གསར་འཇུག

༢༦༽ སློབ་དཔོན་བོ་དྷི་བྷ་དྲའི་རྣམ་ཐར།

༢༦༽ སློབ་དཔོན་བོ་དྷི་བྷ་དྲ།   སློབ་དཔོན་བོ་དྷི་བྷ་དྲ་ (Bodhibhadra) སྟེ་བོད་སྐད་ཀྱི་མཚན་དུ་བྱང་ཆུབ་བཟང་པོ་མཆོག་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེའི་འོག་ཏུ་བོ་དྷི་བྷ་དྲ་ཞེས་བྱ་བ་བྱོན་ཏེ། གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། རྟེན་དགེ་བསྙེན་དུ་བཞུགས་པ། འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་ཤིང༌། མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས།

མུ་མཐུད་ཀློགས།

༢༥༽ སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏའི་རྣམ་ཐར།

༢༥༽ སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏ།   སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏ་ (Tathagataraksita) ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ་བྱོན་ཏེ། དེ་ནི་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མངའ་བརྙེས་པ་ཡིན། ཡོན་ཏན་གྱི་ཁྱད་པར་ནང་གི་རྩའི་གནས་རེ་རེར་དམིགས་པ་གཏད་པ་ཙམ་གྱིས་ཡུལ་ཐ་དད་པ་དང༌། དུད་འགྲོ་ལ་སོགས་པའི་སྐད་ཤེས། མ་བསླབས་པའི་བསྟན་བཅོས་རྣམས་ཀྱང་བརྟོལ་ཤེས་སུ་འབྱུང་བ་ཡིན།

མུ་མཐུད་ཀློགས།

༢༤༽ སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེའི་རྣམ་ཐར།

༢༤༽ སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ།   སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]། དཀའ་སྤྱད་དོར་ནས་སྤྱོད་པ་མཛད། །ལྟ་སྟངས་མཛད་ཅིང་དངོས་གྲུབ་བརྙེས། ། ནག་པ་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།

༢༣༽ སློབ་དཔོན་མི་ཐུབ་ཟླ་བའི་རྣམ་ཐར།

༢༣༽ སློབ་དཔོན་མི་ཐུབ་ཟླ་བ།   སློབ་དཔོན་ཛ་ཡ་ཙནྡྲ་སྟེ་མི་ཐུབ་ཟླ་བ་ནི། ངོར་ཆེན་ཀུན་དགའ་བཟང་པོས་ (1382-1456) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བྱུང་ཚུལ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ལས[1]། སློབ་དཔོན་ཛ་ཡ་ཤྲཱི་ཛྙཱ་ན་ཞེས་བྱ་བ་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས། གསང་སྔགས་ལ་སྒྲུབ་པ་མཛད་ཅིང༌།

མུ་མཐུད་ཀློགས།

༢༢༽ སློབ་དཔོན་ལ་ལི་ཏ་བཛྲའི་རྣམ་ཐར།

༢༢༽ སློབ་དཔོན་ལ་ལི་ཏ་བཛྲ།   སློབ་དཔོན་ལ་ལི་ཏ་བཛྲ་སྟེ་ (Lalitavajra) བོད་སྐད་ཀྱི་མཚན་ལ་སློབ་དཔོན་རོལ་པའི་རྡོ་རྗེ་ཞེས་ཞུ་ཞིང་། ལ་ལར་ལི་ལ་བཛྲ་ཞེས་བྱུང་བ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེ་རྗེས་ལཱི་ལ་བཛྲ་བྱུང་སྟེ། གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཡིན། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་བོད་དུ་འགྱུར་བ་ཞིག་འདུག་པ་དེ་ཡང་འདིས་མཛད་པར་སེམས།

མུ་མཐུད་ཀློགས།

༢༡༽ སློབ་དཔོན་སྐལ་ལྡན་གྲགས་པའི་རྣམ་ཐར།

༢༡༽ སློབ་དཔོན་སྐལ་ལྡན་གྲགས་པ།   སློབ་དཔོན་སྐལ་ལྡན་གྲགས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། འདི་ཡང་སྔགས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་གཅིག་ཡིན། མངོན་ཤེས་ཐོགས་མེད་དུ་མངའ་བར་གྲགས་སོ། །ཞེས་བྱུང་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས་[2]ཀྱང་། དེའི་རྗེས་སུ་སྐལ་ལྡན་གྲགས་པ་བྱོན་ཏེ།

མུ་མཐུད་ཀློགས།

༢༠༽ སློབ་དཔོན་བྷ་ཝ་བྷ་དྲའི་རྣམ་ཐར།

༢༠༽ སློབ་དཔོན་བྷ་ཝ་བྷ་དྲ།   སློབ་དཔོན་བྷ་ཝ་བྷ་དྲ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་མཁས་པ། ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་བྱང་ཞིང༌། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པ་གཅིག་ཡིན་ལ། མནལ་ལམ་དུ་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས། སྒྲོལ་མ་ཞལ་གཟིགས་ཤིང༌། རིལ་བུའི་དངོས་གྲུབ་བསྒྲུབས་པས་དངོས་གྲུབ་མཐའ་མར་གྲུབ།

མུ་མཐུད་ཀློགས།

༡༩༽ སློབ་དཔོན་དཔལ་འཛིན་གྱི་རྣམ་ཐར།

༡༩༽ སློབ་དཔོན་དཔལ་འཛིན།   སློབ་དཔོན་དཔལ་འཛིན་ནི། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[1]། ཕྱི་ལོའི་དུས་རབས་བཅུ་པ་ཡས་མས་སུ་བྱོན་པའི་བྲམ་ཟེའི་སློབ་དཔོན་དཔལ་འཛིན་ཞུ་བ་སྟེ། ཁོང་ནི་རྒྱལ་པོ་དྷརྨ་པཱ་ལའི་སྐུ་ཚེའི་མཇུག་ཏུ་ཡུལ་མ་ག་དྷར་བྲམ་ཟེའི་རིགས་སུ་འཁྲུངས།

མུ་མཐུད་ཀློགས།

༡༨༽ སློབ་དཔོན་ལངྐ་རྒྱལ་བ་བཟང་པོའི་རྣམ་ཐར།

༡༨༽ སློབ་དཔོན་ལངྐ་རྒྱལ་བ་བཟང་པོ།   སློབ་དཔོན་ལངྐ་རྒྱལ་བ་བཟང་པོ་ནི། མཚན་ཐོགས་ཚུལ་དང་ཡུལ་གང་དུ་སྐུ་འཁྲུངས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། རྒྱལ་པོ་མ་སུ་རཀྵི་ཏའི་དུས་སུ་ལངྒ་རྒྱལ་བ་བཟང་པོ་བྱོན་ཏེ། སློབ་དཔོན་དེ་ནི་ལངྐའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས།

མུ་མཐུད་ཀློགས།

༡༧༽ སློབ་དཔོན་མར་མེ་མཛད་བཟང་པོའི་རྣམ་ཐར།

༡༧༽ སློབ་དཔོན་མར་མེ་མཛད་བཟང་པོ།   དེ་ཡང་སློབ་དཔོན་མར་མེ་མཛད་བཟང་པོ་ནི། བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]། རིག་པའི་གནས་ལྔ་མཁྱེན་པས་བརྒྱན། །བདག་གཞན་གཉིས་སུ་མེད་པར་མཛད། ། མར་མེ་མཛད་ཅེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

མུ་མཐུད་ཀློགས།