ང༽ གསར་དུ་བསྒྱུར་བའི་ཐང་སན་ལམ་ཡིག་རྒྱས་པ། ༡༽ ཐོག་མའི་གླེང་གཞི། ལོ་ཆེན་ཞོན་ཙང་རྒྱ་གར་འཕགས་ཡུལ་ཕེབས་སྐབས་ཇི་ལྟར་གྲགས་པ་ནི། ལི་ཐང་ཞག་པ་རིན་པོ་ཆེས་བསྒྱུར་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཆེན་མོ་ལུང་རིགས་རྒྱ་མཚོའི་གཏེར་མཛོད་ལས[1]། ཕྱི་ལོ་ ༦༠༢ ནས་ ༦༦༤ བར་དུ་ཕེབས་པའི་ལོ་ཆེན་ཞོན་ཙང་འཕགས་ཡུལ་དུ་ཕེབས་པའི་ (ཕྱི་ལོ་ ༦༢༧ ནས་ ༦༤༥) དུས་སུ་ཇི་ལྟར་གྲགས་པ་ནི།
མུ་མཐུད་ཀློགས།གསར་འཇུག
ག༽ ཐང་སན་ལམ་ཡིག་ཏུ་གསལ་བའི་རྣམ་ཐར།
ག༽ ཐང་སན་ལམ་ཡིག་ཏུ་གསལ་བའི་རྣམ་ཐར། ༡༽ མགོན་པོ་ཀླུ་སྒྲུབ་དང་ཨརྱ་དེ་བ་མཇལ་ཚུལ། ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[1]། གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་མི་རིང་བར་གཙུག་ལག་ཁང་ཞིག་གི་ལོགས་སུ་མཆོད་རྟེན་རྒྱལ་པོ་ཨ་ཤོ་ཀས་བཞེངས་པ་ནི། སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་པ་བཏུལ་ཞིང་། ཕྱིས་སུ་མགོན་པོ་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་ས་རྭ་བ་ཧཱ་སྟེ་ཡང་དག་འདྲེན་པ་ཞེས་བྱ་བས།
མུ་མཐུད་ཀློགས།ཁ༽ རྒྱའི་ཡིག་ཆ་ལས། བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར།
ཁ༽ བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར། ༡༽ རྣམ་ཐར་ས་བཅད་ཀྱི་སྤྱི་ཁོག་སྒྲིག་པ། ཞར་བྱུང་། ལོ་ཆེན་གཞོན་ནུ་སྲོག་གིས་མཛད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ས་བཅད་ཀྱི་ཐོག་ནས་སྤྱི་ཁོག་སྒྲིག་པ་ལ། པཎྜི་ཏ་གཞོན་ནུ་སྲོག་གིས་མཛད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་འདི་ལ་ས་བཅད་ཀྱི་ཐོག་ནས་སྤྱི་ཁོག་བསྒྲིགས་ཏེ་དབྱེ་ཞིབ་ཅུང་ཟད་བྱེད་ན། འོག་ཏུ་འཆད་པར་འགྱུར་བའི་རྣམ་ཐར་རྣམས་ཀྱི་གཞི་རྟེན་ལྟ་བུར་སྣང་བས་འདིར་རྣམ་ཐར་དེ་ས་བཅད་ཀྱི་གོ་རིམ་ལེགས་པར་བསྒྲིགས་ནས།
མུ་མཐུད་ཀློགས།གཉིས་པ། རྒྱ་ནག་གི་ཡིག་ཆར་གསལ་བའི་རྣམ་ཐར། ཀ༽ འཕགས་པ་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ།
གཉིས་པ། རྒྱ་ནག་གི་ཡིག་ཆར་གསལ་བའི་རྣམ་ཐར། ཀ༽ འཕགས་པ་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ། ༡༽ བྱོན་པའི་དུས་དང་། རིགས། མཚན་ཐོགས་ཚུལ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་རྒྱ་ནག་གི་སྐད་དུ་ལོ་ཙཱ་བ་གཞོན་ནུ་སྲོག་གིས་ཕྱི་ལོ་ ༤༠༥ ནང་བསྒྱུར་བར་གྲགས་པ་[1]དབྱིན་སྐད་དུ་ཕབ་བསྒྱུར་བྱས་པའི་[2] འཕགས་པ་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ་ལས[3]། འཕགས་པ་ཀླུ་སྒྲུབ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་སྲོལ་གཏོད་མཁན་ཡིན།
མུ་མཐུད་ཀློགས།ཅ༽ གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས་ཇི་ལྟར་བྱུང་བ།
ཅ༽ གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས་ཇི་ལྟར་བྱུང་བ། ༡༽ ཡུལ་དང་རིགས་གང་དུ་སྐུ་འཁྲུངས་པ། ཙམ་པ་རིའི་བླ་མ་ཆེན་པོ་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་ཅིང་། ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་[1]ལས[2]། ཀླུ་སྒྲུབ་ཀྱི་ལོ་རྒྱུས་བཞུགས་སོ། །གུ་རུ་ནཱ་གརྫུ་ན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀཉྩི་ཞེས་བྱ་བའི་བྱེ་བྲག་ཀ་ཧོ་ར་བྱ་བ་ཡིན་ལ། རིགས་བྲམ་ཟེ་དངོས་གྲུབ་སྒྲོལ་མ་ལས་ཐོབ་པ་ཡིན་ནོ།།
མུ་མཐུད་ཀློགས།ང༽ ཇོ་བོ་རྗེའི་གསུང་དུ་ཇི་ལྟར་བྱུང་བ།
ང༽ ཇོ་བོ་རྗེའི་གསུང་དུ་ཇི་ལྟར་བྱུང་བ། ༡༽ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས། སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་གདུལ་བྱའི་སྒོ་ནས་རགས་རིམ་དུ་ཕྱེ་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་ཟ་མ་ཏོག་ཁ་ཕྱེ་བ་ལས[1]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་བ་དང་། སློབ་དཔོན་མ་ཏི་ཙི་ཏྲ་དང་། སློབ་དཔོན་ཤཾ་པ་ལ་དང་། སློབ་དཔོན་ཟླ་བ་གྲགས་པ་དང་།
མུ་མཐུད་ཀློགས།ག༽ སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཇི་ལྟར་གསུངས་པ།
ག༽ སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཇི་ལྟར་གསུངས་པ། ༡༽ སྟག་རྣམ་རྩེན་ལྟ་བུའི་ཚིགས་བཅད་ཀྱི་དོན་བཅུ། ཕྱི་ལོའི་དུས་རབས་བདུན་པ་སྟེ་ཕྱི་ལོ་ ༦༨༠ ཙམ་ལ་ཕེབས་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་[1]ཀྱིས་ཇི་ལྟར་གསུངས་པ་ནི། སློབ་དཔོན་འདི་ཉིད་དཔལ་ལྡན་ཟླ་བ་གྲགས་པ་ལས་ཅུང་ཟད་འཕྱི་བས། ཟླ་བ་གྲགས་པ་འདས་ཟིན་པའི་རྗེས་ཙམ་ལ་ཕེབས་པ་ཡིན་ནམ་སྙམ་མོ། །དེས་མཛད་པའི་དབུ་མ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་ལས[2]།
མུ་མཐུད་ཀློགས།ཁ༽ དཔལ་ལྡན་ཟླ་བའི་གསུང་དུ་གསལ་བའི་རྣམ་ཐར།
ཁ༽ དཔལ་ལྡན་ཟླ་བའི་གསུང་དུ་གསལ་བའི་རྣམ་ཐར། ༡༽ ཀླུ་སྒྲུབ་ཀྱི་དགོངས་དོན་གསལ་བར་མཛད་ཚུལ། འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་སུམ་བརྒྱ་ལྔ་བཅུ་ཙམ་ལ་ཕེབས་པའི་དཔལ་ལྡན་ཟླ་བ་གྲགས་པའི་ (c.600-650) དུས་སུ་ཇི་ལྟར་གྲགས་པ་ནི། དཔལ་ལྡན་ཟླ་བ་གྲགས་པ་དེ་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་དགོས་པའི་རྒྱུ་མཚན་ནི། ཇི་ལྟར་སངས་རྒྱས་ཀྱི་དྲུང་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་སུ་ཉན་ནས་ཟབ་མོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པས།
མུ་མཐུད་ཀློགས།དང་པོ། རྒྱ་གཞུང་དུ་གསལ་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར། ཀ༽ ལེགས་ལྡན་གྱི་གསུང་དུ་གསལ་བའི་རྣམ་ཐར།
དང་པོ། རྒྱ་གཞུང་དུ་གསལ་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར། ཀ༽ ལེགས་ལྡན་གྱི་གསུང་དུ་གསལ་བའི་རྣམ་ཐར། ༡༽ དབུ་མ་རྩ་ཤེས་མཛད་ཚུལ་དང་བྱེད་ལས། འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་ཉིས་བརྒྱ་བཞི་བཅུ་ཙམ་ལ་ཕེབས་པའི་སློབ་དཔོན་ལེགས་ལྡན་འབྱེད་ (C.490-570) ཀྱི་དུས་སུ་ཇི་ལྟར་གྲགས་པ་ནི། འདིའི་དུས་སུ་བྱུང་བའི་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་རྒྱས་པ་ཞིག་མ་རྙེད་ཀྱང༌། ལེགས་ལྡན་འབྱེད་ཀྱིས་ནི་སློབ་དཔོན་འཕགས་མཆོག་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་ཤེས་རབ་ཅེས་པ་འདི།
མུ་མཐུད་ཀློགས།རྒྱ་དཀར་ནག་དང་བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་ཚུལ།
ལྷན་ཐབས། རྒྱ་དཀར་ནག་དང་བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་ཚུལ། ༡) ཐོག་མའི་ངོ་སྤྲོད། དེ་ཡང་རྒྱ་དཀར་ནག་བོད་དང་བཅས་པའི་ཡིག་ཆ་སོ་སོར་གསལ་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས། དང་པོ། འཕགས་མཆོག་ཀླུ་སྒྲུབ་ཞབས་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༤༠ ཙམ་ལ་ཕེབས་པ་སྟེ་ཕྱི་ལོ་ ༤༩༠ ནས་ ༥༧༠ བར་དུ་ཕེབས་པའི་སློབ་དཔོན་ལེགས་ལྡན་འབྱེད་དང་། འཕགས་མཆོག་ཀླུ་སྒྲུབ་ཞབས་འདས་ནས་ལོ་ ༣༥༠ ཙམ་ལ་ཕེབས་པ་སྟེ། ཕྱི་ལོ་ ༦༠༠ ནས་ ༦༥༠ བར་དུ་ཕེབས་པའི་དཔལ་ལྡན་ཟླ་བ་གྲགས་པ།
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



