨༧ ཚེག་ཁྱིམ་ ༢༡༡༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༥ ལྡེབ་ ༣༠བ༣ ནས་ ༣༤ན༢ བར་ཡིག་ཕྲེང་ ༥༦ ཚིག་རྐང་ ༧-༢༨༧ ཚེག་ཁྱིམ་ ༢༡༣༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༥ ལྡེབ་ ༢༦བ༦ ནས་ ༢༩ན༦ བར་ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༢༨༧ ཚེག་ཁྱིམ་ ༢༡༣༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༥ ལྡེབ་ ༢༧ན༢ ནས་ ༢༩བ༢ བར་ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༢༨༧ ཚེག་ཁྱིམ་ ༢༡༡༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༧༤ ནས་ ༨༡ བར་བཞུགས་པ་བཅས་སོ།།
༡༠༨༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། མཱུ་ལ་མ་དྷྱ་མི་ཀ་བྲིཏྟི་ཨ་ཀུ་ཏོ་བྷ་ཡ། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། མཛད་བྱང་ལས་[7]ཀྱང་། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཤེས་རབ་ཅེས་བྱ་བའི་དོན་མདོར་བསྟན་པ། བསྟན་བཅོས་དང་རབ་ཏུ་བྱེད་པ་དང༌། ངག་དང་ཚིག་རིག་པ་དང༌། ལུང་གིས་གྲུབ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་བསལ་བ་དང༌། དེ་ཁོ་ན་དག་བསྟན་པ་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ།།
དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། །ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་པ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང༌། ཙནྡྲ་ཀཱི་རྟི་དང༌། དེ་བ་ཤར་མ་དང༌། གུན་ཤྲཱི་དང༌། གུན་མ་ཏི་དང༌། སྠི་ར་མ་ཏི་དང༌། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང༌། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་ནི་ཉིས་སྟོང་ཆིག་བརྒྱ་ཡོད། བམ་པོ་ནི་བདུན་དུ་བྱས་སོ། །ཞེས་གསལ། སྡེ་བསྟན་དཀར་ཆག་ལས[8]། འདིར་རིགས་པ་དྲུག་ཅུ་པའི་རང་འགྲེལ་རྙེད་ན་བྲིའོ། །ཞེས་ཀྱང་བྱུང་ལ། ག་ལས་འཇིགས་མེད་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་ཡིན་མིན་གྱི་དཔྱད་པ་རྒྱས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༦ རབ་བྱེད་ ༢༧ བམ་པོ་ ༧ ལྡེབ་ ༢༩ན༧ ནས་ ༩༩བ༡ བར་ཡིག་ཕྲེང་ ༧༡༦ ཚེག་ཁྱིམ་ ༥༥༦༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༦ རབ་བྱེད་ ༢༧ བམ་པོ་ ༧ ལྡེབ་ ༣༤ན༢ ནས་ ༡༡༤ན༨ བར་ཡིག་ཕྲེང་ ༡༢༨༦ ཚེག་ཁྱིམ་ ༥༦༠༡༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༦ རབ་བྱེད་ ༢༧ བམ་པོ་ ༧ ལྡེབ་ ༢༩ན༦ ནས་ ༡༠༤བ༧ བར་ཡིག་ཕྲེང་ ༡༠༥༨ ཚེག་ཁྱིམ་ ༥༦༠༤༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༦ རབ་བྱེད་ ༢༧ བམ་པོ་ ༧ ལྡེབ་ ༢༩བ༢ ནས་ ༩༩ན༧ བར་ཡིག་ཕྲེང་ ༩༣༣ ཚེག་ཁྱིམ་ ༥༥༦༥༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༣ ནས་ ༢༥༦ བར་བཞུགས་པ་བཅས་སོ།།
༡༠༩༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། བཻ་ད་ལྱཾ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཡོན་ཏན་གྲགས་པའི་བཀས། ཁ་ཆེའི་པཎྜི་ཏ་ཛཱ་ཡ་ཨཱ་ནནྡ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་ཁུ་མདོ་སྡེ་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༧ ལྡེབ་ ༩༩བ༡ ནས་ ༡༡༠ན༤ བར་ཡིག་ཕྲེང་ ༡༤༧ ཚེག་ཁྱིམ་ ༦༢༤༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༧ ལྡེབ་ ༡༡༤ན༨ ནས་ ༡༢༦ན༥ བར་ཡིག་ཕྲེང་ ༡༩༠ ཚེག་ཁྱིམ་ ༦༢༣༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༧ ལྡེབ་ ༡༠༤བ༧ ནས་ ༡༡༦བ༥ བར་ཡིག་ཕྲེང་ ༡༦༧ ཚེག་ཁྱིམ་ ༦༢༥༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༧ ལྡེབ་ ༩༩ན༧ ནས་ ༡༠༩ན༧ བར་ཡིག་ཕྲེང་ ༡༤༠ ཚེག་ཁྱིམ་ ༦༢༤༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༢༧༠ ནས་ ༢༩༦ བར་བཞུགས་པ་བཅས་སོ།།
༡༡༠༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་སྱ་སཔྟ་ཏི་བྲིཏྟི། བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༨ ལྡེབ་ ༡༡༠ན༤ ནས་ ༡༢༡ན༤ བར་ཡིག་ཕྲེང་ ༡༤༨ ཚེག་ཁྱིམ་ ༨༠༣༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༨ ལྡེབ་ ༡༢༦ན༥ ནས་ ༡༣༨ན༧ བར་ཡིག་ཕྲེང་ ༡༩༥ ཚེག་ཁྱིམ་ ༨༠༧༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༨ ལྡེབ་ ༡༡༦བ༥ ནས་ ༡༢༨བ༤ བར་ཡིག་ཕྲེང་ ༡༦༨ ཚེག་ཁྱིམ་ ༨༠༨༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༨ ལྡེབ་ ༡༠༩ན༧ ནས་ ༡༡༩བ༧ བར་ཡིག་ཕྲེང་ ༡༧༤ ཚེག་ཁྱིམ་ ༨༠༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣༠༠ ནས་ ༣༢༦ བར་བཞུགས་པ་བཅས་སོ།།
༡༡༡༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། བི་གྲ་ཧ་བྱ་བརྟ་ནི་བྲིཏྟི། བོད་སྐད་དུ། རྩོད་པ་བཟློག་པའི་འགྲེལ་པ། ས་དང་པོ་རབ་ཏུ་དགའ་བ་ལ་བཞུགས་པ་སློབ་དཔོན་འཕགས་པ་ནཱ་གཱརྫུ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་ (迴諍論 T32, N01631) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༩ ལྡེབ་ ༡༢༡ན༤ ནས་ ༡༣༧བ༡ བར་ཡིག་ཕྲེང་ ༢༢༨ ཚེག་ཁྱིམ་ ༡༢༦༢༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༩ ལྡེབ་ ༡༣༨ན༧ ནས་ ༡༥༦ན༤ བར་ཡིག་ཕྲེང་ ༢༨༦ ཚེག་ཁྱིམ་ ༡༢༥༤༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༩ ལྡེབ་ ༡༢༨བ༤ ནས་ ༡༤༦བ༣ བར་ཡིག་ཕྲེང་ ༢༥༧ ཚེག་ཁྱིམ་ ༡༢༥༤༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༩ ལྡེབ་ ༡༡༩བ༧ ནས་ ༡༣༥ན༦ བར་ཡིག་ཕྲེང་ ༡༨༦ ཚེག་ཁྱིམ་ ༡༢༦༢༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣༣༡ ནས་ ༣༧༠ བར་བཞུགས་པ་བཅས་སོ།།
༡༡༢༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་བི་ཾཤི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་ཉི་ཤུ་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཙནྡྲ་ཀུ་མཱ་ར་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༠ ལྡེབ་ ༡༣༧བ༡ ནས་ ༡༣༨ན༧ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༧༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༠ ལྡེབ་ ༡༥༦ན༤ ནས་ ༡༥༧ན༥ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༧༠༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༠ ལྡེབ་ ༡༤༦བ༢ ནས་ ༡༤༧བ༤ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༧༠༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༠ ལྡེབ་ ༡༣༥ན༦ ནས་ ༡༣༦ན༦ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༧༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣༧༥ ནས་ ༣༧༧ བར་བཞུགས་པ་བཅས་སོ།།
༡༡༣༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཨཀྵ་ར་ཤ་ཏ་ཀ །བོད་སྐད་དུ། ཡི་གེ་བརྒྱ་པ། དཔལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བནྡེ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ། །སླད་ཀྱིས་པཎྜི་ར་ཨ་ནནྟ་དང་། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་ཞུ་ཆེན་ལེགས་པར་བྱས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུའང་ (百字論(提婆 T30, No1572) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༡ ལྡེབ་ ༡༣༨ན༧ ནས་ ༡༣༨བ༤ བར་ཡིག་ཕྲེང་ ༣ ཚེག་ཁྱིམ་ ༡༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༡ ལྡེབ་ ༡༥༧ན༥ ནས་ ༡༥༧ན༨ བར་ཡིག་ཕྲེང་ ༤ ཚེག་ཁྱིམ་ ༡༦༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༡ ལྡེབ་ ༡༤༧བ༤ ནས་ ༡༤༧བ༧ བར་ཡིག་ཕྲེང་ ༤ ཚེག་ཁྱིམ་ ༡༦༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༡ ལྡེབ་ ༡༣༦ན༦ ནས་ ༡༣༦བ༢ བར་ཡིག་ཕྲེང་ ༤ ཚེག་ཁྱིམ་ ༡༦༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣༧༩ ནས་ ༣༧༩ བར་བཞུགས་པ་བཅས་སོ།།
༡༡༤༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཨཀྵ་ར་ཤ་ཏི་ཀ་ནཱ་མ་བྲིཏྟི། བོད་སྐད་དུ། ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། པེ་ཅིན་དང་། སྣར་ཐང་གཉིས་[9]སུ། ཡི་གེ་བརྒྱ་པ་རབ་ཏུ་བྱེད་པའི་འགྲེལ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །(སྔ་འགྱུར།) དཔལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བནྡེ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ། ། (ཕྱི་འགྱུར།) སླད་ཀྱིས་པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་ཞུ་ཆེན་ལེགས་པར་བྱས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རྒྱའི་སྐད་དུ་ (百字論 提婆 T30, No1572) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༢ ལྡེབ་ ༡༣༨བ༤ ནས་ ༡༤༦ན༢ བར་ཡིག་ཕྲེང་ ༡༠༤ ཚེག་ཁྱིམ་ ༦༥༤༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༢ ལྡེབ་ ༡༥༧ན༨ ནས་ ༡༦༥བ༨ བར་ཡིག་ཕྲེང་ ༡༣༦ ཚེག་ཁྱིམ་ ༦༥༣༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༢ ལྡེབ་ ༡༤༧བ༧ ནས་ ༡༥༦བ༢ བར་ཡིག་ཕྲེང་ ༡༢༢ ཚེག་ཁྱིམ་ ༦༥༣༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༢ ལྡེབ་ ༡༣༦བ༢ ནས་ ༡༤༤ན༦ བར་ཡིག་ཕྲེང་ ༡༠༢ ཚེག་ཁྱིམ་ ༦༥༤༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣༨༡ ནས་ ༣༩༩ བར་བཞུགས་པ་བཅས་སོ།།
༡༡༥༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་མུཏྤ་ད་ཧྲི་ད་ཡ་ཀཱ་རི་ཀཱ། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་ (因緣心論頌 T32, No1654a) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༣ ལྡེབ་ ༡༤༦བ༢ ནས་ ༡༤༦བ༧ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༢༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༣ ལྡེབ་ ༡༦༥བ༨ ནས་ ༡༦༦ན༦ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༢༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༣ ལྡེབ་ ༡༥༦བ༢ ནས་ ༡༥༦བ༧ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༢༣༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༣ ལྡེབ་ ༡༤༤ན༦ ནས་ ༡༤༤བ༤ བར་ཡིག་ཕྲེང་ ༦ ཚེག་ཁྱིམ་ ༢༣༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༠༢ ནས་ ༤༠༣ བར་བཞུགས་པ་བཅས་སོ།།
༡༡༦༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་མུཏྤ་ད་ཧྲི་ད་ཡ་བྱཱ་ཁྱ་ན། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྡེ་བསྟན་དཀར་ཆག་ལས[10]། པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་ལས[11]། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དྷ་ན་ཤི་ལ་དང་། ཤི་ལེནྡྲ་བོ་དྷི་དང་། བནྡེ་ཡེ་ཤེས་སྡེས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་བས། གཞུང་འདི་སྡེ་དགེ་པར་མ་དང་། ཇོ་བོའི་ཆོས་ཆུང་ནང་ཡོད་གཉིས་སུ། གཞུང་ངོ་མའི་མཐར་རྩ་འགྲེལ་གཉིས་ཀར་འགྱུར་བྱང་གསལ་མེད་ཀྱང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ནང་རྩ་འགྲེལ་གཉིས་གཅིག་འཐུས་ཀྱི་སྒོ་ནས་འགྲེལ་པའི་མཐར། རྒྱ་གར་གྱི་མཁན་པཎྜི་ཏ་ཨཱ་ནནྟ་དང་། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་ཞེས་གསལ་ལ། སྣར་ཐང་དང་། པེ་ཅིང་པར་མ་གཉིས་དང་། གསེར་བྲིས་པར་བཤུས་བཅས་སུ་གོང་གསལ་འགྱུར་བྱང་དུ་གསལ་བ་ལྟར་བཀོད་ཡོད། གང་ལྟར་པར་མ་འགའ་ཤས་ནང་འགྱུར་བྱང་གཏན་ནས་མེད་པ་ཞིག་ལ་འགའ་ཤས་ནང་སྒྱུར་བྱེད་ལོ་པཎ་གྱི་གྲངས་མང་བ་སོགས་མི་མཐུན་པ་ཆེས་མང་བས་དཔྱད་པར་བྱ་བའི་གནས་ཁོ་ནའོ[12]། །ཞེས་ཀྱང་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་ (因緣心論釋 T32, No1654b) བསྒྱུར་ནས་བཞུགས་སོ།།
གཞན་ཡང་དཔྱད་དགོས་པ་ཞིག་ལ། མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[13]། རྟེན་འབྲེལ་སྙིང་པོའི་རྩ་བའི་མཇུག་གི་ཤླཽ་ཀ་གཉིས་ཏེ། ཤིན་ཏུ་ཕྲ་བའི་དངོས་པོ་ཡང་། །གང་གིས་ཆད་པར་རྣམ་བཏགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་སྐྱེས་པའི་དོན་མ་མཐོང་། །འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་གཉིས་ལ་མགོན་པོ་ཀླུ་སྒྲུབ་ཀྱི་རང་འགྲེལ་མེད་པར་མ་ཟད། རྟེན་འབྲེལ་སྙིང་པོའི་གཞུང་གི་དཀྱུས་ཀྱི་སྐབས་དོན་དང་ཡང་དེ་ཙམ་མི་འབྲེལ་སྟབས། ཕྱིས་སུ་གཞན་གྱིས་བསྣན་པར་འདོད་མཁན་གྱི་མཁས་པ་ཡང་ཡོད་སྟབས། དེ་དག་ལ་ཞིབ་ཏུ་དཔྱད་དགོས། ཞེས་བྱུང་ངོ་།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༤ ལྡེབ་ ༡༤༦བ༧ ནས་ ༡༤༩ན༢ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༦༥༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༤ ལྡེབ་ ༡༦༦ན༧ ནས་ ༡༦༨བ༤ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༦༩༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༤ ལྡེབ་ ༡༥༦བ༧ ནས་ ༡༥༩ན༧ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༦༩༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༤ ལྡེབ་ ༡༤༤བ༤ ནས་ ༡༤༦བ༤ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༦༥༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༠༥ ནས་ ༤༡༠ བར་བཞུགས་པ་བཅས་སོ།།
༡༡༧༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། ཨ་བུ་དྷ་བོ་དྷ་ཀ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༥ ལྡེབ་ ༡༤༩ན༢ ནས་ ༡༥༠ན༤ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༩༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༥ ལྡེབ་ ༡༦༨བ༤ ནས་ ༡༦༩བ༧ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༩༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༥ ལྡེབ་ ༡༥༩ན༧ ནས་ ༡༦༠བ༣ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༩༠༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༥ ལྡེབ་ ༡༤༦བ༤ ནས་ ༡༤༧བ༤ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༩༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༡༢ ནས་ ༤༡༥ བར་བཞུགས་པ་བཅས་སོ།།
༡༡༨༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། རཏྣ་ཨ་སཱུ་ཀོ་ཥ་ནཱ་མ། བོད་སྐད་དུ། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ། སྡེ་བསྟན་དཀར་ཆག་ལས[14]། འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ། ཞེས་དང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་ལས[15]། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །ཞེས་གསལ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་སཱུརྱ་ཀཱིརྟིས་ལྷ་ས་ར་མོ་ཆེར་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[16]། ཀླུ་སྒྲུབ་ཀྱི་ལུང་དེ་སྐྱེ་མེད་མཛོད་ནས་ཡིན་པས། སྐྱེ་མེད་མཛོད་ནི་ཀླུ་སྒྲུབ་ཀྱིས་མཛད་པ་མ་ཡིན་པར་བུ་སྟོན་རང་གི་ཆོས་འབྱུང་ལས་བཤད་ནས། རྒྱུད་བཤད་ཐབས་གསང་བའི་སྒོ་འབྱེད་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་ཞེས་གསུངས་ནས་སྐྱེ་མེད་མཛོད་ཀྱི་ལུང་དྲངས་པས། སྐྱེ་མེད་མཛོད་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་པར་བཞེད་འདུག་པས་ནང་འགལ་བས་སོ། །ཞེས་བྱུང་བ་ལྟར། ཡོངས་གྲགས་བསྟན་འགྱུར་དཀར་ཆག་དང་། གཞུང་དངོས་ཀྱི་མཛད་བྱང་། བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱིས་གཞུང་འདི་ནས་ལུང་དྲངས་པའི་ཚེ་མཛད་པ་པོ་མགོན་པོ་ཀླུ་སྒྲུབ་བམ། འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པར་གསུངས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༦ ལྡེབ་ ༡༥༠ན༤ ནས་ ༡༥༡ན༡ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༥༧༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༡༦ ལྡེབ་ ༡༦༩བ༧ ནས་ ༡༧༠བ༥ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༥༧༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༦ ལྡེབ་ ༡༦༠བ༣ ནས་ ༡༦༡བ༡ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༥༧༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༦ ལྡེབ་ ༡༤༧བ༤ ནས་ ༡༤༨ན༧ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༥༧༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༡༦ ནས་ ༤༡༨ བར་བཞུགས་པ་བཅས་སོ།།
༡༡༩༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། བྷ་བ་སཾ་ཀྲཱནྟི། བོད་སྐད་དུ། (དབུ་མ་) སྲིད་པ་འཕོ་བ་(ཞེས་བྱ་བ།) འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཟླ་བ་གཞོན་ནུའི་རང་འགྱུར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༧ ལེའུ་ ༥ ལྡེབ་ ༡༥༡ན༡ ནས་ ༡༥༡བ༦ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༡༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༡༧ ལེའུ་ ༥ ལྡེབ་ ༡༧༠བ༥ ནས་ ༡༧༡བ༡ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༣༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༧ ལེའུ་ ༥ ལྡེབ་ ༡༦༡བ༡ ནས་ ༡༦༢ན༧ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༣༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༧ ལེའུ་ ༥ ལྡེབ་ ༡༤༨ན༧ ནས་ ༡༤༩ན༤ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༡༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༢༠ ནས་ ༤༢༢ བར་བཞུགས་པ་བཅས་སོ།།
༡༢༠༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། སྭ་བྷཱ་ཝ་ཏྲ་ཡ་པྲ་བེ་ཤ་སཱ་དྷ་ན། བོད་སྐད་དུ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༢༠ ལྡེབ་ ༢༨༡ན༤ ནས་ ༡༨༢བ༢ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༡༣༩ ཚེག་ཁྱིམ་ ༡༡༨༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེས། པོད་རྟགས། ༼ཙ༽ ཚན་གྲངས་ ༢༠ ལྡེབ་ ༣༡༧བ༡ ནས་ ༣༡༩ན༥ བར་ཡིག་ཕྲེང་ ༢༩ ཚིག་རྐང་ ༧-༡༣༩ ཚེག་ཁྱིམ་ ༡༡༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༢༠ ལྡེབ་ ༣༡༠བ༣ ནས་ ༣༡༢བ༢ བར་ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༡༣༩ ཚེག་ཁྱིམ་ ༡༡༨༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༢༠ ལྡེབ་ ༢༧༨ན༤ ནས་ ༢༧༨བ༣ བར་ཡིག་ཕྲེང་ ༢༩ ཚིག་རྐང་ ༧-༡༣༩ ཚེག་ཁྱིམ་ ༡༡༨༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༧༦༥ ནས་ ༧༦༩ བར་བཞུགས་པ་བཅས་སོ།།
༡༢༡༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ། བོད་སྐད་དུ། སྒོམ་པའི་རིམ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏ་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༤ན༣ བར་ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༢༢༣ ཚེག་ཁྱིམ་ ༡༦༧༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༤བ༣ བར་ཡིག་ཕྲེང་ ༤༦ ཚིག་རྐང་ ༧-༢༢༢ ཚེག་ཁྱིམ་ ༡༦༦༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༥ན༧ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༧-༢༢༣ ཚེག་ཁྱིམ་ ༡༦༧༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༤ན༤ བར་ཡིག་ཕྲེང་ ༣༥ ཚིག་རྐང་ ༧-༢༢༣ ཚེག་ཁྱིམ་ ༡༦༧༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༣ ནས་ ༨ བར་བཞུགས་པ་བཅས་སོ།།
༡༢༢༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪཱ་ཡ། བོད་སྐད་དུ། མདོ་ཀུན་ལས་བཏུས་པ། ཨཱ་ཙཱརྱ་ཨཱརྱ་ནཱ་གཱརྫུ་ནས་མཛད་པ། བམ་པོ་ལྔ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤྲཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ནི་ཟབ་མོའི་དོན་ལུང་གིས་སྒྲུབ་པའི་ཀླུ་སྒྲུབ་ཀྱི་གཞུང་ཞིག་གོ །མདོ་ཀུན་ལས་བཏུས་པའི་ནང་དམ་ཆོས་པདྨ་དཀར་པོ་དང་། མདོ་སྡེ་ཟབ་མོ་རྒྱ་ཆེན་པོ་སོགས་མདོ་ཚན་བདུན་ཅུ་ལྷག་ཙམ་ཞིག་ནས་ལུང་འདྲེན་མཛད་ཡོད་པར་མ་ཟད། སྡེ་དགེའི་བསྟན་འགྱུར་དུ་བསྟན་བཅོས་འདི་ལ་མདོ་ཀུན་ལས་བཏུས་པ་དང་། མདོ་སྡེ་སྣ་ཚོགས་ལས་བཏུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་གཏམ། རིན་པོ་ཆེའི་གཏམ་བརྗོད་པ་མདོ་ཀུན་ལས་བཏུས་པ་བཅས་མཚན་བྱང་མི་འདྲ་བ་གསུམ་ཙམ་གསལ་ལ། མདོ་ཀུན་ལས་བཏུས་པ་འདི་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་ཡིན་མིན་ལ་དོགས་གཞི་ཅན་དུ་གསུང་མཁན་ཡོད་འདུག །དེ་ཡང་མདོ་ཀུན་ལས་བཏུས་པར་དྲངས་པའི་ལངྐར་གཤེགས་པའི་མདོ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་བྱུང་བར་འདོད་མཁན་འགའ་ཞིག་ཡོད། འོན་ཀྱང་མདོ་ཀུན་ལས་བཏུས་པ་ཀླུ་སྒྲུབ་ཀྱི་གསུང་ཡིན་པ་དཔལ་ལྡན་ཟླ་གྲགས་དང་། རྒྱལ་སྲས་ཞི་ལྷ་རྣམ་གཉིས་དང་། སྔ་འགྱུར་གྱི་ལོ་པཎ་གསུམ་གས་ཀྱང་ཀླུ་སྒྲུབ་ཀྱི་གསུང་ཡིན་པ་གཞིར་བཞག་མཛད་པ་ལྟར་དེང་རབས་མཁས་པ་འགས་[17]ཀྱང་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་འདོད་ལ། མདོ་ཀུན་ལས་བཏུས་པའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༧ བམ་པོ་ ༥ ལྡེབ་ ༡༤༨བ༡ ནས་ ༢༡༥ན༥ བར་ཡིག་ཕྲེང་ ༩༣༦ ཚེག་ཁྱིམ་ ༥༣༢༩༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༧ བམ་པོ་ ༥ ལྡེབ་ ༡༧༢བ༢ ནས་ ༢༥༣ན༥ བར་ཡིག་ཕྲེང་ ༡༢༩༢ ཚེག་ཁྱིམ་ ༥༣༠༩༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༧ བམ་པོ་ ༥ ལྡེབ་ ༡༦༥བ༡ ནས་ ༢༤༤ན༤ བར་ཡིག་ཕྲེང་ ༡༡༠༣ ཚེག་ཁྱིམ་ ༤༣༠༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༧ བམ་པོ་ ༥ ལྡེབ་ ༡༥༡ན༦ ནས་ ༢༡༨ན༢ བར་ཡིག་ཕྲེང་ ༩༣༥ ཚེག་ཁྱིམ་ ༥༣༢༩༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༤༣༣ ནས་ ༥༩༩ བར་བཞུགས་པ་བཅས་སོ།།
༡༢༣༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨུཏྤཱ་ད་བི་དྷི། བོད་སྐད་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༦ ལྡེབ་ ༢༣༧ན༤ ནས་ ༢༣༩ན༤ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༩༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༤ ལྡེབ་ ༢༧༤ན༨ ནས་ ༢༧༦བ༦ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༩༢༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༤ ལྡེབ་ ༢༦༤ན༣ ནས་ ༢༦༦བ༡ བར་ཡིག་ཕྲེང་ ༣༤ ཚེག་ཁྱིམ་ ༡༩༢༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༦ ལྡེབ་ ༢༤༨ན༤ ནས་ ༢༥༠ན༤ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༩༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ པ། ཤོག་གྲངས་ ༦༤༢ ནས་ ༦༤༧ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༨༧
[2] ཐ་ན་གཞུང་གི་མཚན་ཡང་གང་ཡིན་བརྟགས་ནས་སྤྱོད་གལ་ཆེའོ། །(Yuktisastika, Yuktisasiti)
[3] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༢
[4] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨
[5] བུ་སྟོན་རིན་ཆེན་གྲུབ་ཀྱིས་ཕྱག་བཏབ་པའི་གཙང་གི་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་ཡིན།
[6] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༧
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༥༥
[8] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༥
[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༣༨༠
[10] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༦
[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༡༡
[12] རྟེན་འབྲེལ་སྙིང་པོ་རྩ་འགྲེལ། ཝཱར་ཎ་ཆེས་མཐོའི་གཙུག་ལག་དཔེ་མཛོད། ༡༩༩༧ ལོ། ཤོག་གྲངས་ ༢༦
[13] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༥༥
[14] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༦
[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༤༡༩
[16] ཨ་མྱེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༧༡
[17] དེང་རབས་ཀྱི་མཁས་པ་ནི་ (Lindtner) དང་ (Bhikkhu Pasadika) གཉིས་ཡིན།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༡ ནས་ ༢༠༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།