སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག དྲུག་པ། མངོན་པའི་སྐོར།

དྲུག་པ། མངོན་པའི་སྐོར།

 

༣༠༽ མངོན་པ་ ༼ཀུ་སྟོད་༽ ལ། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་ཚད་ནི། བུ་སྟོན་ (1290-1364) ཆོས་འབྱུང་ལས[1]།

སློབ་དཔོན་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བམ་པོ་གཉིས་པ་དང་། དེའི་འགྲེལ་བཤད་བམ་པོ་སུམ་ཅུ་པ་གཉིས་དཔལ་བརྩེགས་ཀྱི་འགྱུར། །ཞེས་གསལ་ལ། དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས་མཛད་པའི་སངས་རྒྱས་ཆོས་ལུགས་སྤྱི་བཤད་བློ་གསལ་འཇུག་ངོགས་ལས[2]། བོད་འགྱུར་མཛོད་རྩར་ཆད་འདུག་པའི་ཤོ་ལོ་ཀ་གཅིག །མཛོད་གནས་དང་པོའི།

ཕུང་པོ་སྐྱེད་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །

ཇི་སྐད་བཤད་པ་བསྡུ་བར་བྱ། །

ཞེས་པའི་རྗེས་རྗེས་སུ།

ཁམས་ལ་རེ་གཉིས་སུ་བྱས་ན། །ཐོག་མར་བསྟན་པའི་བཅོ་བརྒྱད་དང་། །

དེ་ནས་དྲུག་གསུམ་བཞི་གཅིག་དང་། །དེ་ནས་གསུམ་དྲུག་གཉིས་གཉིས་སོ། །

ཞེས་པའི་ཤོ་ལོ་ཀ་འདི་བོད་འགྱུར་མཛོད་རྩར་ཆད་འདུག་པས། ཤེར་ཕྱིན་རྒྱས་པ་བམ་པོ་དྲུག་བརྒྱ་པ་རྒྱ་ཡིག་ཏུ་སྒྱུར་མཁན། ཆེན་པོ་ཐང་གི་དུས་ཀྱི་རྒྱའི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། སློབ་དཔོན་ཐང་ཞོན་ཙང་གིས་བསྒྱུར་བའི་རྒྱ་ཡིག་གི་ཆོས་མངོན་པ་མཛོད་ཀྱི་རྩ་བར་ཤོ་ལོ་ཀ་འདི་ཡོད་པས། དེ་གཞིར་བྱས་ནས་བོད་ཡིག་ཏུ་བསྒྱུར་ཏེ་ཁ་བསྐང་བར་བྱས་སོ། །ཞེས་ཕྱི་ལོ་ ༡༩༩༨ པའི་ཟླ་ ༡༡ པའི་ཚེས་ ༦ ལ་དོར་ཞིས་བོད་ཀྱི་ཆོས་མངོན་པའི་སློབ་གཉེར་བ་རྣམས་ལ་སྤྲིངས། ཞེས་བྱུང་ངོ་།།

གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[3]། (བྱེ་བྲག་བཤད་མཛོད་ཆེན་མོ།) དེའི་དོན་བསྡུས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཨ་བྷ་དྷརྨ་ཀོ་ཥ་ཤཱསྟྲ་སྟེ་མངོན་པ་མཛོད་ཅེས་བྱ་བའི་བསྟན་བཅོས་བམ་པོ་ཉེར་གཉིས་པ་པཎྜི་ཏ་དོན་དམ་པ་བས་བསྒྱུར། ཀོ་ཥ་ཀཱ་རི་ཀཱ་སྟེ་མཛོད་རྩ་ཚིག་ལེའུར་བྱས་པ་བམ་གང་དབྱིག་གཉེན་གྱིས་མཛད་པ་ཥུའན་ཊུའང་ཧྥ་ཤིའི་འགྱུར། ཡང་མངོན་པ་མཛོད་བམ་པོ་སུམ་ཅུ་པ་འགྱུར་གོང་འདྲ། (གོང་གསལ་རྣམས་བོད་མ་ཡོད་གསུངས། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །ཞེས་པ་ནས། གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་པའི་བར་གྱི་གཏམ་རྙིང་ཡོངས་གྲགས་དང་ཅུང་མི་འདྲ་ལ། ཆེན་པོ་ཧོར་གྱི་དགེ་བསྙེན་ཝང་གུས་བསྒྲིགས་པའི་སྡེ་སྣོད་གསུམ་གྱི་དཀར་ཆག་ནའང་འདི་བཞིན་འདུག་པས་ཆོས་མཚན་སྐད་གཉིས་ཤན་སྦྱར་སོར་བཞག་ཏུ་བྲིས་པ་ཡིན་ནོ།།) ཞེས་གསལ་ལ། མངོན་པ་མཛོད་ལ་རྒྱ་འགྲེལ་བཅུ་དང་། བོད་འགྲེལ་བརྒྱ་ཙམ་ཞིག་ཡོད་པར་གྲགས་ཤིང་། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུའང་། (阿毘達磨俱舍論本頌 T29, No1560) བསྒྱུར་ནས་བཞུགས་སོ།།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[4]། རྣམ་འགྲེལ་རྩ་བ་དང་། མཛོད་རྩ་བ། བྱམས་ཆོས་ལྷག་མ་བཞི་སྟེ་མདོ་སྡེ་རྒྱན། ཆོས་དབྱིངས་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། རྒྱུད་བླ་མ་བཅས་ཀྱི་བཤད་ཁྲིད། རྟེན་འབྲེལ་བསྟོད་པའི་བཤད་ཁྲིད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་གསུང་བྱང་ཆུབ་ལམ་གྱི་རིམ་པ་གསེར་ཞུན་མའི་བཤད་ཁྲིད། དྭགས་པོ་ངག་དབང་གྲགས་པའི་ལམ་རིམ་ལེགས་གསུང་ཉིང་ཁུའི་ཁྲིད། ཅེས་བྱུང་བ་ལྟར། མཛོད་རྩ་བའི་བཤད་ལུང་དགེ་བཤེས་རིག་འཛིན་བསྟན་པའི་དྲུང་ནས་གསན་བཞེས་མཛད་པར་གསལ་ལོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཀུ༽ ཚན་གྲངས་ ༡ གནས་ ༨ ལྡེབ་ ༡ན༡ ནས་ ༢༥ན༧ བར་ཡིག་ཕྲེང་ ༣༣༢ ཚིག་རྐང་ ༧-༢༣༨༦། ༩-༡༢། ༡༡-༤། ཚེག་ཁྱིམ་ ༡༧༡༥༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མངོན་མཛོད། པོད་རྟགས། ༼གུ༽ ཚན་གྲངས་ ༡ གནས་ ༨ ལྡེབ་ ༡ན༡ ནས་ ༢༧བ༦ བར་ཡིག་ཕྲེང་ ༤༡༧ ཚིག་རྐང་ ༧-༢༣༨༥། ༩-༡༢། ༡༡-༤། ཚེག་ཁྱིམ་ ༡༧༡༤༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གུ༽ ཚན་གྲངས་ ༡ གནས་ ༨ ལྡེབ་ ༡ན༡ ནས་ ༢༩ན༧ བར་ཡིག་ཕྲེང་ ༣༨༠ ཚིག་རྐང་ ༧-༢༣༨༦། ༩-༡༢། ༡༡-༤། ཚེག་ཁྱིམ་ ༡༧༡༥༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཀུ༽ ཚན་གྲངས་ ༡ གནས་ ༨ ལྡེབ་ ༡ན༡ ནས་ ༢༥བ༧ བར་ཡིག་ཕྲེང་ ༣༣༩ ཚིག་རྐང་ ༧-༢༣༨༦། ༩-༡༢། ༡༡-༤། ཚེག་ཁྱིམ་ ༡༧༡༥༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ ཤོག་གྲངས་ ༣ ནས་ ༥༩ བར་བཞུགས་པ་བཅས་སོ།།

༣༡༽ མངོན་པ་ ༼ཀུ་སྟོད་༽ ལ། རྒྱ་གར་སྐད་དུ། ཨ་བྷི་དྷརྨྨ་ཀོཿཥཾ་བྷཱ་ཥྱཾ། བོད་སྐད་དུ། (དེའི་རང་འགྲེལ་) ཆོས་མངོན་པའི་མཛོད་ཀྱི་བཤད་པ། བམ་པོ་སུམ་ཅུ་པ། སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རྒྱའི་སྐད་དུ། (阿毘達磨俱舍論 T29, No1558) བསྒྱུར་ནས་བཞུགས་སོ།།

(དཀར་ཆག་གི་ཟུར་མཆན། ཆོས་མངོན་པ་མཛོད་ཀྱི་བཤད་པ་ལས། ཁམས་བསྟན་པ་ཞེས་བྱ་བ་སྟེ་

མཛོད་ཀྱི་གནས་དང་པོ་ནས་ཆོས་མངོན་པ་མཛོད་ཀྱི་བཤད་པ་ལས། ཕྲ་རྒྱས་བསྟན་པ་

ཞེས་བྱ་བ་མཛོད་ཀྱི་གནས་ལྔ་པ་བར་སྟོད་ཆའོ།།)

ཀ༽ སྟོད་ཆ། སྡེ་དགེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཀུ༽ ཚན་གྲངས་ ༢ གནས་ ༡-༥ བར། ལྡེབ་ ༢༦ན༡ ནས་ ༢༥༨ན༧ བར་ཡིག་ཕྲེང་ ༣༥༩༨ ཚེག་ཁྱིམ་ ༡༩༨༥༦༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མངོན་མཛོད། པོད་རྟགས། ༼གུ༽ ཚན་གྲངས་ ༢ གནས་ ༡-༥ བར། ལྡེབ་ ༢༧བ༦ ནས་ ༣༠༢ན༨ བར་ཡིག་ཕྲེང་ ༤༣༩༥ ཚེག་ཁྱིམ་ ༡༩༧༩༨༡།  ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གུ༽ ཚན་གྲངས་ ༢ གནས་ ༡-༥ བར། ལྡེབ་ ༢༩ན༧ ནས་ ༢༨༡ན༤ བར་ཡིག་ཕྲེང་ ༣༥༢༦ ཚེག་ཁྱིམ་ ༡༩༧༩༨༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཀུ༽ ཚན་གྲངས་ ༢ གནས་ ༡-༥ བར། ལྡེབ་ ༢༦ན༡ ནས་ ༢༥༩ན༦ བར་ཡིག་ཕྲེང་ ༣༢༦༨ ཚེག་ཁྱིམ་ ༡༩༨༥༦༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ ཤོག་གྲངས་ ༦༥ ནས་ ༦༣༠ བར་བཞུགས་པ་བཅས་སོ།།

(དཀར་ཆག་གི་ཟུར་མཆན། ཆོས་མངོན་པ་མཛོད་ཀྱི་བཤད་པ་ལས། ལམ་དང་གང་ཟག་བསྟན་པ་

ཞེས་བྱ་བ་མཛོད་ཀྱི་གནས་དྲུག་པ་ནས་ཆོས་མངོན་པ་མཛོད་ལས་གང་ཟག་དགག་པ་

བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དགུ་པ་བར་སྨད་ཆ་ཡིན།)

ཀ༽ སྨད་ཆ།  སྡེ་དགེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཁུ༽ ཚན་གྲངས་ ༡ གནས་ ༦-༩ བར། ལྡེབ་ ༡ན༡ ནས་ ༩༥ན༧ བར་ཡིག་ཕྲེང་ ༡༣༡༢ ཚེག་ཁྱིམ་ ༨༥༨༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མངོན་མཛོད། པོད་རྟགས། ༼ངུ༽ ཚན་གྲངས་ ༡ གནས་ ༦-༩ བར། ལྡེབ་ ༡ན༡ ནས་ ༡༠༩ན༨ བར་ཡིག་ཕྲེང་ ༡༧༢༣ ཚེག་ཁྱིམ་ ༨༥༣༥༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངུ༽ ཚན་གྲངས་ ༡ གནས་ ༦-༩ བར། ལྡེབ་ ༡ན༡ ནས་ ༡༠༩བ༤ བར་ཡིག་ཕྲེང་ ༡༥༠༤ ཚེག་ཁྱིམ་ ༨༥༣༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཁུ༽ ཚན་གྲངས་ ༡ གནས་ ༦-༩ བར། ལྡེབ་ ༡ན༡ ནས་ ༩༧ན༥ བར་ཡིག་ཕྲེང་ ༣༢༢༨ ཚེག་ཁྱིམ་ ༨༥༨༥༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཁུ༽ དེབ་ཨང་ ༧༩ ཤོག་གྲངས་ ༦༨༡ ནས་ ༩༡༠ བར་བཞུགས་པ་བཅས་སོ།།

༣༢༽ མངོན་པ་ ༼ཐུ༽ པ་ལ། རྒྱ་གར་སྐད་དུ། ཤཱསྟྲ་གཱ་ཐཱ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཐུ༽ ཚན་གྲངས་ ༣ ལྡེབ་ ༢༢༣ན༤ ནས་ ༢༢༤ན༥ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༡༧༡། ༧༡༠༡། ཚེག་ཁྱིམ་ ༨༧༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཆེད་བརྗོད་ཚོམས། པོད་རྟགས། ༼ནུ༽ ཚན་གྲངས་ ༣ ལྡེབ་ ༢༤༠ན༡ ནས་ ༢༤༡ན༦ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༡༧༡། ༧༡༠༡། ཚེག་ཁྱིམ་ ༨༧༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ནུ༽ ཚན་གྲངས་ ༣ ལྡེབ་ ༢༤༥བ༤ ནས་ ༢༤༧ན༢ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༡༧༡། ༧༡༠༡། ཚེག་ཁྱིམ་ ༨༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཐུ༽ ཚན་གྲངས་ ༣ ལྡེབ་ ༢༢༢བ༡ ནས་ ༢༢༣བ༢ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༡༧༡། ༧༡༠༡། ཚེག་ཁྱིམ་ ༨༧༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཐུ༽ དེབ་ཨང་ ༨༣ ཤོག་གྲངས་ ༡༡༦༣ ནས་ ༡༡༦༦ བར་བཞུགས་པ་བཅས་སོ།།

༣༣༽ མངོན་པ་ ༼ཐུ༽ པ་ལ། རྒྱ་གར་སྐད་དུ། ཤཱསྟྲ་གཱ་ཐཱརྠ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཐུ༽ ཚན་གྲངས་ ༤ ལྡེབ་ ༢༢༤ན༥ ནས་ ༢༦༡ན༧ བར་ཡིག་ཕྲེང་ ༥༢༢ ཚེག་ཁྱིམ་ ༣༠༨༣༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཆེད་བརྗོད་ཚོམས། པོད་རྟགས། ༼ནུ༽ ཚན་གྲངས་ ༤ ལྡེབ་ ༢༤༡ན༦ ནས་ ༢༨༦ན༦ བར་ཡིག་ཕྲེང་ ༧༢༡ ཚེག་ཁྱིམ་ ༣༠༧༤༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ནུ༽ ཚན་གྲངས་ ༤ ལྡེབ་ ༢༤༧ན༢ ནས་ ༢༩༡ན༣ བར་ཡིག་ཕྲེང་ ༦༡༨ ཚེག་ཁྱིམ་ ༣༠༧༣༣།  ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མངོན་པ། པོད་རྟགས། ༼ཐུ༽ ཚན་གྲངས་ ༤ ལྡེབ་ ༢༢༣བ༣ ནས་ ༢༦༠ན༦ བར་ཡིག་ཕྲེང་ ༥༡༩ ཚེག་ཁྱིམ་ ༣༠༨༣༡།  ཅ༽ བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཐུ༽ དེབ་ཨང་ ༨༣ ཤོག་གྲངས་ ༡༡༦༨ ནས་ ༡༢༦༠ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༢༩

[2] དབུ་ཚད་གསུང་བཏུས་རིན་ཆེན་སྒྲོམ་བུ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་  ༥༦

[3] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༦

[4] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༨༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༣ ནས་ ༢༩༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *