ཐ༽ བསྟན་བཅོས་སུམ་བརྒྱ་པ་རྩ་འགྲེལ་གྱི་བརྗོད་བྱ། དེ་ཡང་མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཛད་བྱང་ལས[1]། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། ། དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་གཟུང༌། ། འདུལ་བ་མདོར་བསྡུས་ཞེས་བྱའི་སྒྲོན་མ་དང༌། ། འདྲ་བར་གཞན་འདི་བདེ་བར་གཤེགས་པས་གསུངས། །
མུ་མཐུད་ཀློགས།པཎ་གྲུབ་ཀྱི་རྣམ་ཐར།
ཏ༽ ཤཱཀྱ་འོད་ཀྱིས་ཁ་ཆེར་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ།
ཏ༽ ཁ་ཆེར་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ། སློབ་དཔོན་ཤཱཀྱ་འོད་ཀྱིས་བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་པའི་ཚུལ་ནི། དགེ་སློང་ཤནྟིའི་མིང་ཅན་ཏེ་དཀའ་ཆེན་བློ་བཟང་བཟོད་པས་ (1922-1995) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་འགྲེལ་དད་ལྡན་དགའ་བསྐྱེད་ལས[1]། ཤཱཀྱ་སེངྒེའི་བསྟན་ལ་རབ་ཞུགས་ཏེ། ། འདུལ་མངོན་མདོ་སྡེ་སྡེ་སྣོད་མང་དུ་ཐོས། ། ཁྲིམས་དང་ཏིང་འཛིན་ཤེས་རབ་ཀྱིས་ཕྱུག་པའི། ། ཤཱཀྱ་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །
མུ་མཐུད་ཀློགས།ཉ༽ ཤཱཀྱ་འོད་འགྲོ་དོན་མཛད་ཡུལ་ཁ་ཆེའི་ཡུལ་ངོ་སྤྲོད།
ཉ༽ ཤཱཀྱ་འོད་འགྲོ་དོན་མཛད་ཡུལ་ཁ་ཆེའི་ཡུལ་ངོ་སྤྲོད། དེ་ཡང་ཁ་ཆེ་ཞེས་པའི་ཐ་སྙད་འདི་ནི། ཡུལ་གྱི་མིང་མི་རིགས་ཤིག་ལ་ཐོགས་པ་ཞིག་ཡིན་ལ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ (1910-1985) མཆོག་གིས་མཛད་པའི་གསུང་རབ་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བློ་གྲོས་སྒོ་འབྱེད་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལས[1]། སོ་ཐར་འདུལ་བའི་སྲོག་འཛིན་ཡོན་ཤཱཀ་སྟེ། ། འཛམ་གླིང་རྒྱན་གྱུར་རྣམས་ལ་གུས་པས་འདུད། །
མུ་མཐུད་ཀློགས།ཇ༽ རྣམ་ཐར་གྱི་ཡིག་ཆ་དང་། གྲགས་ཅན་གྱི་བསྟན་བཅོས།
ཇ༽ རྣམ་ཐར་གྱི་ཡིག་ཆ་དང་། གྲགས་ཅན་གྱི་བསྟན་བཅོས། དེ་ཡང་གཉན་དགོན་སྤྲུལ་སྐུ་གསུང་རབ་པས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]། བསྟན་རྩ་ཚུལ་ཁྲིམས་བསིལ་ཁང་དམ་པའི་གཞིར། ། འདུལ་བ་རྒྱ་མཚོའི་ལེགས་བཤད་ཟླ་བའི་ཟེར། ། ཐུབ་བསྟན་ཀུན་ནས་མཛེས་པའི་རྒྱན་གཅིག་ཏུ། ། བྱེད་པོ་རྣམ་སད་སྲས་པོ་མཆོག་གཉིས་ཞབས། །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།